སྔ་ལོ་ནས་འབད་བརྩོན་རིམ་པར་བྱས་འབྲས་སུ་ ལ་རྩེ་དཔེ་མཛོད་ཁང་གི་ལས་འཆར་གྱི་ཚུལ་དུ་ “ཕྱི་རྩོམ་བོད་འགྱུར་མ་བརྒྱ་རྩ་བརྒྱད་ཀྱི་ལས་འཆར།” ཞེས་པ་ཞིག་སྤེལ་ཏེ། བོད་ཡིག་ཀློག་མཁན་རྣམས་སྤྲོ་བ་འཕེལ་ངེས་པའི་རྩོམ་རིག་དང་འབྲེལ་ཡོད་ཀྱི་དེབ་བརྒྱ་དང་བརྒྱད་བོད་ཡིག་ཏུ་བསྒྱུར་རྒྱུའི་ལས་འཆར་ཞིག་སྤེལ་བཞིན་པ་ད་ལྟ་དངོས་སུ་མགོ་འཛུགས་བཞིན་ཡོད། ལོ་འདིའི་ལས་འཆར་གྱི་ཁོངས་སུ་ཕྱི་རྩོམ་བོད་འགྱུར་མ་བརྒྱ་རྩ་བརྒྱད་ཀྱི་བཅུ་ཚན་དང་པོ་བསྒྱུར་བཞིན་ཡོད་པ་རྣམས་གཤམ་དུ་མིང་ཐོ་བཀོད་པ་ལྟར་ཡིན།
དེས་ན་གསལ་བསྒྲགས་འདི་སྤེལ་ནས་ཡིག་སྒྱུར་གྱི་ལས་འཆར་དངོས་སུ་མགོ་བཙུགས་ཡོད་ཅེས་ཞུ་རྒྱུ་དང་འབྲེལ་ནས་གཤམ་གསལ་གྱི་དེབ་རྣམས་བསྒྱུར་བཞིན་ཡོད་པ་རྒྱ་ཆེའི་གཟིགས་མཁན་རྣམས་ཀྱིས་ཐུགས་སྣང་མཛོད་ཅེས་ཞུ་རྒྱུ་ཡིན།
མཚོན་ཆ་ལ་གྱེས་མཇལ་ཞིག (A Farewell to Arms) རྩོམ་པ་པོ། ཨེར་ནེ་སི་ཊི་ ཧེ་མིང་ཝེ། (Ernest Hemingway)
ཁྲོ་བོའི་རྒུན་འབྲུམ། (The Grapes of Wrath) རྩོམ་པ་པོ། ཇཱོན་ སི་ཏའེན་བྷེག (John Steinbeck)
རླབས་ཆེན་གྷེ་ཚི་བྷི། (The Great Gatsby) རྩོམ་པ་པོ། ཧྥ་རན་སེ་སི་ སི་ཁོ་ཊི་ ཧྥེ་ཛི་གྷི་རེ་ཌི། (F. Scott Fitzgerald)
མཚན་མོ། (Night) རྩོམ་པ་པོ། ཨི་ལའེ་ ཝེ་སེལ། (Elie Wiesel) ༼འདིའི་འགྱུར་ད་ལྟ་གྲུབ་ཡོད།༽
འབྲུག་སྒྲ་སྟེ། ཆོས་རྒྱམ་དྲུང་པ་དང་ལྷན་དུ་ངེད་ཀྱི་མི་ཚེ། (Dragon Thunder: My Life with
Chogyam Trungpa) རྩོམ་པ་པོ། ཌ་ཡ་ནཱ་ སྨུག་པོ། (Diana J. Mukpo)
ལམ་ཁ་ལ། (On the Road) རྩོམ་པ་པོ། འཇེག་ ཁེ་རོ་ཨེག (Jack Kerouac)
སྤོབས་པ་དང་ཕྱོགས་རིས། (Pride and Prejudice) རྩོམ་པ་པོ། ཇཱེན་ ཨའུ་སི་ཊེན། (Jane Austen)
བྱིའུ་ལད་སྐད་མ་གསོད་པ། (To Kill a Mockingbird) རྩོམ་པ་པོ། ཧར་པཱར། ལི། (Harper Lee)
*ཨ་ཅེ་མེ་ཏོག་གཡང་འཛིན་མ། (The Lady of the Camellias) རྩོམ་པ་པོ། ཨ་ལིཀ་ཟན་ཌར་རྡུ་མ། (Alexandre Dummas Fil) ༼འདིའི་འགྱུར་ད་ལྟ་གྲུབ་ཡོད།༽
ཤེས་བྱའི་ལོ་རྒྱུས། (A History of Knowledge) རྩོམ་པ་པོ། ཆར་ལི་སི་ ཝན་ དོར་རེན། (Charles Van Doren)
ཕྱི་རྩོམ་བོད་འགྱུར་མ་བརྒྱ་རྩ་བརྒྱད་ཀྱི་ལས་འཆར་དོ་དམ་ཚོགས་ཆུང་གིས་ཕུལ།
ལ་རྩེ་དཔེ་མཛོད་ཁང་གི་ལས་འཆར་དེ་རིགས་སྤེལ་བར་ཐུགས་རྗེ་ཆེ། ཞོར་དུ་ཞུ་རྒྱུར། ཕྲན་གྱིས་ཀྱང་རྩོམ་དེབ་གཅིག་བོད་བསྒྱུར་ཞུས་ཡོད། འོན་ཀྱང་། དཔེ་བསྐྲུན་བྱ་འཕྲོར་ལུས་ཡོད། གནད་དོན་དེའི་ཐད་བཀའ་འདྲི་ཞིག་ཞུ་རྒྱུ་ཡོད་ལགས་ན། འབྲེལ་བ་ཞུ་ཡུལ་གྱི་ཁ་བྱང་ཞིག་གནང་སྐྱོང་ཡོད་པ་ཞུ།
བོད་པར་ཐོག་མར་བོད་འགྱུར་གལ་དེ་ཚོ་ནི། རྒྱལ་ཁབ་གཞན་གྱི་རྩ་ཁྲིམས་བོད་འགྱུར་དགོས་པ་དང་། མོ་ཊ་གཏོང་ཆོག་པའི་སློབ་སྦྱོང་བོད་སྐད་དུ་བྱས་ནས། ཡིག་ཚད་གཏོང་ཐུབ་པ་ལ་འབད་དགོས་འདུག
བོད་པས་བཀླགས་ནས་གོ་ཐུབ་པ་ཞིག་ཏུ་འགྱུར་བའི་སྨོན་འདུན་ཞུ།
ལ་རྩེ་དཔེ་མཛོད་ཁང་གིས་བོད་སྐད་ཀྱི་དར་ལྕོག་ལ་རྩེར་སྤར་ཏེ། བོད་སྐད་ཡིག་དར་ཞིང་། ཡར་རྒྱས་མཛད་པར་དགའ་བསུ་ཞུ་འོས་པ་ལགས་སོ།
ལུག་ཤ་བཤམ་ནས་ཁྱི་ཤ་མི་བཙོང་བའི་སྨོན་ལམ་འདེབས།
རླབས་ཆེ་བའི་ཀུན་ཕན་ཐེབ་རྩ་ཚོགས་པའི་ལས་གཞི་ལ་རྗེས་སུ་ཡི་རངས་ཞུ། མུ་མཐུད་ནས་ཕྱི་ཡུལ་གྱི་དཔེ་དེབ་མང་པོ་བོད་བསྒྱུར་ཐུབ་ན་ཤིན་ཏུ་ནས་ཕན་ཐོག་འབྱུང་ས་རེད།
ངས་ནི་གཡུ་ཐོག་ལྷ་ལྕམ་གྱི་དེབ་དེ་བོད་ཀྱི་བུད་མེད་རྩོམ་པ་པོའི་ཁྲོད་ཀྱི་རྩ་ཆོས་ཡ་མེད་ཅིག་མཐོང་སོང་། གལ་སྲིད་དེ་བོད་བསྒྱུར་གནང་ཐུབ་ན་དབྱིན་ཡིན་ཐོག་གི་བོད་ཀྱི་སྲོལ་རྒྱུན་དང་། ལུགས་སྲོལ་མང་པོ་ཞིག་ཞིབ་ཚགས་ལྡན་པའི་ཐོག་བྲིས་ཡོད་པ་མཐོང་སོང་། ཆོས་རྒྱན་གྲོང་བའི་ཨ་ཡེའི་དེབ་དེ་ཀློག་མ་མྱོང་མོད་་་་་་
ལས་འཆར་བཟང་། རྒྱབ་སྐྱོར་ཡོད།
དེབ་དེ་འདྲ་མང་བོ་ཞིག་བོད་བསྒྱུར་གནང་བར་ཐུགས་རྗེ་ཆེ་ཞུ་བ་དང་ཆབས་ཅིག།རེ་བསྐུལ་ཞུ་བ་ལ་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་བཞག་པའི་མི་མང་གི་ཁེ་ཕན་དང་གྲངས་ཉུང་མི་རིགས་ཀྱི་རིག་གཞུང་དང་ཆོས་ལུགས་སོགས་ཀྱི་ཆེད་བཞག་པའི་རྩ་ཁྲིམས་དང་རྒྱ་ནག་གི་རྩ་ཁྲིམས་སོགས་བོད་ཡིག་ལ་བསྒྱུར་ན་ཕན་ཐོག་འདུག་སྙམ་སྟེཆ།གང་ཡིན་ཞུ་ན་བོད་མི་རྣམས་ཀྱིས་རྩ་ཁྲིམས་དེ་དག་ཤེས་ན།བོད་ཀྱི་རྩ་དོན་ཆེད་རྩོད་རྒྱུ་མང་བོ་ཡོད་པར་སྙམ་མོ།།
བོད་ནང་གི་ལྷ་ས་དང་། གཞིས་ཀ་རྩེ་ལ་སོགས་བོད་ཀྱི་གྲོང་འཁྱེར་ཆེ་ཁག་ནང་ལ། བོད་རིགས་ཏང་ཡོན་ཚོས། རང་གི་གོ་སའི་ཆེད་དུ། ༸གོང་ས་མཆོག་ལ་མཚན་སྨོད་ཞུས་ནས་མ་བསྡད་པར། བོད་རིགས་ས་ཁུལ་དེ་དག་ནང་། བོད་ཡིག་དང་བོད་སྐད་ཐོག་ལ་མོ་ཊའི་གཏོང་ཆོག་པའི་ལག་འཁྱེར་རང་སྐད་དམ། བོད་རིགས་ཀྱི་མ་སྐད་དུ་ཐོབ་ཐུབ་པར་བཟོ་དགོས། དེ་འདྲའི་ལས་འགུལ་སྤེལ་ཐུབ་ན། བོད་རིགས་ཏང་ཡོན་གྱི་དཔལ་ཡོན་དུ་འགྱུ་བར་ངེས་སོ།།
བྱ་བ་བཟང་བོ་རེད། ཡིན་ན་ཡང་། ཕྱོགས་གཉིས་ཀྱི་ཡུལ་སྲོལ་དང་ལུང་སྐད་ལ་བྱང་མ་ཆུབ་ན། འགྱུར་གོ་དོན་འཕྲོད་པ་ཞིག་ཡོང་མི་སྲིད་པར་སྣང་པས། ཚད་གཞི་ངེས་ཅན་ལྡན་པའི་སྐད་གཉིས་ཡིག་རིགས་ལ་མཁས་བ་རེ་བཙལ་ནས་བྱ་བ་ལ་ཞུགས་རྒྱུ་ནི་རེ་བ་ཡིན།
སྤྱིར་སྲིད་དོན་དང་དངོས་ཁམས་རིག་པའི་སྐོར་ལ་བོད་བསྒྱུར་བྱེད་ཐུབ་ན། ཡོན་ཏན་ལ་རྩིའོ། དེ་མིན་ནི་དེ་ཙམོ།
བཀའ་དྲིན་ཆེ། ས་མཐའ་ནས་ཉི་མ་གཏོང་སྤྱད་ཀྱི་དེབ་རེ་ངོ་མ་དགོས་གལ་ཆེ། ང་འདི་ས་མཐའ་འདི་ནས་དེབ་ཀྱི་མུ་གེ་བྱུང་ནས་ལོ་མང་ཡིན། ཨ་རིའི་གསར་འགོད་པ་སི་ནོ་ཡིས་བརྩམས་པའི་ནུབ་བསྐྱོད་ཟིན་ཐོ་གཅིག་པོ་ཚར་དགུ་བཅུ་བཀླགས་ཟིན།
ལ་རྩེ་དཔེ་མཛོད་ཁང་གི་འགན་འཛིན་དང་ལས་བྱེད་ཚོས་རླབས་ཆེན་གྱི་བྱ་གཞག་ཅིག་སྒྲུབ་བཞིན་པར་ཡི་རངས་དང་བསྔགས་བརྗོད་གྲངས་མེད་ཞུ།
དང་པོ་ཚན་རིག་གང་མང་མང་། གང་ཐུབ་ཐུབ་བོད་སྐད་དུ་སྒྱུརད། དེ་ནས་ཕྱི་རྒྱལ་གྱི་བཀྲ་མི་ཤེས་པ་དང་འདོད་པའི་པའི་བསྟན་བཅོས་སོགས་ག་ལེར་སྒྱུར་ཆོག་བགྱི་རེད།
བོད་རིགས་ཕོ་རྒྱོ་རང་མཚང་སྟོན་མཁན་དང་པོ།
https://www.youtube.com/watch?v=4hY2UbsVWfI
བཀྲིས་བདེ་ལེགས་ཞུ།