གཅན་བཟོད་རྒྱམ།
མདང་ནུབ་མགོ་བོ་སྔས་ལ་བཞག་ནས། །སྐྱིད་པོ་གཉིད་ལ་རོལ་ན་བསམ་སྐབས། །
དྲན་ཤེས་གསལ་བོའི་མེ་ལོང་ངོས་སུ། །གྲྭ་སའི་དུས་ཐུང་འཚོ་བ་ཤར་བྱུང་། །
དབང་ཕྱོགས་སྐྱ་རེངས་དང་པོ་ཤར་དུས། །ཐར་འདོད་ངང་མོ་བརྒྱ་སྟོང་ཚོགས་ཀྱིས། །
རྒྱན་འཇུག་ལ་སོགས་རྒྱ་བོད་གཞུང་ལུགས། །བློ་འཛིན་མགྲིན་རྔ་བརྡུངས་བ་དྲན་བྱུང་། །
ཆོས་ཀྱི་མདུན་སའི་ཡང་ཐོག་སྟེང་ནས། །ཆོས་ཀྱི་གན་ཊི་ཕྱོགས་བཞིར་རྡུང་སྐབས། །
ཆོས་གོས་རྣམ་གསུམ་སྐུ་ལ་གསོལ་བའི། །ཆོས་པ་གྲལ་དུ་འཁོད་པ་དྲན་བྱུང་། །
གང་གིས་གསུང་བའི་མདོ་ཚིག་ཟབ་མོ། །སྙན་འཇེབས་གདངས་ཀྱི་རྟ་ལ་སྐྱོན་དུས། །
ཉམས་མེད་ཤཱཀྱ་ཉན་ཐོས་འཁོར་བཅས། །གྲལ་ལ་བཞུགས་འདྲའི་འདུས་ཚོགས་དྲན་བྱུང་། །
མ་ཧེའི་འོ་མ་མར་ལ་བསྲེས་ཏེ། །བཟོས་པའི་དཀྲུགས་ཇ་བག་ལེབ་ཞིམ་པོ། །
མཆོད་བཞིན་ཕན་ཚུན་སྣ་ཚོགས་གླེང་བའི། །གྲལ་འཁོད་འདུས་པ་རྒྱ་མཚོ་དྲན་བྱུང་། །
བཤེས་གཉེན་ལྷག་བསམ་དུང་གི་ཟླ་བས། །གཞུང་ལུགས་གནད་ལ་དོགས་པ་གཅོད་དུས། །
རྣམ་རིག་བཀྲ་བ་རི་དྭགས་འདྲ་བའི། །ཆོས་ཀྱི་གྲོགས་ཚོའི་ངང་ཚུལ་དྲན་བྱུང་། །
གྲ་ཇ་མང་ཇའི་འཁར་རྔ་རྡུང་སྐབས། །ཉོབ་སྣང་ལྕི་མོས་ཚོགས་ལ་ཆས་ཀྱང་། །
ཟབ་དོན་ཆོས་ཚིག་དབྱངས་ལ་གྱར་ཚེ། །དད་པས་ཡིད་སེམས་མཁའ་ལ་དྲངས་སོང་། །
དགོང་མོ་རྩོད་པའི་གྲྭ་ལ་མཛོམས་ཏེ། །རྒྱ་བོད་གཞུང་གི་གནད་ལ་དཔྱོད་སྐབས།།
ལུང་རིགས་གནམ་ལྕགས་ཐོག་ལས་རྒོད་པའི། །ཕྱོགས་གླང་ལྟ་བུའི་རྩོད་གྲོགས་དྲན་བྱུང་།།
མཚན་ཚོགས་གྲོལ་ཏེ་ཤག་ཏུ་ལོག་ཁར། །མྱུར་མོར་ཟ་ཁང་ཕྱོགས་སུ་བསྐྱོད་དེ། །
ཧིན་སྒོར་གསུམ་གྱིས་འཐེན་ཐུག་འཐུང་རྗེས། །ཡིད་ཚིམས་གྲྭ་རྐྱང་གྲོགས་ཚོ་དྲན་བྱུང་། །
རེ་གཟའ་ཟླ་བའི་གུང་གསེང་ཉིན་མོར། །མི་རེར་ཧིན་སྒོར་བཅུ་རེ་བསྡུས་ཏེ། །
ཤ་དང་གྲོ་ཞིབ་ཚོད་མ་ཉོས་ནས། །བྲོ་ལྡན་འཐེན་ཐུག་སྐོལ་བ་དྲན་བྱུང་། །
དགྱེ་སྒུར་དཀའ་བ་འདྲ་ཞིག་འཐུང་རྗེས། །ག་ལེར་གཞུང་ལམ་འགྲམ་ངོགས་བརྒྱུད་དེ། །
ཕ་ཡུལ་ཕྱོགས་ཀྱི་གཏམ་ཚོགས་གླེང་བཞིན། །འཆམ་འཆམ་གནང་བའི་གྲོགས་ཚོ་དྲན་བྱུང་། །
ནམ་ཞིག་གཟུགས་མེད་སྙིང་ལ་ཞུགས་ཏེ། །ཡིད་ཀྱི་ལྷིང་འཇགས་གཏིང་ནས་དཀྲིགས་ཐལ། །
འབྲལ་དཀའི་ཆོས་གྲོགས་ཕངས་མེད་བསྐྱུར་ནས། །གཏད་སོ་མེད་པའི་གནས་འདིར་བསྐྱལ་སོང་། །
ལོ་གཅིག་ལོ་གཉིས་རིམ་ཀྱིས་འདས་དུས། །ཡག་ཡག་འདྲ་བའི་གྲོགས་དེར་འགྲོགས་པས། །
རང་ལ་ཡོད་པའི་གསེར་གྱི་བུམ་པ། །ཇི་ལྟར་ས་རུ་ལྷུང་བའང་མ་ཤེས། །
ཨ་ཧོ་ཐར་ལམ་བགྲོད་པའི་ཐེམ་སྐས། །གློ་བུར་མི་འདོད་བདུད་ཀྱིས་གཤིག་སོང་། །
དེ་འདྲའི་གྲོགས་ཀྱི་ལམ་སྟོན་དེ་ལ། །བསམ་ཞིང་བསམ་ན་སྐྱོ་བའི་རྒྱུ་རེད། །
གནས་འདིར་ཐོས་བརྩོན་སློབ་བུ་མང་གི །གསར་རྙིང་ལ་རྒྱའི་རྩོད་པ་ཆེ་གི །
འདི་འདྲའི་དོན་མེད་རྩོད་པའི་ཁྲོད་ན། །ཕན་ཚུན་ཁ་བསྲེ་མེད་པའང་ཡོད་སྐད། །
ལ་ལས་ཐུན་མིན་ནང་ཆོས་ཟབ་ཟེར། །འགའ་རེས་སྙན་ངག་ལོ་རྒྱུས་གལ་ཟེར། །
དེ་ལྟའི་གཏམ་ཚོགས་ཉིན་མཚན་རྩོད་བཞིན། །སློབ་དུས་བཟང་པོ་རྫོགས་པའང་མང་གི །
འདི་འདྲའི་ཟློས་གར་འབའ་ཞིག་མཐོང་དུས། །ད་ལྟ་ཉིད་དུ་བྲལ་ན་བསམས་ཀྱང་། །
ལོ་བཞི་བཤེས་གཉེན་བཀའ་དྲིན་བཟང་པོ། །བསམ་ཞིང་དུང་བ་ཇེ་ཆེ་ཇེ་ཆེ། །
ཁ་ཕྱོགས་མེད་པའི་བསམ་གཞིགས་ཤིག་གིས། །གོ་རྒྱུ་མེད་པའི་རྩོམ་ཞིག་བྲིས་པ། །
ལེགས་སྙན་ཆ་ལག་ཚང་བ་མིན་ཡང་། །སེམས་དོན་མཚོན་པའི་རི་མོ་བྱས་ཆོག །
༢༠༠༣ལོའི་སྤྱི་ཟླ་༤བའི་ཚེས་༢༧ཉིན་མ་ཡུམ་ས་རཱ་སློབ་གྲྭའི་རྩོམ་རྒྱུགས་ལ་བྲིས།
ཐར་བའི་གོ་འཕང་ཐོབ་པར། །
གྲྭ་པའི་མི་ཚེ་མི་དགོས། །
རྒྱ་གར་གྲུབ་ཆེན་བརྒྱད་ཅུའི། །
མང་ཤོས་སྔགས་པ་ཏག་ཏག །
ལིང་ག་ལྗིད་ཁོག་ཅན་པོ། །
བྷ་གའི་ནང་དུ་བཅུག་ནས། །
ཉིན་མཚན་མེད་པར་རྒྱོ་དང་། །
ཐར་བ་གམ་ན་འདུག་གོ །
འདོད་ཡོན་ལམ་དུ་འཁྱེར་བ། །
གསང་ཆེན་སྔགས་པའི་ཁྱད་ཆོས། །
འདོད་ཡོན་སྤང་བྱར་བལྟ་བ། །
ཉན་ཐོས་ཐེག་པའི་ཉམས་ལེན། །
ཉོན་མོངས་སྤོང་ལུགས་ཤིག་གིས། །
ཐར་བ་འཐོབ་པ་མ་གཏོགས། །
གོས་ཀྱི་ཁ་དོག་ཅིག་གིས། །
ཐར་བ་འཐོབ་ལུགས་མ་གསུངས། །
གྲྭ་ས་རྒྱ་མཚོར་ཡོད་དུས།།
མཇེ་ལ་སྒོ་ལྕགས་བརྒྱབས་འདྲ།།
དར་མའི་མཇེ་ཡི་ཤེད་ཤུགས།།
ཤམས་ཐབ་འོག་ནས་རྫོགས།།
སྐྱ་ས་འཁྲུག་སར་སླེབས་དུས།།
མཇེ་ངན་རང་དབང་ཆེ་གི།
ཤར་ནུབ་ཞི་མོར་རྒྱོ་དུས།།
ཨེ་མ་ཅི་འདྲིའི་སྐྱིད་པ།།
ཉན་ཐོས་རང་རྒྱལ་མི་ཤེས།།
མདོ་དང་སྔགས་ལུགས་མི་ཤེས།།
ཐར་པའི་ལམ་དུ་འགྲོ་དུས།།
མི་ཐར་ཆུང་མས་ཟིན་སོང་།།
ཆུང་མ་གར་སོང་ཤུལ་ནས།།
མཇེ་ངན་ལག་ཏུ་བཟུང་སྟེ།།
རིག་རིག་གཉིས་ཀ་སྟོན་བཞིན།།
ར་འཛག་རེའུ་འཛག་གྲངས་མེད།།
གྲྭ་སར་ལོ་གསུམ་བསྡད་ཀྱང་།།
ཆོས་ཀྱི་རྣམ་གྲངས་མི་ཤེས།།
སྐྱ་ས་འཁྲུག་ཆ་དོད་པས།།
འཛག་པ་གྲངས་ཀྱིས་མི་ཆོད།།
ཧྲ་གི ཞེས་ཀི་ཧྲ་གི ཧོན་གི་ཧྲ་གི ད་རུང་ཧྲ་ལ་བྱོས། ས་ཁ་ས་ཐོག
ཆུང་མར་ཁག་ཟིག་མ་འཇོག །
མཇེ་ངན་ལན་ནི་ལོས་ཡིན། །
ཆུང་མ་དུང་ཀ་ཅན་པོ། །
སྔགས་ལམ་བགྲོད་པའི་གྲོགས་རེད། །
མཇེ་ངན་རྡོ་རྗེར་སྐྱེད་ལ། །
བྷ་ག་པད་མར་སྒོམས་དང་། །
བདེ་སྟོང་ཟུང་དུ་འཇུག་པའི། །
རྣལ་འབྱོར་ཁྱོད་རང་ཡིན་ནོ། །
བདེ་ཆེན་བྱང་སེམས་དཀར་པོ། །
རྩ་འདབ་སུམ་བརྒྱ་དྲུག་ཅུར། །
དབབ་ལྡོག་བཀྲམ་གསུམ་བྱོས་དང་། །
ལས་རླུང་རང་སར་དག་འགྲོ །
མཁའ་སྤྱོད་དམར་མོ་གསོན་པོ། །
རང་གི་རྩིབ་ཀྱི་དེ་རེད། །
ཨེ་ཝྃ་མཉམ་དུ་སྦྱོར་དང་། །
གྲུབ་པའི་ཚོགས་གྲལ་ལོས་སྙེག །
ཝ་ད་ཉལ་གི་མིན་ནམ། ཆུང་མ་མེད་པའི་མྱི་རྐྱང་འདི་ཚོའི་ངོ་གཅིག་རྫོགས། ནམ་གུང་རེ་གུང་ང་འཛག་བཤད་བརྒྱས་དང་དུས་ཉལ་ར་མི་དགོག་ནོ། མཇེ་ངན་ཀག་གིས་ལངས་ན་དཀའ་ངལ་འཕྲད་ཡོང་། འགྱིག་གི་ཞི་མོ་འདྲ་རྩིབས་ན་ཡོད་ན་གང་ཤེས་མ་གཏོགས། རང་གིས་རང་གི་དེ་མཆང་བྱུགས་བྱེད་དགོས་ན་དཀའ་ཡ།
གསང་སྔགས་ཀྱི་རྣལ་འབྱོར་བ་ཚོར་ལས་ཀྱི་ཕྱག་རྒྱ་དང་རང་འོད་ཀྱི་རིག་མ་ཟེར་བ་གཉིས་ཡོད་པ་རེད། ང་ལ་མཚོན་ན་ཕྱི་མ་དེས་ཆོག་པའི་གྲས་ཡིན།
འོད་ཀྱི་རིག་མར་བདེ་བ་སྤྱོད་པ་དེ་ད་རྨི་ལམ་ནང་ནས་མཚམས་ལན་རེར་ཤོར་བ་དེ་འདྲ་ཡིན་རྒྱུ་རེད་ཀོ སྔོན་མ་ངས་མཇེ་ངན་ལ་སྒོ་ལྕགས་བརྒྱབས་ཡོད་དུས་ད་དེ་འདྲ་ཏེངས་མང་བྱུང་མྱོང་ང་ཡ།
དེ་འདྲ་མ་རེད། གསང་སྔགས་ཀྱི་ལྷ་ཡི་བསྐྱེད་རྫོགས་ཉམས་ལེན་བྱེད་དུས་སུ་རང་ཉིད་ཆགས་བཅས་ལྷ་ཡི་ངོ་བོར་སྒོམ་དུས་དེ་དང་མཉམ་དུ་རང་འོད་ཀྱི་རིག་མའམ་ལྷ་སྐུ་ཡུམ་བཅས་སུ་སྒོམ་པ་ལ་བརྗོད་པ་ཡིན། འདི་སྐོར་རྗེ་བླ་མའི་སྔགས་རིམ་ཆེན་མོ་དང་མཁས་གྲུབ་རྗེའི་སྔགས་ཀྱི་ས་ལམ། དབལ་མང་པཎཌིཏའི་སྔགས་ཀྱི་སྤྱི་དོན། ལྷུན་གྲུབ་པཎཌིཏའི་འཇིགས་བྱེད་བསྐྱེད་རྫོགས་སོགས་གསང་སྔགས་ཀྱི་གཞུང་ཆེན་མོ་དག་ཏུ་གསལ་བོར་གསུངས་ཡོད་པ་རེད། ངས་དགེ་ལུགས་པའི་རྒྱུད་གྲྭ་སྟོད་སྨད་ལྟ་བུ་འགྲིམས་མ་མྱོང་ན་ཡང་། རང་གི་ཉམས་ལེན་གྱི་ཆེད་དུ་གོང་གི་གཞུང་འདི་ཚོ་ལག་པར་ཡོང་དུས་སུ་བལྟ་ཅི་ཐུབ་བྱེད་ཀིན་ཡོད། དེ་མིན་ས་དགེ་རྙིང་གསུམ་གྱི་གསང་སྔགས་ཀྱི་གཞུང་ཆེན་དེ་ཚོར་རང་གི་གོ་ཚོད་ཀྱི་གོ་བ་རེ་ལེན་ཅི་ཐུབ་བྱེད་བཞིན་ཡོད། བོད་ཀྱི་སྙན་ངག་པ་ཞིག་བྱེད་འདོད་ན་མདོ་སྔགས་གཉིས་ཀར་བག་ཆགས་ཤིག་འཇོག་ཅི་ཐུབ་བྱས་ཚེ་སྙན་ངག་འབྲི་དུས་སེམས་ཀྱི་འཁོར་རྒྱ་ཇེ་ཡངས་རེད་ཡ། ངས་ལབ་བརྒྱབ་ནི་མིན། ས་ཁ་ས་ཐོག
ཡུམ་ཁྱོས་ང་སྐྲག་ཕུད་ཞོར་དང་དོན་བཤད་ཞོར་གཉིས་ཀ་བྱེད་ཀི་ཡོད་ཁ་ཟིག་རེད་དྲ། བདེན་གི ཁྱོད་ཀྱིས་སྔོན་ཆད་བྲིས་པའི་སྡོམ་པའི་ལྕགས་སྒྲོག་ཆད་པའི་གླུ་སོགས་སྐབས་དེའི་སྙན་ངག་གསུམ་བཞི་བོ་དེ་ད་ཅིག་མི་འདྲ་གི་མོ། དེ་མོ་ཟིག་ཡིན་ས་རེད། ད་ང་མྱི་རྒན་ཞིག་གིས་མདོ་སྔགས་ཀྱི་གཞུང་ཟེར་སྦྱོང་བ་ལས། འདོད་བསྟན་ལ་ཉམས་ལེན་རེ་བྱས་ན་དེས་ཕན་ས་རེད། མཚམས་མཚམས་སུ་རང་མྱོང་ཅི་ཡིན་དོན་དངོས་དམར་འབྲི་འདྲ་བྱས། གསར་བུ་མགོ་སྟོང་རྐྱལ་སྟོང་ཚོར་ཆགས་པ་འདྲ་འཕེར་གི་བཅུག་ནས་འདུག་རྒྱུ་ལས། གསང་སྔགས་གསར་རྙིང་ལ་སོགས་པའི་ཉམས་ལེན་དང་རང་ཚོད་གོ་བ་ཟེར་ན་རི་བོང་གི་རྭ་རེད། ཐ་ན་ཁྱོའི་གོང་གི་སྐད་ཆ་དེ་ཚོའི་དོན་ཡང་དགའ་ཟིག་མ་གོ་ཐ་ཡ།
ང་ཚོའི་བོད་ཡིག་གི་ཤེས་ཚད་མཐོ་མིན་དམའ་མིན་འདི་བེད་སྤྱད་ནས་དཔེ་ཆ་རེ་ལྟ་གིན་བསྡད་ན་ཅུང་ཟད་རེ་གོ་གི་ཡ། དགེ་བཤེས་ཚོས་ཅིག་བརྩད་ནས་བསྡད་ཡོད་ན་ཡང་། ནང་ཆོས་ཤེས་པར་ཡིན་གཅིག་མིན་གཉིས་ཅིག་རྩོད་དགོས་པའི་ངེས་པ་གཏན་ནས་མེད་ཀི རྒྱ་ནག་གི་སློབ་དཔོན་མཁས་པ་དེ་ཚོས་ཀྱང་ཚད་མའི་གཞུང་ལུགས་ཀྱི་འགྲོ་སྟངས་བཞིན་ཅིག་ཡིན་ན་ཅིག་ཡིན་པས་ཁྱབ་མ་ཁྱབ་དེ་ཙམ་བརྩད་མི་འདུག འདིའི་དོན་འདི་རེད། དེའི་དོན་དེ་རེད་ཅེས་གོ་བ་ལེན་ཐུབ་ན་དེ་ཡི་ཚོད་ཀྱི་ཤེས་སོང་བ་རེད། མི་སྐྱ་ཞིག་ཡིན་ན་རེད། གྲྭ་གཟུགས་ཤིག་ཡིན་ན་རེད། ནང་ཆོས་ཀྱི་གཞུང་འདི་ཚོ་ཚེ་འདི་ལ་ཡང་ཕན་ཐོགས་ཡོད་པ་ཞིག་ཏན་ཏན་རེད། བློ་གྲོས་དཔལ་བཟང་ཁྱོས་ཤེས་ཀ། ད་དུང་ཉི་མ་རྟག་པར་ནང་ཆོས་ཀྱི་གཞུང་ཆེན་ཚོ་ཀློག་ནས་འདུག་གི་ཟེར། སྔོན་མར་བཀའ་གདམས་པའི་དགེ་བཤེས་ཤིག་གིས། ང་རང་འཆི་ཁར་མདོ་མཛངས་བླུན་དང་ཁ་འཕྲོད་སོང་གསུངས་ལུགས་ཤིག་འདུག གང་ལྟར་སེམས་པ་མི་སྐྱིད་དུས་སྤྱོད་འཇུག་ཆེན་མོ་ཚར་རེ་ཀློགས་དང་ཡངས་སངས་སེར་མི་འགྲོ་གི་ན་ས་ཁ་ས་ཐོག ད་དུང་ཁུ་ནུ་བླ་མའི་བྱང་ཆུབ་སེམས་བསྟོད་རེ་ཀློགས་ནས་མྱིག་སྐམ་པོའི་ནང་ནས་ཆུ་རློན་པ་ཟེར་ནོ་ཆར་བ་འབབ་འབབ་མི་བྱེད་ཀི་ན་ས་ཁ་ས་ཐོག
བློ་གྲོས་དཔལ་བཟང་ཁ་མཁས་བོ་དེ་ཡེ། ཡུམ་མི་ཤེས་ཀི་ན། ཁེའི་དགོང་མོ་ཡང་ངེད་གྲོགས་པོ་གསུམ་གྱིས་མེག་ལོག་རེ་སྒུག་ཐང་ནས་སྐད་ཆ་ཡ་མཚན་དག་དག་བཤད་བསྡད་པ་ཡིན། དགོང་མོ་དེར་ཁོའི་མཇེ་ངན་ང་ལ་གཡར་བ་རེད། ངས་ཡུན་རིང་ཞིག་ལ་ཕྱིར་མ་སྤྲད་པ་དང་ལོ་འགའི་རྗེས་སུ་ཁ་བཏགས་ཤིག་གིས་གཅུད་དེ་ཕྱིར་སྤྲོད་སྐབས། ཁོའི་མཇེ་ངན་ཟད་པོ་ཁྱི་པོ་ཉན་བསྡད་ཡོད་པ་རེད་ཟེར་བ་ལྟ་བུའི་བགད་ནས་རྒྱུ་མ་ཉོག་འགྲོ་བ་རྐྱང་བཤད་བསྡད་ཡོད། རེད་རེད། སང་ཉིན་ཞིག་ལ་ཁོང་བཟའ་མི་ཚང་མ་ནོར་གླིང་ལ་སྤོར་རྒྱུ་ཡིན་ཟེར་གི སྒྲོལ་མ་གླིང་ལ་ཇོ་མོ་བདའ་གི་འགྲོ་གི་ཡིན་ཟེར། ཇོ་མོ་ཟིག་མི་ཕུག་ནེའི་སྨོན་ལམ།
ཁྱོད་ཀྱིས་བཤད་པ་བདེན་གི ངས་ཀྱང་ནང་བསྟན་ཕྱོགས་ལ་དཔེ་ཀློག་རེ་བྱེད་བཞིན་ཡོད་མོད། རྨུན་པོ་ང་འདྲ་བས་བ་ནི་ཟིག་དངོས་གནས་མ་རེད།
སྤྱོད་འཇུག་ཆེན་མོ་འདིའི་ནང་གི་ཤེས་རབ་ཀྱི་ལེའུ་དེ་འགྲེལ་བཤད་ཅིག་མེད་ན་གོ་དཀའ་བས། རྒྱལ་ཚབ་དར་མ་རིན་ཆེན་གྱི་སྤྱོད་འཇུག་འགྲེལ་བ་ཧ་ལས་པའི་ཁ་གསལ་བོ་ཞིག་འདུག་པ་དེ་ལ་བལྟ་ཐུབ་ན་ཁྱོས་གོ་ནས་མི་ཚད་མྱི་གཞན་ཚོ་ར་ཅིག་བཤད་ཐུབ་ཀི་འདོད་ནི་ཟིག་ག་བསྒྱུར་གི་འདུག ཐེ་ཝན་ནས་སྤྱོད་འཇུག་དར་ཊིཀ་འདི་དཔར་ནས་རིན་མེད་དུ་སྦྱིན་དགོས་པའི་གསལ་བཤད་དང་བཅས་བཙན་བྱོལ་སྤྱི་ཚོགས་སུ་བཀྲམས་འདུག་པས་ནོར་གླིང་སོགས་སུ་སོང་ན་རག་ཐུབ་ཀི་རེད། སྤྱོད་འཇུག་ཤེས་ཚར་དུས་ནང་པའི་ཆོས་ལ་མདོ་དང་སྔགས་གཉིས་ཡོད་པའི་མདོ་ཡི་ཉམས་ལེན་ཇི་འདྲ་ཞིག་བྱེད་དགོས་པ་ཞིག་ཤེས་ཚར་འདུག གྲུབ་མཐའི་གཞུང་ཟེར་བ་དེ་ཚོ་ནི་ཤེས་ན་ཡག་པོ་ཞིག་རེད་མ་གཏོགས་ཉམས་ལེན་རང་དང་སྦྱོར་རྒྱུ་དེ་ང་ཚོ་འདྲ་བོས་འཇོན་ནི་ཞིག་མ་རེད། སྤྱོད་འཇུག་འདི་ནི་རྒྱུ་མཚན་དང་སྦྱར་ནས་གསུངས་པ་ཞིག་ཡིན་པས་ང་ཚོ་ལ་སེམས་ཤུགས་སྐྱེ་བར་ཧ་ཅང་ཕན་གི བློ་གྲོས་དཔལ་བཟང་ལགས་ཀྱིས་ཟ་ཁང་འཛིན་གི་མེད་དམ།
གྲྭ་ས་སེ་འབྲས་དགེ་གསུམ་ནས་སློབ་སྦྱོང་ཐོན་ཏེ་ལྷ་རམས་པ་ཐོན་ན་ཡང་གསང་སྔགས་ཀྱི་སྐོར་ལ་ཅང་ཤེས་མཁན་ཉུང་ཉུང་རེད། དགེ་ལུགས་ཚང་ལ་ད་སྐབས་གསང་སྔགས་ཀྱི་སློབ་སྦྱོང་འདི་ཧ་ཅང་འཐུས་ཤོར་དུ་འགྲོ་གིན་འདུག བླ་མ་ཞིག་གིས་གསང་སྔགས་ཀྱི་དབང་གསུང་ན་ཡང་གོང་ས་མཆོག་ལྟ་བུའི་བླ་ཆེན་ཞིག་མིན་ཕྱིན་དབང་ཉན་གི་འགྲོ་མཁན་ཡང་དཀོན་གི འདི་ནི་མདོ་སྔགས་ཟུང་འབྲེལ་གྱི་རྗེ་བླ་མའི་བསྟན་པའི་རྗེས་འཇུག་ཅིག་ལ་མཚོན་ན་ཡག་རྟགས་ཤིག་རྩ་ནས་མ་རེད། དེ་བཞིན་རྗེ་མའི་སྔགས་རིམ་དང་རིམ་ལྔ་གསལ་སྒྲོན་སོགས་ལ་སློབ་སྦྱོང་བྱེད་མཁན་ཡང་དཀོན་གི མདོ་སྔགས་ཟུང་འབྲེལ་མེད་པར་དགེ་བཤེས་ཀྱི་དམ་བཅའ་རེ་བཞག་རྗེས་ལྷོད་ལྷོད་གནང་ནས་བཞུགས་མཁན་ག་འདྲ་ཞིག་མང་གི སྤྱིར་ན་དགེ་བཤེས་ཐོན་པ་ལོས་བཟང་སྟེ། དགེ་ལུགས་པ་ཞིག་ལ་གསང་སྔགས་ཀྱི་སློབ་སྦྱོང་མེད་ན་དགེ་ལུགས་པའི་ཁྱད་ཆོས་ངོ་མ་དེ་འདོན་ཐུབ་ཀི་མ་རེད།
སྒྲོལ་མ་གླིང་གི་སྒོ་འགྲམ་དག་དག་ན་ཟ་ཁང་ཞིག་ཡོད་པ་དེ་འཛིན་གི་ཡིན་ཟེར།
རྒྱལ་ཚབ་རིན་པོ་ཆེའི་སྤྱོད་འཇུག་གི་འགྲེལ་བ་དེ་ང་ལ་ཡོད། ཐེངས་གསུམ་བཞི་ཞིག་ལ་བཀླགས་པ་ཡིན། ད་དུང་མཁན་པོ་ཀུན་དཔལ་གྱི་སྤྱོ་འཇུག་གི་འགྲེལ་བ་དེ་སློབ་སྦྱོང་དང་ཡིག་རྒྱུགས་ཀྱང་བཏང་བ་རེད། དེ་དུས་བྱིས་པ་བསམ་མེད་རེད། ཆོས་ཟེར་བ་ལས་དགའ་རོགས་སྒྲིག་རྒྱུ་གལ་ཆེ་དུས་རེད། ད་རིག་པ་ལྡིབ་བསྡད་པའི་སྐབས་སུ་ཅིག་ལྟ་འདོད་ཀྱང་ཤེས་ཀི་མི་འདུག བླ་མ་ཡོད་དུས་དད་པ་མེད་ཀི དད་པ་ཡོད་དུས་བླ་མ་མེད་ཀི་ཟེར་བ་བཞིན་རེད།
དེས་ན་ཞིས་ཀི་ཧྲ་གི ཧོན་ད་ཧྲ་གི
ད་ང་མཇེ་ངན་མགོ་ཆད་ལག་པས་བཙུར་ནས་ཉལ་གི་ཡིན། སང་ཉིན་ཟིག་ག་ཐུག
ཡ་ཡ། ཁྱོད་གཟིམ་སྤྲོ་ཡོང་བ་ཤོག
ཐར་བ་དོན་དུ་གཉེར་ནས།།
མཇེ་ངན་བཙོན་དུ་བཅུག་སྟེ།།
ལོ་མང་གྲ་སར་ཞུགས་རུང།།
ཐར་བའི་ཕྱོགས་ཙམ་མ་མཐོང།།
ྲཐར་བ་དོན་ཀྱིས་ཡོད་སྲིད།།
ཡོད་ལུགས་ཁོ་བོས་མ་རྙེད།།
སེམས་པ་འདུལ་རྒྱུ་ཡོད་སྲིད།།
གཏུལ་བའི་དུས་ཤིག་མ་ཤར།།
སྡོམ་ཁྲིམས་ལྕི་ནོ་ཤེས་རུང།།
ཕ་མའི་རེ་བ་ཆེ་བས།།
ལོ་མང་གོས་དམར་འོག་ནས།།
ཐར་བའི་སྐལ་བ་མ་བྱུང།།
མཐའ་མར་རང་ཐག་བཅད་ནས།།
བསམ་དོན་ཐོག་ལ་སོང་ནི།།
ཐར་བའི་མིང་དེ་མེད་རུང།།
ཐར་བའི་ཕྱོགས་ཤིག་ཡིན་འགྲོ།།
ཧཧཧཧཧ
ཐར་པ་གཉེར་གྱིན་ཟེར་བཞིན།།
མཇེ་ངན་ལག་ཏུ་བཟུང་བ།།
གྲྭ་ས་རྒྱ་མཚོའི་ནང་དུ།།
ད་དུང་གྲངས་ཀྱིས་མི་ལོངས།།
སྡོམ་པ་སྲུང་བ་ཟེར་བ།།
འདི་འདྲར་ཟེར་བ་ལོས་ཡིན།།
མཇེ་ངན་ལང་རྒྱུ་མེད་ན།།
མོ་སྡོམ་སྲུང་རྒྱུའང་མེད་ཀ།
དེང་གི་དུས་ཚོད་འདི་ལ།།
སྡོམ་པ་སྲུང་རྒྱུ་དཀའ་སླ།།
མོ་སྡོམ་འདི་ལ་ཐུག་འདུག།
ཚང་མས་འདི་སྲུང་དཀའ་འོ།།
མཛེས་མ་མཐོང་བའི་དུས་སུ།།
རེག་དང་སྤྱོད་ན་བསམ་རུང།།
སྡོམ་ཁྲིམས་ལྕི་མོ་ཞིག་གིས།།
སྤྱོད་པའི་སྐལ་བ་འཕྲོག་པ།།
བདེ་བ་དོན་དུ་ཡིན་རུང།།
དབང་གཉིས་སྦྱོར་བའི་བདེ་བ།།
བདེ་བའི་གྲས་ཤིག་ལོས་ཡིན།
བདག་ལ་དངོས་མྱོང་ཐོབ་པའི།།
ཕོ་མོའི་འཁྲིག་སྦྱོར་བདེ་བ།།
མ་གྱུར་སེམས་ཅན་ཀུན་ལ།།
འདྲ་མཉམ་ཐོབ་པའི་སྨོན་ལམ།།
བདེ་བ་དོན་དུ་་་་་་བདེ་བའི་དོན་དུ་
དབང་བོ་གཉིས་སྦྱོར་བདེ་བ།།
ཐར་བ་གནོད་དོན་ཅི་རེད།།
ྲྲཐར་བའི་གོ་འཕང་ཐོབ་ཚེ།།
བདེ་བའི་ངོ་བོ་གང་འདྲ།།
བུ་མོ་མཛེས་མ་མཐོང་དུས།།
སྡོམ་ཁྲིམས་ཟུར་ལ་བཞག་ཞོགས།།
གཉིས་སྦྱོར་དགའ་བདེའི་རྫོགས་རྗེས།།
སྡོམ་པ་ཕྱིར་ལ་ལོངས་དང་།།
ངེས་འབྱུང་རྣལ་མ་རེ་དང་།།
ཡང་ན་ཨ་ཕར་འགྱུར་ཡོང་།།
ངེས་འབྱུང་སྐྱེས་ན་རབ་རེད།།
དོན་གཉིས་འགྲུབ་པ་མིན་ནམ།།
ཨ་ཕར་གྱུར་ཀྱང་བཟང་ག།
ཁྱིམ་ཚང་ཞིག་གི་དཔོན་རེད།།
ཁྱིམ་ཆུང་ནང་གི་དཔོན་པོ།།
དེ་འདྲའི་སྐྱིད་པོ་ཡོད་ན།།
ཕ་རྒན་མཇེ་ཐོག་ཡོངས་ལ།།
སྐྱིད་ལ་རྫོགས་པ་མེད་ངེས།།
དཔོན་གྱི་འགྲོ་ལུགས་ཤེས་ན།།
ཁྱིམ་གྱི་དཔོན་པོའང་སྐྱིད་པ།།
འགྲོ་ལུགས་མི་ཤེས་དཔོན་པོ།།
སྲིད་འཛིན་ཡིན་ཡང་སྡུག་པ།།
ཁྱིམ་གྱི་ཆུང་མར་གཅེས་གཅེས།།
རང་གི་བུ་ལའང་གཅེས་པ།།
ཆུང་མས་ཕ་བུར་གཅེས་གཅེས།།
བུས་ཀྱང་ཕ་མར་གཅེས་ཡོང་།།
འདི་འདྲའི་ཁྱིམ་ཚང་ནང་གི།
དཔོན་པོ་བྱེད་ན་སྐྱིད་པ།།
ཁྱིམ་གྱི་འཚོ་བ་ཟེར་བ།།
བསྡད་ཀྱིན་བསྡད་ཀྱིན་ཇེ་སྐྱིད།།
འཇིག་རྟེན་འཁོར་བ་ནང་ན།།
སྐྱིད་ཅིག་མེད་རབས་བཤད་ཀྱང་།།
འཁོར་བའི་གདན་ཐོག་འདི་ནས།།
འདུག་ཤེས་འདི་ལས་སྐྱིད་མེད།།
ཨ་ཁུ་ཀླུ་སྨྱོན་ཁོང་གིས།།
སྡེབ་སྦྱོར་མཉམ་མོའི་ཐོག་ནས།།
ཕོ་མོ་སྦྱོར་བ་གླེང་སྐབས།།
རྒྱ་བོད་མཁས་པའི་གཞུང་ལ།།
ཁུངས་ལུང་བཅོལ་བ་མང་གི།།
འཁྲིག་པའི་བདེ་བ་དངོས་ཏེ།།
དོན་གྱིས་མྱོང་བ་མེད་ན།།
ཚིག་གིས་བརྗོད་ཐབས་བྲལ་འདུག།
འདོད་བསྟན་ཀློག་པ་ཙམ་དང།།
བརྙན་རིས་མཐོང་བ་ཙམ་གྱིས།།
ཕོ་མོའི་མྱངས་པའི་བདེ་བ།།
དོན་ལ་གཞལ་རྒྱུ་དཀའ་འོ།།
འདོད་པའི་བསྟན་བཅོས་མེད་རུང།།
འཁྲིག་སྦྱོར་བྱེད་པའི་ཚེ་ན།།
ཕོ་མོ་གཉིས་ཀྱིས་ཕྱོགས་ནས།།
བདེ་བའི་ཚོར་བ་མྱངས་འགྲོ།།
ཨ་ཁུ་རྩེད་མོ་ཡིན་དུས་ཚོད་འགྲོ་བྱེད་ལ་ཙམ་ཡིན།་་་མུ་མཐུད་ནས་འབྲི་རོགས།
ཕོ་མོའི་འཁྲིག་པ་སྤྱོད་ཐབས་སྒྱུ་རྩལ་འདི།།
དངོས་སུ་སྤྱད་དང་མ་སྤྱད་ཁྱད་པར་མེད།།
འོན་ཏེ་བདེ་བའི་མྱོང་བ་དངོས་བརྗོད་སྐབས།།
བསམས་ནས་བཤད་དེ་མྱོང་བའི་དོ་ཟླ་མིན།།
གྲ་སར་བསྡད་དུས་སྐྱིད་སྣང་མ་སྐྱེས་རུང་།།
སྐྱ་སར་བབས་ནས་སྐྱིད་ཅིག་ཚོར་བ་འདི།།
དོན་ལ་བཟང་ངན་དབྱེ་བ་མི་ཤེས་མོད།།
ཁོ་བོ་དོན་གྱིས་མྱངས་པ་འདི་འདྲ་རེད།།
གྲྭ་སར་སྡོད་དུས་སྐྱིད་སྣང་ཅི་ལ་སྐྱེས།།
མཇེ་ངན་རྭ་ཅོར་གྱུར་ཀྱང་འཛག་ས་མེད།།
སྐྱ་སར་བབས་རྗེ་མཇེ་ངན་མི་ལང་ཡང་།།
འཛག་ས་བོད་རྒྱ་དབྱིན་སོགས་གང་བཙལ་རེད།།
གྲྭ་སར་སྡོད་སྐབས་འཁྲིག་སྦྱོར་བདེ་བ་འདི།།
བཤད་ཀྱང་འཇའ་མཚོན་བཞིན་བརྗོད་དུ་མེད།།
བུད་མེད་འཛག་པའི་མྱོང་བ་དམར་པོ་འདི།།
བསམ་གྱིན་བཤད་ཀྱིན་བདེ་སྣང་ཇེ་ཆེ་རེད།།
འཁྲིག་པའི་སྒྱུ་རྩལ་བརྗོད་པ་ལ།།
དངོས་སུ་མྱངས་དང་མ་མྱོང་གཉིས།།
ཁྱད་མེད་འདོད་པ་བཟོད་རྒྱམ་ལུགས།།
ཁོ་བོས་དེ་ལ་ལགས་མི་ཞུ།།
ཁ་ནས་བཤད་པའི་འཁྲིག་ཐབས་དང།།
ལག་ལེན་དངོས་ཀྱི་བར་ཐག་ན།།
སྐབས་འགར་ས་དང་གནམ་གྱི་ནི།།
ཁྱད་པར་ཡོད་པ་དངོས་མྱོང་གྲུབ།།
“འཁྲིག་ཐབས”སྒྱུ་རྩལ་ལ་ནི་ཁྱད་པར་མེད།།
བདེ་བའི་མྱོང་བ་བརྗོད་དུས་ཁ་ཁ་ཡིན།།
ཞེས་པའི་ཚིག་ལ་མིག་གིས་གསལ་བོར་ལྟོས།།
གོང་ནའང་དེ་ལྟར་བཤད་པ་ཡང་བསྐྱར་གཟིགས།།
བཟོད་རྒྱམ་འཁྲིག་པའི་ཐབས་ལ་མཁས་པ་ན།།
འདོད་བདེ་མྱངས་དང་མ་མྱང་གཅིག་ཡིན་ཅེས།།
བསྐལ་བར་མི་བཤད་དེ་གཉིས་སོ་སོར་རྟོགས།།
“འཁྲིག་ཐབས་” “འདོད་བདེ་”དམར་ཁྲིད་དགོས་ཀྱང་ནུས།།
ལྷོ་ཕྱོགས་རྒྱ་མཚོའི་འགྲམ་ནས་ཁ་སེང་གྲོགས་ཤིག་འབྱོར་ཐལ།།
གྲྭ་སའི་ངང་སེར་ཁྱུ་ཚོགས་སྐུ་གསུང་ཐུགས་གསུན་བདེ་ཟེར།།
གྲོགས་དང་གསུང་གླེང་བར་ནས་འདས་པའི་འཚོ་བ་དྲན་བྱུང་།།
གྲྭ་ས་རྒྱ་མཚོའི་ནང་དུ་ལན་གཅིག་འགྲོ་ན་བསམ་བྱུང་།།
མཇེ་ངན་ལག་པས་བཙིར་ནས། །
སེམས་ལ་མི་དྲན་དགུ་དྲན། །
དེང་དུས་ཆོས་པ་འགའ་ཡི། །
ཕྱི་ཚུལ་གྲྭ་གཟུགས་ཙམ་རེད། །
ང་འདྲའི་ཁ་ནས་མི་བཤད་དགུ་བཤད།།
སེམས་ཀྱི་ཏིང་འཛིན་རི་རྒྱལ་ལྷུན་པོ།།
ཁྲིམས་གཙང་དྲི་ངེད་སྣ་བ་ཞིམ་པ།།
མཛེས་མའི་དྲི་ཆུ་སྐྱང་བར་བྱེད་པ།།
རྩམ་དགའ་རྩམ་པར་དགའ་ན།།
དྷ་སར་རྩམ་ཚོང་མང་གི།
སྦིར་རྩམ་ཞིམ་གི་ཟེར་གི།
ཁུ་ནུའི་ནས་རྩམ་རེད་ཟེར།།
དེ་རིང་བཅུ་བའི་ཉེར་ལྔ།།
མདུན་ལ་མཆོད་མེ་སྦར་ནས།།
གྲྭ་ས་རྒྱ་མཚོའི་ནང་ན།།
ཡོད་པའི་མོས་པ་བྱེད་ཀྱི།།
ལག་ལ་སྤོས་རྐང་སྦར་ནས།།
དྲི་བསུང་ལྷ་ལ་ཕུལ་བཞིན།།
དགའ་ལྡན་ཡིད་དགའ་ཆོས་འཛིན།།
མདུན་ལ་མཇའ་ཚོན་ཤར་འདྲ།།
རྗེ་བཙུན་བློ་བཟང་གྲགས་པ།།
དགྱེས་འཛུམ་དགའ་བའི་འཛུམ་ཞལ།།
བདག་གི་མིག་ཟུང་བཙུམས་ཡང་།།
མདུན་ལ་ལམ་གྱིས་ཤར་གི།
ཟིང་ཟིང་ཨ་རིའི་གྲོང་ན།།
ཁྱོད་ཀྱི་འཕྲིན་ལས་དཀར་པོ།།
གདུལ་བྱའི་སྙིང་ལ་སིམ་སིམ།།
གསོལ་འདེབས་དབྱངས་སྙན་གྱེར་གི།
སྙིང་རྗེའི་སྤྲིན་ཕུང་ཀློང་ནས།།
བྱིན་རླབས་བདུད་རྩིའི་གྲུ་ཆར།།
དད་པའི་གསོས་སུ་དྲང་ནས།།
ཕྱི་མའི་ལམ་སྣ་འདྲེན་རོགས།།
དགེ་ལྡན་ལྔ་མཆོད་ཆེན་མོར་ཕུལ།།
དེ་རིང་།
རྗེ་ཙོང་ཁ་པ་ཞིང་ཁམས་གཞན་ཞིག་ཏུ་ཕེབས་པ་ཡིན་པས།
ང་ཚོས་ཀྱང་བསམ་བློ་གཞན་ཞིག་གཏོང་འོས།
ཁ་ནས་མི་བཤད་དགུ་བཤད་མེད་ཀི །
སེམས་ཀྱི་ཏིང་འཛིན་བརྟན་རབས་བཤད་ཀི །
ཁྲིམས་ཀྱི་དྲི་བསུང་ཞིམ་རབས་གླེང་གི །
ཐུབ་པའི་ལུགས་འདི་ཇི་འདྲའི་སྐྱིད་ཨང་། །
རྩམ་པ་བཟང་རབས་ཡག་རབས་བཤད་ནས། །
རིན་གོང་ཉིན་རེར་འཕར་ནས་བུད་ཐལ། །
རྩམ་དགའ་ང་འདྲས་ཁུག་རྒྱུ་དཀའ་ནོ། །
ཨ་ཁུ་དྷ་སར་ཕེབས་དང་ཤེས་ནི་རེད། །
གནས་གཡུ་ལོ་བཀོད་པའི་ཞིང་ཁམས་ན། །
མ་མཁའ་མགྲོན་འབུམ་གྱིས་བསྐོར་བ་ཡི། །
རྗེ་རྒྱལ་བ་བློ་བཟང་གྲགས་པ་ཡི། །
སྐུ་བྱིན་རླབས་ཅན་པོར་ཡིད་ལ་དྲན། །
གཞུང་མདོ་སྔགས་རྒྱ་མཚོའི་མཐར་སོན་པའི། །
མགོན་མཁས་གྲུབ་བྱེ་བས་བསྐོར་བ་ཡི། །
རྗེ་རྒྱལ་བ་བློ་བཟང་གྲགས་པ་ཡི། །
གསུང་བྱིན་རླབས་ཅན་པོར་ཡིད་ལ་དྲན། །
ནང་ངེས་འབྱུང་སེམས་ཀྱིས་ཟིན་པ་ཡི། །
སྐྱབས་སེམས་དཔའ་འབུམ་གྱིས་བསྐོར་བ་ཡི། །
རྗེ་རྒྱལ་བ་བློ་བཟང་གྲགས་པ་ཡི། །
ཐུགས་བྱིན་རླབས་ཅན་པོར་ཡིད་ལ་དྲན།།
འདོད་པས་བཟི་བའི་དུས་དག་ལ། །
མཇེ་འདི་ཐེངས་ཤིག་བྱིན་པས་ན། །
དགེ་བ་འདོད་ལས་སྡུག་པ་ཟིག །
བསམ་པའི་བུ་མེད་ཡོད་མ་ཡིན། །
འདོད་པའི་ཆུ་བོ་རབ་རྒྱས་ཏེ།།
ལང་ག་ཀག་གིས་ལང་བའི་ཚེ།།
མི་སྡུག་གངས་རིས་ཡིད་ཀྱིས་སྒོམ།།
སེམས་ནི་ཞི་བར་རབ་ཏུ་གནས།།
གྲོགས་ཁྱོད་གྲྭ་སར་ཡོད་དུས། །
སེམས་ལ་སྒོམ་རྒྱུ་མ་དྲན། །
ད་ནི་སྐྱ་སར་བབས་དུས། །
སྒོམ་རྒྱུ་ཡིད་ལ་དྲན་འདུག །
སྒོམ་དང་མ་སྒོམ་མི་འདུག །
སྒོམ་པའི་གྲལ་ནས་བུད་སོང་། །
མ་སྒོམ་མཛེས་མའི་གཟུགས་བརྙན། །
ཡིད་ལ་འབྲལ་ཐབས་མི་འདུག །
ཀ་བ་བུམ་པ་རྩོད་པའི་དུས།།
སྒོམ་ཞེས་བྱ་བ་གང་ཡིན་ནམ།།
མཛེས་དང་མི་སྡུག་གང་ཡིན་པ།།
རིག་རྒོད་བན་ཆུང་ངས་མ་ཤེས།།
སྟོང་ཉིད་སྙིང་རྗེ་བྱང་ཆུབ་སེམས།།
ཚིག་དོན་ཁྱར་ཁྱོར་ཤེས་པ་ན།།
སྒོམ་ཞེས་བྱ་བའང་དེ་བསྡོངས་ཏེ།།
སྒོམ་པ་ཙམ་གྱིས་ཉམས་རྟོགས་ཤར།།
ཀ་བ་བུམ་པ་འགལ་མིན་རྩོད་རྩོད་ནས། །
རྩོད་པའི་ཡང་སྙིང་ཀ་བ་བུམ་པ་གཉིས། །
མི་རྟག་ཡིད་ལ་སྒོམ་རྒྱུ་མི་ཤེས་ན། །
ཁྱོད་ལ་རིག་རྒོད་ཅེས་པ་དོན་རེ་ཆུང་། །
སྟོང་ཉིད་ལ་སོགས་ཆོས་ཀྱི་ཚིག་འགའ་ཡི། །
གོ་བ་ཁྱར་རེ་ཁྱོར་རེར་ཤེས་པ་རྣམས། །
སྒོམ་དང་བསྡོངས་ནས་སྒོམ་པའི་ཉམས་རྟོགས་རེ། །
ཤར་བར་གྱུར་ན་དེ་གས་འགྲིག་ནི་རེད། །
སྒོམ་པའི་ཉམས་རྟོགས་ཐན་ཐུན་དེས།།
ད་ནི་སྦྱོར་སྒྲོལ་ལས་ལ་ཞུགས།།
བུད་མེད་མཛེས་མའི་མགོ་སྔ་ཀུན།།
མི་གཙང་མེད་པར་ཀུན་ནས་ལྡག།
ཨ་ཧོ།
མཛེས་མའི་བྷ་ག་ལ་སོགས་བསྒོམས་བསྒོམས་ནས། །
སྒོམ་པའི་ཉམས་རྟོགས་སད་པའི་རྣམ་འབྱོར་བས། །
མཛེས་མའི་ལུས་ཀུན་ཞིམ་ཞིམ་ལྡག་པ་དེ། །
རིག་རྒོད་ཁྱོད་ཀྱིས་ལྡག་དང་ག་ལ་མཚུངས། །
རྣལ་འབྱོར་བ་ཡི་མིང་ཡང་མེད་པའི་དུས།།
ང་འདྲས་བསྒོམས་པས་རིམ་གྱིས་རྣལ་འབྱོར་བ།།
སོ་སྐྱེས་ཕལ་བས་མིག་ལ་མི་མཛེས་ཀྱང་།།
ཉམས་རྟོགས་རླུང་དང་བསྡེབས་པས་རང་སེམས་དྲོ།།
ཧ་ཧ་ཧ། ཀུ་རེ་ཡིན་དཱ།
དང་བོར་རྣལ་འབྱོར་མེད་པར་ཁས་ཟིག་བླངས། །
བར་དུ་རང་ཉིད་རྣལ་འབྱོར་ཡིན་ལུགས་བསྟན། །
གསུམ་པར་སོ་སྐྱེས་མིག་ལ་མཛེས་མིན་བཤད། །
རྣལ་འབྱོར་ཁྱོད་ཀྱིས་རིགས་ལམ་མི་ཤེས་འདྲ། །
རྣལ་འབྱོར་ཁྱོད་ཀྱི་ཚིག་གི་གོང་འོག་ན། །
འགལ་བའི་ཁུར་ཆེན་མང་ཞིག་མཐོང་ནའང་། །
རྣལ་འབྱོར་ཉིད་ལ་གུས་བཀུར་མཚོན་སླད་དུ། །
དེ་རིང་འདི་འདྲ་ཞིག་གིས་ཆོག་ནི་བྱ། །
རྩམ་དགས་རྩམ་པ་བསྐྱུར་ནས་རྣལ་འབྱོར་གླེང་།།
རྣལ་འབྱོར་ང་འདྲར་ཟུར་ནས་འཕྱ་ཞིང་དགོད།།
ཀ་ཡེ་མི་ལ་ལ་སོགས་རྣལ་འབྱོར་ཚའང་།།
ཐོག་མར་ང་འདྲ་ཡུན་གྱིས་རྣལ་འབྱོར་ཉིད།།
ཚའང་ཞེས་པ་ཚོའང་ལ་བཅོས།
རྗེ་བཙུན་མི་ལ་དྲངས་ཡོང་ནས། །
རང་ཉིད་རྣལ་འབྱོལ་བསྒྲུབ་པ་ལས། །
ཁ་ཁུར་ཡངས་པའི་ཡུལ་ཞིག་ལ། །
སྒོམ་སྒྲུབ་གནང་བ་ཕེབས་ན་ལེགས། །
རྩམ་དགས་སྒོམས་ཞེས་སྐུལ་བས་ན།།
ད་ནི་མི་སྡོད་རི་ལ་འགྲོ།།
རི་ལ་གཅིག་པུ་གནས་པར་བྱ།།
སྒོམ་གྱི་ཡང་སྙིང་བསྒོམ་པར་བྱ།།
རྩམ་དགའི་རེ་བ་ཞར་ཞོར་འགྲུབ་གོ་གི །
རྣལ་འབྱོར་རི་ལ་འགྲོ་རྒྱུ་བྱས་དང་ཐལ། །
སྒོམ་གྱི་ཡང་སྙིང་བསྒོམ་རྒྱུར་ཟེར་གོ་གི །
རྗེ་བཙུན་མི་ལའི་ཡན་ཟིག་བསམ་གོ་གི །
སྒོམ་ལ་སྒོམ་གྱི་རྣམ་གྲངས་བརྒྱ་ཕྲག་རེད། །
སྒོམ་གྱི་ཡང་སྙིང་བསྒོམ་རྒྱུར་གསུང་བ་འདིས། །
རྣལ་འབྱོར་ཁྱོད་ཀྱི་ལུགས་ལ་སྒོམ་རྒྱུ་གཞན། །
ཡོད་པའི་བརྡའ་ཞིག་བསྟན་དོན་མ་གོ་ཐལ། །
མདང་དགོང་མེག་ལོར་བྷར་ལ་འདུག་པའི་ཚེ།།
བུ་མོ་ལྷ་མོ་འདྲ་ཞིག་ཐུག་དང་ཐལ།།
ལྷ་མོས་ང་དང་འགྲོགས་རྒྱུ་བྱས་དང་ཐལ།།
མི་ཚེ་མཐའ་ལ་སྐྱེལ་རྒྱུ་གསུངས་དང་ཐལ།།
སྒོམ་གྱི་ཡང་སྙིང་སྒོམ་དབང་མ་བྱུང་ཐལ།།
སྔར་བྱས་དམ་བཅའ་སྙིང་ནས་དོར་དང་ཐལ།།
རི་དྭགས་སྡོད་སའི་ནགས་ལ་མ་སོང་ཐལ།།
རྩམ་དགའི་རེ་བ་འགྲུབ་རྒྱུ་དཀའ་མོ་རེད།།
ཞི་བདེ་ལ་དགའ་མཁན་ཚང་མས་འདི་ན་མཇེ་གཏུག་རྒྱབ་ནས་བསྡད་འདུག་ཀ
ཝེ་ཏི་ནམ་གི་ཁྲོམ་ར་ནས།།
ཝེ་མོ་ཞིག་ལ་རིག་དང་ཐ།།
འཛུམ་ཆུང་ཟིག་ལ་བསྟན་དང་ཐ།།
དགེ་སློང་ཡིད་སྡོམ་ཤོར་སོང་ཐ།།
ཡིད་སྡོམ་ཡོད་པའི་དགེ་སློང་ཞིག།
དེང་སང་དུས་སུ་ཨེ་ཡོད་དམ།།
ལུས་སྡོམ་བཙན་གྱིས་སྲུང་བ་ཡི།།
སྡོམ་ལྡན་སྟོང་དང་ཁྲི་འབུམ་རེད།།
འདྲེ་མོའི་གདོང་གི་བཅོས་མའི་འཛུམ་ལ་ཡིད་འོང་མཚར་སྡུག་འབར་བ་གཟིགས། །
འདྲེ་མོའི་གཡོ་སྒྱུའི་གཏམ་གྱི་ལན་ལ་དགའ་བའི་ཚིག་གིས་བསུ་མ་མཛད། །
འདྲེ་མོ་མྱོས་པའི་བྷ་གའི་རིན་ལ་སྒོམ་སྒྲུབ་ཉམས་ལེན་ཐང་ལ་གཡུགས །
འདྲེ་མོའི་དོན་ལ་ཡོད་ཚད་བྱིན་པའི་རྣལ་འབྱོར་ཆེན་མོ་ཚར་ནས་འདུག །
ད་ནི་ཆུང་འདྲེས་ན་ཟླ་ཚོ་དང་རྩེད་མཚམས་བཞག་ན་ཡིན་ནི་རེད། །
ལོ་མང་སྦྱངས་པའི་ཤེས་ཡོན་དག་ནི་གད་སྙིགས་ཁྲོད་ལ་གཡུག་ན་དགའ། །
འདྲེ་མོ་དེ་ཡི་བྷ་གའི་ནང་ལ་ཉིན་མཚན་གཉིས་ཀར་སྒྱོ་ནས་སྡོད། །
མོ་རང་གཅིག་བུ་ཕྱི་ལ་མ་མངག་གཞན་གྱི་ཚེ་སྲོག་ལེན་ནི་རེད། །
བཟོད་རྒྱམ་རི་ཁྲོད་འགྲིམ་ལ་ཞོལ་དང་ལྷན།།
རྩམ་མཛེས་མར་སྡིགས་པ་སེམས་ནས་སྡུག།
ཞོར་ནས་ཇི་ལྟར་རྒྱོ་ཞེས་སྐུལ་བ་ཡང་།།
ཤ་ཚའི་གཏམ་དུ་རེ་ནས་སེམས་སུ་ལ་སྨན།།
བོད་རྒན་གླེན་པའི་སྒྱོ་སྟངས་བྱས་ན་འདྲེ་མོ་དེ་ཡི་འདོད་པར་ཚིམས་རྒྱུ་དཀའ་ནི་རེད། །
དེང་རབས་མི་ཡི་སྒྱོ་ཚུལ་དག་ནི་རྣལ་འབྱོར་ཁྱེད་ལ་ཉམས་མྱོང་ཞན་པས་ག་ལ་ཡོང་། །
ཁ་ནས་སྒྱོ་སྟངས་སྣ་ཚོགས་སྨྲ་ལས་སྒྱོ་ཡི་གློག་བརྙན་མངོན་སུམ་རིག་ན་ཕན་ནི་རེད། །
དེས་ན་ཁོ་བོས་ཁྱོད་ཀྱི་གམ་ནས་འདྲེ་མོ་དེ་ལ་ཐེངས་ཤིག་སྒྱོ་ན་དགའ་ནི་རེད། །
དང་པོར་རི་ཁྲོད་འགྲིམས་ཞེས་ང་ལ་སྐུལ།།
བར་དུ་སྒོམ་རིམ་ངོ་སྤྲོད་གནང་འདི་འདྱ་ཟེར།།
བར་དུ་མཛེས་མར་འདྲེ་མོ་དམོད་པ་བྱས།།
ཐ་མ་རང་གིས་རྒྱོ་ན་བཟང་རབས་བཤད།།
དེང་རབས་རྒྱོ་སྟངས་གློག་བརྙན་དམར་པོ་བྱིས་པའི་དུས་ནས་བལྟས་དང་ང་།།
རྒྱོ་ཡི་ཉམས་མྱོང་བཅོ་ལྔ་ལོ་ནས་བྱང་ཞིང་མ་ལུས་ཁོང་དུ་ཆུད།།
དེང་སང་ཁ་ནས་སྨྲ་བ་ཚང་མ་རང་གི་དེང་དུས་ལག་ལེན་ཡིན།།
ཁྱོད་ཀྱིས་འདོད་ཀྱང་ང་ཡིས་རྒྱོ་བའི་ཤུལ་དུ་མ་གཏོགས་ག་ལ་སྟེར།།
འདྲེ་མོའི་སྒྱུ་རྩལ་དོ་ཟླ་མེད་ས་རེད། །
རྣལ་འབྱོར་ཡིན་ཡང་སེམས་པ་བཀུག་ནས་འདུག །
རྩམ་དགས་ཐེངས་ཤིག་སྡུག་ཙམ་བྱས་དང་ནོ། །
སེམས་ལ་མ་བབས་མིག་ལོག་ལྟ་གོ་གི །
རྣལ་འབྱོར་ཁྱོད་ཀྱི་རྒྱོ་ཡི་ཉམས་མྱོང་དག །
བོད་ཀྱི་བུ་མོ་རྣམས་ལ་འོས་པ་ལས། །
དེང་རབས་འདྲེ་མོ་དག་ལ་མི་འཚམ་པས། །
རྒྱོ་དུས་དོགས་གཟབ་གནང་རྒྱུ་མ་བརྗེད་ཨང་། །
ང་ཡི་དགའ་མ་སྒྱུ་མ་སྒྱུ་མའི་ལྷ་མོ་དེ།།
རྩམ་དགས་འདྲེ་མོ་ཟེར་བ་ཀྱེ་མ་ཧུ།།
དེ་བས་རྣལ་འབྱོར་ཁུག་པའི་མཁའ་འགྲོ་མ།།
ཁ་ཚིག་ཙམ་གྱིས་དམོད་པའང་སྡིག་པའི་རྒྱུ།།
རྣལ་འབྱོར་ང་ཡི་ད་ལྟའི་རྒྱོ་སྟངས་འདི།།
ནུབ་ལུགས་དངོས་དེ་ཤར་དུ་བླངས་པ་ཡིན།།
འོན་ཏེ་དེང་གི་བོད་ཀྱི་བི་མོ་ཚོ་རྣམས།།
གནའ་ལུགས་ཡོངས་སྤངས་དེང་རབས་ལུགས་ལ་བྱང་།།
དགོངས་དག ང་ཡི་དགའ་མ་སྒྱུ་མའི་ལྷ་མོ་དེ།།ཞེས་དང་།
བི་མོ་ཟེར་བ་བུ་མོ་ལ་བཅོས།
མཁྲིས་ནད་ཅན་གྱི་མི་ཡི་མིག་ལ་དུང་དཀར་སེར་བོར་སྣང་བ་བཞིན། །
རྣལ་འབྱོར་མིག་ལ་འདྲེ་ཡི་བུ་མོ་ལྷ་མོར་སྣང་བའི་དུས་ཤིག་ཤར། །
རྩམ་དགའི་མིག་ལ་ལྷ་མོ་དེ་ཡང་འདྲེ་ཡི་བུ་མོར་མཐོང་བ་དེར། །
སྡིག་པ་ཙམ་གྱི་ཉེས་པ་དེ་ནི་ཁོ་བོའི་ཕྲག་ལ་འཇོག་རྐྱང་བྱོས། །
ཕྱི་གླིང་མི་ཡི་རྒྱོ་སྟངས་བྱས་ནས། །
ཁ་དང་རྐུབ་ལ་ཤུགས་ཀྱིས་རྒྱག་ཞོར། །
ནུ་མའི་རྩེ་མོར་དར་མོ་ཕུར་དང་། །
འདྲེ་མོ་དགའ་ནོ་ཁོ་ཐག་ཡིན་ཡཱ། །
མཁྲིས་ནད་དུང་དཀར་སེར་སྣང་འཕྲུལ་ཤེས་དང་།།
བུ་མོ་འདྲེར་མཐོང་དེ་ཡང་འཕྲུལ་ཤེས་ཏེ།།
སྡིགས་དང་བསྟོད་དང་དགེ་སྡུག་གང་ཡིན་ཀྱང་།།
ང་ནི་ཉིན་མཚན་མེད་པར་རྒྱོ་ལ་བྲེལ།།
འདྲེ་མོ་ཡིན་ཀྱང་རྒྱོ་པའི་འཕྲུལ་ལ་མཁས།།
རྒྱོ་འདོད་ཅན་ལ་དགོས་པ་འདི་ཁོ་ན།།
ཁ་དང་རྐུབ་སོགས་རྒྱོ་བ་འདོད་པའི་ལས།།
ནུ་རྩེ་ཡང་མོར་འཕུར་ཞེས་བདམས་པ་བཟང་།།
དུང་གི་དཀར་དོག་སེར་བོར་སྣང་བ་དང་། །
འདྲེ་ཡི་བུ་མོ་ལྷ་མོར་མཐོང་བ་གཉིས། །
འཁྲུལ་བས་བསླུས་པར་ཡིན་ལུགས་ཤེས་པ་འདིས། །
རྣལ་འབྱོར་རྒྱོ་ལ་དུང་ཞེན་ཆེ་རུ་བཏང་། །
ནུ་མའི་རྩེ་མོར་འཕུར་ཞོར་བྷ་ག་ལ། །
འཇམ་པོའི་ལྕེ་ཡིས་དར་བུར་ལྡག་པ་ནི། །
ཕྱི་གླིང་མི་ཡི་རྒྱོ་སྟངས་དང་བོ་སྟེ །
འདྲེ་མོས་དེ་སྔར་བྱས་མྱོང་མེད་ན་ཐང་། །
ང་ཡི་རྣལ་འབྱོར་ཆེན་མོ་ཁོང་། །
འདྲེ་མོ་དེ་ཡིས་ཟོས་སམ་ཅི། །
རྐང་ཤུལ་ཙང་ཡང་མ་རིག་པར། །
ཡིན་རིང་སོང་བས་བློ་མ་བདེ། །
རིང་ནས་འདྲེས་པའི་གྲོགས་པོ་ཁྱོད། །
རྒྱུགས་ནས་རྣལ་འབྱོར་ཁོང་གི་སྐུ། །
བདེ་ཐང་ཡིན་མིན་གསལ་བོ་ཞིག །
བལྟས་ནས་གཏམ་བཟང་ཁུར་ནས་ཤོག །
ཁྱོད་ཀྱི་རྣལ་རི་ལས་ཞོལ་ཉིན་ནས།།
ཁྱོད་ལ་འདྲེ་དང་ཁོང་ལ་ལྷར་སྣང་བའི།།
འདྲེ་མོ་ལྷ་མོ་དེ་དང་ལྷན་ཅིག་ཏུ།།
ཉིན་འགར་ཏིང་འཛིན་རབ་བརྟན་སྒྲུབ་ལ་གཤེགས།།
གྲོགས་ཁྱོད་རྣལ་འབྱོར་དོན་དུ་སེམས་ཁྲེལ་བ།།
རྣལ་འབྱོར་ཏིང་འཛིན་སྒོམ་དུའང་རབ་རིབ་སྣང་།།
དེས་ན་ཆེད་དུ་གྲོགས་སེམས་བདེ་བའིི་སླད།།
འདིར་ཡོང་ཁྱོད་ལ་ལན་ཞིག་ཕུལ་བ་ལགས།།
དགོངས་དག
ཁྱེད་ཀྱི་རྣལ་འབྱོར་རི་ལས་ཞོལ་ཉིན་ནས།།
ཞེས་པར་བཅོས་རོགས།
ཕོ་ཡིས་བུ་མོའི་སྟུ་ཁུང་ལྡག་པ་དང་།།
མོས་ཀྱང་ཕོ་ཡི་རླིག་རིལ་ནུ་བ་སོགས།།
སྔོན་དུས་ནུབ་ལུགས་དེང་སང་ཤར་ཀྱང་སྤྱོད།།
བོད་ཀྱི་ཕོ་མོའང་འདི་འདྲར་རབ་ཏུ་མྱོས།།
ལྷག་པར་དེང་དུས་བོད་རིགས་ལོ་གཞོན་ཚོ།།
གློག་བརྙན་དམར་པོའི་ནང་བཞིན་མ་རྒྱོ་ཚེ།།
གནའ་བོའི་རི་དྭགས་ལུགས་ཞེས་དམོན་བཞིན་དུ།།
ཕྱིས་ནས་ཁྱོད་ལ་བགོ་སྐལ་ཡོད་རེ་སྐན།།
རི་མགོ་ཁ་བས་གཏུམ་པའི་ལམ་བར་ནས།།
ཨ་འཇམ་ཤ་དང་རུས་རྐང་རྡུང་བ་ཡི།།
བུ་ཡུག་རླུང་ནག་འཚུབ་པའི་གྲོང་ཁྱེར་འདི་།།
གཅོང་རོང་ཝ་མོའི་ངུ་སྐད་ཀྱུ་རུ་རུ།།
བསེར་བུའི་མདའ་མདུང་རྣོ་ཁ་རྒོད་ས་འདིར།།
རྣལ་འབྱོར་སྣབས་ལུད་བདག་པོ་མི་ཐུབ་པས།།
འདོད་པའི་སྒྱུ་རྩལ་ཕ་རིའི་སྤང་རྒྱུན་རེད།།
གཏུམ་མོ་བདེ་དྲོད་ནམ་མཁའ་མཇའ་ཚོན་འདྲ།།
མཆན་མང་ཤོས་ཀྱི་རྩོམ་ཡིག་གི་གྲོས་ན་ཡོད་ཀྱང་ཚོད་ཚོད་ལ་ཕྱིར་འཐེན་བྱས་སོང་བ་ཅི་ཡིན་ནམ། འདི་ཐེངས་གཉིས་པ་མོ་དེ་ཡིན་བསམ་སོང་།
དོན་སྙིང་ཡོད་མེད་ཀྱིས་ཡིན་ཚེ་སྔ་ས་ནས་ཕྱིར་འཐེན་བྱས་ན་ལོས་ཆོག དྲ་བདག་ཚོ་དགོངས་པ་མ་ཚོམས།
ངའི་རྩོམ་ཡིག་འདི་ལ་ཁྱོན་མཆན་བུ་༧༥་འདུག་ཀྱང་ཚོད་ཚོད་ལ་བར་ནས་ཕྱུང་དགོས་པ་མི་འདུག་པས་རེ་འདོད་ལྟར་ཕྱིར་ཁ་མལ་དུ་འཇོག་རོགས་ཞུ།