སྤོབས་པ་མཐའ་ཡས།
ཧོང་ཁོང་དུ་གླང་ཆེན་གྱི་མཆེ་བ་ཏྲོན་ཉི་ཤུ་རྩ་བརྒྱད་མེ་ལ་བསྲེག་རྒྱུ་ཡིན་པའི་གསལ་བསྒྲགས་སྤེལ་འདུག འདི་ནི་ལོ་རྒྱུས་སྟེང་དུ་གླང་ཆེན་གྱི་མཆེ་བ་སྲེག་པ་འབོར་ཆེ་ཤོས་དེ་ཡང་རེད། ཧོང་ཁོང་དུ་མེར་བསྲེག་འཆར་ཡོད་པའི་གླང་ཆེན་གྱི་མཆེ་བ་འདི་དག་ནི་འདས་པའི་ལོ་མང་པོའི་རིང་ལ་ནག་ཚོང་བས་ཧོང་ཁོང་བརྒྱུད་ནས་སྐྱེལ་འདྲེན་བྱེད་སྐབས་སུ་ཉེན་རྟོག་པས་རྩིས་ལེན་ཐུབ་པ་དག་བསོག་ཉར་བྱས་པ་རེད། བརྡ་འཕྲིན་བརྒྱུད་ལམ་ཁག་ཏུ་གླེང་ཆེན་གྱི་མཆེ་བ་གྲངས་འབོར་ཆེན་པོ་དེ་ཙམ་བསྲེག་རྒྱུ་ཡིན་པའི་གསལ་བསྒྲགས་སྤེལ་རྗེས་སུ་སྤྱི་ཚོགས་ཐོག་གི་མཁས་བླུན་མང་པོས་རང་རང་གི་བསམ་འཆར་འདོན་མགོ་བརྩམས།
དེ་ཡང་ལ་ལས་ཟེར་ན། གླང་ཆེན་གྱི་མཆེ་བ་ཉོ་ཚོང་བྱེད་པ་ནི་ཁྲིམས་འགལ་དུག་རྫས་ཉོ་ཚོང་དང་གཅིག་ཏུ་མཚུངས་པས་མེར་བསྲེགས་པ་ལས་ལེགས་པའི་ཐབས་ལམ་ཞིག་མེད་ཟེར། ད་དུང་ལ་ལས་ཀུ་རེ་རྩེད་མཚར་གྱི་ཚུལ་དུ་གླང་ཆེན་གྱི་མཆེ་བ་ཙམ་དུ་མ་ཟད་དེ་དག་ཉོ་ཚོང་བྱེད་མཁན་ཚོ་ཡང་དེའི་སྟེང་དུ་འཕངས་ནས་མེར་བསྲེག་ན་འོས་ཟེར། ལ་ལས་ནི་གླང་ཆེན་གྱི་མཆེ་བ་དེ་དག་མ་འོངས་པའི་མི་རབས་ཀྱི་ཆེད་དུ་འགྲེམ་སྟོན་ཁང་དུ་བཞག་ནས་མི་རབས་འདི་དང་མི་རབས་གོང་མའི་ནག་ཉེས་གསལ་པོར་མཚོན་པའི་ལོ་རྒྱུས་དྲན་རྟེན་བྱས་ན་འཚམས་ཟེར། ལ་ལས་ནི་གླང་ཆེན་སྲུང་སྐྱོབ་ཀྱི་ལས་གཞིར་དཀའ་ངལ་ཆེ་ཤོས་ནི་འགྲོ་གྲོན་འདངས་ངེས་མེད་པ་དེ་ཡིན་པས་། གླང་ཆེན་གྱི་མཆེ་བ་དེ་དག་ཚོང་བསྒྱུར་བྱས་ནས་གླང་ཆེན་གསོན་པོ་སྲུང་སྐྱོབ་དང་རྒྱུད་འཕེལ་གྱི་ལས་གཞི་ལ་འགྲོ་སོང་བཏང་ན་ལེགས་ཟེར་བ་སོགས་རང་རང་གི་ཡིད་ཆེས་འདོད་ཚུལ་མཚོན་པའི་བགྲོ་གླེང་འཁྲུག་པོ་བྱེད་ཀྱིན་འདུག གནད་དོན་འདིའི་ཐད་ལ་ཁྱེད་རང་ཉིད་ལ་དགོངས་ཚུལ་གང་ཞིག་ཡོད།
རྒྱ་ནག་གི་མང་ཚོགས་ནི་གླང་ཆེན་གྱི་རུས་པ་ཉོ་མཁན་མང་ཤོས་ཀྱི་སྤྱི་ཚོགས་ཤིག་ཡིན། དེ་ཡང་གླང་ཆེན་གྱི་མཆེ་བ་མང་ཆེ་བ་ཁྱིམ་ཉར་རྒྱན་ཆས་དང་། ལུས་ཀྱི་རྒྱན་ཆས། སྲོལ་རྒྱུན་གྱི་སྨན་རྫས་སོགས་སུ་བེད་སྤྱོད་བྱེད་སྲོལ་ཡོད། རྒྱ་ནག་སྐམ་ས་ཆེན་པོ་མ་ཡིན་པའི་ཐའེ་ཝན་དང་། ཧོང་ཁོང་། ཝིད་ཏི་ནམ། ཐའེ་སོགས་སུ་བེད་སྤྱོད་ཆེ་བ་གླང་ཆེན་མང་པོའི་སྲོག་ཤོར་བའི་རྒྱུ་རྐྱེན་དུ་འགྱུར་བཞིན་ཡོད།
རང་རེ་བོད་ལ་ཡང་མང་ཉུང་ལ་མ་ལྟོས་པར་བ་སོའི་སྐུ་འདྲ་དང་ལྷ་ཚང་གི་རྒྱན་ཆས་སོགས་ཆོས་ཕྱོགས་ཀྱི་བེད་སྤྱོད་དང་། སྐྲ་རྒྱན་དང་ཕྲེང་བ་སོགས་ལུས་འདོགས་རྒྱན་ཆས་ལ་བེད་སྤྱོད་པ་སོགས་གླང་ཆེན་གྱི་མཆེ་བ་ཉོ་མཁན་ཅུང་མང་ཤོས་ཤིག་ཡིན་པས་གླང་ཆེན་གྱི་སྲོག་འཕྲོག་པའི་ནག་ཉེས་ཅན་གྱི་སྤྱི་ཚོགས་ནང་དུ་ཚུད་ཡོད། ད་ནི་རྒྱལ་སྤྱིའི་སྟེང་གི་གླང་ཆེན་སྲུང་སྐྱོབ་ཀྱི་ལས་འགུལ་འདི་དང་བསྟུན་ནས་རང་རེའི་ཆོས་ཕྱོགས་ཀྱི་ནུས་ལྡན་མི་སྣ་དང་། སྡེ་ཚོའི་མགོ་ཁྲིད། ཤེས་ཡོན་ཅན་གྱི་མི་སྣ་ཚང་མས་རང་རེའི་སྤྱི་ཚོགས་འདིས་གླང་ཆེན་དང་འབྲེལ་བའི་ནག་ཉེས་མི་གསོག་མཁན་ཞིག་ཏུ་བསྒྱུར་བར་ནུས་པ་འདོན་པའི་དུས་སུ་བབ་ཡོད།
གླང་ཆེན་གྱི་རུས་པ་བེད་སྤྱོད་བྱེད་པ་ནི་ཁྲིམས་ལུགས་དང་འགལ་བ། ཡ་རབ་བཟང་སྤྱོད་ཀྱི་རྩ་དོན་དང་འགལ་བ། ནང་པ་སངས་རྒྱས་པའི་ཆོས་པའི་ཀུན་སྤྱོད་དང་འགལ་བ་ཞིག་ཡིན་པས་གླང་ཆེན་གྱི་རུས་པ་ཉོ་སྲོལ་ངེས་པར་དུ་མཚམས་འཇོག་བྱ་བར་འོས། གླང་ཆེན་ནི་རྩ་སྟོང་ལ་འགྲོ་ཉེན་ཆེ་བའི་སྲོག་ཆགས་ཤིག་ཡིན་པས་རྒྱལ་སྤྱིའི་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་ཚོགས་པ་ཁག་གིས་འབད་པ་ཆེན་པོས་གླང་ཆེན་སྲུང་སྐྱོབ་བྱེད་བཞིན་ཡོད་པས་དངོས་དང་བརྒྱུད་ནས་གླང་ཆེན་གྱི་སྲོག་འཕྲོག་པའི་ཚོགས་སྡེ་དག་ལ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ལྟ་སྟངས་མི་ལེགས་པ་དང་། རྒྱན་ཆས་སོགས་རྒྱས་སྤྲོས་ཀྱི་ཆེད་དུ་འཇིག་རྟེན་གྱི་རྒྱན་ཆས་ལྟ་བུའི་སྲོག་ཆགས་རྩ་བ་ཆེན་པོའི་སྲོག་འཕྲོག་པ་ནི་དོན་མེད་དགོས་མེད་ཀྱི་སྤྱོད་ངན་ཡིན་པ། ནང་པ་སངས་རྒྱས་པའི་ལུགས་ལ་སྲོག་ཆགས་སེམས་ཅན་གང་ཡིན་རུང་མ་འོངས་པའི་སངས་རྒྱས་ཡིན་པ་དང་། ཕ་མར་མ་གྱུར་པ་མེད་པས་འདས་པའི་དུས་ཀྱི་རང་རང་གི་ཕ་མ་ཡིན་པ། ལྷག་པར་ཡང་བདག་ཅག་གི་སྟོན་པ་ཐུགས་རྗེ་ཅན་འཇིག་རྟེན་འདིར་སྲིད་པ་བཟུངས་བའི་དུས་སུ་གླང་ཆེན་དཀར་པོའི་གཟུགས་སུ་སྤྲུལ་ནས་ཡུམ་གྱི་ལྷུམས་སུ་ཞུགས་པ་སོགས་རྟེན་འབྲེལ་ཟབ་མོ་ཡོད་པའི་སྲོག་ཆགས་ཤིག་ཡིན། གོང་དུ་བཤད་པའི་རྒྱུ་མཚན་དེ་དག་ལ་བརྟེན་མི་སུ་ཡིན་རུང་གླང་ཆེན་སྲུང་སྐྱོབ་ཀྱི་ལས་འགུལ་ལ་ཞུགས་འོས་པ་དང་གླང་ཆེན་གྱི་རུས་པ་བེད་སྤྱོད་མཚམས་འཇོག་དགོས་པ་འདི་ཡང་རང་རེའི་སྤྱི་ཚོགས་ཀྱིས་སྣང་མེད་དུ་གཏོང་མི་རུང་བའི་གནད་དོན་ཞིག་ཡིན་ནོ།།
ལོ་ཤས་གོང་རང་རེས་སྟག་གཟིག་གི་པགས་པ་འབོར་ཆེན་མེར་བསྲེགས་པ་ལ་ད་ཐེངས་ཧོང་ཀོང་བས་དཔེ་བལྟས་ཡོད་པ་འདྲ།
འགྲེམ་སྟོན་དང་སེམས་ཅན་གཞན་དག་སྲུང་སྐྱོབ་ཀྱི་འཐེབ་རྩ་རུ་བཞག་པར་འོས་སོ། དེ་མིན་བོད་མི་ཅོལ་ཆུང་འགས་དངོས་རྒྱུ་བསྲེག་པ་དང་རང་ལུས་བསྲེག་པ་བཞིན་བྱས་ན་གཏན་ནས་མི་འགྲིགས་སོ།། མེད་པའི་སྟེང་མེད་པར་བཟོ་བར་རེད་དྲན་ནོ།
འགྲེམ་སྟོན་དང་ཡང་ན་སེམས་ཅན་སྲུང་སྐྱོབ་ཀྱི་འཐེབ་རྩ་རུ་བཞག་འོས།
དེ་མིན་ཞབས་མཆན་གཉིས་པའི་ཁ་དེར་བདག་པོ་ཞིག་ཡོད་ཚོད་མ་རེད།
བོད་དུ་སངས་རྒྱས་ཀྱི་སྐུ་འདྲ་སོགས་གླང་ཆེན་གྱི་ཆེ་བ་ལ་བཟོས་པ་དེ་རྣམས་གླང་ཆེན་བསད་ནས། དེ་ལྟར་གླང་ཆེན་གྱི་རུས་པ་བྱུང་བ་མ་ཤེས་པའི་དབང་གིས་སམ། མ་བརྟགས་མ་དཔྱད་པར་དེ་ལྟར་བཟོ་བསྐྲུན་བྱུང་། ད་ལྟ་ནི། ཛམ་གླིང་གི་སྐྱེ་བོ་སེམས་ཅན་ལ་སྙིང་རྗེ་ཡོད་པ་རྣམས་ཀྱིས་གླང་ཆེན་གྱི་ཚེ་སྲོག་སྐྱོབ་པའི་ཕྱིར་དུ། འབད་རྩོལ་ཆེན་པོ་བྱེད་དུས། ཛམ་གླིང་གི་ཆོས་པ་ཡོངས་ཀྱིས་གླང་ཆེན་གྱི་རུས་པ་ལས་བསྐྲུན་པའི་སྐུ་འདྲ་དང་མཆོད་རྫས་རིགས་མེད་པར་བཟོས་ཏེ། དེ་དག་གི་ཚབ་ཏུ་སྐུ་འདྲ་སོགས་དངོས་པོ་རིན་ཐང་ཆུང་བ་ལས་བཟོས་ཏེ། གླང་ཆེན་སྲོག་སྐྱོབ་བྱ་བ་ལ་འཇུག་པ་ཞིག་བྱེད་ན། དེ་ལས་ལྷག་པ། རང་གི་བསྟན་པ་ལ་ཞབས་འདེགས་གཞན་ཅི་ཡོད་དམ། མེད་པར་མཐོང་ངོ་།
བསྲེག་གི་མ་རེད། རྐུ་གི་རེད། དེ་གཡོ་ཐབས་རེད་ཡ།
སེམས་ཅན་གང་ཞིག་ཉུང་བར་གྱུར་དུས་རྩ་ཆེ་བ་ཡིན་ན་ཅིག་ཟེར་ཁུལ་གྱིས་བདག་གཅེས་ཡིན་ན་ཅིག་བཤད་ཁུལ་བྱེད། ཉ་དང་བྱ་དང་ལུག་ལ་སོགས་མང་པོ་དེ་དག་ཅི་ཙམ་བསད་ཀྱང་ཆོག་པ་འདྲ་བོ། རྩ་ཆེའི་སྲོག་ཆགས་སྲུང་སྐྱོབ་ཟེར་བ་དེ་ཡང་དོན་ལ་མིའི་རིགས་རང་གི་དོན་དུ་མ་རེད་དམ། དགེ་སེམས་ཉི་ཚེ་བ་འདི་ཚོ་ལ་སྙིང་བོ་ཅང་འདུག་གམ། ཨ་་་
གླང་ཆེན་ལ་འཆི་རྒྱུ་ལོས་ཡོད། བེམ་པོ་བེད་སྤྱོད་ལོས་ཆོག རིན་ཐང་ཅན་གྱི་སྐུ་འདྲ་སོགས་མེད་པ་བཟོས་ན་བླུན་པོ་ལོས་ཡིན། གང་ལྟར་ཤི་ན་བསད་ན་ཚར་བ་རེད། ཕྱིན་ཆད་ཚོད་འཛིན་དང་བདག་གཅེས་བྱས་ན་དེས་འཐུས། དེ་བཞིན་པགས་རིགས་མི་གོན་ཟེར་བ་ཚོ་ཡང་དེ་འདྲ་རང་རེད། ང་ཚོས་ཚོང་དང་རྒྱན་དུ་ཆེད་དུ་ཚོད་མེད་བསད་ན་མི་འོས་ཟེར་བ་ལས་ཤི་སོང་བའི་ཀོ་པགས་སྤྱོད་ལོས་ཆོག དེ་ལ་ཉེས་པ་ཡོད་ན། ཤ་ཟ་བའི་ཉེས་པ་གནམ་ལ་མི་ཤོང། མིས་སེམས་ཅན་ཆེས་མང་པོ་ཟས་ཀྱི་ཆེད་དུ་གསོད་ཀྱིན་མེད་དམ།
གླང་ཆེན་གྱི་སྲོག་མ་བཅད་པར་གླང་ཆེན་གྱི་མཆེ་བ་ལེན་ཐབས་ཡོད།
ཆབ་བྲག་ལྷ་མོ་སྐྱབས་ལགས། འཛམ་གླིང་ན་སྐད་གྲགས་ཆོད་པས་སྒྱེས་བཟང་བསོད་ནམ་དར་རྒྱས་་ཀྱི་རི་དྭགས་གཙོད་སྲུང་སྐྱོབ་གིས་ཆེད་དུ་ཐ་མར་ཚེ་སྲོག་ཡང་ཤོར་སོང་ལ། རླབས་ཆེན་གྱི་མི་བུ་འདི་དག་གི་བྱས་རྗེས་འམ་འདི་དག་ལ་ངོ་གནོང་དགོས་བ་ཞིག་མ་རེད་དམ། ཁྱེད་ནི་མི་ཚང་མས་མཁས་ལེན་པའི་བཙན་བྱོལ་སྤྱི་ཚོགས་ནང་གི་ཤེས་ཡོན་པའི་སྡེ་ན་ཡོད་པས་ཁོང་རེད་དེ། ངའི་ལྟོས་ན་ཁྱེད་ནི་རྩ་ཆེའི་སྲོག་ཆགས་སྲུང་སྐྱོབ་བྱེད་པའི་རྒྱུ་མཚན་དང་དགོས་བ་ཕན་ཡོན་སོགས་གང་ཡང་མི་ཤེས་བས་བླུན་རྒན་ཁ་ནག་སྐྲ་རིང་ཞིག་ཡིན་པས་ཤེས་ཡོན་པའི་སྡེ་སུ་བཞག་པ་ནོར་འདུག ཨ་ཁ་ཁ། འོན་ན་ཁྱེད་ཀྱི་སྟག་གཟིགས་ཤི་རོ་པགས་པ་ཞིག་གོན་ནས་ཅིག་སོང་ར་གཞན་གྱི་ཅི་ཟེར་ཀྱིས་རེད་དམ། ༧གོང་ས་མཆོག་གི་བོད་པ་ཚོ་ལ་རི་དྭགས་པགས་པ་མ་གོན་ཞེས་བཀའ་སློབ་གནང་བ་ནས་བཟུང་། བོད་པ་ཚོས་ཡང་རང་རང་གི་ཁྱིམ་རྒྱུད་གི་རྒྱུ་ནོར་ཡོད་ཚད་ཀྱིས་ཉོས་བའི་སྟག་གཟིགས་གི་པགས་པ་སོགས་མེ་བསྲེག་བཏང་བའམ་༧་གོང་ས་མཆོག་གི་བཀའ་སློབ་གནང་བ་དེ་རྩ་་ཆེའི་རི་དྭགས་སྲུང་སྐྱོབ་ཆེད་མ་ཡིན་ནམ། དེ་དག་ལ་ཡང་རྒྱུ་མཚན་དང་དགོས་བ་ཞིག་མེད་སོང་བ་རེད་དམ་་་་་་་་་་་་་
ཆབ་བྲག་ལྷ་མོ་སྐྱབས་ལགས། ,,རྩ་ཆེའི་སྲོག་ཆགས་སྲུང་སྐྱོབ་ཟེར་བ་དེ་ཡང་དོན་ལ་མིའི་རིགས་རང་གི་དོན་དུ་མ་རེད་དམ། དགེ་སེམས་ཉི་ཚེ་བ་འདི་ཚོ་ལ་སྙིང་བོ་ཅང་འདུག་གམ,, འཛམ་གླིང་ན་སྐད་གྲགས་ཆོད་པས་སྒྱེས་བཟང་བསོད་ནམ་དར་རྒྱས་་ཀྱི་རི་དྭགས་གཙོད་སྲོང་སྐྱོབ་གིས་ཆེད་དུ་ཐ་མར་ཚེ་སྲོག་ཡང་ཤོར་སོང་བའི། རླབས་ཆེན་གྱི་མི་བུ་འདི་དག་གི་བྱས་རྗེས་འམ་འདི་དག་ལ་ངོ་གནོང་དགོས་བ་ཞིག་མ་རེད་དམ། ཁྱེད་ནི་མི་ཚང་མས་མཁས་ལེན་པའི་བཙན་བྱོལ་སྤྱི་ཚོགས་ནང་གི་ཤེས་ཡོན་པའི་སྡེ་ན་ཡོད་པས་ཁོང་རེད་དེ། ངའི་ལྟོས་ན་ཁྱེད་ནི་རྩ་ཆེའི་སྲོག་ཆགས་སྲུང་སྐྱོབ་བྱེད་པའི་རྒྱུ་མཚན་དང་དགོས་བ་ཕན་ཡོན་སོགས་གང་ཡང་མི་ཤེས་བས་བླུན་རྒན་ཁ་ནག་སྐྲ་རིང་ཞིག་ཡིན་པས་ཤེས་ཡོན་པའི་སྡེ་སུ་བཞག་པ་ནོར་འདུག ཨ་ཁ་ཁ། ,,གང་ལྟར་ཤི་ན་བསད་ན་ཚར་བ་རེད,, འོན་ན་ཁྱེད་ཀྱི་སྟག་གཟིགས་ཤི་རོ་པགས་པ་ཞིག་གོན་ནས་ཅིག་སོང་ར་གཞན་གྱི་ཅི་ཟེར་ཀྱིས་རེད་དམ། ༧གོང་ས་མཆོག་གི་བོད་པ་ཚོ་ལ་རི་དྭགས་པགས་པ་མ་གོན་ཞེས་བཀའ་སློབ་གནང་བ་ནས་བཟུང་། བོད་པ་ཚོས་ཡང་རང་རང་གི་ཁྱིམ་རྒྱུད་གི་རྒྱུ་ནོར་ཡོད་ཚད་ཀྱིས་ཉོས་བའི་སྟག་གཟིགས་གི་པགས་པ་སོགས་མེ་བསྲེག་བཏང་བའམ་༧་གོང་ས་མཆོག་གི་བཀའ་སློབ་གནང་བ་དེ་རྩ་་ཆེའི་རི་དྭགས་སྲུང་སྐྱོབ་ཆེད་མ་ཡིན་ནམ། དེ་དག་ལ་ཡང་རྒྱུ་མཚན་དང་གདོས་བ་ཞིག་མེད་སོང་བ་རེད་དམ་་་་་་་་་་་་་
བྱེ་ཐང་ལགས་ཀྱིས་བོད་ཡིག་ཡག་པོ་ཀློག་མཨི་ཤེས་སམ།
ངས་བྱམས་དང་བརྩེ་བའི་བདག་ཉིད་རྣམ་པར་ཅང་ཞུས་མེད། དགེ་སེམས་ཉི་ཚེ་བ་ཅན་ཚོ་ལ་བཤད་པ་ཡིན། དཔེར་ན་ཕྱི་གླིང་བའི་རིགས་འགའ་དང་ང་འདྲའི་རིགས་ཅན་ཚོ་ལ་ལབ་པ་ཡིན།
སྟག་གཟིག་སྲམ་གསུམ་སོགས་ཀྱི་པགས་པ་གོན་ན་དེ་མྱི་མ་རེད། གཅན་གཟན་འདྲ་བོ་རེད།
སྤྱིར་བཏང་མི་མང་ཆེ་བས་ནམ་རྒྱུན་སྲོག་ཆགས་བསད་ནས་ཤ་ཟ་གི་ཡོད་ས་ནས་་ཤི་པགས་བེད་སྤྱོད་བཏང་ན་ལོས་འགྲིག་ཟེར་བ་ཡིན། གལ་ཏེ་མི་འགྲིག་ན་་ཤ་ཟོས་ནས་ཁྲག་འཐུང་ན་དེ་བས་ཀྱང་ག་ལ་འགྲིགས། ད་གོ་ཡོད་པའི་རེ་བ་ཡོད།
ཨོ་རེད།་་ང་ཤེས་ཡོན་ཅན་ལ་མ་བརྩིས་ན་ཆོག དེ་ཁྱོད་རང་གི་འདོད་པ་རེད།
ཨ་ཕྱི་རྐུབ་རལ་གྱིས་བ་སོ་ལས་འཕྲོས་ཏེ་བོད་མི་མེར་སྲེག་ལ་མཐོང་ཆུང་བཏང་སོང་།
དེ་ཟེར་ན། སྡེ་བའི་རྒན་པ་རེ་ཟུང་དང་དགོན་པའི་བླ་རྒན་རེ་གཉིས་ཀྱི་ཕྱག་ན་བ་སོ་ཕྲེང་བ་ཟེར་ནས་ཕྲེང་བ་དཀར་བོ་ཞིག་སེན་འཕྲད་བྱེད་ཀྱི་ཡོད་པ་མང་པོ་མཐོང་མྱོང་། མ་ཟད། དགོན་པར་མཇལ་བསྐོར་ལ་འགྲོ་སྐབས་ཀྱང་འདུ་ཁང་གི་ཀའི་གཡས་གཡོན་དུ་གླེང་ཆེན་མཆེ་བ་ཟེར་ནས་དཀར་བང་བང་གི་རྭ་ཅོ་ཆེན་པོ་རེ་ཐག་པས་བསྡམས་ཏེ་ཀ་བར་བཏགས་འདུག དེ་ཚོ་བལྟས་ཡོང་ན་བོད་འདི་ཡང་སྔ་མོ་ནས་གླང་ཆེན་གྱི་སྲོག་འཕྲོག་མཁན་གྲས་སུ་ཡོད་པ་བཤད་མི་དགོས་པ་ཞིག་རེད་འདུག་ག
ད་ཐེངས་ཆབ་བྲག་གིས་གནད་ལ་འཁེལ་བའི་སྐད་ཆ་ཁ་ཤས་བཤད་འདུག ཡག་བྱུང་།
མ་འོངས་པར་གླང་ཆེན་གྱི་སྲོག་སྐྱོབ་པ་ལ། མཆེ་བ་དེ་ཚོ་མེར་སྲེག་བཏང་ན་ལེགས་སམ། འགྲེམ་སྟོན་དུ་བཞག་ན་ལེགས་སམ། བཙོང་ནས་གླང་ཆེན་སྲོག་སྐྱོབ་ཀྱི་མཐུན་རྐྱེན་དུ་སྦྱར་ན་ལེགས། ཟེར།
༡༽བཙོང་ནས་མཐུན་འགྱུར་བྱས་ན། སྤྱི་པས་ཚོང་ཆོག་ལ་སྒེར་པས་ཚོང་མི་ཆོག་པ་གོ་མཚོན་ཆ་ལྟར་གྱུར།
༢༽ འགྲེམ་སྟོན་བཞག་ན། ནམ་ཞིག་རྐུན་པོ་སོགས་ཀྱི་ལག་ཏུ་ཤོར་སྲིད་པས། ཉར་བ་ཙམ་གྱིས་སྐྱོན་ཅིག་ལྷག
༣༽ དེས་ན་མེར་བསྲེགས་ན། ནག་ཉེས་བྱུང་བའི་ངོ་སྤྲོད་དང་། རིན་ཐང་རྩིས་མེད་འགྲོ་བ་དང་། སྤྱི་སྒེར་གཉིས་ཕྱོགས་ནས་། ངོ་རྒོལ་གྱིས་མ་འོངས་པར་དམ་ཁྲིམས་ལྕི་རུ་འགྲོ་བའི་རེ་བ་ཅིག་ཡོད་ངེས།
༤༽ ངས་སྔོན་མ་བོད་ནང་མཚོན་ཆ་མེར་མ་བསྲེགས་པར། འགྲེམ་སྟོན་ལ་ཉར་ན་ཞེས་བསམ་འཆར་བཏོན་མྱོང་། དེ་དང་འདི་མི་འདྲ་སྟེ། མཚོན་ཆའི་ལྕགས་རིགས་དང་། རྡོ་རིགས་རྒྱན་ཆ་རྣམས་ངོ་བོ་བསྒྱུར་ནས། སྐུ་འདྲ་དང་བེད་སྤྱོད་གཞན་དུ་བྱ་ཆོག་པ་དང་། དེ་ཡང་འབྱུང་ཁུངས་སེམས་ཅན་གྱི་ཚེ་ལུས་ལ་གནོད་ནས་མ་བྱུང་བས། དེས་ན་འདི་དང་མི་འདྲའོ།།
ཀ་རྡོ་ལགས་ཀྱིས་གསུང་སྟངས་ལྟར་ན་ང་ཚོའི་ཕོ་བྲང་པོ་ཏཱ་ལ་སོགས་ཀྱི་ནང་དུ་བཤམ་ཡོད་པའི་གླང་ཆེན་མཆེ་བ་རིང་པོ་དེ་ཚོ་ཡང་བསྲེག་དགོས་གསུང་གི་ཡོད་པ་་ཡིན་ནམ།
ངས་ལྟས་ན་སངས་རྒྱས་ཆོས་ལུགས་ཀྱིས་ཕ་མར་མ་གྱུར་བའི་སེམས་ཅན་གཅིག་ཀྱང་མེད་ཅེས་བ་ནི་མཐུན་ཕྱོགས་ཁོ་ན་བསྒྲིགས་པའི་ཞེན་ཆ་འབབ་ཀྱིན་འདུག རྒྱུ་མཚན་ནི། དེ་ལྟར་ཡིན་ན། དགྲ་བོར་མ་གྱུར་བའི་སེམས་ཅན་གཅིག་ཀྱང་མེད་པས་ཕ་མར་གྱུར་བའི་ཉེར་ལེན་གྱིས་བཀའ་དྲིན་འཇལ་དགོས་ན། དགྲ་བོར་གྱུར་བའི་ཉེར་ལེན་ལ་བཀའ་དྲིན་ཅི་ལྟར་འཇལ། བཟོད་པ་སྒོམ་ཆེད་དུ་ཡིན་ནམ། མདོར་ན། སྙིང་རྗེ་ཡི་མཁའ་གཡང་སྒྲོགས་ནས་མི་སེམས་འགུག་རྒྱུ་ནི་སངས་ཆོས་ཀྱི་རྩ་བའི་དམིགས་ཡུལ་ཡིན་པས། མ་གྱུར་སེམས་ཅན་ཐམས་ཅད་ཅེས་བ་ནི་རང་གི་མཐུན་ཕྱོགས་ཁོ་ན་བསྒྲིགས་པ་ལས་རིག་པའི་་རྒྱབ་ལྗོངས་དེ་ཙམ་མི་འདུག
སྤོབས་མཐའ་ལགས།
ཧོང་ཁོང་དུ་མེར་བསྲེག་འཆར་ཡོད་པའི་གླང་ཆེན་གྱི་མཆེ་བ་འདི་དག་སྐོར་གླེང་བའི་དུས་འདིར། ཕོ་བྲང་པོ་ཏཱ་ལ་སོགས་ཀྱི་ནང་དུ་བཤམ་ཡོད་པའི་གླང་ཆེན་མཆེ་བ་རིང་པོ་དེ་ཚོ་སྐོར་མ་གླེང་ན་ལེགས།
སེམས་ཅན་གྱི་སྲོག་སྐྱབས་ནས་ཚོང་རྒྱག་སྟངས་ཤིག་དང་། སེམས་ཅན་སད་ནས་ཚོང་རྒྱག་སྟངས་ཤིག་ཅེས་སྣ་གཉིས་སུ་ཕྱེ་ཐུབ་པ་རེད། དེ་ནས་ཚོང་ངོ་རྩ་བ་ནས་མི་ཤེས་ནིའི་ང་དང་ཁྱོད་ལྟ་བུ་ཕྱོགས་གང་ལ་ཕྱོགས་ན་ཡང་། ཚོང་རྒན་མགོ་བདེ་ཞིག་གི་ལག་པ་ནས་འཆི་རྒྱུ་དེ་རེད།
གླང་ཆེན་སྲུང་ན་འདྲ། གླང་ཆུང་སྲུང་ན་འང་འདྲ། དེ་ལ་མི་དགའ་བ་མེད་ཀྱང་། འདིའི་སྐོར་ལ། འཛམ་གླིང་ལ་སྤྱི་ཁྲིམས་ཤིག་མེད་ན། གླང་རུས་མྱེ་ལ་སྲེག་པ་ནི་ཁྲབ་སྟོན་ཙམ་རེད།
སྐབས་རེར་རུས་རྐང་ཡོད་ཚད་བསྔོགས་ནས་རྩ་ཆེན་དུ་འཇོག། མཚམས་རེར་རུས་རྙིང་ཡོད་ཚད་བསྡུས་ནས་མྱེ་ལ་སྲེག་པ་ནི། རྒྱ་འདྲེ་ཚང་གི་ལས་ཀ་རང་རེད་ཟེར་རྒྱུ་ཡིན། རྒྱུ་མཚན་དང་དགེ་དམིགས་མེད་པའི་བྱེད་ལས་འདི་ཚོ་གོ་ན་བསུན་སྤྱད་རེད།