རོང་བོ་ཚེ་འབར།
གྲོང་ཁྱེར་འདིའི་གྲུ་ཟུར་རེ་རེར
མི་ཚོགས་ཀྱི་འདུར་རྒྱུགས་རྒོད་པས
གཅོང་དུ་ལྷུང་བའི་བདག་སེམས
ཁ་བ་ལྟར་ཁྱོད་ཕྱོགས་སུ་བབས
འཐུག་དྲགས་པའི་ཁ་བ
ཡུན་ཐུང་བའི་ཉི་འོད་ཀྱིས་ཞུ་མ་ཐུབ
ལོ་ཟླའི་རྒས་གཉེར་རུམ་པའི་ཨ་མ་རྒན་མོས
ཡིག་དྲུག་གི་མགུར་དབྱངས་སྔར་ལྟར་ཁྱོད་ཕྱོགས་སུ་གྱེར
ཁོ་རེ་ཡ་ནས་གྲགས་པའི་གླུ་སྐད་དེའི་མིང་ལ་བརྩེ་དུང་ཟེར་
ཨ་རི་ན་ཡོད་པའི་ཁྱོད་ཀྱི་མིང་ལ་དྲན་ཤིང་ཟེར
གང་ལྟར
ཁ་སང་དེ་རིང
ཉམ་ཆུང་ལུས་པོ་ཁ་བའི་ཡུལ་ནས་ལུས་ཤིང
རྣམ་ཤེས་ལྡོམ་པོ་རྒྱང་རིང་ས་མཐའི་ཕྱོགས་སུ་ཆས་པའི་ངའི་སེམས་པ་དམར་པོ
གཟིམ་སླ་བའི་རླུང་ཁ་ན
སྔར་ལྟར་ཁྱོད་ཀྱི་ཆེད་དུ་འབར
ཕྱི་རྒྱལ་ན་ཡོད་པའི་ཁྱོད
སྦྲ་ནག་དང་རྒྱང་དུ་གྱེས་དུས
ངའི་ཡིད་སེམས་སྡུག་ལ་སྦྱར་འདུག
ངའི་ཞེ་རྩ་འཁྱག་པས་བསྡམས་འདུག
2016/。4/。17/ཉིན་གནའ་མཁར་ཟི་ལིང་ནས།