གླིང་ཚ་ཚེ་བརྟན་རྡོ་རྗེ།
དེ་རིང་བར་དུ་ང་རང་བཀག་བསྐྱེལ་ཁང་འདི་ལ་བཅུགས་ནས་ཉིན་མོ་བཅོ་བརྒྱད་འགོར་ཡོད། དེ་ཡི་རིང་དུ་ཁྲིམས་ཁང་དུ་ཐེངས་གསུམ་རིང་ལ་ཁྲིམས་རྩོད་པའི་སར་ཁྲིད་པ་རེད། ཁྲིམས་རྩོད་པས་སར་ཁྲིད་ཐེངས་རེར། ངའི་མིང་ནས་འབོད་པ་དང་ཉིན་བཀག་ཕྱིར་འགྱངས་བྱེད་པ་ལས། ང་ལ་སྐད་ཆ་གཞན་གང་ཡང་མི་འདྲི། དེ་རིང་བར་དུ་ང་རང་བཀག་བསྐྱེལ་ཁང་འདིའི་ཡིག་ཚང་དུ་ཐེངས་ཁ་ཤས་ཤིག་ལ་སྐད་བཏང་བ་ལས། དེ་རིང་བར་དུ་ང་ལ་ཐག་གཅོད་བྱེད་ཀྱི་ཡིན་ཟེར་བའི་སྐད་ཆ་གང་ཡང་བཤད་མྱོང་མེད། དེ་རིང་ང་རང་ཡིག་ཚང་དུ་སྐད་བཏང་དེ་ཁྱོད་རང་བོད་དང་རྒྱ་གར་གང་དུ་འགྲོ་འདོད་འདུག་ཟེར། ངས་ང་རང་ནི་རང་གི་ཕ་ཡུལ་བོད་དུ་འགྲོ་འདོད་ཅེས་ཞུས་དུས། ཁོ་གཉིས་ཀྱིས་ཕན་ཚུན་གྱིས་གདོང་ལ་ཞིབ་དུ་བལྟ་བཞིན་སླར་ཡང་ང་ལ་ཁྱོད་ཀྱིས་བསམ་བློ་ཡག་པོ་ཐོངས་ཟེར། ངས་ཐེ་ཚོམ་གང་ཡང་མེད་པར་དེ་རིང་བར་དུ་ཁྱེད་ཚང་གི་ཁྲིམས་ལུགས་ལ་བརྩི་བཀུར་བྱས་ནས་ང་ལ་ཉེས་ཆད་གང་ཡོད་པ་དེར་ཐག་གཅོད་བྱེད་རྒྱུར་སྒུག་པ་ཡིན། དེ་རིང་ཁྱོད་རྣམ་པ་གཉིས་ནས་ང་ལ་འདྲི་བཞིན་འདུག ངས་སྐད་ཆ་ནི་སྔར་བཞིན་ཡིན། ཁྱེད་ཅག་གི་ཁྲིམས་གཞིར་བཟུང་ང་ལ་ཐག་གཅོད་བྱས་ན་འགྲིག་གི་ཡོད་ཅེས་སླར་ཡང་ཞུས་དུས། ཁོང་གཉིས་ཀྱིས་ཁྱོད་རང་ལ་བསམ་ཚུལ་གང་ཡོད་པ་དེར་ངེད་གཉིས་ཀྱིས་བརྩི་བཀུར་བྱེད་ཀྱི་ཡོད་ཅེས་བཤད་སོང་། དེ་དུས་སླར་ཡང་སྐད་ཆ་དེ་རང་ཡིན། ང་རང་གི་དོན་དག་ཁྱེད་ཅག་གི་ཤེས་གསལ་རེད། ང་རང་ཞི་བའི་གོམ་བགྲོད་པ་རེད། རང་ཡུལ་དུ་འགྲོ་ཡི་ཡིན་ཞེས་ཞུས་པ་ཡིན།
དེ་དུས་ཁོ་གཉིས་ཀྱིས་ཐག་གཅོད་པོས་སྒོ་ནས་ང་ལ་ཁྱོད་རང་ཕྱིར་རྒྱ་གར་དུ་གཏོང་གི་ཡིན། དེ་ལས་གཞན་ང་ཚོས་ཁྱོད་རང་ཕ་ཡུལ་དུ་གཏོང་ཐུབ་ཀྱི་མི་འདུག དེ་ལྟར་ཐག་གཅོད་བྱེད་ཀྱི་ཡིན་ཟེར་བ་དེར་ངས་ཀྱང་ཁྱེད་ཅག་གི་གང་གསུངས་པ་དེར་ངས་བརྩི་བཀུར་བྱེད་རྒྱུ་ལས་ཐབས་གཞན་མེད་པ་རེད། བྱེད་ངེས་ཡིན་ཞེས་བཤད་པ་ན། ཁོ་གཉིས་ཀྱིས་གདོང་ལ་འཛུམ་གྱིས་བཀང་ཞོར་དུ་ང་ལ་དེས་ན་ཁྱོད་རང་ད་ལྟ་འོག་ཤོད་དུ་སོང་ནས་ངལ་གསོས་དེ་བསྡད་ན་འགྲིག་གི་རེད་ཅེས་དམག་མི་ཞིག་ལ་ནམ་རྒྱུན་ལྟར་ང་རང་འོག་ཁང་དུ་བསྐྱལ་དུ་བཅུགས་སོང་། རྒྱ་གར་ལ་ཅི་ལྟར་བསྐྱེལ་རྒྱུ་ཡིན་མིན་སོགས་ཀྱི་སྐོར་ནས་ང་ལ་སྐད་ཆ་གང་ཡང་བཤད་མ་སོང་། ག་དུས་བསྐྱེལ་མིན། ས་གནས་གང་དུ་བསྐྱེལ་མིན། ཡང་ན་ང་རང་རང་འགར་གཏོང་གི་ཡོད་མེད། སྒོར་མོའི་ཉེས་ཆད་ཡོད་མེད་སོགས་གང་ཡང་བཤད་མ་སོང་། གལ་སྲིད། སྒོར་ཆད་གཏོང་གི་ཡིན་ཟེར་ན་ངས་སྒོར་ཆད་ཁུར་རྒྱུ་མིན་པར་ཁྲིམས་ཆད་ཁུར་རྒྱུའི་གྲྭ་སྒྲིག་བྱས་ནས་སྒུག་བསྡད་ཡོད། ༧།༦།༡༢
དཔའ་བོ་ཁྱོད་ལ་ངས་གུས་འདུད་ཞུ།
ཕོ་ཁྱོ་ག
ལ་ངས་གུས་འདུད་ཞུ།
ངས་གུས་འདུད་ཞུ།
བློས་གཏོང་ལ་དཔག་པའི་གྲུབ་འབྲས་སྨིན་པར་ཤོག་ཅིག། ཆོད་སེམས་ལ་དཔག་པའི་དགོས་འདོན་འགྲུབ་པར་ཤོག་ཅིག། ལ་རྒྱ་ལ་དཔག་པའི་རང་དབང་དུ་རྒྱུ་བར་ཤོག་ཅིག། སྙིང་སྟོབས་ལ་དཔག་པའི་བསམ་དོན་དེ་འགྲུབ་པར་ཤོག་ཅིག།། །ཆོད་སེམས་དྲན་ཤེས་ལྕགས་ཀྱིས་རྟ་ཕོ་རྒྱུ་ལམ་ནས། སྤྱི་དོན་མཐའ་མེད་བྱང་ཐང་སྟོང་པ་བརྟོལ་གྱུར་ཅིག། རང་འདོད་བྲལ་བའི་གསེར་དངུལ་སྲབ་གྱི་ཁ་བསྒྱུར་ནས། རང་དབང་བརྩོད་པའི་བདེན་དོན་འགྱོགས་དར་ལོན་པར་སྨོན།
རྣམ་པ་ཚོ་ཁ་བརྡ་ནང་ལ་རྩོམ་ཡིག་སྤེལ་བ་ལ་ཇི་ལྟར་བྱེད་དགོས་རེད་གཅིག་གསུང་རོགས་གྱིས་དང་།
རྩམ་ཕྲུག་ལགས། གཤམ་གསལ་ཁ་བྱང་བརྒྱུད་ནས་གཏོང་དགོས་ས་རེད།
ཁ་བརྡ་ལ་འབྲེལ་བ་བྱེད་པ།
ཁ་བརྡའི་ཐོག་རྩོམ་ཡིག་སྤེལ་འདོད་ཡོད་མཁན་ཚོས་གཤམ་གསལ་གྱི་གློག་འཕྲིན་ཁ་བྱང་ཐོག་རྩོམ་ཡིག་བསྐུར་ཆོག
མཆན། གློག་འཕྲིན་ཁ་བྱང་ངོ་མའི་ནང་ (at) ལ་ dorje@hotmail.com ཞེས་པ་ནང་བཞིན་འབྲི་རོགས་གནང་།
ཁ་བརྡའི་རྩོམ་སྒྲིག་པ།
Khabdha(at)gmail.com
ཁྱེད་ཕྱིར་ལོག་བྱས་ན་རྒྱ་ངན་གྱི་རྒྱལ་དར་དམར་པོ་དེ་རང་འཇགས་སུ་ཁྱེར་མི་ཡོང་བའི་རེ་བ་ཞུ།
ཁྱེད་རང་བཙན་གྲོལ་ཐོབ་རྗེས་སུ་ཅི་ཞིག་འདོད་པ་ཡིན་ནམ། འདི་ནི་ཐག་གཅོད་དཀའ་བའི་དོན་གནས་ཤིག་ལོས་ཡིན།
གླིང་ཚ་ལགས། བོད་ལ་ཕེབས་པ་ཡིན་ན་ཆབ་སྲིད་བཙོན་མ་ཞིག་གི་ཇེ་མང་གཏོང་བ་ལས་གཞན་གང་ཡང་བསྒྲུབ་པའི་ནུས་བ་ཡོད་མི་སྲིད། ཕྱིར་རྒྱ་གར་དུ་ལོག་ནས་རང་དབང་ལུང་པའི་ནང་དུ་ཐབས་ཤེས་གང་ཡོད་ཀྱིས་ལས་འགུལ་སྤེལ་ན་ལེགས།
དེ་རིང་འགྲམ་ས་ཚིག་དུ་བལ་པོ་མཐའ་སྲུང་བ་དང་ཀྲུང་གོའི་མཐའ་སྲུང་བའི་བར་དུ་འཁྲུག་འཛིང་ཡག་པོ་ཤོར་འདུག། འཁྲུག་འཛིང་ཤོར་དོན་ནི་བལ་པོའི་ཁ་ལོ་བ་གཉིས་ལ་ཆོག་མཆན་ཡོད་བཞིན་དུ་ཡར་འགྲམ་གོང་དུ་ཅ་དངོས་དབོར་ནས་འགྲོ་སྐབས་ཀྲུང་གོའི་དམག་མིའི་འགྲོ་ཆོག་པའི་ཆོག་མཆན་ཡོད་པས་ཟེར་ནས་འདྲི་བརྩད་བྱེད་སྐབས་བལ་མི་ཡིས་ང་ལ་ཆོག་མཆན་ཡོད་པ་མ་ཟད་ང་ཚོར་ལངས་ཕྱོགས་གཅིག་པ་ཡིན་པ་བརྗོད་ན་ཡང། ཀྲུང་གོའི་དམག་མིའི་ལངས་ཕྱོགས་གཅིག་མ་རེད། ཁྱེད་ཚོ་ནི་ང་ཚོའི་བཀའ་ཉོན་ནས་ལས་ཀ་བྱེད་མཁན་ཞིག་ཡིན་པ་ལས་ང་ཚོར་བཀོད་པ་གཏོང་བའི་ཐོབ་ཐང་ཡོད་མ་རེད་ཟེར་འདུག། མ་ཚད་ཁ་ལོ་བ་གཉིས་བཟུང་ནས་ཉིན་དྲུག་ཐམས་པ་བཀག་ཉར་བྱས་ནས་ཉེས་རྡུང་སྡུག་པོ་དེ་འདྲ་གཏོང་ནས་བལ་གཞུང་ལ་ཚུར་བརྩིས་སྤྲོད་བྱས་འདུག། ཡིན་ན་ཡང་འགྲམ་པ་བལ་པོ་མི་མང་དང་མཐའ་སྲུང་བས་ཀྲུང་གོའི་ཧམ་སེམས་འཚམ་འཇོག་བྱོས། ད་ནས་ཀྲུང་གོའི་བཀའ་ང་ཚོའི་བརྩི་ཡི་མིན་ང་ཚོའི་མིར་ཉེས་རྡུང་བྱས་པ་དེར་་གུན་སབ་མ་སྤྲད་ན་མི་འགྲིགས་ཅེས་ཟེར་ནས་ད་ལྟར་འཁྲུག་པ་ཤོར་བཞིན་པ་རེད་འདུག། བལ་པོ་ངོ་རྒོལ་བ་མི་གྲངས་ལྔ་སྟོང་ཡར་མས་ཞིག་འདུ་འཛོམ་བྱས་འདུག། གནས་ཚུལ་ཁུངས་བཙན་ཡིན།
ཁོང་ཚོས་བཤད་པ་ལྟར་ལག་ལེན་ལ་འཁེལ་ན་ང་ལ་མཚོན་ན་དགའ་འོས་པ་ཞིག་རེད། རྒྱ་གཞུང་གི་སྡུག་རྩུབ་འོག་ཏུ་སོང་ན་ཁྱེད་ཀྱི་སེམས་ཤུགས་ཇི་ལྟར་ཆེ་ཡང་སེམས་ཤུགས་ཙམ་ལས་ཕྱིར་མངོན་མི་ཐུབ་ཅིང་ནོར་བུ་སྐྱག་པས་བཏུམ་པ་བཞིན་རྒྱ་འདྲེའི་གསང་རྒྱ་དམ་པོ་དང་སྡུག་རྩུབ་དྲག་པོའི་འོག་ཏུ་ཐིམ་རྒྱུ་ཉག་གཅིག་ལས་ང་ཚོས་མཐོང་ཡུལ་ནས་བོར་འགྲོ་ལ་རྒྱལ་གཅེས་གཞུང་དང་ཚོགས་སྡེ་ཟེར་བ་སྐད་གྲགས་ཆེ་ཡང་འུར་ཙམ་ལས་ནུས་པ་ཐོན་རྒྱུ་དཀའ། དེ་ལས་ཁྱེད་ཉིད་ཕྱིར་མངོན་སྟེ་བརྩེ་བའི་ཨ་མར་སེམས་གསོ་དང་ཤ་ནས་ཆད་པའི་ཕྲུ་གུར་བྱམས་སྐྱོངས། དེ་བཞིན་ལས་ཀྱིས་བསྐོས་པའི་གཏན་གྲོགས་དང་ལྷན་དུ་ཉིན་གཅིག་ལྷོད་བཞུགས་ཀྱིས་སྟབས་བདེའི་ཟས་ལ་རོལ་ཞིང་དཀའ་སྡུག་གི་བྱུང་བ་ཐེངས་གཅིག་གླེང་ན་ཅི་མ་རུང་། བོད་དོན་མུ་མཐུད་གནས་ཀྱི་རེད་ལ་ཁྱེད་ཀྱིས་ལས་འགུལ་སྤེལ་སའི་ཁོར་ཡུག་ལ་རྫོགས་མཐའ་མེད། འདི་ནི་སེམས་གཏིང་གི་བསམ་ཚུལ་ཙམ་ཡིན།
ཁོང་ཚོས་བཤད་པ་ལྟར་ལག་ལེན་ལ་འཁེལ་ན་ང་ལ་མཚོན་ན་དགའ་འོས་པ་ཞིག་རེད། རྒྱ་གཞུང་གི་སྡུག་རྩུབ་འོག་ཏུ་སོང་ན་ཁྱེད་ཀྱི་སེམས་ཤུགས་ཇི་ལྟར་ཆེ་ཡང་སེམས་ཤུགས་ཙམ་ལས་ཕྱིར་མངོན་མི་ཐུབ་ཅིང་ནོར་བུ་སྐྱག་པས་བཏུམ་པ་བཞིན་རྒྱ་འདྲེའི་གསང་རྒྱ་དམ་པོ་དང་སྡུག་རྩུབ་དྲག་པོའི་འོག་ཏུ་ཐིམ་རྒྱུ་ཉག་གཅིག་ལས་ང་ཚོས་མཐོང་ཡུལ་ནས་བོར་འགྲོ་ལ་རྒྱལ་གཅེས་གཞུང་དང་ཚོགས་སྡེ་ཟེར་བ་སྐད་གྲགས་ཆེ་ཡང་འུར་ཙམ་ལས་ནུས་པ་ཐོན་རྒྱུ་དཀའ། དེ་ལས་ཁྱེད་ཉིད་ཕྱིར་མངོན་སྟེ་བརྩེ་བའི་ཨ་མར་སེམས་གསོ་དང་ཤ་ནས་ཆད་པའི་ཕྲུ་གུར་བྱམས་སྐྱོངས། དེ་བཞིན་ལས་ཀྱིས་བསྐོས་པའི་གཏན་གྲོགས་དང་ལྷན་དུ་ཉིན་གཅིག་ལྷོད་བཞུགས་ཀྱིས་སྟབས་བདེའི་ཟས་ལ་རོལ་ཞིང་དཀའ་སྡུག་གི་བྱུང་བ་ཐེངས་གཅིག་གླེང་ན་ཅི་མ་རུང་། བོད་དོན་མུ་མཐུད་གནས་ཀྱི་རེད་ལ་ཁྱེད་ཀྱིས་ལས་འགུལ་སྤེལ་སའི་ཁོར་ཡུག་ལ་རྫོགས་མཐའ་མེད། འདི་ནི་སེམས་གཏིང་གི་བསམ་ཚུལ་ཙམ་ཡིན། ཁ་བྲོ་བཀྲིས།
གོ་ཐོས་ལྟར་ན་གླིང་ཚ་འདི་བལ་གཞུང་གིས་ཕྱིར་བོད་དུ་ལོག་མི་འཇུག་པ་ཙམ་མ་ཟད་རྒྱ་གཞུང་གིས་ཀྱང་ཡོང་མི་འཇུག་རྒྱུ་གསལ་པོ་རེད། བལ་གཞུང་གིས་ཀྱང་རྒྱ་དམར་གྱི་ངོ་སྲུང་དགོས་པར་བརྟེན་སྤྲེལ་རྔ་གཡུག་རྐྱང་བྱས་ཀྱང་། ད་ལྟའི་ཆར་རྒྱ་དམར་གྱི་ཆ་སྲིད་ཀྱི་ལངས་ཕྱོགས་བརྟན་པོ་མེད་ཁར་འདི་འདྲའི་རིགས་ཀྱི་དཔའ་རྒོད་གཅིག་བོད་ཀྱི་ས་ཐོག་ཏུ་འབྱོར་སོང་ནའང་རང་བཞིན་གྱིས་ཞེད་སྣང་ཞིག་སྐྱེས་བཞིན་པ་རེད། དེས་གླིང་ཚ་བོད་ཀྱི་ཕྱོགས་སུ་འགྲོ་རྒྱུའི་སྒོ་ཧ་ལམ་ཁེགས་ཟིན་པ་ལྟ་བུ་རེད། ད་ང་ཚོ་ལ་སེམས་ཁྲལ་ཆེ་ཤོས་དེ་གླིང་ཚ་ཁོ་རང་གི་དམིགས་ཡུལ་དེ་འགྲུབ་པ་ལ་སྒོ་གང་ས་ནས་འགག་སྟེ་འགྲུབ་མ་ཐུབ་ན་ད་ཅི་ཞིག་བྱེད་བསམ་པ་འདི་རེད། ཕྱིར་རྒྱ་གར་དུ་ལོག་ཀྱང་ཡང་བསྐྱར་འགྲོ་ངེས་པ་རེད། ཡང་བསྐྱར་སོང་ནའང་བལ་ཡུལ་ལྟ་བུའི་ལག་ཏུ་ཤོར་ན་ཡང་བསྐྱར་བཀག་ཉལ་བྱས་མཐར་ཕྱི་མི་ཞིབ་གཤེར་ཁང་ལ་རྩིས་སྤྲོད་ཀྱིས་ལག་འཁྱེར་མེད་པའི་ཉེས་མིང་གི་འོག་ནས་དངུལ་གྱི་ཉེས་ཆད་གཅོད་རྒྱུ་ཐག་ཆོད་རེད། དེ་མ་ཁུར་ན་དངུལ་གྱི་རིན་ལ་བཙོན་ཁང་ནས་དུས་ཚོད་བསྐྱེལ་དགོས་འབྱུང་རྒྱུ་ཡིན་པ་ཐག་གིས་ཆོད་འདུག
དར་དམར་དང་རྒྱང་ཐག་རིང་ན་གླིང་ཚ་ལ་ཕན་ཐོག་ཆེ་བ་སྣང། རྒྱུ་མཚན་ནི་སྤྱི་ཚོགས་སུ་མི་འདོད་པའི་རྣམ་འགྱུར་སྟོན་མཁན་ཉུང་ཉུང་ཞིག་རེད་མི་འདུག། མ་ཚད་གཞིས་བསྡོད་བོད་པས་གླིང་ཚའི་ཞི་བགྲོད་དེ་ཡག་སྡུག་ཐེ་ཚོམ་གྱི་ངང་དུ་གནས་ཡོད་ཟེར་བའི་མི་མང་པོ་འདུག། གལ་སྲིད་མུ་མཐུད་ནས་དར་དམར་ཕྱར་སྟེ་ཞི་བགྲོད་བྱས་ན་སྒེར་ལ་དཀའ་ངལ་ཞིག་ལས། བཙན་བྱོལ་བོད་པའི་ངོ་ཚབ་བྱེད་ཐུབ་མིན་དེ་ཡང་ཐེ་ཚོམ་དུ་གྱུར་འདུག། ངས་ང་རང་གི་བསམ་ཚུལ་ཙམ་མིན་པ་མི་མང་པོ་ཞིག་བཤད་པ་དངོས་ཤུགས་བརྒྱུད་གསུམ་ནས་མཐོང་ཐོས་བྱུང་བས་འདིར་བཀོད་པ་ཡིན། སྤྱི་གཏོང་བྱས་ན་ཁྱེད་ཀྱི་འདོད་པ་གང་ཡོད་ལས་འདི་བྱ་འདི་བྱེད་གི་བཀོད་པ་གཏོང་བའི་ཐོབ་ཐང་དེ་སུ་ལ་ཡང་ཡོད་མ་རེད། ཡིན་ན་ཡང་འདི་ནི་ངས་བསམ་ཚུལ་ཙམ་ཞིག་ལས་གཞན་མིན་པས་དགོངས་འགལ་མེད་པར་ཞུ།
བུ་རྒོད་ དཔའ་རྒོད་ བློ་རྒོད་རེད།
ཕྱིར་ལ་ཡོང་ན་དགའ་ལེ་རེད།
རྒྱ་མིའི་སྡུག་པོ་གཏོང་ལེ་རེད།
ཁྲིམས་དང་སྲོག་ཉེན་ཆེ་ལེ་རེད།
ང་ཚོ་སེམས་ཁྲལ་ཆེ་རོགས་རེད།
ཕྱིར་ལ་ཡོང་ན་དགའ་ལེ་རེད།
རྒྱ་ཡི་ལག་ཏུ་ཤོར་བ་ན།
ཁ་ཡང་གྲགས་དབང་མེད་ལེ་རེད།
བོད་དོན་ཅི་ལྟར་བྱེད་ལེ་ཡིན།
ཕྱིར་ལ་ཡོང་ན་དགའ་ལེ་རེད།
རང་རྒྱ་གར་ལུང་པ་རེད།
བོད་དོན་སེམསཤུགས་ཆེ་ཆུང་རེད།
ང་ཚོ་ཁྱེད་དང་མཉམ་དུ་ཡོད།
ཕྱིར་ལ་ཡོང་ན་དགའ་ལེ་རེད།
ཁྱེད་རང་འདྲ་བོ་མཁོ་ལེ་རེད།
ཁྱེད་རང་འདྲ་བོ་དཀོན་ལེ་རེད།
ཁྱེད་རང་ང་ཡི་སེམས་ན་ཡོད།
ཕྱིར་ལ་ཡོང་ན་དགའ་ལེ་རེད།
གཅེས་ཕྲུག་གཉིས་ཀྱིས་སྒུག་ན་འདུག
གཅེས་པའི་མིག་ཟུང་འཁྲེང་ནས་འདུག
ལན་གཅིག་ཐུག་ན་མི་འདོད་དམ།
ཕྱིར་ལ་ཡོང་ན་དགའ་ལེ་རེད།
བོད་དོན་བྱས་པ་དགའ་ནས་ཡོད།
བྱེད་རྒྱུ་མང་པོ་ལྷག་ནས་ཡོད།
ཐབས་དང་ཤེས་རྒྱ་བསྐྱེད་དགོས་ཡོད།
ཕྱིར་ལ་ཡོང་ན་དགའ་ལེ་རེད།
བོད་པའི་ཞི་བས་གོམ་བགྲོད་པ།
གླིང་ཚ་ཚེ་བརྟན་རྡོ་རྗེ་ལགས།
སྐུ་གཟུགས་བདེ་ཐང་ཡོང་བར་སྨོན།