སོག་མདའ།
རིན་ཆེན་རྒྱུ་ཆའི་རིགས་ལས་སྐྱེ
རྒས་ཁོག་རྒད་པོའི་ལག་ན་འདྲེན་ཞི
མཐོན་པོ་གསེར་གྱི་ཁྲི་ལ་བཞུགས་
དམར་སེར་གོས་ཀྱིས་སྐུ་ལུས་གཡོགས་
མི་ཚོགས་སྟོང་གི་མིག་ན་མཛེས་པའི
རྟ་ཕོའི་གོམ་ཁ་རླུང་ལ་སྤུར་བའི་
མ་ནིའི་དབྱངས་རྟ་དབྱངས་ལ་འགུགས་
སྒེག་ཉམས་གཟི་བྱིན་གཞན་ལ་ངོམས་
དད་པའི་བྱིན་རླབས་མཇལ་ཁ་ཕུལ་དུ
ཕྱག་འཚལ་སྒྲིབ་སྦྱངས་བསྐོར་བ་བྱེད་དུས་ཁྱེད་ནི་ང་དང་མཉམ་གནས་རེ
མ་ནིའི་དབྱངས་རྟའི་གྲངས་ཀ་འཕར་
དུར་ཕྱུར་གཅིག་གི་གྲངས་ཀ་བརྩིས་
ཁྱེད་ཀྱི་སྐུ་ཡང་འོད་ཀྱིས་ཁེངས་
ཁྱེད་ནི་ང་ལ་སྐུ་དྲིན་ཆེ་༷ཞིང་ང་
མི་ཡུལ་དཀར་ངོགས་འཇིག་རྟེན་འདི་
བཞུད་པའི་ཉིན་མོ་དེ་རིང་ཐོན་ཀྱ
དད་པའི་ཆོས་ཀྱི་དབྱངས་རྟ་འདོན་
སྡུག་གི་ཁུར་བོ་ཐོད་ལ་ཡོང་ཉིན་
རྣམ་དག་སེམས་ཀྱི་དད་པ་བརྟན་པོ་
འདི་དང་ཕྱི་མ་གང་དུ་གནས་ཀྱང་ཁྱེ
༢༠༡༢་༡༡་༡༤་ཉིན་བྲིས།།
ལྷ་ཁང་མདུན་ཁང་སྐོར་ར་འགྲོ་དུས་ཁྱོད་ནི་ང་ཡི་འགྲོ་རོགས་ཤིག །
བླ་ཆེན་དཔོན་ཆེན་མདུན་ལ་སླེབས་དུས་ཁྱོད་ནི་ང་ཡི་སྤོབས་པ་ཞིག །
བརྒྱ་ཚོགས་སྟོང་འདུས་མི་ཚོགས་འགྲིམས་དུས་ཁྱོད་ནི་ང་ཡི་གཟི་བརྗིད་ཅིག །
ཆུང་ནས་འགྲོགས་པའི་བྱུར་ཕྲེང་ཁྱོད་ལ་འདྲེ་རྐང་ང་ནི་རྩིས་འདང་ཆེ། །
རོང་འབྲོག་བུ་མོ་བརྒྱ་དང་སྟོང་གི་མིག་ཟུང་ཁྱོད་ལ་ཤོར་མྱོང་ཡོད། །
སོ་མེད་རྒད་པོའི་ཡར་ཁོག་སེམས་ལ་ཁྱོད་ནི་ཉོ་འདོད་ཧམ་པ་ལངས། །
མགོ་སེར་བུ་མོར་གསར་དུ་ཐུག་དུས་ཁྱོད་ལས་ཁ་བརྡ་ལག་བརྡ་བྱུང་། །
ཆུང་ནས་འགྲོགས་པའི་བྱུར་ཕྲེང་ཁྱོད་ནི་འདྲེ་རྐང་ང་ཡི་གཟི་བརྗིད་ཡིན། །
ཉེན་ཁ་ཆེ་བའི་ལམ་ཕྲེང་བརྒྱུད་དུས་ཁྱོད་ནི་ང་ཡི་གྲོགས་བཟང་ཞིག །
ཆར་རླུང་རྩུབ་མོས་མཐོང་ལམ་བཀག་དུས་ཁྱོད་ནི་ང་ཡི་རྒྱངས་ཤེལ་ཞིག །
ཨ་ཕའི་ཨ་ཕའི་ཤ་དྲོ་མ་ཡལ་འོད་ཀྱི་གོང་བུ་ཡ་མེད་ཅིག །
ཆུང་ནས་འགྲོགས་པའི་བྱུར་ཕྲེང་ཁྱོད་ནི་ང་ཡི་རིན་ཆེན་ནོར་བུ་ཞིག །
ཕྲེང་བའི་གྲངས་ཀ་བརྒྱ་དང་བརྒྱད་དག་གམ། བརྒྱ་དང་བཅུ་གཅིག་དག།
ཁ་ཤོར་མདུན་ནས་ཉོས་པའི་བཅུ་ཤད་དཀར་པོ།།
རྡོ་རྗེ་གདན་ནས་ཉོས་པའི་ཕྲེང་བ་དམར་པོ།།
ང་ཡི་ཡོད་ཚད་ཁྱོད་ཀྱི་ལག་མགོ་ནག་པོར།།
གཅེས་པའི་ཚུལ་གྱིས་དཀྲིས་འདི་གང་འདྲ་ཡག་པོ།།
ཁ་ཤོར་མདུན་ནས་ཉོས་པའི་བཅུ་ཤད་དཀར་པོ།།
རྡོ་རྗེ་གདན་ནས་ཉོས་པའི་ཕྲེང་བ་དམར་པོ།།
ང་ཡི་ཡོད་ཚད་ཁྱོད་ཀྱི་ལག་འགོ་ནག་པོར།།
གཅེས་པའི་ཚུལ་གྱིས་དཀྲིས་འདི་གང་འདྲ་མཛེས་པོ།།