བོད ལྷ་ཀླུ་གཉན་གསུམ།
ཉེ་དང་རྒྱང་གི་བྱ་བ་བརྗེད་འགྲོ་ལ།།
སེམས་དང་ཚོར་བའི་སྣང་བརྙན་ཤི་ཐེངས་རེར།།
རིགས་ཀྱི་དུངས་ཞེན་ཟེར་བ་རྫུན་མ་དང་།།
ལྷག་བསམ་ལ་རྒྱ་ཞེས་ཀྱང་ལབ་ཙམ་རེད།།
བོད་ལ་སྐྱེ་བའི་བོད་དོན་མ་བྱས་པར།།
བོད་ས་སྐྱུར་ནས་གཞན་ལ་བྲོས་པ་ཡི།།
ང་དང་ང་འདྲའི་སྡར་མ་སྐྱག་གཟན་རིགས།།
ནང་ལ་སྐོར་ན་ཁ་སྤོབས་དགོང་ལས་མཐོ།།
རང་དང་བོད་གཉིས་ཁྲོད་ཀྱི་རང་གདམ་ནས།།
སྐྱབས་བཅོལ་ཡུལ་ནས་ཕྱི་རོལ་ཁམས་ལ་འཁྱམ།།
ཕྱི་རོལ་གྲོང་ནས་ཆང་དང་དུ་བའི་སྨྱོས།།
སྒོར་ལྡོག་ཆ་རེ་གྲོགས་དང་ཉེ་དུ་སྐུར།།
ཉིན་མཚན་དབྱེར་མེད་གཞན་གྱི་ངོ་གསོ་སྲུང་།།
རིགས་རུས་བསྲེས་པའི་བྱིས་པ་དར་སྤེལ་བྱས།།
རང་སྐད་བརྗེད་པའི་བུ་ཕྲུག་མཐའ་སྐོར་དུས།།
སེམས་ཀྱི་འགྱོད་པ་སུ་ལ་བྱེད་ཐབས་བྲལ།།
ཐག་རིང་ཡུལ་ན་ཡོད་པའི་སྤུན་ཉེ་དང་།།
རྒྱང་རིང་ཞིག་ན་འཚོ་བའི་སྤུན་ཟླ་ཚོ།།
ཁྲེལ་དང་ངོ་ཚ་མ་སྲུང་རང་གཅིག་བུར།།
བསམ་པའི་ཉེས་པ་དེ་ལ་འབྲུས་པའི་སྨིན།།
ཕ་ཡུལ་གངས་ལྗོངས་ཟེར་ནས་ལོག་ས་མེད།།
སྙིང་གི་ཚེ་གྲོགས་ཟེར་ནས་འབོད་ས་མེད།།
གཅེས་པའི་བུ་ཕྲུག་ཟེར་ནས་བཅོལ་ས་མེད།།
འདི་འདྲའི་མི་ཚེ་ཁྲོད་ནས་གཟད་འདི་སྐྱོ།།
གངས་ལྗོངས་ཡུལ་ལ་ལོག་ན་ཆོག་ཡང་འགྲོ་བའི་སྤོབས་པ་ང་མེད་གི །
ཚེ་གྲོགས་ཡིན་མིན་བཤད་ཚོད་དཀའ་ཡང་གནས་སྐབས་སྙིང་གྲོགས་འཁྲིས་སུ་ཡོད། །
གཅེས་ཕྲུག་ཅིག་གི་ལག་ཡོང་བསམ་ནས་ནུབ་མོ་དག་པར་སྤྱོད་ཀྱིན་ཡོད། །
བོད་རྒྱུད་རྣམ་དག་ཡིན་པ་ཙམ་ལས་བོད་དོན་འཁྱོངས་མིན་སུས་ཤེས་མོ། །
དངོས་འདི་འདྲ་གང་མང་གསུངས་པ་ཡིན་ན་ང་འདྲིའི་ཀླད་སྟང་མི་ཉུང་བ་ཞིག་ལ་ཕན་པ་ཡོང་ངེས་
བོད་ལྷ་ཀླུ་་་་ཕྲན་ལ་མཚོན་ན་དང་བོར་སྲོལ་རྒྱན་སྙན་རྩོམ་ལ་ཧ་ཅང་དགའ་དེའི་ཞོར་ལ་རང་མོས་སྙན་ངག་ལ་ཡང་ཅུང་ཙམ་བློ་བབས་སོང་། དེང་སང་ལྷག་རྩོམ་ཡག་པོ་ཀློག་དགའ་བ་ཞིག་ཆགས་འདུག།
འདི་ཕྱོགས་ཀྱི་རྟ་རྒྱགས་སྐོར་ཞིག་ཁྱེད་བཏང་ཡང་འབྱོར་མི་འདུག་་དགོངས་དག་གམ་སྤོ་མ་ཁོལ།
རེད་ང་དང་བོར་སྲོལ་རྒྱུན་སྙན་ངག་ལ་ཧ་ཅང་དགའ་ཞོར་རང་མོས་ལ་ཡང་ཏོག་ཙམ་དགའ། དེང་སང་ཕྲན་
ལྷུག་རྕོམ་ཡག་པོ་རིགས་ལ་ཀློག་རྒྱུ་འདོད་པ་ཧ་ཅང་འདུག། ཁ་སང་རྟ་རྒྱགས་སྐོར་ཞིག་བྲིས་ཏེ་བཏང་ཉིད་ལ་
འབྱོར་མི་འདུག་་་་་་བོད་ཅེས་པའི་དབྱིན་ཚིག་ཅིག་གནམ་ནང་ནས་མཐོངས་སོང་དེ་ན་དབྱིན་ཇི་ལྩགས་བྱ་ཡིན་རེད་རྒྱ་ནག་གི་གནམ་གྲུ་དང་ཧོ་ལན་སོགས་གང་ཡིན་རུང་བོད་ས་ཆའི་མགོ་ཐོག་ན་ཐོན་དུས་བོད་ཟེར་བ
ཞིག་མདུན་གྱི་བརྙན་འཁོར་ནང་ཤར་ཡོང་གི་སེམས་བདེ་མོ་བྱོས།
སྨྱུག་གསར་ལགས།
དུས་ཀྱི་གཤེད་མའི་དེད་དེ་གར་འགྲོ་མེད།།
ལས་ཀྱི་དབང་ཐང་མ་བཤིག་བོད་ཀྱི་མི།།
མི་འབྲལ་སྙིང་གི་ཚིག་དག་རི་མོར་བྲིས།།
དཀར་པོ་དུང་གི་འབོད་ཚིག་བསྒྲགས་པ་བསྟོད།།
བོད་པ་ཚང་ལགས།
རིགས་ཀྱི་དུངས་པ་ནམ་ཡང་མ་འགྱུར་བར།།
ཕྱི་རོལ་ཡུལ་ན་འཁྱམས་པའི་གངས་ཅན་པ།།
མ་འོངས་བོད་ཀྱི་ཆེད་དུ་བསམ་ཞོར་དུ།།
རང་གི་བསམ་ཚུལ་སྨྲས་པ་སྙིང་ནས་སྤྲོ།།
སྙན་དང་མི་སྙན་རང་གིས་མི་ཤེས་པས།།
བཟང་དང་ངན་མིན་རང་གིས་མི་ཤེས་པས།།
ཡག་དང་བཙོག་མིན་རང་གིས་མི་ཤེས་པས།།
ཕ་རོལ་གཞན་གྱི་སྣང་ངོར་བབས་ན་རྒྱན།།
དེ་རང་ནི་ཨ་མའི་དུས་ཆེན་ཞིག་རེད་ཀྱང་འདིར་བཞུགས་བོད་བ་མ་བུ་ལྷན་འཛོམས་ནི་ཧ་ཅང་ཉུང་།
བོད་ལྷ་ཀླུ་ལགས་་ཁྱེད་དངོས་ནས་རྒྱ་གར་ན་ཡོད་དམ། ད་ལྟ་ཕལ་ཆེར་རྒྱ་གར་མཚན་དཀྱིལ་རེད།
བོད་པ་ཚང་ལགས། ང་རང་རྒྱ་གར་དུ་མེད་པ་ཉིད་ཀྱིས་ཀློག་མྱོང་བོད་ཟེར་བའི་རྒྱལ་ཁབ་ཞིག་མེད་ཀི་ཟེར་དེ་ནས་ཤེས་ཐུབ་པ་ཡིན། གང་ལྟར། ཉིད་ནས་དོ་སྣང་ཆེན་པོས་ཡང་དང་སྐྱར་དུ་འདི་རུ་ཡོང་བ་དགའ་ནས་ཡོད། ཉིད་རང་ས་ཁུལ་གང་དུ་ཡོད་པ་དེ་ཉིད་ནས་བཤད་པ་ལྟར་ཡིན་ན། དེང་སང་སྐུ་ཉིད་ཡོད་སའི་ཉེ་ཁོར་དུ་བོད་མི་མང་བོ་འདུག་གམ། དེ་དག་གི་སྐོར་ནས་ཅུང་འབྲི་ཐུབ་པ་ཡིན་ན་དངོས་ནས་ཡག་པོ་འདུག དེ་མིན་ན་ཉིད་ཀྱི་སྐོར་ནས་དངོས་ཡོད་ཀྱི་འཚོ་བའི་སྐོར་སྤུན་ཟླ་དག་ལ་གླེང་མོལ་རེ་བྱེད་་ཐུབ་པ་ཡིན་ན་དངོས་ནས་ཡག་པོ་འདུག་སྙམ་ལགས། དེ་ཙམ་ཡིན།
བོད། ལྷ་ཀླུ་གཉན་གསུམ་ལགས། ཁྱེད་སྐུ་ཁམས བཟང་། མ་མཇལ་ཡུན་རིང་།
ཁྱེད་ཀྱི་འཚོར་བ་དང་། ཁྱེད་ཀྱི་བྱ་སྤྱོད་ ཁྱེད་ཀྱི་འཚོ་བ་ ཁྱེད་ཀྱི་བསམ་ཚུལ་འུ་ཐུགས་ཐབས་ཟད་རྣམས། གངས་ཅན་པར་སྦྱར་ནས་རྩོམ་ཡིག་བྲིས་པ་ནི་གདོང་དམར་བོད་མིར་ཁྱད་གསོད་དང་མཐོང་ཆུང་བྱས་པ་ཞིག་མ་ཡིན་ནམ་།། ཁྱེད་ལ་ལན་འདེབས་བྱེད་པའི་དུས་ཚོད་མིན་འདུག་པས་དེ་ཚམས་འཇོག་རྒྱུ་ཡིན།།
འཕན་པོ་འསྟན་དར་པས།།།