མང་ར་བ་གདུགས་དཀར་འབུམ།
གཤམ་གསལ་བོད་རྒྱའི་དཀའ་རྙོག་ཐད་ཀྱི་དགོངས་ཚུལ་འདི་དག་ནི་གུས་པ་མང་ར་བ་གདུགས་དཀར་འབུམ་ད་ལོའི་ཕྱི་ཟླ་༨ པའི་ནང༌། ཉི་ཧོང་དུ་སྐོང་ཚོགས་གནང་བའི་ ༢༠༠༨ ལོའི་རྒྱ་ནག་དང་ཨེ་ཤ་ཡ་མང་གཙོར་བསྒྱུར་བའི་རྒྱལ་སྤྱིའི་རོགས་སྐྱོར་ཚོགས་ཆེན་སྟེང་ཚོགས་ཞུགས་སྐབས། ཕྱི་རྒྱལ་ཡུལ་གྲུ་ཁག་ནང་གནས་སྡོད་རྒྱ་ནག་དམར་པོའི་གཞུང་དང་ཆབ་སྲིད་ཐད་ལྟ་སྤྱོད་མི་མཐུན་པ། རྒྱ་རིགས་མང་གཙོ་དོན་གཉེར་ཅན་ཚོ་དང་ལྷན་དུ་བོད་རྒྱའི་དཀའ་རྙོག་ཐད་བགྲོ་གླེང་གོ་སྐབས་བྱུང་བའི་ཁྲོད། རྒྱ་རིགས་མང་གཙོ་དོན་གཉེར་ཅན་སྐད་གྲགས་ཆེ་པའི་མི་སྣ་ཁག་ལྔ་སོ་སོར་བོད་རྒྱའི་དཀའ་རྙ ོག་ཐད་གླེང་མོལ་བྱུང་སྐབས། ཁོང་ཚོའི་བོད་རྒྱའི་དཀའ་རྙ ོག་ཐད་ཀྱི་དགོངས་ཚུལ་ཁག་ཅིག་ཕྱོགས་བསྡུས་བྱས་ཏེ། སྐབས་དེར་གུས་པས་རྒྱ་ཡིག་ནང་བྲིས་ཡོད་པ་འདིར་བོད་མི་ཡོངས་ཀྱིས་ཕྱི་རྒྱལ་ཡུལ་གྲུ་ཁག་ནང་གནས་སྡོད་རྒྱ་ནག་དམར་པོའི་གཞུང་དང་ཆབ་སྲིད་ཐད་ལྟ་སྤྱོད་མི་མཐུན་པ། རྒྱ་རིགས་མང་གཙོ་དོན་གཉེར་ཅན་ཚོའི་བོད་རྒྱའི་དཀའ་རྙོག་ཐད་ཀྱི་དགོངས་ཚུལ་ལ་སོགས་མཁྱེན་རྟོགས་སླད་བོད་ཀྱི་དུས་བབ་ལས་བྱེད་ཚེ་རིང་རྒྱལ་ལགས་ཀྱིས་བོད་བསྒྱུར་ལྟར་བཀོད་པ་ལགས།
དང་པོ།
ཨ་རིའི་ནུའུ་ཡོག་ཁུལ་དུ་རྟེན་གཞི་བྱས་ཡོད་པའི་པེ་ཅིང་གི་དཔྱིད་ཀ་ཞེས་པའི་རྒྱ་ཡིག་དུས་དེབ་ཀྱི་རྩོམ་སྒྲིག་པ་ཧུའུ་ཕིང་ལགས་དང་ཕྱི་ལུགས་༢༠༠༨་ལོའི་གསུམ་བཅུ་དུས་དྲན་ཉིན་ནས་བཟུང་བོད་ནང་མདོ་དབུས་ཁམས་གསུམ་གྱི་བོད་མི་ཡོངས་ཀྱིས་རྒྱ་ནག་དམར་པོའི་གཞུང་ལ་ཞི་བའི་གྱེན་ལངས་གནང་ཡོད་པའི་ཐད་བགྲོ་གླེང་གནང་རྒྱུའི་གོ་སྐབས་བྱུང་བ་དང༌། དགུང་ལོ་དྲུག་ཅུའི་ཡས་མས་སུ་སོན་པའི་ཧུའུ་ཕིང་ལགས་ལ་ཕྱིར་སྡོད་རྒྱ་རིགས་མང་གཙོ་དོན་གཉེར་ཅན་ཚོའི་གཞུང་ལུགས་སྨྲ་བ་བོ་ཞེས་པའི་མཚན་གསོལ་ཡོད་པ་མ་ཟད༌། ཁོང་ནི་རྒྱ་ནག་གི་གནས་སྟངས་ཐད་སྐབས་དོན་དཔྱད་བརྗོད་པ་ལེགས་གྲས་ཞིག་ཀྱང་ལགས་པས།
གཤམ་དུ་བཀོད་པ་ནི་ཧུའུ་ཕིང་ལགས་ཀྱིས་ཕྱི་ལུགས་ ༢༠༠༨ ལོའི་གསུམ་བཅུ་དུས་དྲན་ཉིན་ནས་བཟུང༌། བོད་ནང་མདོ་དབུས་ཁམས་གསུམ་གྱི་བོད་མི་ཡོངས་ཀྱིས་རྒྱ་ནག་དམར་པོའི་གཞུང་ལ་ཞི་བའི་གྱེན་ལངས་གནང་ཡོད་པའི་ཐད་བརྗོད་པའི་དགོངས་ཚུལ་ཡིན།
ཧུའུ་ཕེང་ལགས་ཀྱིས།
ངས་བསམ་ན་བོད་ཀྱི་དཀའ་རྙ ོག་གི་གཞི་རྩ་རྒྱ་ནག་གུང་ཁྲན་ཏང་གི་གཅིག་བསྡུ་དབང་བསྒྱུར་ལ་ཐུག་འདུག བོད་མིས་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་བརྩོན་ལེན་གནང་གི་ཡོད་པ་རེད། གནད་འདིས་གུང་ཁྲན་ཏང་གི་གཅིག་བསྡུ་དབང་བསྒྱུར་ལ་འགྲན་རྩོད་ཧ་ཅང་ཆེན་པོ་ཞིག་བསླངས་ཡོད་པ་རེད། གཙོ་བོ་གུང་ཁྲན་ཏང་གིས་བོད་ལ་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་ལག་བསྟར་གནང་རྒྱུར་ངེས་ལེན་གནང་མི་ཐུབ་པ་དེ་རེད། དེའི་དབང་གིས་འདི་ནི་ད་ལྟ་བོད་ཀྱི་དཀའ་རྙ ོག་སེལ་རྒྱུར་དཀའ་ངལ་ཧ་ཅང་ཆེན་པོ་འཕྲད་བཞིན་ཡོད་པའི་ཁྲོད་ཀྱི་རྩ་བའི་རྒྱུ་རྐྱེན་གཅིག་རེད། བརྒྱུད་རིམ་འདིའི་ནང་རྒྱ་མི་ཁག་ཅིག་ལ་གནས་སྟངས་དངོས་ལ་རྒྱུས་མངའ་མེད་པ་དང༌། དེའི་སྟེང་གུང་ཁྲན་ཏང་གིས་བོད་རང་བཙན་ཞེས་པའི་གནད་དོན་ཆེས་ཆེར་གཙོར་འདོན་གིས། རྒྱ་མི་ཁག་ཅིག་བེད་སྤྱད་ནས་རྒྱ་ནག་གཅིག་གྱུར་ཆེན་མོའི་ལྟ་བ་ཟེར་བ་དེ་སྤྱོད་བཞིན་ཡོད་པ་རེད། དེར་བརྟེན་བོད་མིའི་དྲང་བདེན་གྱི་འཐབ་བརྩོད་ལ་དྲང་སྙ ོམས་མིན་པའི་རྣམ་འགྱུར་དང༌། མདོར་ན་ངོ་རྒོལ་གྱི་རྣམ་འགྱུར་བཟུང་ཡོད། དེའི་ཐད་བོད་རིགས་ཚུད་པའི་ང་ཚོ་ཚང་མས་ངེས་པར་དུ་སྔར་ལས་ལྷག་པར་རྒྱ་རིགས་མི་མང་རྣམས་ལ་བོད་མིའི་མངོན་འདོད་ངོ་མ་དེ་ཅི་ཞིག་ཡིན་པའི་དངོས་དོན་ཤེས་རྟོགས་ཡོང་དུ་འཇུག་དགོས་སྟེ། དཔེར་ན། ངས་སྔོན་ཆད་རྩོམ་ཡིག་ཏུ་བྲིས་ཡོད་པ་ལྟར། ཉེ་སྔོན་ངས་ཏཱ་ལའི་བླ་མའི་གསུང་བཤད་མཐོང་བྱུང༌། ཁོང་ཧ་ཅང་བློ་ཕམ་བྱུང་འདུག ཁོང་གིས་ཁོང་ནས་ཅི་ལྟར་བརྗོད་ནའང་གུང་ཁྲན་ཏང་གིས་ཡིད་ཆེས་བྱེད་ཀྱིན་མི་འདུག་ཅེས་གསུངས་འདུག ངས་བལྟས་ན་དངོས་དོན་ཐོག་གུང་ཁྲན་ཏང་གིས་ཏཱ་ལའི་བླ་མས་རང་སྐྱོང་ལས་རང་བཙན་རྩོད་ཀྱིན་མེད་པ་ཤེས་ཡོད་པ་རེད། དེའི་རྐྱེན་གྱིས་ཏཱ་ལའི་བླ་མའི་སྐུ་ཚབ་དང་ལྷན་དུ་འབྲེལ་མོལ་བྱས་པ་རེད།
གལ་ཏེ། ཁོ་ཚོས་ཏཱ་ལའི་བླ་མས་རང་སྐྱོང་མ་ཡིན་པར་རང་བཙན་རྩོད་བཞིན་པར་འདོད་ཡོད་ཚེ། ཏཱ་ལའི་བླ་མའི་སྐུ་ཚབ་དང་ལྷན་དུ་འབྲེལ་མོལ་བྱེད་རྒྱུ་མ་རེད། དོན་དངོས་ཐོག་གུང་ཁྲན་ཏང་གིས་བོད་མིའི་འདོད་འདུན་གང་ཡིན་པ་དང༌། བོད་མའི་འདོད་འདུན་དེ་ཧ་ཅང་རྒྱུན་ལྡན་ཞིག་ཡིན་པ་གསལ་བོར་རྟོགས་ཡོད་པ་རེད། ཁྱོད་ཀྱི་འདོད་འདུན་དེ་ཧ་ཅང་རྒྱུན་ལྡན་ཞིག་ཡིན་པས་རྐྱེན་གྱིས་ཁོ་ཚོས་ཁས་ལེན་མི་བྱེད་མཐུ་མེད་དུ་གྱུར་ཡོད་པ་རེད། དེར་བརྟེན་ཁྱོད་ཀྱིས་ཅི་ལྟར་བཤད་ནའང་ཁོ་ཚོས་ཁྱེད་ལ་མཐའ་གཅིག་ཏུ་རང་བཙན་བརྩོད་ཀྱིན་འདུག་ཞེས་ལན་ཟློན་ངེས། དེ་ལྟར་བྱས་ན་རྒྱ་རིགས་འགའ་ཤས་ལ་མགོ་སྐོར་གྱི་ནུས་བ་འདོན་ཐུབ་ཀྱིན་ཡོད། དེ་བས་ཁྱེད་ཚོ་བོད་རིགས་རྣམས་ཀྱིས་ངེས་པར་ཏུ་རྒྱ་རིགས་མང་པོར་དོན་དངོས་ཀྱི་གནས་ཚུལ་ཤེས་སུ་འཇུག་དགོས། ད་ལོའི་ཟླ་གསུམ་པར་བྱུང་བའི་གནས་ཚུལ་དེ་གུང་ཁྲན་ཏང་གིས་ཏཱ་ལའི་རུ་ཚོགས་ཀྱིས་སྐུལ་བ་ཡིན་པའི་འགྲེལ་བརྗོད་བྱས་ཡོད། དེ་ནི་མི་སྲིད་པའི་དོན་དག་ཅིག་རེད་ལ། མི་དཔྱོད་ལྡན་ཚང་མས་གུང་ཁྲན་ཏང་གིས་མདོ་མེད་ལོང་གཏམ་བཤད་བཞིན་པ་ཤེས་ཐུབ། དོན་དངོས་ཐོག་རྒྱལ་ནང་གི་རྒྱ་རིགས་མང་པོས་ཀྱང་དེ་གསལ་བོ་ཤེས་ཡོད་པ་ངས་རྟོགས་བྱུང༌། ཁོས་ཚོས་ཀྱང་ ༣་ ༡༤ དོན་རྐྱེན་དེ་ཏཱ་ལའི་བླ་མ་དང༌། ཡང་ན་བོད་མི་རྣམས་ལ་སྔོན་ནས་གྲ་སྒྲིག་ཡོད་པའི་ཚོགས་པའི་སྒྲིག་འཛུགས་དེ་འདྲའི་སྒོ་ནས་བསླངས་པ་ཞིག་མ་ཡིན་པ་ཤེས་ཡོད་འདུག དེ་བས། ཉེ་སྔོན་གྱི་དུས་སྐབས་ལ་ཀོའུ་ཀྲུག་བེ་འན་དུ་དོན་རྐྱེན་བྱུང་བའི་རྗེས། དྲ་ཐོག་ཏུ་མི་མང་པོསལྷ་སའི་དོན་རྐྱེན་གྱི་རྣམ་པའི་བེ་འན་ཀོའུ་ཀྲུག་དོན་རྐྱེན་ཞེས་བརྗོད་བཞིན་འདུག
འདིས་རྒྱ་རིགས་མང་པོ་ཞིག་གིས་རྒྱ་ནག་གུང་ཁྲན་ཏང་གིས་བོད་མི་དམངས་ཀྱི་མངོན་འདོད་ལ་བཀག་སྡོམ་བྱས་པའི་ཉེར་ལེན་ལ་བརྟེན་ནས་བོད་མི་དམངས་ཀྱིས་བྱ་སྤྱོད་དེ་འདྲ་སྤེལ་དགོས་པར་ཐུག་པ་གསལ་རྟོགས་བྱུང་ཡོད། བོད་མང་ཚོགས་ཀྱི་འཚོ་བ་ལེགས་པའི་དབང་གིས་གློ་བུར་དུ་དྲག་སྤྱོད་ཀྱི་ལས་འགུལ་སྤེལ་བ་དེ་འདྲ་མ་རེད། རྣམ་པ་དེ་རྒྱ་རིགས་མང་ཆེ་བར་མ་གཞི་ནས་ཤེས་རྟོགས་བྱུང་ཡོད་པ་རེད། རྒྱ་རིགས་ཚོས་རང་ཉིད་ཀྱི་འཚོ་བའི་བརྒྱུད་རིམ་ཁྲོད་ནས་བོད་པའི་གནས་སྟངས་དེ་ཤེས་ཚོར་བྱུང་ཐུབ། གང་དུ་མང་ཚོགས་ཀྱི་འཚོ་བ་ཡག་པོ་ཡོད་པ་ཡིན་ན། དེར་གློ་བུར་དུ་ཉིན་ཞིག་ལ་ཁྱོད་ལ་རྡོ་རྡུང་བྱེད་པའི་གནས་ཚུལ་འབྱུང་མི་སྲིད་པ་རེད། ཏན་ཏན་སྔོན་ནས་འབྱུང་རྐྱེན་གཞན་ཞིག་ཡོད་ངེས་རེད། དེར་བརྟེན་རྒྱ་མི་མང་པོས་ཀྱང་བོད་ནང་གི་ཟླ་གསུམ་པའི་ངོ་རྒོལ་ལས་འགུལ་ཀྱི་གནས་ཚུལ་ངོ་མ་དེ་རྟོགས་ཐུབ་ཡོད་པ་རེད། གཙོ་བོ་ཁོ་ཚོར་གནས་ཚུལ་འདིའི་འབྱུང་རྐྱེན་ནི་ཏཱ་ལའི་བླ་མས་སྐུལ་འདེད་བྱས་པ་ཞིག་རྩ་བ་ནས་མིན་པ་ཤེས་སུ་འཇུག་དགོས། གཞན་ཡང༌། གནས་ཚུལ་འདིའི་འབྱུང་རྐྱེན་ནི་བོད་མིའི་ཞི་བའི་ངོ་རྒོལ་གྱི་ལས་འགུལ་ལ་གུང་ཁྲན་ཏང་གིས་དྲག་གནོན་བྱས་པར་བརྟེན། བོད་མི་འགའ་ཤས་ཁོང་ཁྲོ་ལངས་སྟེ་ཅུང་ཙམ་ཚད་བརྒལ་གྱི་བྱ་སྤྱོད་བཏོན་པ་རེད། དེ་ནི་གུང་ཁྲན་ཏང་གིས་གནས་ཚུལ་མ་བྱུང་སྔོན་དུ་གནད་དེ་ངོས་ཟིན་ཡོད་པར་མ་ཟད།
སྐབས་དེ་དང་བསྟུན་ནས་ཁོ་ཚོས་བསམ་བཞིན་དུ་དེ་འདྲའི་གནས་སྟངས་བཟོས་པ་ཞིག་རེད། དེ་ནི་གནས་ཚུལ་བྱུང་བའི་སྐབས་ཀྱི་གློག་བརྙ ན་ལས་གསལ་བོར་རྟོགས་ཐུབ། གནས་ཚུལ་བྱུང་བཞིན་པའི་སྐབས་ཀྱི་དུས་ཚོད་འགའ་ཤས་རིང་ཉེན་རྟོག་པ་དང་དམག་མི་གཅིག་ཀྱང་མཐོང་རྒྱུ་མི་འདུག དེ་ནི་དཔེ་མི་སྲིད་པའི་གནས་ཚུལ་ཞིག་རེད།
ལྷ་ས་ནི་དམག་གི་འདུས་སྡོད་གྲངས་འབོར་ཆེས་མང་པའི་ས་ཆ་ཞིག་ཡིན་པ་ང་ཚོས་ཤེས་གསལ་ལྟར་རེད། གལ་ཏེ་མི་སུ་ཞིག་གིས་དྲག་སྤྱོད་ཀྱི་ལས་འགུལ་སྤེལ་ཚེ་ཆེས་ཐུང་བའི་དུས་ཚོད་ཀྱི་ནང་དུ་ཡོངས་སུ་བཀག་འགོག་བྱེད་ཐུབ་པ་ཞིག་རེད།དེ་བས་འདི་ནི་ཀྲུང་གོའི་སྲིད་གཞུང་གིས་སྐུལ་འདེད་བྱས་པ་ཞིག་རེད། རྒྱ་ཡན་དང་སྣང་མེད་ཚུལ་གྱིས་བོད་པ་འགའ་རེ་ཡི་ཚད་བརྒལ་གྱི་བྱ་སྤྱོད་དག་བརྙ ན་པར་ནང་བླངས་ཏེ་མང་ཚོགས་ལ་བསྟན་རྗེས། མི་མང་པོའི་སྣང་ངོར་དོན་དངོས་ཀྱི་གནས་ཚུལ་ནི་བོད་མི་རྣམས་ཀྱིས་རང་ངོས་ནས་དོན་མེད་ཟིང་ཆ་དང་ཆག་སྒོ་བསླངས་བ་ལྟ་བུའི་རྣམ་པར་བཟོས་ཡོད། དེ་བས་གནད་དོན་གཉིས་ཀྱི་ཐད་བོད་མི་ཚོས་སྔར་ལས་ལྷག་པར་རྒྱ་མི་མང་པོར་གསལ་འདེབས་བྱེད་དགོས་པ་སྟེ། གཅིག ཏཱ་ལའི་བླ་མས་དུས་ཡུན་རིང་པོའི་ནང་དུ་རང་སྐྱོང་ལས་རང་བཙན་བརྩོད་ལེན་བྱེད་བཞིན་མེད་པ། གཉིས། ཟླ་གསུམ་པའི་དོན་རྐྱེན་དེ་ནི་ཐོག་མར་བོད་མིའི་ཞི་བའི་ངོ་རྒོལ་བྱས་པར་དྲག་པོས་གཉའ་གནོན་བྱས་པར་བརྟེན། བོད་མི་འགའ་ཤས་ནས་ཐོལ་བརྒལ་གྱི་བྱ་སྤྱོད་འགའ་ཤས་བྱུང་བ་དང༌། ཕྱོགས་ཡོངས་ནས་བཤད་ན་བོད་མིའི་ཞི་བའི་ངོ་རྒོལ་ལ་གུང་ཁྲན་ཏང་གིས་དྲག་པོའི་གཉའ་གནོན་བྱས་པ་ཞིག་ལས་བོད་མིས་དྲག་སྤྱོད་ཀྱི་བྱ་སྤྱོད་སྤེལ་བ་ཞིག་མ་ཡིན།གནད་དོན་འདི་གཉིས་གསལ་ཁ་བཏོན་ཚེ། རྒྱ་ཆེ་བའི་རྒྱ་རིགས་མི་མང་ནས་རང་བཞིན་གྱིས་བོད་ལ་གདུང་སེམས་མཉམ་སྐྱེད་ཡོང་ངེས། གཞན་ཡང་ང་ཚོས་ངོས་ནས་ཀྱང་བོད་མིའི་དོན་དངོས་ཀྱི་འཐབ་རྩོད་དེ་རྒྱལ་ནང་གི་རྒྱ་རིགས་དང་སྲིད་དོན་པ་འདྲ་མིན་ཚང་མས་མཉམ་རུབ་བྱེད་དགོས་པའི་འཐབ་རྩོད་ཅིག་རེད། ཀྲུང་གོར་གུང་ཁྲན་ཏང་གི་སྒེར་གཅོད་དབང་སྒྱུར་དེ་གཙང་སེལ་བྱུང་རྗེས། ད་གཟོད་མིང་དོན་མཚུངས་པའི་རང་སྐྱོང་མངོན་འགྱུར་བྱེད་ཐུབ།
གདུགས་དཀར་འབུམ།
ཁྱོད་ཀྱིས་བལྟས་ན་མིང་དོན་མཚུངས་པའི་རང་སྐྱོང་ཞིག་རག་དགོས་ན་ཐོག་མར་གུང་ཁྲན་ཏང་གི་དབང་བསྒྱུར་མཇུག་བསྡུ་དགོས་པ་རེད་དམ།
ཧུའུ་ཕེང་ལགས་ཀྱིས།
རེད། གུང་ཁྲན་ཏང་གི་སྒེར་གཅོད་སྲིད་བྱུས་དེ་ཡོངས་སུ་མཇུག་བསྒྲིལ་རྗེས་ད་གཟོད་མིང་དོན་མཚུངས་པའི་རང་སྐྱོང་མངོན་འགྱུར་བྱེད་ཐུབ། གཞི་རྩའི་རྒྱུ་མཚན་གྱི་སྟེང་ནས་བཤད་ན། དེ་ནི་གུང་ཁྲན་ཏང་གི་འདས་པའི་བོད་ཀྱི་གནད་དོན་ཐོག་གི་ནོར་འཁྲུལ་དང་འབྲེལ་བ་ཡོད་པ་ཞིག་རེད། མ་གཞི་བོད་མི་རང་ངོས་ཀྱི་མངོན་འདོད་དེ་ཧ་ཅང་མཐོན་པོ་མ་རེད། ཁོ་ཚོས་རང་ཉིད་ཀྱི་འཚོ་བའི་གོམས་གཤིས་དང༌། ཆོས་ལུགས་དད་མོས་ཡུན་གནས་བྱ་རྒྱུ་ཙམ་ལས། གཞི་རྩའི་བོད་མིར་ཆབ་སྲིད་ཀྱི་འདུ་ཤེས་དྲག་པོ་མི་འདུག དེར་བརྟེན། གལ་ཏེ་གུང་ཁྲན་ཏང་གིས་ཐོག་མ་ཉིད་ནས་བཟུང་བོད་ལ་རང་སྐྱོང་ལྗོངས་བཅོས་བསྒྱུར་བྱེད་རྒྱུའི་བསམ་འདུན་བཅངས་མེད་ཚེ། ཁོས་མུ་མཐུད་ནས་བོད་དེ་བསྡུ་ལེན་བྱེད་ཐུབ། ལྔ་བཅུ་ཐམ་པའི་ལོར་བཅིངས་འགྲོལ་དམག་གིས་བོད་འཛིན་བཟུང་བྱས་པའི་མཇུག་དེ་ནི་བལྟས་བཅོས་ཀྱིས་དུས་བདེ་ཞོལ་འཇགས་ཞིག་རེད། དེ་ལྟར་མུ་མཐུད་རྒྱུན་སྐྱོང་བྱེད་ཐུབ་ངེས་ཤིག་རེད། ལོ་རབས་ལྔ་བཅུ་བའི་མཇུག་ཏུ་གྲུང་ཁྲན་ཏང་གིས་ཤུགས་ཆེན་པོས་སྤྱི་ཚོགས་རིང་ལུགས་བཅོས་བསྒྱུར་བྱས་ཏེ། བོད་མིས་ངོ་རྒོལ་ཟིང་འཁྲུག་བསླངས་རྗེས་དྲག་གནོན་གྱི་ལས་བརྩམས་པ་རེད། གལ་ཏེ། དེ་འདྲའི་གནས་ཚུལ་ཞིག་བྱུང་མེད་ཚེ། མ་གཞི་གནད་དོན་དེ་ཐག་གཅོད་རྒྱུ་ཧ་ཅང་ལས་སླ་བོ་རེད། ཡིན་ནའང༌། གུང་ཁྲན་ཏང་གིས་ནག་ཉེས་ཚབས་ཆེན་དེ་འདྲ་ཞིག་བཟོས་རྗེས། རང་ཉིད་ཀྱི་ནོར་འཁྲུལ་ཡོ་བསྲང་བྱེད་ཐུབ་མེད། རྣམ་པ་དེ་ད་ལྟ་བོད་གཅིག་པུ་མ་ཡིན་པར་ཞིན་ཅིང་དང་ནང་སོག་སོགས་གང་ནས་ཀྱང་མཐོང་ཐུབ། བོད་ཀྱི་གནད་དོན་ནི་ཀུན་ལས་ཆེས་མངོན་གསལ་རེད། གུང་ཁྲན་ཏང་གིས་ཐོག་མཐའ་བར་གསུམ་དུ་བོད་མིར་ཡིད་ཆེས་བློ་གཏོད་བྱེད་ཀྱིན་མེད། རིག་གནས་གསར་བརྗེ་ཆེན་པོའི་ཡར་སྔོན་དུ་ཞིན་ཅང་དང་ནང་སོག་ཏུ་ཆེས་མཐོའི་མགོ་གཙོ་དེ་བེ་བེར་ དང་ སོག་པོ་རེད། ཡིན་ནའང༌། བོད་དུ་ཆེས་མཐོའི་མགོ་གཙོ་དེ་ཐོག་མཐའ་བར་གསུམ་དུ་རྒྱ་མི་རེད། རིག་གནས་གསར་བརྗེ་ཆེན་པོའི་རྗེས་སུ། གུང་ཁྲན་ཏང་གིས་ཞིན་ཅང་དང་ནང་སོག་མི་རིགས་ལའང་ཡིད་ཆེད་བློ་གཏད་མི་བྱེད་པའི་མགོ་བརྩམས་པ་རེད། དེ་བས། བོད་ཀྱི་ས་གནས་སུ་བཤད་མ་དགོས་པ་ཞིག་རེད། བོད་ལྗོངས་ཀྱི་ཏང་གི་མགོ་གཙོ་དེ་གོང་རིམ་ནས་ཐད་གཏོང་བྱེད་བཞིན་ཡོད་པ་རེད། དེས་གུང་ཁྲན་ཏང་གིས་བོད་མི་ཡོངས་རྫོགས་ལ་ཡིད་ཆེས་བློ་གཏད་མེད་པ་མཚོན་གྱིན་ཡོད། དོན་དངོས་ཐོག་བོད་མིའི་ནང་དུའང་གུང་ཁྲན་ཏང་གི་རྗེས་སྐྱོང་བའི་མགོ་ཁྲིད་ཡོད་པ་རེད། ཡིན་ནའང་ཁོ་ཚོར་ཡིད་ཆེས་བློ་གཏད་བྱེད་ཀྱིན་མེད། དེར་བརྟེན། གུང་ཁྲན་ཏང་གི་སྒེར་གཅོད་སྲིད་བྱུས་ལ་འགྱུར་བ་གཏོང་མ་ཐུབ་ཚེ་བོད་རང་སྐྱོང་ཡོང་རྒྱུ་དེ་ཧ་ཅང་ཁག་པོ་རེད། གུང་ཁྲན་ཏང་གིས་བོད་དུ་བོད་མིས་ཆེས་མཐོའི་མགོ་ཁྲིད་འཁུར་རྒྱུ་ཙམ་ཡང་ངེས་ལེན་བྱེད་ཐུབ་གི་མེད། མ་གཞི་དེ་ནི་སྒྲུབ་ཐུབ་པ་ཞིག་རེད། བོད་མིའི་ཁྲོད་དུའང་གུང་ཁྲན་ཏང་གི་རྗེས་སྐྱོང་མཁན་ཡོད་པ་རེད། དེ་འདྲའི་བོད་མི་མང་པོའི་ཁྲོད་ཡོངས་སུ་རྫོགས་པ་ཏཱ་ལའི་བླ་མར་རྒྱབ་སྐྱོར་ཡོད་མཁན་ཙམ་མིན་པར། གུང་ཁྲན་ཏང་གི་རྗེས་སྐྱོང་མཁན་ཀྱང་ཡོད་པ་རེད། ཡིན་ནའང༌། གུང་ཁྲན་ཏང་གིས་དེ་ཙམ་ཡང་སྒྲུབ་ཐུབ་གི་ཡོད་པ་མ་རེད། གུང་ཁྲན་ཏང་གིས་བོད་མིར་འཛིན་པའི་བློ་གཏད་ཡིད་ཆེས་ཀྱི་ཚད་དེ་གནས་སྟངས་ག་འདྲ་ཞིག་ལ་ལྷུང་འདུག ལྷག་པར་དུ་ད་ལྟ་བོད་ཀྱི་གནད་དོན་དེ་རྒྱལ་སྤྱི་ཅན་དུ་གྱུར་བ་དང༌། རྒྱལ་སྤྱིའི་སྤྱི་ཚོགས་ཁྲོད་ཧ་ཅང་དོ་སྣང་ཆེ་བའི་གནད་དོན་ཞིག་ཏུ་གྱུར་ཡོད། དེའི་ཐད་ནས་བོད་མི་རྣམས་ཀྱིས་སྒྲུབ་པ་ཧ་ཅང་ལེགས་འགྲུབ་བྱུང་ཡོད།
རྒྱ་ཆེ་བའི་རྒྱལ་སྤྱིའི་སྤྱི་ཚོགས་སུ་བོད་ཀྱི་གནད་དོན་ལ་ཚད་མཐོན་པོའི་གདེང་འཇོག་དང་དོ་སྣང་བྱུང་ཡོད། ཡིན་ནའང༌། གནད་དོན་དེ་ཐག་གཅོད་ཀྱི་ཐད་ནས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་གནོན་ཤུགས་དེས་གནས་སྐབས་ཀྱི་ནུས་པ་ཙམ་ལས་ཐོན་གྱི་མེད།
གུང་ཁྲན་ཏང་གི་ཕྱོགས་ནས་དབང་སྒྱུར་དེ་མུ་མཐུད་སྔར་གནས་སུ་ཡོད། དབང་སྒྱུར་རྒྱུན་སྐྱོང་གི་སྔོན་འགྲོའི་འོག་ནས་དོན་དངོས་ཐོག་གུ་ཡངས་སུ་གཏོང་ཐབས་ཀྱི་ལམ་ཁ་བྲལ་བ་ཞིག་རེད། དེ་བས་གནད་དོན་གྱི་འགག་རྩ་འདི་ལ་ཐུག་ཡོད་པ་རེད། དེར་བརྟེན་ང་ཚོ་ཚང་མའི་བསམ་ཚུལ་ནི། གལ་སྲིད་ཚང་མས་མཉམ་རུབ་ཀྱིས་གུང་ཁྲན་ཏང་གི་སྒེར་གཅོད་དབང་སྒྱུར་ཡོངས་སུ་མཇུག་རྫོགས་པར་བཅོས་བསྒྱུར་བྱས་རྗེས། ད་གཟོད་བོད་མིའི་རང་སྐྱོང་གི་གནད་དོན་དང༌། རྒྱ་རིགས་འདུས་པའི་རང་དབང་དམངས་གཙོའི་གནད་དོན་མཉམ་དུ་ཐག་གཅོད་ཐུབ། ད་ལྟའི་གནས་སྟངས་ལ་བལྟས་ན། ད་ལོའི་ཕྱི་ཟླ་གསུམ་པའི་རྗེས་ནས་བཟུང་བོད་ཀྱི་གནད་དོན་དེར་འཛམ་གླིང་གིས་སྔར་ལས་ལྷག་པའི་དོ་སྣང་བྱུང་ཡོད། ངས་བསམ་ན་འདི་ནི་གོ་སྐབས་ཤིག་རེད། ཐེངས་འདིའི་གནད་དོན་གྱི་ཐད་ནས་རྒྱ་རིགས་འདུས་པའི་རྒྱལ་སྤྱིའི་སྤྱི་ཚོགས་སུ་གནད་དོན་དེའི་འབྱུང་རྐྱེན་གསལ་བོ་བཟོ་རྒྱུ་དང༌། ཏཱ་ལའི་བླ་མའི་ལངས་ཕྱོགས་དང༌། བོད་མིའི་མངོན་འདོད་ངོ་མ་དེའང་ཤེས་རྟོག་ཡོང་བར་བྱེད་དགོས། རྒྱུ་མཚན་ནི། ཕྱི་ལོག་ཏུ་འཚོ་བ་རོལ་བཞིན་པའི་ང་རང་ལ་མཚོན་ན། བོད་རིགས་ནི་ཀྲུང་གོའི་གྲང་ཉུང་མི་རིགས་མང་པོའི་ཁྲོད་རང་རྟོགས་གི་འདུ་ཤེས་ཆེས་དྲག་པའི་མི་རིགས་དེ་རེད། ས་གནས་གང་དུའང་བོད་རིགས་རང་ཉིད་ཀྱི་ངོ་བོ་རྒྱུན་སྲུང་བྱེད་ཐུབ་ཀྱི་ཡོད། དེ་ནི་མི་རིགས་ཚང་མས་སྒྲུབ་ཐུབ་པའི་ལས་ཀ་རྩ་བ་ནས་ཞིག་མ་རེད། མི་རིགས་ལ་ལ་ཞིག་ཕྱི་རྒྱལ་ཡུལ་གྲུར་དུས་ཡུན་གང་འཚམ་ཞིག་གི་རིང་ལ་འཚོ་བ་རོལ་རྗེས་མི་རིགས་གཞན་པའི་ངོ་བོར་འགྱུར་འགྲོ་བ་དཔེར་ན། གཞན་བཤད་མ་དགོས་པར་སྐད་ཡིག་ཁོ་ནས་ཐོག་ནས་ཀྱང༌། ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་ཡོད་པའི་ང་ཚོ་རྒྱ་རིགས་ཁྲོད་ཀྱི་མི་རབས་གཉིས་པས་རྒྱ་སྐད་ཡག་པོ་བཤད་ཐུབ་ཀྱི་མེད། རྒྱུ་མཚན་ལ་གཞིགས་ན་རྒྱ་སྐད་ཀྱི་ཁྱབ་རྒྱ་ཧ་ཅང་ཆེ་བ་མ་ཟད༌། འཛམ་གླིང་སྟེང་སྤྱོད་མཁན་ཆེས་མང་བའི་སྐད་ཡིག་གི་གྲས་ཀྱང་རེད། མི་གྲངས་དུང་ཕྱུར་བཅུ་གསུམ་ལྷག་གིས་སྤྱོད་ཀྱིན་ཡོད། ད་དུང་ཀྲུང་གོའི་རང་བཞིན་ནི་དེ་འདྲའི་ཆེན་པོ་ཞིག་རེད། དེ་བས་ང་ཚོའི་མི་རབས་གཉིས་པ་དང་གསུམ་པས་རྒྱ་སྐད་བེད་སྤྱོད་རྒྱུ་དེ་དེ་འདྲའི་དཀའ་ཁག་གི་གནས་ཤིག་མ་རེད། རྒྱ་ཡིག་གི་སྤྱོད་སྒོ་ཧ་ཅང་རྒྱ་ཆེན་པོ་རེད། བལྟས་ས་ལྟོས་འཇོག་གིས་བཤད་ན། བོད་ཡིག་དེ་བོད་པའི་མི་རབས་རྗེས་མའི་སྲུང་སྐྱོང་བྱེད་རྒྱུ་དེ་ཁག་པོ་ཡོད། ཁྱེད་ཚོའི་སྐད་ཡིག་གི་ཁྱབ་རྒྱ་ཆེན་པོ་ཡོད་པ་མ་རེད། བོད་མི་རིགས་རང་ཉིད་ཕུད་མི་རིགས་གཞན་གྱིས་སྤྱོད་ཀྱིན་མེད།
ད་དུང་ཁོ་ཚོ་འཛམ་བུ་གླིང་གི་སྤྱི་ཚོགས་ཁྲོད་འཚོ་སྡོད་བྱེད་པ་ལ་ངེས་པར་དུ་སྐད་རིགས་གཞན་པ་སློབ་དགོས་ཀྱི་ཡོད་པ་རེད། དེ་བས་བོད་མིས་རང་ཉིད་ཀྱི་སྐད་ཡིག་སྲུང་སྐྱོང་བྱེད་རྒྱུར་དཀའ་ཁག་ཧ་ཅང་ཆེ། ཡིན་ནའང༌། ང་རང་ཉིད་ཀྱིས་མཐོང་ཐོས་ལྟར་ན། ཨ་རི་སོགས་སུ་ཡོད་པའི་བོད་རིགས་མང་ཆེ་བས་ཁོ་ཚོའི་རྗེས་རབས་པ་རྣམས་ལ་བོད་ཡིག་དང་ནང་ཆོས་ཀྱི་དད་འདུན་སོགས་ཀྱི་ཐད་ངེས་ཤེས་ཡག་པོ་འཛིན་དུ་བཅུག་འདུག དེར་བརྟེན། བོད་ནང་ལོག་དང་ཕྱི་རྒྱལ་གང་དུ་ཡིན་རུང༌། ཁོ་ཚོར་མི་གྲངས་ཉུང་ནའང་མཉམ་རུབ་ཀྱི་སྟོབས་ཤུགས་མ་གཞི་ནས་ཆེན་པོ་འདུག གནད་འདི་རྒྱ་མི་རིགས་ཀྱིས་ཤེས་རྟོགས་བྱེད་དགོས་པ་ཞིག་རེད་བསམ། མཚམས་ལན་རེར་ང་ཚོ་རྒྱ་མིར་ནང་བསྟན་གྱི་འདུ་ཤེས་དྲག་པོ་མི་འདུག དེ་བས་ང་ཚོས་དད་མོས་ཡོད་མེད་དེ་འབྲེལ་མེད་ཅིག་ཏུ་ཚོར་གྱིན་ཡོད་སྟབས། ནང་བསྟན་གྱི་འདུ་ཤེས་དྲག་པོ་ཡོད་པའི་མི་རིགས་དེར་རྒྱུས་ལོན་ཡག་པོ་བྱེད་ཐུབ་ཀྱིན་མེད། བོད་པས་རང་ཉིད་ཀྱི་ནང་བསྟན་དད་མོས་དེ་འདོར་མི་སྲིད། གཞན་ཡང༌། དོན་དག་འདི་བརྒྱུད་ནས་རྒྱ་རིགས་མང་པོ་ཞིག་གིས་བོད་མི་ནི་རང་རྟོགས་གི་འདུ་ཤེས་དྲག་པོ་ཡོད་པའི་མི་རིགས་ཤིག་ཡིན་པར་ངེས་ཤེས་བསྐྱེད་ཀིན་ཡོད། དེ་བས་གུང་ཁྲན་ཏང་གཙོས་པའི་རྒྱ་མི་ཁག་ཅིག་གིས་ཏཱ་ལའི་བླ་མ་དགོངས་པ་རྫོགས་རྗེས་བོད་ཀྱི་གནད་དོན་དེ་མཇུག་རྫོགས་ཟིན་པར་མ་བསམ།
བོད་མི་ནི་སྔར་བཞིན་བོད་མི་རེད། མུ་མཐུད་བོད་མི་རིགས་ཀྱི་ངོ་བོ་སྲུང་སྐྱོབ་བྱེད་རྒྱུ་རེད། གལ་སྲིད་བོད་མིས་རང་ཉིད་ཀྱི་སྐད་ཡིག་དང༌། རིག་གནས། ཆོས་ལུགས་ལ་སྲུང་སྐྱོབ་བྱས་བ་ཡིན་ན། གུང་ཁྲན་ཏང་གི་ད་ལྟའི་དབང་སྒྱུར་དེས་ཕན་ཚུན་བར་འཆམ་མཐུན་ཡོང་ཐབས་བྲལ་བར་གྱུར་ཡོད་པ་རེད། འདིའི་ཕྱོགས་ནས་བལྟས་ན། བོད་ཀྱི་འཐབ་རྩོད་དེ་མུ་མཐུད་རྒྱུན་གནས་བྱ་རྒྱུ་རེད། དེ་བས་བོད་ཀྱི་གནད་དོན་ནི་སུ་ཞིག་གི་དགོངས་པ་རྫོགས་པ་དང་འབྲེལ་ནས་ག་ལེར་ཡལ་འགྲོ་བ་ཞིག་མ་རེད། དེ་ནི་འབྱུང་མི་སྲིད་པ་ཞིག་རེད། ང་ཚོ་དང་གུང་ཁྲན་ཏང་གི་མགོ་ཁྲིད་བར་ཐུག་འཕྲད་སྐབས་ཀྱང་ང་ཚོས་མུ་མཐུད་གནད་དོན་འདི་འགྲེལ་བརྗོད་བྱེད་དགོས་པ་ཞིག་རེད་བསམ་གིན་ཡོད། བོད་ཀྱི་གནད་དོན་དེ་དྲག་གནོན་དང་དུས་འགྱངས་ལ་བརྟེན་ནས་སེལ་ཐུབ་པར་མ་བསམ། དེ་ལྟར་བྱས་ན་གནད་དོན་སྔར་ལས་ཇེ་སྡུག་དུ་འགྲོ་རྒྱུ་རེད། དེ་བས་ང་ཚོས་གུང་ཁྲན་ཏང་ནང་ལོག་གི་མི་འགའ་རེར་སྐུལ་སློང་དང༌། ཤེས་ཡོན་ཅན་གྱི་མི་འགའ་རེས་དངོས་དོན་མིག་མཐོང་གིས་ཕྱོགས་ངོས་གཞན་ཞིག་ནས་བོད་ཀྱི་གནད་དོན་དེར་བསམ་གཞིགས་བྱེད་དགོས། གུང་ཁྲན་ཏང་གིས་དོན་དངོས་ཐོག་ཅི་ལྟར་ཐག་གཅོད་བྱེད་རྒྱུ་ཡིན། སྔོན་ཆད་སྤྱད་པའི་ཐབས་ལམ་དེ་དག་ནི་གནས་བབ་དང་མཐུན་པ་ཞིག་མ་རེད་ཅེས་གནས་སྟངས་འདིའི་ཐད་འདི་ལྟར་ཁོང་གི་དགོངས་ཚུལ་གསུངས་བྱུང༌།
རྒྱ་མི་དེས་ངོ་མ་རྒྱ་བོད་གཉིས་ཀའི་ངོས་ནས་བསམ་བློ་གཏོང་དགོས་པ་ཞིག་བརྗོད་འདུག ཨ་རི་ནས་འཚར་བའི་རང་རེའི་མི་རབས་གཉིས་པ་དང་རྒྱ་མིའི་མི་རབས་གཉིས་པ་ལ་ཁྱད་པར་ཆེན་པོ་ཞིག་ཨེ་ཡོད་མི་ཤེས། རང་གི་མི་རིགས་ཀྱི་སྐད་དང་ཡི་གེ་མི་ཤེས་པའི་ཆ་ནས་ཧ་ཅང་འདྲ། ང་རང་ཡོད་སའི་ས་གནས་སུ་ཡང་བོད་པའི་ཕྲུ་གུ་ཚོའི་ཆེད་དུ་གཟའ་ཉི་མའི་འཛིན་གྲྭ་ཞིག་ཡོད་ན་ཡང་། དེ་ནི་ཟློས་གར་གྱི་རང་བཞིན་ཅན་ཞིག་ལས་དོན་ངོ་མར་དམིགས་པ་ཞིག་མིན་པ་ལྟ་བུ་འདུག གང་ཡིན་ཟེར་ན། ཕྲུ་གུ་དེ་ཚོའི་ནང་མིས་དབྱིན་སྐད་ཐེབས་ཆག་རེ་ཉི་མ་རེ་རེ་བཞིན་རང་རང་ཕྲུ་གུ་ཚོའི་རྣ་ལམ་དུ་སྐྱེལ་བཞིན་ཡོད་ལ། གཟའ་ཉི་མ་རེ་ལ་ཅི་ཞིག་ཤེས་པ་སོང་ལྟར་ཕྲུ་གུ་ཚོ་བོད་ཡིག་གི་འཛིན་གྲྭ་ལ་ཁྲིད་ཡོང་གི་ཡོད་པ་རེད། ང་འདིར་བསླེབས་དུས་སུ་ཕྲུ་གུ་དེ་ཚོའི་ས་མགོ་ར་མགོ་སློབ་བཞིན་འདུག་ལ། ལོ་ངོ་བདུན་གྱི་རྗེས་ཀྱི་དེ་རིང་ཡང་ད་དུང་ས་མགོ་ར་མགོ་སློབ་ཀྱིན་འདུག ཡིན་ན་ཡང་བོད་པའི་མི་ཚང་རེ་ཟུང་གིས་རང་རང་གི་ཕྲུ་གུ་གཟའ་ཉི་མའི་འཛིན་གྲྭ་འདིར་ཁྲིད་ཡོང་གིན་མེད། ཡིན་ན་ཡང་ཕྲུ་གུ་དེ་ཚོའི་ཕ་མས་ནམ་རྒྱུན་རང་གི་ནང་དུ་བོད་སྐད་གཅིག་པོ་མ་གཏོགས་བཤད་ཀྱིན་མི་འདུག་ལ། གལ་སྲིད་ཕྲུ་གུས་དབྱིན་སྐད་བརྒྱབ་ཚེ་ང་ཚོས་དབྱིན་སྐད་མི་ཤེས་ཞེས་བརྗོད་དེ་ཕྲུ་གུར་བོད་སྐད་རྒྱག་པར་ཆེད་དུ་ལམ་ཁ་ཞིག་སྟོན་བཞིན་འདུག་པས། གལ་སྲིད་ཨ་རིའི་ནང་གི་བོད་པའི་ཕ་མ་ཚང་མས་རང་རང་གི་ཁྱིམ་དུ་བོད་སྐད་བཤད་པ་ཡིན་ན་ཨ་རིའི་བོད་པའི་ཕྲུ་གུ་ལ་གཟའ་ཉི་མའི་འཛིན་གྲྭ་ཞིག་ཕལ་ཆེར་དགོས་མཁོ་མེད་པ་རེད།
ཚེ་རིང་སྐྱིད་ལགས། ཁྱེད་རང་མི་ཞིག་ཡིན་པའི་ཆ་ནས་ཐོག་མར་ངས་ཁྱེད་ལ་མཚམས་འདྲི་ཞུ་རྒྱུ་ཡིན། ཁྱོད་ཀྱིས་བཤད་པ་ལྟར་བུད་མེད་ཀྱིས་སྲོལ་རྒྱུན་གྱི་ལྟ་བ་བསྒྱུར་དགོས་བར་བཤད་པ་ནི་ཕྱོགས་གཅིག་ནས་བདེན་པ་ཡིན་ནའང་སྲོལ་རྒྱུན་གྱི་འདུ་ཤེས་ཡོད་ཚད་གཡུག་དགོས་པའི་ངེས་པ་མེད་པས་ཁྱོད་ཀྱི་བཤད་པ་དེ་ལ་རྒྱུ་མཚན་ཕྱེད་ཀ་ལས་མི་འདུག དེ་ལྟར་བུད་མེད་ཀྱི་ལྟ་སྤྱོད་བསྒྱུར་དགོས་ཟེར་མཁན་ཁོ་རང་བུད་མེད་ཚོས་གདེང་འཇོག་བྱེད་རིན་ཡོད་མཁན་ཞིག་ཡིན་དགོས་པ་ནི་བཤད་མ་དགོས་པ་ཡིན། དེ་ལྟར་ཡང་ཁྱོད་ལ་མཚོན་ན་ཡོན་ཏན་དེ་ལྟ་བུ་གང་ཡང་མེད་པ་མ་ཟད་ཚོད་ཚོད་ལ་སྐད་ཆ་གཡུག་མཁན་ཞིག་ཀྱང་ཡིན་འདུག་སྟེ། ཁྱོད་ཀྱིས་རང་ཉིད་ཀྱིས་བུད་མེད་ཀྱི་ཆེད་དམ་ཡང་ན་རང་ཉིད་ཀྱི་ཆེད་དུ་ལས་ཀ་རིན་ཐང་ཅན་འདི་བྱས་པ་ཡིན་ཟེར་སྟོན་རྒྱུ་མི་འདུག གཅིག་བྱས་ན་ཁྱོད་ཀྱི་རྩོམ་ཡིག་ཁྱ་རེ་ཁྱོ་རེ་དེ་ཚོ་ཡིན་ཤས་ཆེ། ལར་ནས་རང་ཉིད་ཀྱི་ཤེས་འཇོན་སྟོན་རྒྱུ་ལ་འབད་བརྩོན་བྱེད་མཁན་ཁྱོད་ལྟ་བུ་ལ་མཚོན་ན་ནང་ཤེས་བྱ་ཡོན་ཏན་མེད་པ་བཤད་མ་དགོས་ལ། དེ་བཞིན་སྤྱོ་ཚོགས་ཀྱིས་བརྩི་བཀུར་བྱེད་པའི་ཕྱིའི་སྤྱོད་པ་ཙམ་ཡང་མི་འདུག་སྟེ། ཁྱོད་ཀྱིས་ལྷོ་ཕྱོགས་ཕོ་ཉའི་ཚགས་པར་དེའི་ནང་དུ་བཙན་བྱོལ་སྤྱི་ཚོགས་ཡར་རྒྱས་འགྲོ་དགོས་ན་ཤེས་རིག་ལས་ཁུངས་དང་བོད་ཁྱིམ་གྱི་སློབ་དེབ་ཚང་མ་མེ་བསྲེགས་བཏང་ན་གཞི་ནས་རེ་བ་ཡོད་པ་དང་ཤེས་ཡོན་སྲིད་བྱུས་དེས་མི་བླ་སྲོག་བསྐྲུན་མི་ཐུབ་ཚུལ་བཤད་པ་ནི་ཐ་ན་ཤེས་ཡོན་སློབ་གསོ་ལ་ཆ་རྒྱུས་ཕར་ཞོག་དྲི་མའང་བསྣོམ་ཐུབ་མི་འདུག གཅིག་བྱས་ན་ཤེས་ཡོན་སྲིད་བྱུས་ཀྱི་རྒྱབ་ལྗོངས་རྒྱུ་མཚན་དང་དེའི་ནང་གི་དོན་ཚན་གྱི་རྣམ་བཞག་གཅིག་ཀྱང་ཀློག་མ་མྱོང་བ་ཤེས་པ་མ་ཟད། ཤེས་ཡོན་སྲིད་བྱུས་ཀྱི་དེབ་དེའི་ཁ་དོག་ཅི་འདྲ་ཞིག་ཡིན་པའང་མ་མཐོང་བ་འདྲ། དེ་ལས་ཀྱང་ང་རྒྱལ་གྱིས་མགོ་འཕངས་མཐོན་པོས་སློབ་དེབ་ཚང་མ་མེར་བསྲེགས་དགོས་བརྗོད་པ་ནི་ཧ་ཅང་ཐལ་ཆེ་བ་སྟེ། ཡི་གེ་ཅུང་འབྲི་ཤེས་མཁན་སྤྱིར་བཏང་བ་ཞིག་གིས་ཀྱང་ཡིད་ལ་དྲན་མ་མྱོང་བ་ཞིག་རེད། ང་རྒྱལ་གྱིས་མགོ་འཕང་མཐོ་བ་ཙམ་གྱིས་སྔོན་ཐོན་པ་དང་བུད་མེད་ལ་སློབ་གསོ་གཏོང་མཁན་ཡིན་ནམ། མ་གཞི་ཁྱོད་ལ་སྤྱི་ཚོགས་ཀྱིས་དམའ་འབེབ་བྱས་པ་མང་དྲགས་པས་ཁྱོད་རང་རིག་པ་འཆོལ་བ་མིན་ནམ། མ་གཞི་ནས་ཁྱོད་ལ་བོད་ཁ་བ་ཅན་གྱི་སློབ་གསོ་ལ་ཕན་པའི་ལས་ཀ་འདི་བྱས་ཟེར་བ་ཞིག་སྟོན་རྒྱུ་ཅི་ཡོད་དམ། མི་ཆ་ཡོད་ལ་གཏམ་ཆ་མེད་ཅེས་པའི་དཔེ་རུ་མ་སོང་ངམ། མཇུག་མཐར་ངས་ཁྱོད་ལ་སྐད་ཆ་རྡོག་རྡོག་ག་རེ་བཤད་རྒྱུ་ཟེར་ན། དང་པོ་དེ། ཁྱོད་ཀྱིས་བཙན་བྱོལ་བོད་གཞུང་དང་སྤྱི་འཐུས་ལྷན་ཚོགས་ཀྱིས་ སློབ་གསོ་མཁས་པ་དག་ལ་བགློ་གླེང་རྒྱུན་རིང་བྱས་ཏེ་བཙན་བྱོལ་བོད་མིའི་བཅའ་ཁྲིམས་གཞིར་བཞག་གི་གཏན་འབེབ་བྱས་པ་དེ་མིའི་བླ་སྲོག་བསྐྲུན་མི་ཐུབ་ཚུལ་བཤད་པས་ཁྱོད་རང་སྤྱི་འཐུས་ལྷན་ཚོགས་ཀྱི་ཤེས་ཡོན་སྡེ་ཚན་དུ་སྐད་བཏང་ནས་དེ་ལྟར་བརྗོད་དགོས་པའི་རྒྱབ་ལྗོངས་རྒྱུ་མཚན་ཁུངས་དང་བཅས་ཏེ་ཤོད་ཟེར་ན་ཁྱོད་ཀྱིས་ཅི་ཞིག་ཤོད་རྒྱུ་ཡིན་ནམ།
གཉིས་པ་དེ། ཁྱོད་ཀྱིས་ཤེས་རིག་དང་བོད་ཁྱིམ་གྱིས་བཟོས་པའི་སློབ་དེབ་ཁག་མེར་བསྲེགས་བཏང་ན་གཞི་ནས་རེ་བ་གསར་པ་ཡོད་པར་བཤད་ཡོད་པས་དེའི་སྐོར་ཁྱོད་ལ་རྒྱུ་མཚན་ཤོད་ཟེར་ན་བླུན་མ་ཁྱོད་ཀྱིས་ལན་ཅི་ཞིག་བཤད་རྒྱུ་ཡིན་ནམ། སྐད་ཆ་ཅི་བཤད་ལ་འགན་ཁུར་མེད་པར་ཚོད་ཚོད་ལ་སྐད་ཆ་གཡུག་ཐུབ་ཙམ་བྱས་ན་འགྲིག་གམ། ངས་ཁྱོད་ལ་འདྲི་རྒྱུ་གཞན་ཞིག་ནི་ཁྱོད་ཀྱིས་སློབ་སྦྱོང་ཅི་བྱས་པ་དང་ཤེས་ཡོན་གྱི་ཐད་ནས་ཁྱོད་ཀྱིས་ཅི་ཞིག་ཤེས་ཀྱི་ཡོད་དམ། ཁྱོད་ཀྱིས་སློབ་གསོ་རིག་པའི་ཆེད་རྩོམ་ཅི་ཙམ་བྲིས་པ་དང༌། ཁྱོད་ལ་འཛམ་གླིང་སྟེང་གི་ཤེས་ཡོན་གྱི་རིག་ཚན་ རྫོགས་མཐའ་མེད་པ་ལས་ཁྱོད་ཀྱིས་ ཅི་ཙམ་སྦྱངས་པ་ཡིན་ནམ། ཁ་ཕོ་མ་ཆེ་ཁྱི་ཁ་ཚུམས། ད་དུང་བུད་མེད་ཚོ་ཅིག་ལ་ཁྲིད་རྒྱུ་ཟེར་བ་སོགས་ཁྱོད་ཀྱིས་བསམ་བློ་དེ་དག་གང་ནས་དྲན་གྱི་འདུག་གམ། མགོ་བོ་ནང་དུ་དྲན་གྱི་འདུག་གམ་ཡང་ན་རྐུབ་ཀྱི་ནང་དྲན་གྱི་འདུག་གམ། དེ་མིན་ཁྱོད་ཀྱིས་བསམ་ཚུལ་དེ་འདྲ་ཐབས་ཆག་ཅིག་གང་ནས་འོང་བ་རེད་དམ། སྙིང་མ་རྗེ་འགྲན་ཡ་མེད་པའི་མཛངས་མའི་བྱ་དགའ་ཞིག་ཐོབ་པ་ནི་འཛམ་གླིང་སྟེང་དུ་དཔེ་འཇོག་རྒྱུ་ཞིག་ངས་ཅི་ལྟར་བཙལ་ཡང་མ་རྙེད། དེར་བརྟེན་ ཁ་སྒོ་ལ་མིད་པར་འཕྲང་ཞེས་པ་ལྟར་ཚོད་ཟུངས་ཤིག དེ་མིན་ན་ཡང་གསར་འབྱོར་ཚོས་ཅིག་བྱས་སོང་ཟེར་རྒྱུ་ཉེན་ཁ་ཆེ་སྟེ། མི་ངན་གཅིག་གིས་མི་བརྒྱ་རླུང་ལ་བསྐུར་ཟེར་བ་ལྟར་ཁྱོད་དང་ཁྱོད་ཀྱིས་ལས་ཀ་བྱེད་ས་ལའང་དཀའ་ངལ་འཕྲད་རྒྱུ་གདོན་མི་ཟ། མི་དང་ཚོགས་པ་གང་ཡིན་ཡང་གཅིག་ལ་གཅིག་བརྟེན་དགོས་པས་ཁྱོད་ཀྱིས་བསམ་བློ་གཏོང་རོགས། ངས་བལྟས་ན་དུས་བབ་གསར་ཁང་འདི་བཀའ་དྲིན་ཅན་མཁས་དབང་རབ་གསལ་ལགས་ཀྱིས་སྐུ་ངལ་ཆེན་པོའི་བཙུགས་ཏེ་བཙན་བྱོལ་ནང་མཚན་མཐོང་ཅུང་བསྐྲུན་པ་དེའང་ནག་བསུབ་གཏོང་རྒྱུར་ཤུགས་རྐྱེན་ཐེབས་རྒྱུ་ཡིན་པས་རང་ཉིད་ལ་བསམ་བློ་མི་གཏོང་ནའང་ཚོགས་པ་ལ་བསམ་བློ་གཏོང་རོགས།
འབྲོང་གི་བཙུགས་པའི་དུས་བབ་གསར་ཁང་དེ་གཡག་གིས་བཟུང་ནས་ད་སྐབས་རྟོལ་ལེས་རུབ་བརྒྱབ་ ནས་བསྡད་ན་ཉེན་ཁ་ཤིན་ཏུ་ཆེ་བས་ཁྱོད་ཀྱིས་གསར་འགོད་པ་ཅི་ལྟར་བྱེད་ཀྱི་ཡོད་དམ། དུས་བབ་གསར་ཁང་གིས་འདི་འདྲའི་མི་ཐབས་ཆག་ཅིག་བླངས་པ་ནི་ལེན་མཁན་དེས་ཁོ་མོའི་གདོང་པ་དང་བསམ་བློ། ཤེས་ཚད་གང་ལ་བལྟས་ནས་བླངས་པ་ཡིན་ནམ། ངོ་མ་བསམ་ཆར་ཡོད་ཡ་ངོ་མ་བསམ་འཆར་ཡོད། དུས་བབ་གསར་ཁང་ལ་བསམ་འཆར་ཡོད། ཁྱོད་ཚོས་རིག་པ་སྒྲིམ་ན་མ་གཏོགས་ཁྱོད་ཚོར་ཁ་གཏད་ནམ་ཡང་ཐོན་ཐོན་པ་ཡིན་པས་རིག་པ་སྒྲིམས་ཤིག་རྟོལ་ལེ་ཚོ། ཞེས་རེ་ཞིག་མཚམས་འཇོག་པར་བྱའོ།