དྲ་གྲོགས་ལྷ་ཀླུ་གཉན་གསུམ་གྱིས་ང་ཡི་“སྙན་རྩོམ” ཡིན་ན་ཞིག་ཀློག་འདོད་ཡོད་ཟེར་གི ངས་འོག་ཏུ་བྲིས་པ་འདི་ “སྙན་རྩོམ”ཡིན་ མིན་མི་ཤེས། གོང་གི་ཤོ་ལོ་ཀའི་ཚིག་རྐྱང་དེ་དག་གྲངས་ཀ་མང་ཉུང་ཏག་ཏག་ཡོང་བར་གཟབ་གཟབ་བྱས་ ཁུལ་བྱས་ཀྱང་ཚིག་རྐྱང་གཅིག་གི་གྲངས་ཚད་ལ་མང་ཉུང་ཤོར་ཐལ། ཇོ་རིན་པོ་ཆེ། ལྷ་ཀླུ་གཉན་གསུམ་ཁྱེད་ཀྱིས་དེ་གཅིག་པོ་ལ་འཛུབ་མོ་བཙུགས་ནས་ངས་བྲིས་བ་དེ་ སྙན་རྩོམ་མ་རེད་ཟེར་ན་མི་འགྲིགས། དེར་བརྟེན་འདི་ལ་བཀག་རྒྱ་མེད་པའི་འབྲི་རྩོམ་ཟེར་ན་གང་འདྲ་འདུག
མ་ཡུམ་ལགས།
ནུབ་ཕྱོགས་ཡུལ་དུ་འགྲུམ་དུས།།
འཛུམ་པའི་བསུ་མ་མིན་འདུག།
འཇམ་པ་ཨ་མའི་བྱམས་སྐྱོང་།།
ཡིད་ལ་ལྷང་ལྷང་དྲན་སོང་།།
ཕྱི་གླིང་ནུའུ་ཡོག་གྲོང་དུ།།
མི་གཡོག་རྒྱུགས་ཀྱིན་རྒྱུགས་ཀྱིན།།
ཚེ་འདི་བསྐྱེལ་པ་ཡིན་ན།།
མི་ཚེའི་སྙིང་པོ་འགྲུབ་ཨང་།།
ཉིན་མཚན་བྲེལ་བའི་དེད་ནས།།
མི་ངོ་སྲུང་གིས་སྡོད་ཀྱིན།།
ཚེ་འདི་རྫོགས་པ་ཡིན་ན།།
ཇོ་རིན་པོ་ཆེ། དཔེར་སྲེག་ས་རེད།།
ཕྱི་སྐད་ཤུགས་ཀྱིས་བརྒྱབ་ནས།།
རང་སྐད་ཟུར་དུ་ལོས་སོང་།།
རང་བྱུང་ཨ་མའི་བོད་སྐད།།
བཤད་དཀའ་རྟོགས་ཀྱང་དཀའ་སོང་།།
ཨ་མའི་ཞལ་འདོན་ནང་གི།
ནུབ་ཕྱོགས་བདེ་བ་ཅན་ཞེས།།
སྔ་དགོང་སྐྱོར་པའི་ཡུལ་དེ།།
གངས་ཅན་བོད་དེ་མིན་ནམ།།
ཨ་མ་བརྩེ་བའི་སྐྱེད་མ།།
ས་མཐར་སྐྱིད་རྒྱུ་མིན་འདུག།
ང་ཡི་གདུང་བའི་ཚིག་ལ།།
གསོན་ནས་ལོག་ཤོག་གསུངས་རོགས།།
མེ་སྒྱོགས་རྒྱ་མཚོས་མགུར་དབྱངས་ཀྱི་སྒོམ་རིམ་གསུམ་པའི་སྐས་འཛེག་བཅུ་གསུམ་པའི་རི་རྩེ་ནས།
དྲ་གྲོགས་མེ་སྒྱོགས་རྒྱ་མཚོ་ལགས། འདིའི་མིང་ལ་སྙན་ངག་ཟེར་ནི་མ་རེད། བརྩོག་ངག་ཟེར་ནི་རེད། ངས་ཁྱོད་ལ་ངོ་མ་བཤད་ནི་ཡིན། དོལ་ཤུལ་རྒྱ་མཚོ་ལས་ཀྱང་སྡུག་ཅིག་མ་རེད་ན་དཀོན་མཆོག་གསུམ། སྤོ་མ་ལངས་ཨ། ཁྱེད་རང་གིས་ཀྱང་ང་ལ་བདེན་པའི་གནས་ལུགས་ཅི་ཞིག་བཤད་ཀྱང་ཆོག ང་ཚོ་ནང་ཚགས་རེད་པ།
ཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧ
ང་དངོས་ནས་བགད་མོ་ཤོར་ནས་བསྡད་པ་ཡིན། དངོས་ནས་ཡིན། རྩེད་མོ་བཤད་པ་མིན་ལགས། མེ་སྒྱོགས་རྒྱ་མཚོ།
འབོད་སྐུལ་དང་དུ་བླངས་པ་ཐུགས་རྗེ་ཆེ།།
རྗེས་སོར་ལད་ཟློས་བྱེད་འདོད་ཡོད་ན་ཡང་།།
ཐོག་མར་ཅུང་ཙམ་སྤྱངས་དེ་འདི་རུ་ཤོག།
དེ་མིན་ང་ཡིས་འཕྱ་དམོད་མ་བྱས་ཀྱང་།།
དྲ་གྲོགས་གཞན་གྱིས་འཕྱ་དམོད་བསྲེད་ངེས་ཡིན།།
སེམས་གཏམ་འདི་ཉིད་ཐུགས་སུ་འཛིན་རོགས་ཞུ།།
བོད་ལྷ་ཀླུ་གཉན་གསུམ་ནས།
འདི་དངོས་གནས་སྙན་ངག་རེད་དམ། ངན་ངག་རེད། ཕལ་ཆེར་ཁ་མཚོན་ཆོད་པ་མི་འདུག སྒྱུ་རྩལ་བ་ཞིག་གིས་བྲིས་ཁོ་ཐག་རེད།
ཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧ
ང་དངོས་ནས་བགད་མོ་ཤོར་ནས་བསྡད་པ་ཡིན། དངོས་ནས་ཡིན། རྩེད་མོ་བཤད་པ་མིན་ལགས། མེ་སྒྱོགས་རྒྱ་མཚོ།
འབོད་སྐུལ་དང་དུ་བླངས་པ་ཐུགས་རྗེ་ཆེ།རྗེས་སོར་ལད་ཟློས་བྱེད་འདོད་ཡོད་ན་ཡང་ཐོག་མར་ཅུང་ཙམ་སྤྱངས་དེ་འདི་རུ་ཤོག།དེ་མིན་ང་ཡིས་འཕྱ་དམོད་མ་བྱས་ཀྱང་དྲ་གྲོགས་གཞན་གྱིས་འཕྱ་དམོད་བསྲེད་ངེས་ཡིན།སེམས་གཏམ་འདི་ཉིད་ཐུགས་སུ་འཛིན་རོགས་ཞུ།
བོད་ལྷ་ཀླུ་གཉན་གསུམ་ནས།
མེ་སྒྱོགས་རྒྱ་མཚོ་དང་ལྷ་ཀླུ་གཉེན་གསུམ་གྱི་མིང་དང་སྙན་ངག་གཉིས་ལ་འདྲ་ཆོས་མང་པོ་འདུག བྱས་ཙང་ཁྱོད་གཉིས་ཀྱིས་གཅིག་གི་གཅིག་ལ་མཐོང་ཆུང་དང་དམའ་འབེབས་བྱས་མི་ཆོག
འདོད་ལྷའི་བུ་ལགས།
ངས་འདིར་བྲིས་པའི་ཤོ་ལ་ཀ་འདི་དག་སྙན་ངག་ཏུ་བརྩི་རོགས་གྱིས་ཟེར་འབོད་བསྐུལ་ཞུ་གིན་མེད་ལོ། སྤྱི་བཏང་ནས་སྙན་ངག་ཟེར་བ་འདི་གང་ཟག་གཅིག་གིས་འདི་རེད་ཅེས་འགྲེལ་བཤད་བརྒྱབ་ཐུབ་རྒྱུ་ཞིག་ཡིན་ནམ།
མང་པོ་བཤད་རྒྱུ་ཡོད་ཀྱང་། འདིར་དྲི་བ་གལ་ཆེན་པོ་ཞིག་ཡོད་པ་ནི། ཡིན་གཅིག་མིན་གཉིས་ “སྙན་རྩོམ”ཞིག་ཡིན་ན་ཚིག་འབྲུ་ཡི་གྲངས་ཚད་སྙོམས་དགོས་བསམ་པ་དེར་དགེ་མཚན་གང་ཡོད་དམ།
དཔེར་ན་”ཇོ་རིན་པོ་ཆེ། དཔེར་སྲེག་ས་རེད།།”ཅེས་པའི་ཚབ་ཏུ་ཚིག་འབྲུ་དྲུག་ཅན་ཞིག་ངས་འབྲི་མི་ཐུབ་པའི་དཀའ་ངལ་མེད་། ད་ལྟའི་གནས་སྐབས་སུ་ངའི་ཚོར་བ་མཚོན་བྱེད་དང་གཞན་གྱིས་ཀློག་ཐེངས་གཅིག་ལ་གོ་ཐུབ་པའི་ཚིག་”ཇོ་རིན་པོ་ཆེ། དཔེར་སྲེག་ས་རེད།།”ལྟ་བུའི་ཚིག་འདིས་ངའི་ཚོར་བ་རྣོ་བོ་རྣོ་བོ་རྣོ་བོ་རྣོ་བོ་མཚོན་ཐུབ་པ་ཞིག་ཡིན་པས་དེ་བྲིས་པ་མི་རན་པ་མི་འདུག་སྙམས།
རེད་རེད། ཁྱེད་རང་ནི་བརྗོད་བྱ་ལྐོག་འགྱུར་ཅན་དག་ལ་རྗོད་བྱེད་”སྡེབ་སྦྱོར་”དང་”སྙན་ངག་”སོགས་ཀྱིས་བཅིངས་པའི་ཤིང་ནགས་སྟུག་པོའི་ནང་དུ་མགོ་འཁོར་དྲགས་པ་རེད། ད་སྐབས་ངས་བྲིས་པའི་རྩོམ་ཆོས་ལ་ནི་རྗོད་བྱེད་”སྡེབ་སྦྱོར”་གྱི་ལོ་མས་མ་བསྒྲིབ་པར་རང་གིས་དངོས་སུ་མྱོང་བའི་ཚོར་བ་བརྗོད་བྱར་འཇོག་ཡོད་པར་དེའི་དབང་རྩ་དེ་”སྙན་ངག་”འཁྲི་ཤིང་མས་སྐེ་བསྡོམས་མེད་པས། དབུགས་གཏོང་ན་གཏོང་བདེ་བ་དང་། ལྟ་ན་མཐོང་རྒྱ་ཡངས་པའི་ངའི་རྩོམ་ཆོས་ཀྱི་རྩྭ་ཐང་ཞིག་ཏུ་བསྐྲུན་ཡོད་པས་འདི་རུ་ཕེབས་པར་དགའ་བསུ་ཞུ།
ད་དུང་སྒྲིབ་བྱེད་ཀྱི་ཤིང་ནགས་མིན་འདུག་ཟེར་ན་Amazon གི་ཤིང་ནགས་སྟུག་པའི་ནང་དུ་ལོ་མ་གོན་ནས་འཚོ་བ་བསྐྱེལ་མཁན་ད་དུང་ཡོད་པས་དེ་རུ་ཁྱོད་སྐྱབས་བཅོལ་ཡང་བཅོལ་ཞུ་བ་འགྲོ་ན་འགྲིགས་ཀྱི་རེད།
ཨ་ཁུ་ལྷ་ཀླུ་གཉེན་གསུམ་ལགས།
ཁྱེད་ཀྱིས་འབོད་བསྐུལ་རྫོགས་རྒྱུ་མེད་པ་དེ་ཅི་རེད། ང་ཡིས་བྲིས་པའི་ “སྙན་རྩོམ་”འདི་ལ་སྐྱོན་ཆ་རྩ་བ་ནས་མེད་ཟེར་གྱིན་མེད། སྐྱོན་ཆ་ལ་ཐེར་འདོན་བྱས་ནས་བསམ་ཚུལ་བཤད་ན་ལེགས་ཀྱི་རེད། ཁྱེད་རང་གིས་འདིར་ “ཐོག་མར་ཅུང་ཙམ་སྤྱངས་དེ་འདི་རུ་ཤོག།” ཟེར་བ་ག་རེ་སྦྱོང་ཟེར་གྱི་ཡོད་།
ཟླ་བ་ལགས་ཀྱིས་གསུངས་པ་ལ་བཞིགས་ན་ལྷ་ཀླུ་གཉེན་གསུམ་ཁྱེད་ཀྱིས་ང་ལ་འཕྱ་དམོད་བྱེད་པའི་ཆ་རྐྱེན་འཐོལ་བ་ཞིག་མིན་འདུག་བསམ། གཟིགས་དང་”མེ་སྒྱོགས་རྒྱ་མཚོ་དང་ལྷ་ཀླུ་གཉེན་གསུམ་གྱི་མིང་དང་སྙན་ངག་གཉིས་ལ་འདྲ་ཆོས་མང་པོ་འདུག “
མེ་སྒྱོགས་རྒྱ་མཚོས་རྩོམ་ཡག་པོ་བྲིས་འདུག ཕལ་ཆེར་ངའི་སེམས་ཁམས་དང་མཐུན་པས་མིན་འགྲོ།
ཇོ་རིན་པོ་ཆེ། དཔེར་སྲེག་ས་རེད།།
ཟེར་བ་སྙན་པའི་ཕུད་དུ་རྩིས་ཆོག ཚིག་དེ་འདྲ་ཅི་ལྟར་ཡིད་པ་དྲན་སོང་། ཕལ་ཆེར་ཐོལ་བྱུང་ཡིན་པ་འདྲ།
མེ་སྒྱོགས་ཟེར་བའི་འདིས་མུ་མཐུད་མེ་སྒྱོགས་འཕེན་ས་རེད། རྩོམ་ཡིག་དེ་འདྲ་ཀློག་འདོད་ཆེན་པོ་ཡོད་པས་གང་ཉིད་ཀྱིས་སྙུག་རྩལ་ངོམས་པར་རང་དབང་ངས་སྤྲད་པ་ཡིན། ཧ་ཧ
ཀེ འདི་དངོས་གནས་སེམས་ལ་འགྲོ་བོ་ཞིག་བྲིས་འདུག་ག སྙན་ངག་ལབ་ན་སྐྱོན་གང་ཡང་མིན་འདུག
ནུའུ་ཡོག་བོད་རིགས་ཚོས་ཞལ་འདོན་དུ་བསྐྱོར་ན་གང་འདྲ་འདུག་ག ཧེ་ཧེ་ཧེ།
ནུབ་ཕྱོགས་ཡུལ་དུ་ཡོངས་པ།
ལྗང་ཁུའི་དོན་དུ་ཡིན་པ།
ཨ་མའི་ཐུགས་བརྩེ་དགོས་ན།
ལྗང་ཁུ་བློས་བཏང་གནང་རོགས།
ཨ་ཕོ་རང་གིས་འཇོན་ན།
ནེའུ་ཡོག་གོ་སྐབས་ཡུལ་རེད།
རང་ངོ་རང་གིས་མཐོང་ས།
ནེའུ་ཡོག་ཤེལ་གྱི་མེ་ལོང་།།
དྲ་གྲོགས་ཟ་ལེ་རྒྱལ་ལགས། ཉིད་ཀྱིས་ད་རེབས་ཀྱང་ང་རང་གིས་འདི་ལ་བསྐྱར་བཅོས་ཤིག་གནང་དེ་དྲ་གྲོགས་ཚང་མར་ཀློག་ཇེ་བདེ་བཏང་འདུག་པ་དེ་ནི་བཀའ་དྲིན་ཆེ། རྗེས་ཕྱོགས་ཀྱང་ཐུགས་འཁུར་མུ་མཐུད་དུ་གནོང་རོགས་ཞུ།
ཇོ་མོ་གླང་མའི་སྙན་ལམ་དུ་ཕུལ་བ་འདི་ལྟར།
ནུབ་ཕྱོགས་ཡུལ་དུ་ཡོང་སྟེ།།
ལྗང་ཁུ་གསོག་དུ་ཡོང་བར།།
ཇོ་མོ་གླང་རྒན་ཁྱོད་ཀྱིས།།
གཉིད་ལམ་གཏོང་བར་ཤོག་ཅིག།
ཨ་ཕོ་རང་གིས་འཇོན་ནས།།
ནུའུ་ཡོག་གྲོང་དུ་སླེབས་ཡོད།།
ཕྱི་ལུགས་རིག་པའི་གཞུང་གི།
དྲོ་བ་མྱོང་གིན་སྡོད་ཡོད།།
ནམ་ཞིག་བདེན་པའི་ཉི་མ།།
གངས་རིའི་ལྗོངས་སུ་འཆར་དུས།།
ཨ་ཕོ་རྟ་རྒྱུགས་འཐེན་ནས།།
མ་ཡུམ་མཇལ་བ་འགྲོ་ལེ།།
ཁྱེད་ཚོ་ཁ་བརྡ་བྱེད་མཁན་ཚོས་སྨྱུ་གུའི་མདུང་རྩེ་དེ་བོད་མི་ནང་ཁུལ་ལ་མ་གཏད་པར་རྒྱ་མི་གཞུང་དང་བོད་དང་རྒྱ་ནག་ནང་བོད་ཀྱི་སྐོར་ལོག་བཤད་བྱེད་མཁན་ཚོ་ལ་གཏད་ན་མི་ལེགས་སམ། ཁྱེད་ཚོའི་ཁྲ་ཆུང་མིག་གིས་མ་མཐོང་རུང་དར་ལུང་རྣ་བས་ཐོས་ཡོད་ངེས་རེད། ཉེ་ཆར་རག་སྡེས་བོད་ཞི་བས་བཅིངས་གྲོལ་བཏང་ནས་ལོ་ལྔ་བཅུ་འཁོར་བར་རྟེན་འབྲེལ་ཞུ་ཟེར་བའི་རྩོམ་ཡིག་དེ་མཐོང་ཨེ་སོང༌། དེ་ནང་ག་རེ་བྲིས་འདུག དངོས་གནས་ང་ཚོས་བཟོད་པ་ཨེ་འདུག ཁ་བརྡ་བྱེད་ན་དེ་ཚོའི་སྐོར་བྱོས། ཁྱེད་ཀྱི་ཁ་དང་ང་ཡི་སྣ་ཟེར་ནས་རྩོད་པ་རྒྱག་མ་སྡོད། བོད་རང་བཙན་ག་འདྲས་བྱས་ནས་ཤོར་བ་རེད། ཨེ་ཤེས། རྒྱ་ནག་གཞུང་གི་འབྲེལ་ཡོད་ཚོས་བོད་ཡིག་ཐོག་གོང་ས་མཆོག་ལ་མཚན་སྨད་དང་རང་རེའི་གནའ་བོའི་མེས་པོ་ཚོ་ཆེས་གདུག་རྩུབ་དང་ཆེས་ཡ་ང་སྙིང་རྗེ་མེད་མཁན་ཆེས་མ་རབས་ཐ་ཤལ་ཤིག་ཡིན་པར་གསལ་བསྒྲགས་ཉིན་མཚན་ཀུན་ཏུ་བྱེད་བཞིན་པ་དེར་ང་ཚོས་ལན་འདེབས་དགོས་པའི་དུས་ལ་སླེབས་པར་མ་ཟད་ཕྱིས་དྲག་འདུག ཁ་བརྡའི་དྲ་རྒྱའི་འགོ་བྱེད་ཚོས་ཁ་བརྡའི་ཁ་ཕྱོགས་དེ་བོད་ནང་དུ་དང་རྒྱ་ནག་ནང་དུ་ཕྱོགས་དགོས་སོ༎
མེ་སྒྱོགས་ལགས།
འདི་ནི་རྨི་ལམ་མ་ཡིན།།
དངོས་ཡོད་འཚོ་བའི་རང་མཚང།།
ནེའུ་ཡོག་མི་གཡོག་རྒྱུགས་པ།
རྣམ་དཀར་དགེ་ཆེད་མ་ཡིན།།
ནེའུ་ཡོག་སླེབས་པ་ཙམ་ཞིག
ཁྱོད་ཀྱི་འཇོན་ཐང་མ་ཡིན།།
གལ་ཏེ་འཇོན་ཐང་ཡོད་ན།།
སྡུག་སྐད་བཏོན་གིན་མ་སྡོད།
བདེན་པའི་ཉི་མ་འཆར་ངས།
ཁྱོད་ཀྱི་མ་ཡུམ་མཇལ་ངེས།།
རྟ་རྒྱུགས་འཐེན་ནས་འགྲོ་བ།།
ཁྱོད་ཀྱི་གཉིད་ལམ་ཁོ་ན།།
དོན་འགྲུབ་ལགས།
ཁྱེད་རང་གིས་གསུངས་བ་་་་་་་ཉེ་ཆར་རག་སྡེས་བོད་ཞི་བས་བཅིངས་གྲོལ་བཏང་ནས་ལོ་ལྔ་བཅུ་འཁོར་བར་རྟེན་འབྲེལ་ཞུ་ཟེར་བའི་རྩོམ་ཡིག་དེ་མཐོང་ཨེ་སོང༌།་་་་་་་ཁྱེད་རང་གིས་དེབ་དེའི་ནང་གང་བྲིས་ཡོད་པ་གཟིགས་སོང་ངམ།
བདེ་ཆེན་ཞིང་གི་སྣེ་མོར།།
ཆགས་པའི་ནུའུ་ཡོག་གྲོང་དུ།།
ཚེ་འདིར་སླེབས་པར་ཙམ་གྱིས།།
བསོད་བདེ་མིན་ན་གང་ཡིན།། (རྩེད་མོ་བྱས)
སྐྱིད་ན་སྐྱིད་གླུ་ལེན་པ།།
སྡུག་ན་སྡུག་གླུ་ལེན་པ།།
ཨ་ཕོ་ངུ་དགོད་ཕོད་པ།།
ལྷན་སྐྱེས་འགྲོ་བའི་གཤིས་ཡིན།།
བདེན་པའི་ཉི་མའི་ཟེར་གྱིས།།
དགྲ་བོའི་སྨག་རུམ་གཏོར་དུས།།
ཨ་ཕོས་ཀི་ཧི་ཟེར་ནས།།
གངས་རིའི་ལྗོངས་སུ་མཆི་ལེ། (དངོས་གནས་བྱས)
ཨོའོ། གོང་གི་དེ་ཇོ་མོ་གླང་མའི་ལན་དུ་ཕུལ་བ་ཡིན་ནོ།།
སྐྱིད་སྡུག་ཁོག་ཏུ་གཤོང་བ་།
བོད་ཀྱི་དཔའ་མཛངས་རིགས་བརྒྱུད།།
སྐྱིད་སྡུག་སྡུག་ཡུས་འདོན་པ།།
ཨ་མའི་ལང་ཤོར་བུ་ཆུང་།
བདེན་པའི་ཉི་མའི་དཀྱིལ་འཁོར།།
མགྱོགས་ཙམ་ཤར་རོགས་གནང་དང་།།
བོད་ཕྲུག་སྙིང་རྗེར་འོས་པ།།
ཨ་མའི་པང་དུ་སློག་རོགས
སྐྱིད་སྡུག་ཁོག་ཏུ་གཤོང་བ་།
བོད་ཀྱི་དཔའ་མཛངས་རིགས་བརྒྱུད།།
སྐྱིད་སྡུག་སྡུག་ཡུས་འདོན་པ།།
ཨ་མའི་ལང་ཤོར་བུ་ཆུང་།
བདེན་པའི་ཉི་མའི་དཀྱིལ་འཁོར།།
མགྱོགས་ཙམ་ཤར་རོགས་གནང་དང་།།
བོད་ཕྲུག་སྙིང་རྗེར་འོས་པ།།
ཨ་མའི་པང་དུ་སློག་རོགས
ཇོ་མོ་གླང་མ་ལ་ཕུལ་ལོ།། ཡིན་གོ་ལོ། གཅིག་གཅིག་མ་མ་གཉིས་གཉིས་ཀོ་ཀོ་ཡིན་གོ་ལོ།
གླུ་ཨ་ལ་ཨ་ལ་ཨ་ལ་རེད།།
ཨ་ལ་ཨ་རིའི་ལེན་ལུགས་རེད།།
ས་འདི་ས་ངོ་མ་ཤེས་ན།།
ནུའུ་ཡོག་འཛམ་གླིང་རྒྱལ་ས་རེད།།
ང་འདྲ་ང་ངོ་མ་ཤེས།།
ང་ཁྲོ་ཐུང་དཔོན་གྱི་བརྒྱུད་པ་རེད།།
ད་དེ་རིང་དུས་ཀྱི་ཉིན་མོ་ནས།།
གངས་སེང་དམག་གཡུ་རལ་ངོམ་བཞིན་དུ།།
ཤར་རྒྱ་རྒན་ནག་པོའི་དཔུང་ཚོགས་དེ།།
དུས་སྐད་ཅིག་ཉིད་ལ་བཅོམ་དུ་འགྲོ། (རྩེད་མོ་རྫོ I need to go to Chinatown this evening. འཛིང་ཐབས་རྩ་བ་ནས་མེད་གི)
ང་ནི:
སྦས་གསང་བྱ་དགོས་མེད་པ།།
སྐྱིད་སྡུག་སྙིང་ལ་འཁོར་ཚད།།
ཁ་ནས་འབྲུག་ལྟར་ལྡིར་བ།།
ཁྲོ་ཐུང་བུ་ཡི་གཤིས་ཀ།
ཁྱེད:
རི་ཇོ་མོ་གླང་མའི་དབུ་རྩེ་རུ།།
རྒྱ་དམར་པོས་ཁྲག་དར་བཙུགས་པ་ལ།།
ཁྱེད་སྙུང་གཞི་ཐེབས་པའི་འཕྲུལ་གཏམ་དེ།།
ངའི་རྣ་བའི་དཀྱིལ་དུ་མ་གཡུག་རོགས།།
ངའི་གདོང་དམར་བོད་ཀྱིས་མི་རབས་ནས།།
ཁྱོད་འདྲ་བའི་རི་ལྷ་གཉེན་སོགས་ལ།།
བསང་རྩམ་དཀར་ཕུལ་ནས་བསོ་བསོ་ཡང་།།
ད་དགོས་དུས་མེད་ན་ཁྱི་སྐྱག་རེད།།
ང་ནི་མའ་ཆོ་(macho)་མིན་པས།།
སྐྱིད་ན་གླུ་དབྱངས་ལེན་ལེ།།
སྡུག་ན་ངུ་སྐད་ཤོར་ལེ།།
ཨ་མའི་གནང་པའི་ཚོར་བ།།
ལམ་སེང་ཕྱི་རུ་བཤམས་ལེ།།
དྲ་གྲོགས་དོན་འགྲུབ་ལགས། སྐུ་ཉིད་ཀྱིས་རེག་སྡེས་ཀྱི་རྩོམ་ཡིག་དེ་མཐོང་ཡོད་དམ། ཡང་ན་ཁྱེད་རང་གི་ལག་དུ་རེག་གི་ཡོད་དམ། དེ་འདྲ་ཡིན་ན་ནི་སྐུ་ཉིད་ཀྱིས་དྲ་གྲོགས་ཚོས་མིག་ལམ་དུ་འཁུར་ཡོང་ཐུབ་ཀྱི་ཡོད་དམ། ད་གཟོད་ངེད་ཅག་གིས་རྩོམ་ཡིག་དེ་ཀློག་ནས་ད་གཟོད་སྐད་ཆ་གང་ཞིག་ལ་ལན་འདེབས་དགོས་ཀྱི་འདུག་གཞི་ནས་ཐག་གཅོད་བྱས་ན་མ་རེད་དམ། སྐུ་ཉིད་ལ་དཀའ་ཚེགས་རེད་དེ། ང་ཚོ་དངོས་ནས་རྩོམ་ཡིག་དེ་ཀློག་འདོད་འདུག་པ་གཅིག་བུ་མ་ཡིན་པར་རང་རང་གི་གང་ཤེས་པའི་ལན་རེ་ཡང་ལོག་འདོད་འདུག
ངོ་མ་སྐྱག་ཟན་ཟེར་ན་དེ་འདྲ་ཞིག་ཡིན་པ་འདྲ། ཨ་ལ་ལ་ལ་
ཁྱོད་མགོ་ནག་མི་ཡི་མ་འཇོན་པར།།
ཁ་ལྷ་ཀླུར་འཕངས་པ་ཁྲེལ་བགད་རྒྱུ།།
ཁྱེད་ཁྲོ་ཐུང་བུ་བརྒྱུད་ཡིད་ལ་བཟུང་།
ལྷ་གེ་སར་ཐུགས་ལ་ཕོག་ཉེན་ཡོད།
ངའི་ཐག་ཉེ་ཤོས་ཀྱི་དྲ་གྲོགས་ཇོ་གླང་རིན་པོ་ཆེའི་སྙན་ལམ་དུ་བརྫངས་པའོ།།
སྲོག་ལྡན་མི་ཡིས་མ་འཇོན་ནས།།
སྲོག་མེད་ལྷ་སྲུང་འབོད་པ་དེ།།
ང་ཁྲོ་ཐུང་བརྒྱུད་པས་བཟོ་བ་མིན།།
འདི་བོད་མིའི་རྣམ་རྟོག་འཁྲུགས་ལས་སྐྱེས།།
ཁྱོད་སེང་ཆེན་གེ་སར་རྒྱལ་པོ་ཡིས།།
ཡུལ་སྟག་གཟི་ལ་སོཊ་ཧོར་སོག་བཅས།།
ལྷ་བླ་མ་འབོད་ཀྱིན་བཅོམ་ན་ཡང་།།
དུས་དེང་སང་གནས་ཆུང་དབང་ཆེ།།
ང་ཁྲོ་ཐུང་དཔོན་གྱི་ཚ་ཕྲུག་གིས།།
བྱང་ཀོ་རིའི་ཁིན་ཇོན་རྒྱལ་པོ་དང་།།
ཚོང་བསྒྲིགས་ནས་མེ་སྒྱོཊ་ནུ་རྡོག་གིས།།
དགྲ་དམར་དམག་མེ་རོའི་རྡུལ་དུ་གཏོར།།
དུས་དེ་ནས་བཟུང་སྟེ་ཇོ་གླང་གིས།།
ཕྱི་དབྱིན་མིང་(Everest)དེ་ཡང་མི་སྤྱོད་པའི།།
ང་ཁྲོ་ཐུང་ཚ་བའི་སྐུ་མདུན་དུ།།
པུས་ལྷ་ང་བཙུགས་ནས་དམ་བཅའ་དགོས།།
ཁྱོད་དཔའ་སྐད་མ་ཐོན་སྡུག་སྐད་ཐོན།།
དེ་ཁྲོ་ཐུང་བརྒྱུད་པ་ཡིན་ན་ཐང།
ཁྱོད་ལག་ལེན་མེད་པའི་ཁ་གཏམ་མང་།།
དེ་ཁྲོ་ཐུང་བརྒྱུད་པ་ཡིན་ན་ཐང་།
ང་ཇོ་མོ་གླང་མ་འགྱིང་ངེར་གནས།
དུས་ནམ་ཡང་བོད་ཀྱི་རང་མདངས་ངོམས།།
ལྷ་ཚེ་རིང་མཆེད་ལྔའི་མགོན་སྐྱབས་ཡོད།།
ཁྱོད་ཁོ་ཐུང་མདུན་ན་ཅི་ལ་ཞུམ།
ཡིག་ནོར
ཁྱོད་ཁྲོ་ཐུང་་་་་་་་་་་་་་
ཇོ་གླང་རིན་པོ་ཆེའི་ཞབས་རིམ་ཚིག་གསུམ་མ་བཞུགས་སོ།།
བོད་ལྷ་ཚེ་རིང་མཆེད་ལྔ་དེ།།
རྒྱ་མིའི་མདའ་ལ་ཞེད་དྲགས་ནས།།
གངས་རིའི་རྩེ་ནས་ཐུར་རྒྱུགས་འཐེན།།
བལ་བོའི་ཡུལ་དུ་བྱོལ་ནས་སོང་།།
སྐབས་དེ་དུས་ཞང་པོ་ཁྲོ་ཐུང་ནི།།
ནུབ་ཨ་རྒྱལ་ཡུལ་དུ་ཚོང་ལ་ཡོད།།
སྐབས་དེ་དུས་ཚ་ཕྲུག་མེ་སྒྱོགས་ནི།།
བྱང་ཤམ་བྷ་ལ་ཡི་གྲོང་དུ་ཡོད།།
ཁྱོད་ཇོ་མོ་གླང་རྒན་ཙོག་གུ་ཡིས།།
རྒྱ་ནག་པོས་ཅི་བཤད་ཅི་ལས་ལ།།
མགོ་སྒུར་ནས་འཇིང་པ་འདར་འགྱུར་ན།།
ངས་ཞེ་གཏིང་ནས་མིག་ལོག་བལྟ་རྒྱུ་ཡིན།།
མོ་རེ། བསོད་ནམས་བདེ་སྐྱིད་།
ཁྱོད་ཀྱིས་”སྐྱག་ཟན་”ཟེར་རྒྱུ་དེ་སུ་ལ་ཟེར་གྱིན་ཡོད་པས???
ཁྱོད་ཁྲོ་ཐུང་གཏམ་ལ་སྙན་ཆ་མེད།
ཁྱོད་ཁྲོ་ཐུང་གཏམ་་གཏད་སོ་མེད།།
ཁྱོད་ཁྲོ་ཐུང་དངོས་སུ་ཐུག་པའི་ཚེ།།
མི་ཆོ་མེད་གཅིག་རང་ཡིན་བཟོ་འདུག
ང་ཇོ་མོ་གླང་མ་ཇི་ལྟར་ཡང་།
འཛམ་གླིང་ཡང་ཐོག་སྟེང་ན་ད་དུང་འགྱིང་།།
ཁྱེད་ཁྲོ་ཐུང་ཕྱི་གླིང་ནེའུ་ཡོག་ཏུ།།
མིགཞན་གྱི་བྲན་དུ་ཟད་པ་ཕངས
ད་དངོས་ནས་འགྲིག་སོང་། རྩོད་པ་མི་དགོས་པ་ཞིག་བྱོས་དུས་ཉིན་མ་གཏོང་བ་ལས། སྐད་ཆ་བཤད་ཞིག་གི་མགོ་བཙུགས་པ་ཡིན་ན་ཡག་ས་རེད། མཚམས་འཇོག་རན་རེད།
གཞན་ཞིག་གིས་
ངས་སྨྱུག་རྩེ་འདི་ལ་བཤམས་པ་དེ།།
བཤམས་པ་ང་རྒྱལ་བསྟན་པ་མིན།།
ངས་ཇོ་གླང་ལ་སོགས་ལྷ་གཉེན་ལ།།
བཤད་པ་ཡང་ངན་སེམས་ཡོད་མ་མིན།།
ཨ་སེ་སྐུ་རྩེད་ཞུས་ཡིན།
འཁྲུངས་ས་ཡོད་པའི་ཨ་ཝ།།
དྲ་རྒྱའི་ནང་གི་དྲ་གྲོགས།།
ཡོད་ན་ཡོད་པ་དགའ་བ།།
ནམ་ཞིག་འཇག་སན་ཧའི་ཀྱི།།
རེ་བ་ཟ་ཁང་ནང་ན།།
དྲ་གྲོག་ཁྱོད་དང་མཇལ་བའི།།
བཀྲ་ཤིས་སྨོན་ལམ་བཏབ་ཡོད
རེ་བའི་ཟ་ཁང་ནང་དུ།།
རེ་བ་བརྒྱབ་ནས་ཕྱིན་ཡོད།།
ཨ་སྲུ་སྒེག་མོའི་ཞལ་ལ།།
མིག་མདའ་འཕེན་རྒྱུ་བྱུང་ཡོད།།
ཤ་ལ་འབུ་ནག་བརྒྱབ་འདྲའི།།
ཨ་སྲུ་སྒེག་མོའི་རྐུབ་ལ།།
བོད་ཏོ་བོང་རྒོད་འདི་ཚོས།།
གཡས་ལྡིང་གཡོན་སྐོར་བརྒྱབ་ཀྱིན།།
རང་ཉིད་ཁ་ཐབས་སྐྱོ་བས།།
རྡོག་བརྫིས་ཐེབས་ཡོང་བསམ་ནས།།
ཁུག་ཀྱོག་བྷིརོང་ཀི་གླིང་དུ།།
སེམས་ཤུགས་ཆགས་ནས་སྡོད་ཡོད།།
ཨ་ཙི་རྩེད་མོ་རྫོ་ལེ།།
བློ་མཐུན་དྲ་གྲོགས་ཁྱེད་དང་།།
རྒྱ་ཇ་མངར་མོ་འཐུང་བཞིན།།
ལ་རྒྱའི་གླེང་མོལ་བསྐོལ་ཆོག།
ཕྲན་རང་འདི་གར་གསར་ཞུགས་པ་ཞིག་ཡིན་སྟབས། ཐེངས་འདིར་དྲ་ཐོག་ཏུ་མཆན་བུ་འགོད་སྟངས་ཚོད་བལྟ་བྱེད་པ་ཙམ་ལས་དམིགས་བསལ་ཞུ་རྒྱུ་གང་ཡང་མེད། རྗེས་མ་མཇལ་ཡོང་།
ནུབ་ཕྱོགས་ཡུལ་དུ་འགྲུམ་དུས་ཞེས་པ་དང༌། རྒྱུགས་ཀྱིན་རྒྱུགས་ཀྱིན། ཉིན་མཚན་བྲེལ་བའི་དེད་ནས།
ད་དུང་ཇོ་རིན་པོ་རིན་པོ་ཆེ། དཔེར་སྲེག་ས་རེད།
རང་སྐད་ཟུར་དུ་ལོས་སོང༌། འདི་དག་གི་དོན་ཡག་པོ་ཞིག་མ་གོ་བས།
མེ་སྒྱོགས་རྒྱ་མཚོ་ནས་གསལ་བཤད་ཅིག་གནང་རོགས།
ཇོ་རིན་པོ་ཆེ། དཔེར་སྲེག་ས་རེད་ཅེས་པའི་དོན་ནི་ཅི་ལྟར་བསམ་ཡང་ཤེས་མ་སོང༌།
ཟླ་གཞོན་ཁྱེད་ཀྱིས་ཡིག་ནོར་འདི་དག་ངའི་དོ་སྣང་ལ་འདྲེན་པ་ཐུགས་རྗེ་ཆེ་ཞུ།
དྲ་གྲོགས་གཞན་པ་ཚོས་གང་ཟག་ལ་སྐྱོན་འཛུགས་པ་དང་གང་ཟག་ཆེ་ཆུང་ལ་བཞིགས་ནས་སྐད་ཆ་ཤོད་པ་མ་གཏོགས་འདིར་རྩོམ་ཆོས་ལ་འདི་རེད་དང་དེ་མ་རེད་ཟེར་མཁན་མིན་འདུག
ཡིག་ནོར་ཡོད་པ་ཏན་ཏན་རེད། འགྲིམ་པ་འམ་འགྲོ་བ། ནུབ་ཕྱོགས་ཡུལ་དུ་འགྲོ་དུས་ཟེར་བ་ལྟ་བུ་ཡིན།
རྒྱུག་གིན་རྒྱུག་གིན་་་་
ཉིན་མཚན་བྲེལ་བས་དེད་་་་་་་་་་་་ཉིན་མཚན་གཉིས་ཀར་རང་ཉིད་བྲེལ་བས་དེད་ནས་་་ཟེར་ཁུལ་རེད།
ཇོ་རིན་པོ་ཆེ་ནི་གནའ་བསྐྱེལ་པ་རེད། དཔེར་བསག་ས་རེད་དང་དཔེར་སྲེག་ས་རེད་གཉིས་གང་འབྲི་ཡང་ཁྱད་པ་མིན་འདུག་སྙམ། དཔེར་སྲེག་པ་ནི་ཚད་གཞི་གཏོར་བ་(break record) ལྟ་བུ་དང་ དཔེར་བསག་པ་ནི་(make an example) ལྟ་བུ།
རེད་རེད། དཔེར་སྲེག་ཟེར་རྒྱུ་ཞིག་ངས་ཀྱང་སྔོན་མ་མཐོང་མ་མྱོང་ལ་ཐོས་ཀྱང་མི་མྱོང་མོད། ངས་འདི་འབྲི་དུས་བསམ་བློ་ཅང་མ་བཏང་ནས་བྲིས་པ་རེད། རྗེས་སུ་ངས་བསམ་བློ་གཏོང་དུས་དཔེར་སྲེག་པ་ཞེས་འབྲི་ན་མི་འགྲིགས་མིན་འདུག་བསམས།
དེ་ནས་”རང་སྐད་ཟུར་དུ་ལུས་སོང་”ཞེས་པ་ལ་ཡང་ཡིག་ནོར་འདུག དེ་མིན་འདི་གོ་བ་ལོན་རྒྱུ་ལ་དཀའ་ངལ་ཅང་མིན་འདུག་སྙམ། དུས་ཚོད་མང་ཆེ་བར་དབྱིན་སྐད་ཤོད་པ་ལས་རང་སྐད་དེ་ཁ་བརྡ་ལྟ་བའི་དྲ་དེབ་ཏུ་འབྲི་ན་མ་གཏོགས་ཤོད་ས་མེད་པ་དེ་དངོས་ཡོད་རེད།
གཙོ་བོ་ངས་འདི་འབྲི་དུས་ཁ་སྐད་གཞི་བཟུང་བྱས་འབྲི་ཁུལ་བྱེད་ཀྱིན་ཡོད།
ད་དུང་ནོར་བ་འདྲ་འདུག་ན་ངའི་དོ་སྣང་ལ་འདྲེན་རོགས་གྱིས། དོ་སྣང་ལ་འདྲེན་པ་ཟེར་རྒྱུ་དེ་ཡང་ཚིག་སྦྱོར་བདེ་བོ་རང་མིན་འདུག དེ་ནི་དབྱིན་སྐད་དུ་ bring it to my attention ཟེར་རྒྱུ་དེ་རེད།
མེ་སྒྱོགས་རྒྱ་མཚོ་ལགས་ནས་གསལ་བཤད་གནང་བར་ཐུགས་རྗེ་ཆེ་ཞུས་པ་ཡིན།
ཕྱིའི་རྒྱལ་ཁབ་ནས་བཞུགས་ཏེ་ད་དུང་བོད་ཡིག་བེད་སྤྱོད་གཏོང་སྙིང་སྤྲོ་བ་ནི་དངོས་ནས་རྗེས་སུ་ཡི་རངས་ཞུ་དགོས་པའི་གནས་རེད།
དྲང་མོར་བཤད་ན་ང་རང་བོད་ཡིག་ཡག་པོ་ཡོད་མཁན་ལ་བརྩི་བཀུར་ཞུ་བ་དང༌། བོད་ཡིག་ལ་དོ་སྣང་ཡོད་མཁན་ལ་དགའ་མཁན་ཞིག་ཡིན། རྒྱུ་མཚན་ནི་མི་འདིའི་རིགས་ཀྱིས་ཁ་ནས་མི་རིགས་དང་རྒྱལ་ཁབ་མ་བཤད་ཀྱང༌། འགྲིག་ས་ཞིག་ན་འགྲིག་ནས་བསྡད་ཡོད་ཅིང༌། འགན་ཞིག་འཁུར་འཁུར་དུ་བཞུགས་ཀྱིན་ཡོད་པས། ང་ཚོའི་གཉན་འཕྲང་ཅན་གྱི་དུས་རབས་འདི་ལ་དགོས་པ་ནི་ལར་ཞེན་ཡོད་མཁན་གྱི་རིགས་འདི་དག་ཡིན་པར་འདོད་པས་སོ།།
དེ་བས།
ཉིད་ཀྱིས་ཀྱང་མུ་མཐུད་དུ་བརྟུན་པ་བསྐྱེད་རོགས།
ད་དུང་བཤད་རྒྱུ་ཞིག་ལ། དཔེ་བསགས་སོང་ཞེས་པར་ལྷ་ས་བས་དཔེ་བསགས་སོང་དང༌། དཔེ་བསག་གི་རེད་ཟེར་བ་དང༌། ཨ་མདོ་བས་འདི་ལ་དཔེ་བཞག་སོང་དང༌། དཔེ་འཇོག་གི་རེད་ཅེས་བེད་སྤྱོད་གཏོང་བ་ལས་དོན་དུ་འདི་གཉིས་གཅིག་ཏུ་མཐོང༌།
ཟླ་བ་གཞོན་ནུ། བཀའ་དྲིན་ཆེ། དཔེ་ལ་རྗེས་འཇུག་ར་ཡོད་དང་མེད་ལ་་ཁྱད་པ་ཅི་ཡོད།
དེ་དང་གཅིག་བྱས། གོང་དུ་ཞུས་པ་ལྟར་དཔེར་སྲེག་ཟེར་རྒྱུ་ཞིག་མཐོང་རྒྱུ་མིན་འདུག་ཀྱང་གལ་སྲིད་དཔེར་དེ་མེ་ལ་བསྲེགས་ནས་མེད་པ་བཟོ་བ་ལ་ཆ་མཚོན་ན་ཚད་གཞི་གཏོར་བ་(breaking record) ལྟ་བུར་གོ་ཐུབ་རྒྱུ་འདུག་པས། དབྱིན་ཡིག་ཏུ་འདི་ figurative ཟེར་རྒྱུ་དེ་དང་བོད་ཡིག་དཔེ་རྒྱན་དང་གཟུགས་རྒྱན་གང་གི་ཁུངས་སུ་གཏོགས་པ་རེད་དམ། དེ་ཞོར་འཕྲོས་ཙམ་ལས་བོད་ཡིག་ཏུ་དཔེར་བཞག་སོང་དང་དཔེར་བསགས་སོང་སོགས་ཡོད་པས་དེར་འཐོར་བ་ཞིག་དགོས་དོན་མི་འདུག
དྲ་གྲོགས་མེ་སྒྱོགས་ལགས་ཀྱིས་བྲིས་པའི་རྩོམ།།
བཀག་རྒྱ་མེད་པ་དངོས་ནས་རེད་འདུག་ལ།།
བཀག་རྒྱ་མེད་པའི་ཁ་བརྡ་དེ་བས་འདུག།
བཀག་རྒྱ་མེད་པའི་བསམ་ཚུལ་དེ་བས་ཡག།
འདི་ལྟར་བོད་ཞེན་བོད་པའི་འཛིན་ལུགས་སོགས།།
ཕན་ཚུན་སེམས་དང་བསམ་པ་བསྲེས་གྱུར་ན།།
རིགས་ཞེན་གཙང་མའི་ལག་བརྡང་དམ་པོའི་ངང་།།
བོད་མིས་བོད་ཡིག་འབྲི་བའི་སྲོལ་བཟང་ཞིག།
རིན་གོང་མཐོ་རུ་འགྲོ་རྒྱུར་གདོན་མི་ཟ།།
དྲྭ་གྲོགས་ཚོ། སེམས་ལ་མི་དྲན་དགུ་དྲན། །ཁ་ནས་མི་ཐོན་དགུ་ཐོན། །སེམས་པ་བསླེབས་སར་ལུས་པོ་མ་བསླེབས། །དོན་མེད་ན་ཟུག་སེམས་ན་ལྡིང། །
སྙིང་རྗེ། ངས་ཁྱོད་ཚོའི་དོན་དུ་མ་ཎི་རེ་འདོན།
དྲ་གྲོགས་ཚོས། དངོས་ནས་ཁ་བརྡའི་བགྲོ་གླེང་ལྷུག་པོ་གནང་གི་ད་དུང་མུ་མཐུས་ནས་ཕེབས་ཤོག་གླེང་གྲུང་བྲིས་ན་འདྲ་བྱི་གྲུང་བྲིས་ན་འདྲ་གང་བྲིས་རང་གི་འདོད་པ་ཡིན། ད་ལྟའི་ང་ཚོའི་བོད་པའི་གནས་སྟངས་ལ་གཟིགས་ནས་རྒྱ་ནག་གི་ཆབ་སྲིད་དང་སྦྱར་ནས་སྙན་རྩོམ་བྲིས་ན་ཧ་ཅང་ལེགས་པར་མཐོང་དྲ་གྲོགས་ཚོ།
གནམ་ཟླ་དགུན་ཁ་སླེབས་དུས།།
ས་གཞི་འཁྱགས་པས་བསྡམས་སོང་།།
རི་སྐེད་རྫ་ཆུ་སིལ་མར།།
འཁྱགས་པའི་ཁ་ལེབ་བཀབ་སོང་།།
གནམ་ཟླ་སྟོན་ཁར་སླེབས་དུས།།
སྤང་ལྗོངས་སྐྱ་བོར་གྱུར་སོང་།།
གཡའ་ཤིང་ལོ་མའི་འདབ་ལ།།
སེར་བོ་སེར་ཐིག་བབས་སོང་།།
ནམ་ཟླ་དཔྱིད་ཀར་སླེབས་དུས།།
ནོར་ལུག་ཤ་ཤེས་ཉམས་སོང་།།
སེམས་བཟང་རྫི་བོའི་སེམས་ལ།།
མ་བཙལ་སྡུག་གིས་ཁེངས་སོང་།།
ནམ་ཟླ་དབྱར་ལ་སླེབས་དུས།།
ས་འཛིན་དྲོད་ཀྱིས་བརྫུས་སོང་།།
ང་ཡི་ཆུ་མིག་དྭངས་མོ།།
དྲག་པོའི་ཆར་བས་བསྣག་སོང་།།
ང་སློབ་ཕྲུག་ཅིག་ཡིན་ལ། མ་འོངས་པར་ཁྱེད་ཚོ་ལྟར་རྩོམ་ཡིག་འབྲི་མཁན་ཞིག་བྱེད་འདོད་ཡོད། རྗེས་དྲ་ཚིགས་འདིའི་ཡང་ཡང་ཡོང་གི་ཡིན།
༼ཨ་མདོའི་ཞི་མ་ལ་བརྫངས་པའི་ཡིད་འཕྲིན་གློག་མྱུར་མ།༽
ཨ་མདོའི་ཞི་མོ་ཡིན་མདོག།
ཨོང་དོ་དཀྲུཊ་དཀྲུཊ་གནང་ན།།
ཁམས་ཕྲུག་ང་ཡི་སྙིང་ཆུང་།།
འཁྲུག་འཁྲུག་ཐེབས་པར་ཤོར་འགྲོ།།
ཞི་མོ་ཁྱེད་རང་སྙན་པ།།
ཨ་ཕོའི་ཨམ་ཅོག་འཕྲོག་སོང་།།
ཨ་འཛོམས་སྐྱིད་པའི་ཐང་ལ།།
འབྲོག་གླུ་ལེན་གྱིན་ཆས་འགྲོ།
ཞི་མོ་ཁྱེད་རང་མཛེས་པ།།
ཨ་ཕོ་ང་རང་རྫིག་པ།།
ཨ་མྱེས་གངས་རིའི་ཁྲོད་དུ།།
གངས་སེང་མཉམ་དུ་འགྱིང་འགྲོ།
ཞི་མོ་ཁྱེད་རང་མཁས་པ།།
ཕ་སྐད་རྨ་ཆུ་རྒྱུག་རྒྱུག།
ཞི་ལི་ང་རང་འཇོན་པ།།
མི་སྐད་འབྲི་ཆུ་འབབ་འབབ།།
ཆུ་མགོ་མི་གཅིག་ཁ་ཁ།།
འཛོམས་ས་ཞི་བདེའི་རྒྱ་མཚོ།།
ལས་དབང་མི་གཅིག་ཁ་ཁ།།
འཛོམས་ས་གངས་རིའི་ལྗོངས་རེད།།
ནམ་ཟླ་དུས་ཀྱི་འགྱུར་འགྲོས།
སྐྱིད་སྡུག་འཁོར་བའི་ལས་འཕྲོ།།
ནམ་ཞིག་འཛོམས་པའི་ཉིན་ནས།།
སྐྱིད་པའི་མི་ཚེ་བསྐྱེལ་ཆོག། ཨ་ལ་ལ། དཀར་རོ་དགེ་མི་ཧྲ་ཀི་ན།
I’m trying to get some kind of rhymes in them.