༄༅། །སྐུའི་གཅེན་པོ་ལྟག་མཚེར་རིན་པོ་ཆེ་དམ་པ་དེ་ཉིད་དང་སློབ་དཔོན་ལེ་རི་གྷེར་ སིཊིན་གཉིས་ནས་ཕྱི་ལོ་ ༡༩༩༥ ལོར་བཙུགས་པའི་རྒྱལ་སྤྱིའི་བོད་རང་བཙན་ལས་འགུལ་ཚོགས་པ་འདིས་ལོ་ལྟར་བོད་རང་ བཙན་ཆེད་བྱང་ཨ་རིའི་ས་གནས་གང་སར་གོམ་བགྲོད་ཀྱི་ལས་འགུལ་རྩོམ་དང་རྩོམ་མུས་ ལྟར། འདི་ལོ་ཡང་ལོ་འདིའི་ཟླ་བ་ ༧ ཚེས་ ༡༩ ནས་ཚེས་ ༢༥ བར་བྱང་ཨ་རིའི་མངའ་སྡེ་མ་ས་ཅུ་སེཊ་ཀྱི་ས་གནས་ཁེབ་ཀོཊ་(CAP CODE)ནས་བྷོས་ཊོན་བར་མེ་ལི་ ༡༢༠ ལྷག་ཙམ་རིང་གོམ་བགྲོད་བྱ་རྒྱུ་ཡིན་པ་རེད།
ད་རེའི་གོམ་བགྲོད་འདི་ བཞིན་ཨ་རིའི་མངའ་སྡེ་མ་ས་ཅུ་སེཊ་ནང་བྱེད་དགོས་པའི་རྒྱུ་མཚན་ནི། མངའ་སྡེ་འདི་བཞིན་ཨ་རིའི་རྒྱལ་རབས་ལོ་རྒྱུས་ནང་ཧ་ཅང་གལ་ཆེན་ཞིག་ཡིན་པ་དེ་ ཡང་། དུས་རབས་ ༡༧ པའི་ཕྱི་ལོ་ ༡༦༢༠ ལོ་མཇུག་ཏུ། དབྱིན་ཡུལ་ནང་གནས་བསྐོར་བ་མང་དག་ཞིག་ལ་ཆོས་དད་རང་མོས་མེད་པར་སྐྱབས་བཅོལ་དུ་ མི་འགྲོ་མཐུ་མེད་བྱུང་བར་ཐོག་མར་ས་གནས་ཁེབ་ཀོཊ་ནང་འབྱོར་ཏེ་མཐའ་མ་ཁོང་རྣམས་ ས་གནས་དེ་གའི་པིལི་མིད་རོག་(PLAYMOUTH ROCK)ཞེས་ པར་གཞིས་ཆགས་བྱས། དེ་ནས་རིམ་པས་མི་མང་རྣམས་ནས་དབྱིན་ཇིའི་དབང་བསྒྱུར་བ་རྣམས་ལ་གྱེན་ལོག་ངོ་ རྒོལ་གྱི་མཐའ་མ་ཨ་རི་དབྱིན་འོག་ནས་རང་བཙན་ཐོབ་པའི་ལོ་རྒྱུས་ཡོད་པ་རེད། དེའི་རྟགས་དང་རྟེན་འབྲེལ་ལ་བརྟེན་ནས། ད་རེས་ཀྱི་གོམ་བགྲོད་འདི་ས་གནས་ཁེབ་ཀོཊ་ནང་གནས་བཞུགས་བོད་མི་གྲོང་པ་ཁ་ཤས་ དང་བྷོས་ཊོན་བོད་མིའི་སྤྱི་མཐུན་ཚོགས་པས་མཐུན་འགྱུར་རོགས་རམ་གྱིས་གོ་སྒྲིག་ ཞུ་རྒྱུ་ཡིན་པ་དང་བཅས་གོམ་བགྲོད་བྱེད་འཆར་ཡོད་པ་རེད།
གོམ་བགྲོད་གྱི་དམིགས་ཡུལ་དང་དགོས་དོན་གཙོ་བོ་ཁག་ནི།
༡. ད་བར་བོད་དེ་རྒྱ་འོག་ནས་རང་བཙན་ཐོབ་མེད་པར་བརྟེན།
༢. བོད་ནང་ཉིན་ལྟར་དཀའ་སྡུག་མྱོང་བཞིན་པའི་བོད་རིགས་སྤུན་ཟླ་རྣམས་ལ་རང་དབང་ཐོབ་ཆེད།
༣. ད་དུང་ཡང་ཆུང་སྲིད་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་གར་ཡོད་ཆ་མེད་ཡིན་པར་བརྟེན།
༤. སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་དབུས་བོད་ནང་ཆབ་སྲིད་བཙོན་པ་རྣམས་གློད་གྲོལ་ཡོང་ཆེད།
༥. རྒྱ་ནག་གི་ཅ་དངོས་ཉོ་སྤྱོད་བཀག་སྡོམ་ཡོང་ཆེད།
༦. རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་འདི་བཞིན་མང་གཙོའི་ལམ་ལུགས་སུ་འགྱུར་ཐབས།
༧. བོད་ཁ་བ་གངས་ཅན་གྱིས་གཙོས། ཤར་ཏུར་ཀི་སི་ཐན། ལྷོ་སོག་དང་ཐེ་ཝན་བཅས་ལ་རང་བཙན་དགོས་རྒྱུ་བཅས་དོན་མཚན་བདུན་གྱི་དགོས་དོན་ དམིགས་ཡུལ་ཐོག་གོམ་བགྲོད་གནང་རྒྱུ་རེད།
དེ་དང་ཆབས་གཅིག་རྒྱལ་ སྤྱིའི་བོད་རང་བཙན་ལས་འགུལ་ཚོགས་པས་རྒྱལ་གཅེས་ལྷག་བསམ་ལྡན་པའི་བོད་རིགས་ སྤུན་ཟླ་རྒན་གཞོན་རྣམ་པ་ལྷན་རྒྱས་གང་མང་མཉམ་བཞུགས་ཡོང་བའི་འབོད་བསྐུལ་ཞུ་བ་ དང་ཆབས་གཅིག གལ་ཏེ་འཛུལ་བཞུགས་གནང་འདོད་ཡོད་ན་གཤམ་གསལ་འབྲེལ་མཐུད་པའི་གློག་འཕྲིན་ཁ་བྱང་ དང་ཁ་པར་ཨང་གྲངས་ཐོག་ངེས་པར་དུ་འབྲེལ་བ་གནང་སྐྱོང་ཡོང་བ་ཞུ། །
འབྲེལ་བ་གནང་ཡུལ།
༡. Larry Gerstein (President)
༼༣༡༧༽ 506-2249 (cell)
༼༣༡༧༽579-9015 (home)
rangzen@aol.com
༢. Ngawang Norbu (board member)
ngawang16@yahoo.com
༼༧༨༡༽ 572-5611 (cell)
༼༧༨༡༽ 321-2858 (home)
www.rangzen.org
ཡང་གལ་ཏེ་རྒྱལ་གཅེས་ ལྷག་བསམ་པ་རྣམས་ནས་ཞལ་འདེབས་གསོལ་རས་གནང་འདོད་ཡོད་ན་སྙིང་ཐག་པ་ནས་ཐུགས་རྗེ་ ཆེ་ཞུ་བ་ཆབས་གཅིག་གཤམ་གསལ་ཁ་བྱང་ཐོག་གཏོང་གནང་ཡོད་པ་ཞུ།
International Tibet Independence Movement
P.O. Box 592
Fishers, Indiana 46037-0592
གཏམ་གྲགས་བདུད་ལ་མི་རེ་བས་དོན་དམ་སྲིད་དོན་སྟེགས་བུའི་སྟེང་ནས་བོད་རང་བཙན་གྱི་འཐབ་རྩོད་པ་དངོས་མའི་ཚབ་མཚོན་ཞིག་བཀོད་དགོས་ན། ངའི་མིག་ལ་གཅེན་པོ་ལྟག་འཚེར་རིན་པོ་ཆེ་འདི་རང་དབང་མེད་པར་ཤར་ཡོང་གི་འདུག ཁོང་གི་ཞི་དྲག་མཁས་མཛངས་ཀྱི་བཞུད་ལམ་སྔོགས་ཐེངས་རེ་རེར་ཁོང་གི་མཛད་རྗེས་འདི་གཞན་གྱིས་གོན་པ་མིན་ནའང་། མང་མང་གིས་ཕར་ལ་བཏགས་པ་ཞིག་མེད་འགྲོ་བསམ།
བར་སྟོང་ཅན་གྱི་ཡི་གེ་འདི་འདྲ་ཀློག་སྟངས་སྦྱང་མ་མྱོང་བས། དོན་ཅི་ཞིག་བཤད་ཀི་ཡོད་པ་ཤེས་མ་སོང་། དགོངས་དག་ཞུ། ཕར་བལྟས་ཚོད་ལ་ཡི་གེ་འདི་དག་གིས་ཀྱང་རང་བཙན་གོམ་བགྲོད་བྱེད་ཀི་ཡོད་པ་འདྲ།
འབའ་སྲས་ཀྱིས་རྟིང་ཚིག་ཧ་ཧ་ཧ་ཧ་ཧ་ཡག་པོ་འདུག
ཀློག་བདེ་པོ་མི་འདུག་ལ། གོ་བ་ཡང་ལེན་ཁག་པོ་འདུག ཐུགས་རྗེས་གཟིགས་ཡོད་པ་དེ་མེད་པ་མ་བཟོ་རོགས་གནང།
རང་བཙན་ཁ་བྲལ། དབུ་མ་འཆམ་མཐུན། གཉིས་ཀ་མི་སྲིད། གཅིག་མེད་རྙོག་ཁྲ། བོད་རྒྱལ་ལོ། །
༄༅། །གོང་གི་གོམ་བགྲོད་སྐོར་གྱི་རྩོམ་ཡིག་དེ་བཞིན་རང་བཞིན་གྱི་དེ་འདྲ་ཆགས་སོང་འདུག་པས་ཀློག་མི་རྣམས་ལ་དགོང་སེལ་ཞུ་རྒྱུ་ཡིན། གལ་ཏེ་ཡང་སྐྱར་གཟིགས་ཞིབ་གནང་འདོད་ཡོད་ན་གུས་ཚོའི་དྲ་རྒྱ་ http://www.bodrangzen.org ནང་གཟིགས་གནང་ཡོད་པ་ཞུ། གཞན་མཆན་ག་རེ་སྐྱོན་ཀྱང་སྨྲ་བརྗོད་རང་དབང་ཡིན་པས་གང་ཡང་ཞུ་རྒྱུ་མེད་ཀྱང་གུས་ཚོའི་ངོས་ནས་བོད་རང་བཙན་ཆེད་ལྷག་བསམ་རྣམ་པར་དག་པས་ལས་འགུལ་རྩོམ་དང་རྩོམ་མུས་ཡིན་པས་བོད་པའི་གཏམ་དཔེ་ལས་མེ་ཏོག་ཆུང་ཀྱང་མཆོད་པའི་རྫས་ཞུ་བ་ལྟར་རེད། མ་གཞི་ནས་ང་ཚོ་ཚང་ཞལ་ཀྱང་ཀྱང་བདར་ནས་མ་ཞུགས་པར་ཕྱག་ལས་ཀྱང་གནང་དགོས་པ་ཤིན་ཏུ་གལ་ཆེན་མཐོང་གི་འདུག་པས་དགོང་པ་མ་མཚུམས་རོགས་ཞུ།
ཚོགས་པ་དང་སྒེར་སུ་རུང་ནས་བོད་རྩ་དོན་གྱི་ཆེད་དུ་ལས་འགུལ་གང་སྤེལ་བ་ཡིན་ན་ཡང་རྒྱབ་སྐྱོར་དང་ཐུགས་རྗེ་ཆེ་ཞུ་རྒྱུ་ལས་གཞན་གང་ཡང་ཞུ་རྒྱུ་མེད། ཆབ་སྲིད་ཀྱི་རྐུབ་སྟེགས་སྟེང་དུ་བཞུགས་ནས་འདྲ་ཆག་པོ་རྐྱང་རྐྱང་བཤད་སྡོད་པ་ལས་རྩ་དོན་གྱི་ཕྱག་ལས་གནང་ན་ཁ་ཡོད་ལག་ཡོད་ཀྱི་ཕན་ཐོགས་ཆེ་བར་མཐོང་།
ང་ནི་ལམ་དབུ་མ་པ་ཅིག་ཡིན་པས། གཞོན་ལྷན་ཚོགས་པས་རང་བཙན་རྩོད་པ་ལ་ངོ་རྒོལ་ཡོད་ཀྱང་། རང་བཙན་སློབ་ཕྲུག་དང་། ༸སྐུའི་གཅེན་པོའི་ཁྱིམ་བརྒྱུད་དང་། དེའིརྒྱབ་སྐྱོར་བ་དང་།
ཡང་དེ་མ་ཡིན་པའི་སྒེར་སུས་རང་བཙན་རྩོད་ཀྱང་དགའ་བསུ་ཡོད། རྒྱུ་མཚན་ནི། ངས་བསམ་ཚོད་བྱས་ན། གཞོན་ལྷན་ལྟ་བུའི་མི་རིགས་གཅིག་གི་ཚོགས་་པགལ་ཆེན་འདིས་རང་བཙན་རྩོད་ན་དབུས་ལམ་གྱི་ཁྱད་ཕན་གནོད་པ་དང་།
དེ་མ་ཡིན་པ་སྒེར་པ་དང་ཚོགས་པ་ཆུང་ཁག་གིས་རང་བཙན་རྩོད་ན། གཉིས་སྨན་དབུས་ལམ་གྱི་ལམ་གྱི་འབྲས་བུ་སྨིན་པ་ཕན་པའང་སྲིད་པར་འདོད་པས་སོ། ། བོད་རྒྱལ་ལོ། །
འདི་ཡང་ག་རེ་ཡིན་ཟེར་གྱི་ཡོད་པ་རེད། ཡི་གེ་ཐ་རེ་འཐོར་རེ་བ་ཞིག་བཀོད་འདུག
དཀའ་ལས་ཁག་རོགས་རེད་འདུག
དྲ་གྲོགས་ཀ་རྡོ་ལགས།
ནང་འགལ་གསུང་གི་མ་འདུག མ་གཞི་ནས་ཁྱོད་རང་ཉིད་དང་ཁྱོད་ཀྱི་གཉེན་ཉེ་འབྲེལ་གྱི་ཆེད་དུ་ཡིན་པའི་བོད་གངས་ཅན་གྱི་རྩ་དོན་རང་ཅག་ལ་སྐྱེས་ཐོབ་ནས་ཡོད་པའི་ཐོབ་ཐང་རང་བཙན་འཐབ་རྩོད་བྱེད་པར་ངོ་རྒོལ་ཡོད་ཟེར་ཕོད་པའི་སྙིང་ཁམས་ཆེ་བ་ལ། ཀླད་མེད་ཟེར་ན་ངོ་མ་ཁྱོད་ལྟ་བུ་ལ་ཟེར་དགོས་པ་འདྲ། དགོངས་དག ཐལ་ཆེ་སོང་ན།
ང་རང་དེང་གི་རྒྱ་གུང་བྲན་ནང་བཞིན་ཀླད་ཆུང་ཅིག་མིན་ན་ཡང་། རྒྱ་བོད་མི་རིགས་གཉིས་ཀ་ལ་བསམས་ཤེས་ཐུབ་པའི་མི་བློ་རྒྱ་ཅན་ཞིག་ཡིན་སྙམ་ཡང་། འཇམ་ཚུལ་ཁྱེད་རང་ཡང་བདེན་སྲིད་པས་འདི་རིང་འདི་ཙམ་གྱིས་འཐུས་པར་བྱས།
༄༅། །ང་ཚོ་ནང་ཁུལ་ལ་ཁྱོད་རང་བཙན་ང་དབུ་མ་ཞེས་རྩོད་རེ་དང་སྨྲོད་རེ་མེ་བྱེད་པར་མ་འོངས་བོད་ཀྱི་རྩ་དོན་སླད་གང་དྲག་གང་ལེགས་ཀྱི་བསམ་ཚུལ་འདོན་རེ་བྱས་ན་བོད་སྤྱི་ལ་ཕན་ཐོགས་ཆེ་བ་ཡོང་ངེས་རེད། དབུ་མ་རང་བཙན་གཉིས་ཀ་བོད་ཀྱི་བདེན་མཐའ་གསལ་ཆེད་ཡིན་པ་ལས་གཅིག་ལ་གཅིག་གནོད་ཀྱི་ལངས་ཕྱོགས་རྩ་བ་ནས་མིན་པར་ཡི་ཆེས་གཙང་མ་ཡིན། དེ་མིན་ང་དང་ཁྱོད། ཁ་དང་སྣ་ཞེས་རྩོད་ཀྱིན་བསྡད་ན་དགྲ་དགའ་གཉེན་བསྡུག་གི་བྱ་སྤྱོད་ལ་འགྱུར་ངེས་རེད། གཏམ་ལ་སྙན་ཆ་མེད་ཀྱང་དོན་ལ་གོ་བ་སྐྱོན་རོགས། ཐུགས་རྗེ་ཆེ།