—–ཨེ་མ་ཧོ།
རྟེན་འབྲེལ་ཞིག་ལ་བསམ་ནས་ཛམ་གླིང་མི་མཇེད་ཀྱི་ཞིང་དུ་འཚོ་ཞིང་གནས་པའི་སྲོག་ལྡན་འགྲོ་བ་ཡོངས་དང་། ཁྱད་པར་འགྲོ་བ་མིའི་རིགས་སུ་གཏོགས་པ་ཀུན་ལ་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ་བ་དང་། ལུས་བདེ་སེམས་སྐྱིད་རྩ་བ་བློ་ཁ་ཆོས་ལ་ཕྱོགས་ནས་ཆོས་ལ་འབད་བརྩོན་ལྷོད་མེད་ཀྱིས་འཚོ་བ་དང་། ལམ་ངན་པ་ཆགས་སྡང་རྨོངས་པའི་གཞན་དབང་དུ་མི་འགྲོ་བར་ཆགས་སྡང་རྨོངས་པ་ཐམས་ཅད་རབ་ཏུ་ཞི་ནས་བདེ་སྐྱིད་ཀྱི་ལོངས་སྤྱོད་ལ་མཉམ་དུ་བསམ་བློ་ཀུན་མཐུན་གྱིས་ལུང་རྟོགས་བཤད་སྒྲུབ་ཕྲིན་ལས་རྒྱས་པའི་སྨོན་འདུན་དང་འཇིག་རྟེན་ཁམས་སུ་ཆར་ཆུ་དུས་སུ་བབས་ལོ་ཕྱུགས་རྟག་ཏུ་ལེགས་པར་སྙིང་ནས་གསོལ་བ་འདེབས་སོ།
མདོར་ན་རྒྱལ་བའི་བསྟན་པ་རིན་པོ་ཆེ་མཚན་ལྡན་པ་ཞིག་གནས་ན་འགྲོ་ལ་བདེ་སྐྱིད་འབྱུང་བར་དངོས་པོའི་ཆོས་ཉིད་ཡིན་པས་སྲས་བཅས་རྒྱལ་བས་མཐུན་འགྱུར་ཉིད་དབྱིངས་ན་བཞུགས་པའི་རྒྱལ་བ་སྲས་དང་བཅས་པས་སྐྱབས་སྨོན་སྤྲིན་གྱི་རྒྱ་མཚོའི་དཔལ་དུ་ལོངས་སུ་སྤྱོད་པ་དང་རང་ཅག་སྟོན་པ་སངས་རྒྱས་ཀྱི་རྗེས་འཇུག་ཡོངས་ནས་ཁ་ཁོག་མཚུངས་པའི་སོ་བྱང་སྔགས་ཀྱི་དམ་ཚིག་དང་ཐོས་བསམ་སྒོམ་པ་ཡང་ཡང་འབད་བརྩོན་གནང་བར་མཁྱེན་ནོ།།
རབ་གནས་ཤིང་ལུག་རྒྱལ་ཟླའི་དབང་ཕྱོགས་བཟང་པོ་གཉིས་པར་དཔལ་ལྡན་ལྷ་མོ་སེངྒྷ་གླིང་གི་ཤྲྰི་མ་ཧྰ་བཛྲའི་ཆོས་ཚོགས་སོགས་ཀྱིས་སྐུལ་ངོར་སྨྱུག་མིང་ཤྲྰི་ཨེ་མ་ཧོས་ཕྱི་ལོ་2015 ཟླ་12 ཚེས་31 ཉིན་ཀུན་བཟང་ཆོས་གླིང་དུ་བྲིས་པའོ།། །།
ལོ་སར་བཟང་ཨེ་མ་ཧོ།
ཡག་པོ་འདུག་དཔལ་དགྱེས་པ།།