འཇམ་གཅེས།
དེ་རིང་རྒྱབ་སྐྱོར་དང་ངོ་སྤྲོད་ཞུ་བྱའི་སྤྱི་འཐུས་འོས་མི་འབའ་པ་ཡེ་ཤེས་དགའ་བ་མཆོག་ནི་རང་རིགས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ལ་ཞེན་པ་གངས་རི་ལས་དཀར་བ་དང་། ཆོལ་ཁ་ཆོས་ལུགས་ཀྱི་ཕྱོགས་ཞེན་གད་སྙིགས་ནང་དུ་འདོར་མཁན་ཞིག་ཡིན་པར་རྒྱུས་ཡོད་ཡིན། ཁོང་ནི་དེང་རབས་སེར་མོ་བའི་ནང་ནས་དུས་རབས་ཀྱི་རྗེས་ཆོད་མཁན་གྱི་ཤེས་ཡོན་པ་ཞིག་ཡིན་པ་ནི། རང་མི་རིགས་ཀྱི་སྐད་ཡིག་དང་ཨིན་ཡིག་གཉིས་ཀ་ཧ་ཅང་ཚད་མཐོ་བའི་ཤེས་ཚད་ལྡན་པ་མ་ཟད། འདས་པའི་ལོ་མང་རིང་དུ་ནོར་གླིང་རྩོམ་རིག་སྡེ་ཚན་དུ་༸རྒྱལ་བའི་མཛད་རྣམ་རྩོམ་སྒྲིག་ཁང་དུ་ཕྱག་ལས་གནང་བཞིན་པ་དང་། ཨིན་ཡིག་གི་ལམ་ནས་གྲགས་ཅན་རྩོམ་ཡིག་ཁག་མང་པོ་ཞིག་ཀྱང་བོད་བསྒྱུར་བྱས།
དེ་བཞིན་མདོ་ཁམས་འབའ་ཐང་པའི་ལོ་རྒྱུས་ཤིག་ཀྱང་ལྗགས་བརྩམས་གནང་ཡོད་ལ། གཞན་ཡང་དུས་རྒྱུན་དུ་རྒྱལ་སྤྱིའི་ཆབ་སྲིད་དང་རིག་གནས་འདྲ་མིན་ལ་དོ་སྣང་གནང་མཁན་ཞིག་ཡིན་པར་བརྟེན། ཡོ་རོབ་རྒྱལ་ཁབ་མི་ཉུང་བ་ཞིག་གི་ནང་དུ་སྤྱི་པའི་ལས་དོན་གྱི་ཕྱིར་དུ་གཟིགས་སྐོར་ལ་ཡང་ཐེངས་ཁ་ཤས་ཕེབས་མྱོང་ཡོད།
མདོར་ན་ཁོང་ནི་ཤེས་ཡོན་དང་མི་གཞི་གང་ཐད་ནས་སྤྱི་ཚོགས་ལ་ཆེས་དགོས་གལ་ཆེ་བའི་མི་སྣ་ཞིག་ཡིན་པ་ཙམ་དུ་མ་ཟད། ༸གོང་ས་མཆོག་ལ་གཡོ་བ་མེད་པའི་དད་འདུན་ཡོད་པའི་ཁར། སྤྱི་ཚོགས་ཀྱི་གནས་བབ་ལ་དུས་རྟག་ཏུ་འགན་ཁུར་བཞེས་མཁན་ཞིག་ཀྱང་ཡིན་པས། ཁོང་ཉིད་ཆོལ་ཁ་དང་ཆོས་ལུགས་གང་གི་འཐུས་མི་བྱས་ཀྱང་ཚད་མཐོའི་འོས་ཆོས་ཚང་ངེས་ཤིག་ཡིན།
ཕྱོགས་དང་རིས་སུ་གཅོད་མཁན་སྤྱི་འཐུས་ལ།།
ཞེན་པ་གཏིང་ནས་ལོག་མཁན་གངས་ཅན་པ།།
མི་རིགས་ཤིག་གི་ལས་དབང་སེམས་གྱུར་ན།།
གུས་བཀུར་འོས་པའི་སྤྱི་མི་འདེམས་པར་རིགས།།
ཕྱོགས་གཏོགས་ཅན་ལ་ཕྱོགས་རིས་མང་།
ཕྱོགས་ལྷུང་མེད་ན་འོས་གཞི་གང་ནས་སྟོན་།
ཕྱོགས་གཏོགས་ཅན་གྱི་དྲ་འབུ་ཁ་བརྡར་ཚང་།
ཕྱོགས་རིས་མེད་ན་དྲ་ནང་མ་ཚང་རོགས་།
ཕྱོགས་རིས་མེད་ན་རྒྱབ་སྐྱོར་སུ་ཡི་བྱེད། ཕྱོགས་རིས་མེད་ན་འུར་སྒྲོགས་སུ་ཡིས་བྱས། ཕྱོགས་རིས་མེད་ཚུལ་ཇི་ཙམ་གླེང་ཡོང་ན། ཕྱོགས་རིས་ཅན་གྱི་ཕྱོགས་གཏོགས་ཅན་དུ་ངེས།
ཡོད་ཚད་ཕྱོགས་རིས་འདོད་པའི་ལྟ་དཔྱོད་་དེས།། རང་གི་་དེ་ཉིད་གསལ་བར་བསྒྲགས་པ་ལས།། དོན་གྱི་གནས་ལུགས་ལྡན་པའི་ལེགས་བཤད་ཞིག། དཔྱོད་ལྡན་གཞུང་དྲང་དགྱེས་པའི་མཆོད་སྤྲིན་མིན།།
ང་ནི་ཆོལ་ཁ་གཞན་ཞིག་གི་འོས་མི་དེ་ཆོལ་ཁོངས་གཞན་གྱི་མི་ཚོས་ངེས་པར་དུ་འོས་བླུག་དགོས་སོགས་འབོད་སྐུལ་ཞུ་རེས་བཞིན་དུ་དོགས་པ་དང་རྣམ་རྟོག་མང་དུ་མང་དུ་འགྲོ་ཡི་འདུག། ལྷག་པར་དུ་རང་བཙན་ལ་དགྲ་མཐོང་མཐོང་བྱེད་མཁན་ཞིག་གིས་ཡག་རབ་བཟང་རབ་གླེང་ཡོང་དུས་དེ་ལས་ཀྱང་དོགས་གཞི་དང་དེའི་རྒྱབ་ཀྱི་གསང་ཐག་ཅི་ཞིག་མཐེན་བཞིན་ཡོད་ན་སྙམ་བཞིན་འདུག་པས། རབ་བྱུང་ན་ཆོལ་ཁོངས་སུ་ཡིན་རུང་རང་དང་ཐད་ཀར་འབྲེལ་བ་མེད་པའི་འོས་མི་ངོ་སྤྲོད་དང་འུར་སྒྲོགས་མ་གནང་ན་ལེགས། གང་ལགས་ཞེ་ན་དེས་འོས་མི་དེ་ལ་ཕན་གནོད་བཤད་དཀའ་བ་འདུག་གོ།།
དྲ་སྟེང་དུ་སྲིད་སྐྱོང་དང་སྤྱོ་ཐུས་ལ་རྒྱབ་སྐྱོར་བྱས་ནས་འོས་མི་སྟོན་པ་དེ་ཚོར་མི་མང་ནས་འོས་འཕེན་རྒྱུ་ཕར་བཞག་མི་དེ་ཚོ་ལ་དོ་སྣང་དང་ཞིབ་འཇུག་བྱེད་དགོས་པ་ནི་སྐབས་འཚོལ་དང་ཕྱོགས་ང་ཚོའི་སྤྱི་ཚོགས་ནང་སྐྱེ་སྲིངས་བྱེད་བཞིན་པ་རེད་།
རང་བཙན་ལ་དགྲ་མཐོང་མཐོང་བྱས་པ་མ་རེད། རང་བཙན་ཁ་ལ་འཁྱེར་ནས་ནང་ཁུལ་དུ་དཀྲུགས་ཤིང་སློང་མཁན་ཚོར་དགྲ་བོ་ངོ་མ་ལ་ངོས་འཛིན་གྱི་ཡོད། ཆོལ་ཁ་ཆོས་ལུགས་ཅིག་མིན་ལ་མ་བལྟོས་པར། སྤྱི་པའི་ལྷན་ཁང་དུ་སྤྱི་མི་ཚད་ལྡན་ཞིག་ཡོང་བར་ནུས་པ་མཉམ་སྤུངས་དགོས་པ་དེ་གལ་ཆེན་པོར་ངོས་འཛིན་ཞུ་མཁན་ཞིག་ཡིན། མ་གཞི་ནི་ང་དང་ཁོང་ནི་ཆོལ་ཁ་ཆོས་ལུགས་ཅིག་པ་ཡིན། མིན་ནའང་གོང་དུ་བཤད་པ་བཞིན་ཡིན།
ཆོལ་ཁ་ཆོས་ལུགས་ཕྱོགས་རིས་འཐབ་རྩོད་མི་བྱེད་མཁན་ཞིག་སྲིད་སྐྱོང་དང་སྤྱི་འཐུས་ལ་སླེབས་མི་ཐོབ་་པ་ནི་རྡ་སའི་རི་ངོགས་འདི་ན། སྲིད་དོན་འཁྲབ་མཁན་ཚང་མས་མཁྱེན་གྱི་རེད། ཁ་ནས་། ཕྱོགས་རིས་མེད་པ། བཀའ་གསུང་ཅི་སྒྲུབ་ཞུ་མཁན་སོགས་ནི་སྟོང་སྟོད་རང་རེད། གྲྭ་པ་སྲིད་དོན་ལ་དགའ་མཁན་ནི་་་་་་་་་་་་།།
དེ་འདྲའི་སྤྱི་དོན་ལ་འགན་འཁུར་གནང་མཁན་རྣམས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།