༄༅། །སྤུན་ཟླ་ཚོ། དེ་རིང་ཕྱི་ལོ་ ༢༠༡༢ ཟླ་ ༨ ཚེས་ ༨ རེས་གཟའ་ལྷག་པ་གཟའ་སྐར་དགེ་བའི་ཉིན་ཕྲན་ནས་བཀའ་བློན་ཁྲི་པའི་ལས་ཁུར་འགོ་བཙུགས་ཏེ་ལོ་གཅིག་འཁོར་བའི་དུས་ཚིགས་འཁེལ་བའི་སྐབས་འདིར། ད་བར་ལས་དོན་ཇི་བྱས་ལ་བསྐྱར་ཞིབ་ཀྱིས་གྲུབ་འབྲས་ཐོན་པ་ཁག་ཅིག་གི་ངོས་འཛིན་དང་སྦྲགས་མུ་མཐུད་མདུན་བསྐྱོད་བྱེད་ཕྱོགས་སྐོར་ངོ་སྤྲོད་མདོ་ཙམ་ཞུ་རྒྱུ་ཡིན།
ཕྱི་ལོ་ ༢༠༡༡ ཟླ་ ༣ ནང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཆབ་སྲིད་ཀྱི་སྐུ་དབང་ཡོངས་རྫོགས་མི་མང་གིས་འོས་འདེམས་བྱས་པའི་འགོ་འཁྲིད་ལ་རྩིས་སྤྲོད་གནང་རྒྱུའི་བཀའ་ལྕི་ཟློག་མེད་ཕེབས་པ་ལ་བརྟེན་ནས། བཀའ་བློན་ཁྲི་པར་ལོ་རྒྱུས་རང་བཞིན་ལྡན་པའི་འགྱུར་བ་དེ་འཇམ་ལྷིང་ངང་འགྲོ་ཐུབ་པ་བྱ་རྒྱུའི་ལས་འགན་བབས་པ་ལྟར། གཞིས་བྱེས་བོད་མི་ཡོངས་ཀྱིས་ཆིག་བསྒྲིལ་དང༌། སེམས་ཁུར་མཉམ་བསྐྱེད། རྒྱབ་སྐྱོར་བཅས་གནང་བ་ལ་བརྟེན་ནས་ལས་འགན་དེ་གང་ལེགས་གྲུབ་དང་འགྲུབ་བཞིན་ཡོད།
འགོ་འཁྲིད་འཕོ་འགྱུར་གྱི་དུས་ཚིགས་དེའང་བོད་མི་ཚོས་རྒྱ་ནག་གཞུང་གི་དྲག་གནོན་གྱི་སྲིད་བྱུས་ལ་ངོ་རྒོལ་བྱེད་ཆེད་རང་ལུས་མེར་བསྲེགས་ཀྱི་ཚབས་ཆེའི་གནས་ཚུལ་བྱུང་འགོ་ཚུགས་པའི་སྐབས་སུ་འཁེལ་ཡོད་པ་དང༌། ད་བར་ང་ཚོས་ཤེས་རྟོགས་བྱུང་བར་རང་ལུས་མེར་བསྲེགས་ཀྱི་གནས་ཚུལ་ ༤༦ བྱུང་བ་ནས་གཅིག་མ་གཏོགས་གཞན་ཚང་མ་ཕྱི་ལོ་ ༢༠༡༡ ཟླ་ ༣ རྗེས་སུ་བྱུང་ཡོད། ང་ཚོའི་ངོས་ནས་བོད་མི་ཚོར་ཚབས་ཆེའི་ལས་འགུལ་དེ་རིགས་སྤེལ་མི་དགོས་པའི་འབོད་སྐུལ་བྱས་ཡོད་ཀྱང༌། གནས་ཚུལ་དེ་དག་བྱུང་བའི་འགན་ཁག་གཙོ་བོ་རྒྱ་ནག་གཞུང་གི་དྲག་གནོན་གྱི་སྲིད་བྱུས་ཁོ་ན་ལ་ཡོད་ཅེས་ནན་བརྗོད་བྱ་རྒྱུ་ཡིན།
སྐབས་འདིར་འདས་པའི་ལོ་གཅིག་གི་དུས་ཡུན་ནང་ལས་དོན་སྣ་མང་ཐོག་འབད་བརྩོན་ཇི་ཞུས་དང་གྲུབ་འབྲས་ཇི་སོན་སྙན་གསན་ཞུ་རྒྱུར།
བོད་དོན་དྲིལ་བསྒྲགས།
བཀའ་ཤག་སྐབས་བཅུ་བཞི་པས་བོད་དོན་དྲིལ་བསྒྲགས་དང་བོད་མིའི་ཆབ་སྲིད་འགོ་འཁྲིད་ལ་གདེང་འཇོག་ཐོབ་ཐབས་སུ་ལས་དོན་རྒྱ་གང་ཆེ་སྤེལ་བ་ལས་གྲུབ་འབྲས་ཀྱང་མི་དམན་ཙམ་བྱུང་ཡོད། ཕྱག་སྦྲེལ་བཀའ་བློན་རྣམ་པ་རྒྱལ་ཁབ་མང་པོའི་ནང་ཆེད་ཕེབས་ཀྱིས་བོད་དོན་དྲིལ་བསྒྲགས་ཀྱི་ལས་དོན་སྤེལ་ཡོད་པ་ལྟར། ཕྲན་ནས་ཀྱང་འདས་པའི་ཟླ་བ་བཅུ་གཉིས་ཀྱི་དུས་ཡུན་ནང་གླིང་ཆེན་བཞིའི་ནང་གྲོང་ཁྱེར་ཆེ་ཁག་བཅུ་བདུན་ཙམ་ནང་ཆེད་བསྐྱོད་ཀྱིས་གཞུང་གི་གནད་ཡོད་མི་སྣ་དང༌། ཨ་རིའི་གྲོས་ཚོགས་ཀྱི་ཚོགས་གཙོས་མཚོན་པའི་རྒྱལ་ཁབ་མང་པོའི་གྲོས་ཚོགས་ཀྱི་འཐུས་མི། སྙན་གྲགས་ཅན་གྱི་གསར་འགྱུར་བརྒྱུད་ལམ། ནོ་བྷལ་ཞི་བདེའི་གཟེངས་རྟགས་ཐོབ་མཁན་གྱི་འགོ་འཁྲིད་ཁག་གིས་དབུས་པའི་གནད་ཡོད་མི་སྣ་མང་པོ་དང་མཇལ་འཕྲད་ཞུས་ཏེ། བོད་ནང་གི་ཛ་དྲག་གནས་སྟངས་སྐོར་ངོ་སྤྲོད་དང་བདེན་རྒྱབ་ཡོང་བའི་འབོད་སྐུལ་ཞུས་པ་ཡིན། ཨ་རིའི་གྲོས་ཚོགས་གོང་མ་དང་ཡུ་རོབ་གྲོས་ཚོགས་ནང་བོད་དོན་རྒྱབ་སྐྱོར་གྱི་གལ་ཆེའི་གྲོས་ཆོད་འཇོག་ཐུབ་པ་བྱུང་བ་དང༌། ཉི་ཧོང་གྲོས་ཚོགས་འཐུས་མི་བརྒྱ་སྐོར་གྱིས་བོད་དོན་སྐོར་རྒྱབ་སྐྱོར་གྱི་ཡོངས་གྲགས་འབོད་སྐུལ་སྤེལ་ཐུབ་པ་བྱུང་ཡོད། དེ་བཞིན་གྲོགས་པོ་གསར་པ་དང་གནད་ཡོད་མི་སྣ་མང་པོ་དང་འབྲེལ་ལམ་བཟོས་ཐུབ་པ་བྱུང༌།
ལས་འཆར་གསར་གཏོད།
ལས་བྱེད་གནས་སྤོ་བྱེད་ཕྱོགས་དང༌། སྲིད་བྱུས་ཉམས་ཞིབ་ཀྱི་ལས་འཆར། འཛུགས་སྐྲུན་ཡར་རྒྱས། མིའི་ཐོན་ཁུངས་མཁོ་འདོན་བྱེད་ཕྱོགས། འཕྲོད་བསྟེན་བཅས་ཀྱི་ཐོག་ལས་འཆར་གསར་གཏོད་མི་ཉུང་བ་ཞིག་བྱས་ཡོད་པའི་ཁོངས་ནས་གལ་ཆེ་བ་ལྔ་ཟུར་འདོན་ཞུས་ན། ལས་བྱེད་གསར་བསྐོའི་དམིགས་བསལ་སྦྱོང་བརྡར་ལས་འཆར། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང༌། བོད་མིའི་ཁྱད་ལས་དྭང་བླང་ཞབས་ཞུ། བོད་མིའི་སྨན་བཅོས་བལྟ་སྐྱོང་ལས་གཞི་འགོ་འཛུགས། གཞུང་ཆེན་སློབ་པ་མཐར་སོན་པའི་བཙུན་མ་རྣམས་ལ་དགེ་བཤེས་མའི་ཕྱག་འཁྱེར་འབུལ་ཕྱོགས་ཀྱི་སྒྲིག་གཞི་གཏན་འབེབས་བཅས་ཡིན། དེ་ཡང་ཆིག་བསྒྲིལ། གསར་གཏོད། རང་ཁ་རང་གསོ་བྱེད་རྒྱུའི་ལྟ་གྲུབ་གསུམ་གཞི་རྩར་བཟུང་ནས་བཀོད་སྒྲིག་ཞུས་ཡོད།
བོད་མིའི་སྒྲིག་འཛུགས་ཀྱི་འཛིན་སྐྱོང་ལས་དོན་བྱེད་ཕྱོགས།
བོད་མིའི་སྒྲིག་འཛུགས་དང་དེའི་ཁོངས་གཏོགས་ཀྱི་སྲི་ཞུ་བ་ཆིག་སྟོང་བརྒལ་བ་རྣམས་ཀྱི་ཉིན་རེའི་ལས་དོན་བྱེད་ཕྱོགས་དེང་རབས་དང་མཐུན་པ། སྔར་ལྷག་ཚགས་ཚུད་ཡར་རྒྱས་ཡོང་ཐབས་སུ་འཕྲུལ་ཆས་བེད་སྤྱོད་གཞི་རྒྱ་ཆེ་རུ་དང༌། ལས་བྱེད་སོ་སོའི་ཁམས་མོས་དང་ཤེས་ཡོན་གྱི་རྒྱབ་སྦྱོང་དང་མཐུན་པའི་ལས་གནས་བཀོད་སྒྲིག་ཡོང་ཐབས་སུ་ལས་བྱེད་གནས་སྤོ་བྱེད་ཕྱོགས་ཀྱི་སྒྲིག་གཞི་གཏན་འབེབས་བྱས་ཡོད། བོད་མིའི་སྒྲིག་འཛུགས་ཀྱི་དྲྭ་རྒྱའི་དྲྭ་ངོས་ཆ་ཚང་བསྐྱར་བསྒྲིགས་ཀྱིས་ཤུགས་ཚད་ཆེ་རུ་བཏང་ནས་དྲྭ་རྒྱའི་ཤུགས་ཚད་བཞི་ལྡབ་ཀྱིས་ཆེ་རུ་བཏང་ཡོད། དབུས་ཀྱི་ལས་ཁུངས་ཁག་ནང་ཡོད་པའི་ཀམ་སྤུ་ཊར་གསུམ་ཆ་གཅིག་ཙམ་གསར་ཉོ་ཞུས་ཤིང༌། གློག་འཕྲིན་དང་དྲྭ་རྒྱའི་བརྒྱུད་ལམ་བརྟན་དུ་བཏང་བ། ལས་བྱེད་གནས་སྤོ་བཀོད་སྒྲིག་བྱེད་མཁན་སྡེ་ཚན་གསར་བཙུགས་ཀྱིས་ལས་དོན་ལག་བསྟར་བྱེད་བཞིན་པ་རེད། བཀའ་བློན་ཁྲི་པ་ཕྱོགས་བསྐྱོད་སྐབས་ཉིན་རེའི་འཛིན་སྐྱོང་ལས་དོན་མཐུད་ཤོར་མེད་པ་འགྲོ་རྒྱུའི་ལམ་སྲོལ་སྔོན་ཡོད་ཉམས་མེད་ལག་ལེན་ཞུས་མུས་ཡིན།
སྤྱི་ཚོགས་ནང་ཁུལ་འབྲེལ་ལམ་ཟབ་ཏུ་བཏང་བ།
བཀའ་ཤག་སྐབས་བཅུ་བཞི་པས་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་བོད་དོན་དྲིལ་བསྒྲགས་ལས་དོན་ཤུགས་ཆེ་སྤེལ་ཡོད་པ་ལྟར། མི་མང་གི་དངོས་ཡོད་གནས་སྟངས་ཤེས་རྟོགས་ཡོང་ཐབས་དང༌། མང་ཚོགས་ཀྱི་བདེ་སྡུག་ཉན་ཞིབ་བྱེད་ཆེད་བོད་མིའི་གཞིས་སྒར་ཕལ་མོ་ཆེར་ཡང་ཡང་ཆེད་བསྐྱོད་ཐུབ་ཐབས་བྱེད་བཞིན་ཡོད་ན། ཕྲན་དང་ཕྱག་སྦྲེལ་བཀའ་བློན་ཚོས་ད་བར་ལ་དྭགས་བྱང་ཐང་གིས་མཚོན་པའི་རྒྱ་གར་ནང་བཙན་བྱོལ་བོད་མིའི་གཞིས་སྒར་མང་ཆེ་བར་བསྐྱོད་ཐུབ་པ་བྱུང་ཡོད།
ཤེས་ཡོན།
ད་ལྟའི་བཀའ་ཤག་གིས་ཤེས་ཡོན་དེ་ལས་དོན་གལ་ཆེ་ཤོས་ཀྱི་གྲས་སུ་བརྩི་བཞིན་པ་ལྟར། འདས་པའི་ལོ་གཅིག་གི་གྲུབ་འབྲས་ཁག་གཤམ་གསལ་ལྟར་ཡིན།
ཤེས་ཡོན་ཡར་རྒྱས་གཏོང་ཐབས་དང༌། སློབ་གྲྭའི་འཛིན་སྐྱོང་ཚགས་ཚུད་ཡོང་ཐབས། དེ་བཞིན་གསར་གཏོད་ ཀྱི་སྒོ་ནས་ལས་དོན་བྱེད་ཕྱོགས་ཇི་ཡོད་བཅས་ཀྱི་གོ་བསྡུར་ཞུ་ཆེད་བོད་མིའི་སློབ་གྲྭ་ཁག་ཡོངས་ཀྱི་སློབ་སྤྱི་དང་ འཛིན་སྐྱོང་འགན་འཛིན་རྣམས་ཀྱི་དམིགས་བསལ་ཚོགས་འདུ་བསྐོང་ཚོགས་ཞུས།
བཀའ་ཤག་སྐབས་གོང་མས་ལོ་བཞིའི་ཡུན་ཅན་གྱི་གཅིག་སྡུད་དགེ་རྒན་འོས་སྦྱོང་གི་ལས་འཆར་སྔོན་ཡོད་མངོན་ གྱུར་ཡོང་ཐབས་སུ་བྷུན་ཏར་དུ་མཐོ་སློབ་ཁང་ཞིག་འགོ་འཛུགས་བྱ་རྒྱུའི་ལས་དོན་འཕྲོ་སྐྱོང་བྱེད་མུས་ཡིན།
ཨ་རིའི་གཞུང་ནས་བཙན་བྱོལ་བོད་མིའི་ཤེས་ཡོན་ཆེད་ཨ་སྒོར་ས་ཡ་གཉིས་མཁོ་སྒྲུབ་ཐུབ་ཡོད་པ་དངོས་སུ་ལག་ བསྟར་ཞུ་ཕྱོགས་འབྲེལ་བསྡུར་ཞུ་བཞིན་པ་ཡིན།
དབུས་བོད་སློབ་འཛིན་སྐྱོང་ཚོགས་པའི་ཁྱབ་ཁོངས་གཏན་ཉིན་སློབ་གྲྭ་ཁག་གི་འཛིན་སྐྱོང་རྩིས་ལེན་བྱེད་ཐབས་ཀྱི་ ལས་འཆར་ཞིབ་ཕྲ་བཟོ་འབུལ་ཟིན་ཡོད།
བཙན་བྱོལ་བོད་མིའི་དཀའ་སེལ།
རྒྱ་གར་གཞུང་གིས་རྒྱ་གར་ནང་སྐྱེས་པའམ་རྒྱ་གར་ནང་གནས་སྡོད་བྱས་ནས་ལོ་ཉི་ཤུ་ལྷག་ཕྱིན་པའི་བཙན་བྱོལ་བོད་མི་རྣམས་ཀྱི་རྒྱ་གར་ནང་གནས་སྡོད་ཆོག་པའི་ལག་ཁྱེར་ལོ་ལྔ་རེའི་བར་དུས་འགྱངས་ཞུ་ཆོག་པའི་བཀའ་འཁྲོལ་ཐོབ་སྟེ། ད་ལྟའི་ཆར་ས་གནས་མང་པོའི་ནང་དངོས་སུ་ལག་བསྟར་འགོ་བཙུགས་ཟིན།
རྒྱ་གར་བྱང་ཤར་ཨ་རུ་ནཱ་ཅལ་མངའ་སྡེའི་ནང་ཡོད་པའི་བོད་མིའི་གཞིས་སྒར་ཁག་ནས་བོད་མི་ཆིག་སྟོང་ཐམ་པ་ཁེ་ན་ཌར་གནས་སྤོས་བྱེད་རྒྱུའི་ལས་གཞི་འགོ་འཛུགས་ཟིན་པ་དང༌། འབྲེལ་ཡོད་ཁག་ནས་ལས་དོན་ལག་བསྟར་ཞུ་མུས་ཡིན།
བོད་ནས་གསར་དུ་འབྱོར་བ་རྣམས་རྒྱ་གར་ནང་སྡོད་ཡུན་རིང་ལག་ཤེས་སློབ་གཉེར་ལས་རིགས་དང༌། མུ་མཐུད་སློབ་སྦྱོང་རྒྱུན་སྐྱོང་བྱེད་ཐབས། ལྟ་སྐྱོང་གོ་སྐབས་གཉིས་པ་སྤྲོད་རྒྱུ་སོགས་ཀྱི་བསམ་ཞིབ་བྱེད་བཞིན་པ་ཡིན།
བོད་རྒྱ་ཞི་མོལ།
གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་མུ་མཐུད་རྒྱུན་སྐྱོང་གིས་ཞི་མོལ་གྱི་ལམ་ནས་བོད་དོན་དཀའ་རྙོག་སེལ་ཐབས་བྱ་རྒྱུའི་ཆོད་སེམས་བརྟན་པོ་ཡོད། འདས་པའི་ཟླ་བ་བརྒྱད་ནང་བོད་རྒྱ་ཞི་མོལ་ལས་དོན་ཚོགས་ཆུང་ཐེངས་གཉིས་ཚོགས་ཟིན་པ་དང༌། ཕྱི་ཟླ་ ༡༢ པའི་ནང་ཡང་བསྐྱར་ཚོགས་བསྐོང་བྱས་ཏེ་འབྱུང་འགྱུར་རྒྱ་ནག་གི་གནས་སྟངས་སྤྱི་དང༌། འགོ་འཁྲིད་འཕོ་འགྱུར་ལ་གཞིགས་ནས་དོན་ཕན་ལྡན་པའི་ཞི་མོལ་ཡོང་ཐབས་བཅས་ཀྱི་སྐོར་བསམ་ཞིབ་གོ་བསྡུར་ཞུ་རྒྱུ་ཡིན། ཨ་རིའི་ཕྱི་སྲིད་དྲུང་ཆེ་ལྕམ་ཁེ་ལེན་ཊོན་གྱིས་མཚོན་པའི་རྒྱལ་སྤྱིའི་དབུ་འཁྲིད་ཁག་གིས་རྒྱ་ནག་གཞུང་ལ་བོད་དོན་དཀའ་རྙོག་སེལ་ཐབས་སུ་དོན་སྙིང་ལྡན་པའི་གྲོས་མོལ་འགོ་ཚུགས་དགོས་པའི་སྐུལ་འདེགས་ཞུས་ཡོད།
རིང་མིན་འདི་ལོ་ཕྱི་ཟླ་ ༩ ཚེས་ ༢༥ ནས་ ༢༨ བར་ཉིན་བཞིའི་རིང་བཙན་བྱོལ་བོད་མིའི་བཅའ་ཁྲིམས་རིན་པོ་ཆེའི་དགོངས་དོན་བཞིན་བཀའ་ཤག་དང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་གཉིས་ཀྱི་གོ་སྒྲིག་འོག་བོད་ནང་གི་ཛ་དྲག་གནས་སྟངས་གདོང་ལེན་བྱེད་ཕྱོགས་ཇི་འགབ་གྲོས་གཞི་གཙོ་བོར་བཟུང་ནས་དམིགས་བསལ་ཚོགས་ཆེན་སྐོང་ཚོགས་གནང་རྒྱུ་དང༌། དེ་བཞིན་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་དམིགས་བསལ་ཚོགས་འདུ་ཞིག་ཀྱང་སྐོང་ཚོགས་གནང་རྒྱུ་ཡིན།
གོང་གསལ་ལས་གཞི་ཁག་མུ་མཐུད་མཇུག་སྐྱོང་ཞུ་རྒྱུའི་ཐོག་དྲྭ་རྒྱའི་ཉེན་སྲུང་དང༌། བོད་ཀྱི་དྲྭ་བརྙན། ཚོང་ལས་སྦྱོང་བརྡར། གཞིས་ཆགས་སྲ་བརྟན་བཅས་ཀྱི་ལས་འཆར་ཁག་ཡར་རྒྱས་གཏོང་རྒྱུའི་འཆར་གཞི་ཡོད།
མཐའ་དོན་གཏོང་ཕོད་ཆེ་བའི་གནས་ཡུལ་རྒྱ་གར་གཞུང་མང་གིས་མཚོན་པའི་རྒྱལ་ཁབ་ཁག་གི་གཞུང་དང་མི་མང་རྣམས་ཀྱིས་བོད་དང་བོད་མིར་རྒྱབ་སྐྱོར་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་དང༌། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་ཞབས་པད་བསྐལ་བརྒྱར་བརྟན་ཅིང་ཐུགས་ཀྱི་བཞེད་དགོངས་མཐའ་དག་ལྷུན་གྱིས་འགྲུབ་པའི་སྨོན་ལམ་ཤུགས་དྲག་ཞུ་རྒྱུ་དང༌། མགོན་པོ་གང་གིས་དུས་དང་རྣམ་པ་ཀུན་ཏུ་ལམ་སྟོན་དང་བཀའ་སློབ་རིན་པོ་ཆེ་བསྩལ་བར་བཀའ་དྲིན་བླ་ལྷག་ཏུ་ཆེ་ཆེ་ཞུ་རྒྱུ་ཡིན། གཞིས་བྱེས་བོད་མི་ཡོངས་ཀྱི་རེ་བའི་མངོན་འདོད་བོད་མིར་རང་དབང་ཐོབ་ཐབས་དང༌། ྋསྤྱི་ནོར་ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་བོད་ལ་གང་མགྱོགས་ྋཞབས་འཁོད་ཐུབ་ཆེད་སྔར་ལྷག་འབད་བརྩོན་བྱེད་རྒྱུ་བཅས་ཞུ་རྒྱུ་ཡིན། བཀྲིས་བདེ་ལེགས། བཀའ་བློན་ཁྲི་པས། ཕྱི་ལོ་ ༢༠༡༢ ཟླ་ ༨ ཚེས་ ༨ ལ།། །།
༼དབུས་བོད་མིའི་སྒྲིགས་འཛུགས་ཀྱི་དྲ་ཚིགས་ནས་འདྲེན་བཀོད་ཞུས༽
དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བ་བཀའ་བློན་ཁྲི་པ་མཁས་དབང་བློ་བཟང་སེང་གེ་མཆོག་གིས་དབུ་ཁྲིད་པའི་བཀའ་ཤག་ལྷན་རྒྱལ་ལ་བོད་མིའི་སྒྲིག་འཛུགས་ཀྱི་འཛིན་སྐྱོང་གི་ལས་འགན་ཡོངས་རྫོགས་བཞེས་ཏེ་ལོ་གཅིག་ཧྲིལ་པོ་འཁོར་བའི་དུས་དྲན་ལ་མཚམས་འདྲི་དང་སྦྲག་མ་འོངས་ལས་འཆར་ཁག་ཀྱང་སྔར་ལས་ལྷག་ལེགས་འགྲུབ་ཡོང་བའི་སྨོན་འདུན་དང་བཅས། བོད་མི་གཞིས་བྱེས་མཉམ་འཛོམས་ཀྱིས་ ༧ གོང་ས་མཆོག་ཕོ་བྲང་ཆེན་པོ་ཏ་ལར་གསེར་གྱི་ཁྲི་ལ་མངའ་གསོལ་ནས་འཛམ་གླིང་ཞི་བདེའི་སྣང་བ་ཁྱབ་གྱུར་ཅིག བདེན་པ་ཉིད་རྣམ་པར་རྒྱལ་གྱུར་ཅིག བོད་རྒྱལ་ལོ། བོད་རྒྱལ་ལོ། བོད་རྒྱལ་ལོ།།་
བཀྲ་ཤིས་བདེ་ལེགས།
གུས་འདུད། ཆེ་མཐོང་། རེ་བ་བཅས་ཡོད། བོད་རྒྱལ་ལོ།།
ཡིད་ཆེ་དང་རེ་བ་ཡོད། བོད་རྒྱལ་ལོ།
བཀའ་བློན་ཁྲི་བ་མཆོག་ལ་སེམས་གཏིང་ནས་གུས་འདུད་ཞུ། ཁྱེད་ཀྱིས་ཐབས་བརྒྱ་ཇུས་སྟོང་གིས་རྒྱ་ནག་ལ་ནུས་པ་ལྡན་པའི་འཐབ་རྩོད་གནང་ན། ང་ཚོ་ཆོལ་གསུམ་བོད་མི་ཡོད་དོ་ཅོག་གིས་ཁྱེད་ཀྱི་བཀའ་གསུང་ཅི་སྒྲུབ་ཀྱིས་ཧུར་བརྩོན་བྱེད་ངེས་ཡིན་ལགས།
གངས་ཅན་བོད་རྒྱལ་བའི་མཛད་པ་མཐའ་དག་གཟི་བརྗིད་དང་ལྡན་པའི་སྒོ་ནས་འགྲུབ་པར་གྱུར་ཅིག།
འཇིག་རྟེན་ན་རང་གི་རྒྱལ་གཙོ་དང་རང་གི་སྲིད་གཞུང་ལ་མི་དགའ་མཁན་ཞིག་ཡོད་ན་དེ་ནི་དངོས་ནས་ཀླད་མེད་ཅིག་ཡིན་སྲིད།མི་དེ་དག་གིས་རང་གི་དགྲ་བོར་ཏག་ཏག་གོ་སྐབས་དང་སྟེར་རྒྱུ་ལས་ཅི་ཡང་མི་ནུས།སྲིད་གཞུང་ཞིག་དང་རྒྱལ་གཙོ་ཞིག་ལ་ནུས་བ་ཆེ་ཞིག་སྟོན་རྒྱུ་ཡོད་མེད་ནི་དོན་བཅས་ཕལ་བའི་དོན་ཞིག་སྟེ་གཙོ་བོ་སྲིད་གཞུང་དེ་ཕྱོཊ་གང་ཅིའི་ཐད་ནས་སྲ་བརྟན་དང་རྒྱུན་བསྲིངས་ཐུབ་རྒྱུ་ནི་ད་གཟོད་དོན་སྙིང་རང་རེད།དེ་བས་དབུ་བོད་མའི་བསྒྲིག་འཛུཊ་ཀྱིས་ངེས་བར་དུ་གྲུབ་འབྲས་གང་འདྲ་ཞིག་སྟོན་རྒྱུ་ཡོད་མེད་ལ་མི་ལྟ་བར་ད་བར་དུ་རང་ནུས་ཀྱིས་བོད་གཞིས་བྱེས་ལ་སྲི་ཞུ་བསྒྲུབས་དང་སྒྲུབ་བཞིན་པ་འདིར་མཐའ་གཅིག་ཏུ་རྒྱབ་སྐྱོར་བྱེད་དགོས། དེ་ལྟར་མ་བྱས་ཚེ་ཁྱོས་དགྲ་བོར་བསམ་གཟས་ནས་གོ་སྐབས་རེག་ཏུ་བཅུག་པ་རེད། དེའི་མིང་ལ༼རྒྱལ་བཙོངས༽མཁན་ཟེར།
བདེན་པའི་འབོད་སྒྲ་དམངས་གཙོའི་ཡུལ་ནས་སྒྲག།
བདེན་པའི་མེ་ལྕེ་དམར་ཤོག་ཡུལ་དུ་སྤར།།
བདེན་པའི་གཞི་བྱེས་མི་མང་མཉམ་རུབ་ཐོག།
བདེན་པའི་བདེན་མཐའ་མྱུར་དུ་གསལ་བར་སྨོན།།
ད་བར་མི་ལོ་ཧྲིལ་པོ་གཅིག་གི་ནང་དུ་་་་་སྤུན་གྲོགས་བཅུ་ཕྲག་བཞི་ལྷག་ཙམ་་་་་་ནག་ཉེས་སྤུ་ཙམ་མེད་པའི་ཐོག་ཕྱི་མའི་ལྔ་ལམ་དུ་རྫངས་པ་དེ་ཁྱེད་ཀྱི་གྲུབ་འབྲས་ཡིན་ན་མ་གཏོགས་གསར་གཏོད་ཀྱི་གྲུབ་འབྲས་དམིགས་བསལ་གང་ཡང་མི་འདུག །
མ་ཟད་བོད་ནང་དུ་འདས་པོ་ཚོའི་ནང་མི་བུ་ཕྲུག་ཚོར་དམིགས་བསལ་གྱི་ལྟ་སྐྱོངས་བྱས་སྟངས་གང་ཡང་མེད་པ་དེ་ནི་་་་
ཆེས་ཧ་ཅང་གི་ཐབས་སྡུག་དང་བློ་ཕམ་གྱི་ཡུལ་རེད། །
བོད་མི་བཞི་བཅུ་མི་དགོས་བརྒྱ་ཤི་ནའང་ང་ཚོ་བོད་མིའི་གནད་དོན་ཡིན་པས་ཤ་ཁྲག་བོད་ལ་ཐུགས་སེམས་བོད་མིན་རང་དབང་མིན ཅན་ཁྱོད་ལ་ཇུས་གཏོགས་ཅང་མེད། མེས་རྒྱལ་གྱི་དྲོད་སྐྱིད་ལྡན་པའི་པང་ལ་ལོག་རྒྱུགས།
འདས་པའི་ལོ་གཅིག་རིང་བོད་ནང་གི་གནས་སྟངས་ལ་སྲིད་སྐྱོང་གིས་དམིགས་གསལ་ནུས་པ་ཅི་ཡང་སྟོན་ཐུབ་མ་སོང། དེ་ལས་ལྡོག་སྟེ་བོད་དུ་རང་སྲོག་རང་གཅོད་བྱེད་མཁན་ཇེ་མང་དུ་ཕྱིན་པས་རྐྱེན་གྱིས་བོད་ཀྱི་གནས་སྟངས་ཀྱང་ཇེ་སྡུག་དུ་ཕྱིན།
ལོ་གཅིག་གི་ནང་སྲིད་སྐྱོང་གིས་དམིགས་གསལ་ནུས་པ་ཅི་ཡང་སྟོན་མ་ཐུབ་པ་མ་རེད། དགེ་བཤེས་མ་གསར་གཏོད་ཐུབ་པ་དེ་ཁོང་གི་འཇོན་ཐང་རེད།
བཀའ་ཁྲི་མིང་ཅན་པས་ད་བར་སྐད་ཆ་ཆོད་མེད་འགའ་ཤད་ནས་བོད་དུ་ཚེ་སྲོག་གི་མེ་ལྕེ་འདི་་སྦར་བ་མ་གཏོགས་ལས་དོན་དམིགས་གསལ་བ་གང་ཡང་བྱས་མེད་་་་་ད་ལྟ་ཁོང་གི་དཔང་རོགས་ཚོ་ཡང་ག་བར་་འདུག་་་་བོད་དུ་་་སྐད་ཅོར་ཙམ་རྒྱག་ཐབ་ཀྱི་མི་འདུག་་་་་་་་་་་་་་་་་་་་་་་་་་བོད་ཀྱ་དབའ་བོ་དང་དབའ་མོ་ཚོར་གདུང་སེམས་མཉམ་སྐྱིད་ལེགས་པོ་ཞིག་ཀྱང་་མེད་་་་་་་་་་་་་་་་་་་་་་་་་་ད་ཆ་་བཀའ་ཁྲི་གསར་བ་ཞིག་ད་འདའ་ན་བསམ་བཞེས་བྱེད་དགོས་འདུག་་་་
ཡ་ཁོ་རེ། ཨ་ཕའི་བུ་ཡིན་ན་ཁ་བཏང་མ་བསྡད། འཇོན་ཐང་བཏོན་ཤོག་ད། རང་གིས་སྐྱག་པ་སེ་མི་འཇོན་པ་
ལ་ག་རེ་བྱེད་ཀྱིན་ཡོད། ཨ་ཕའི་བུ་ཡིན་པ་འདྲ་འདྲ་མ་རེད་པས། ཁྱི་ཕྲུག་ཁྱོད་ཚོ་བློ་བཟང་སེང་གེའི་སྐྱག་
པ་ལ་ཡང་དོ་གི་མ་རེད།
རྟེན་འབྲེལ་ཞུ། འོན་ཀྱང་བསྟོད་སྔ་ན་མི་བཟང་། ད་དུང་ལོ་བཞིར་རྒྱུགས་དགོས་པ་རེད།
ལོ་མང་པོ་མ་བྱས་ན་བཟང་། མི་བུ་གཞན་ཞིག་ཡོང་ན་ཏག་ཏག་རེད། དེའི་མ་འཇོན་ན་ཡང་མི་བུ་གཞན་ཞིག་བཀོད་ན་བཟང་། དེ་
ལྟར་སྒོང་བའི་ནང་གི་གསར་རིལ་ལག་ལ་མ་རྙེད་པར་དུས་ཡུད་ཐུང་ཐུང་ཞིག་བྱས་ན་དགོས་མཚན་ཆེ་བར་འདོད།
སྤུན་ཟླ་ཚོ་ཕྲག་དོག་ཅེས་པ་དེ་མི་ཐམས་ཅད་ལ་ལྷན་སྐྱེས་སུ་ཡོད་པའི་ཆོས་ཤིག་རེད། དེ་ཡང་ཕྲག་དོག་གི་ཡུལ་མི་འདྲ་བ་དང་ཕྲག་དོག་བྱེད་སྟང་མི་འདྲ་བ་ཙམ་རེད། དེའི་ན་རང་རེ་ཕུ་ནུ་འདི་ཚོ་ཡང་ངོ་མ་སྙིང་མ་རྗེ་ཨེ་རེ། ཁོང་ཚོ་ཡང་བཀའ་ཁྲི་གསར་བ་ལ་ཕྲག་དོག་ཙམ་བྱས་པ་རེད་དེ་ལ་ཁོང་མི་ཁྲོ་བར་སྙིང་རྗེ་བར་བྱའོ།
རང་རེ་ཕུ་ནུ་གཅིག་མཚུངས་རེད། ཕྲག་དོག་ཅེས་པ་དེ་ཡང་ན་ཚ་ཤིག་རེད། རང་རེ་ཕུ་ནུ་འགའ་ཤས་ནད་དེས་ཟིན་པ་རེད། དེ་ལ་ཁོང་མི་ཁྲོ་བར་ནད་དྲག་བསྐྱེད་ཡོང་བའི་ཐབས་ལ་འབད་དགོས།
གང་ལྟར་བོད་རིགས་རེད་ཕུ་ནུ་རེད། སྤུན་མཆེད་རེད། བོད་རྒྱལ་ལོ།
འཇོན་ན་འཇོན་སྟངས་ག་འདྲ་དགོས། །རྣམ་དཔྱོད་ཅན་རྣམས་ཁ་གྲགས་ཤིག །
མ་འཇོན་ཉེས་པ་འདི་འོ་ཞེས། །མཛུབ་མོ་ཀེར་རེ་བཙུག་ལ་ཤོག །
འགའ་ཞིག་ཁོང་ལ་དགའ་ཆེས་པས། །ཁོང་ལས་འཇོན་པ་མེད་དོ་སྐད། །
འགའ་ཞིག་ཁོང་ལ་སྡང་དྲག་པས། །བྱས་ཚད་བསྟན་བཤིག་ལྟ་བུར་རྩིས། །
ཨེ་མ་འདི་ནི་དཔྱོད་ལྡན་གྱི། །རྒྱ་ལས་རིང་དུ་བརྒལ་བར་མཐོང་། །
དབུས་བོད་མའི་སྒྲིག་འཛུཊ་དང་བཀའ་བློན་ཁྲི་བར་སྐྱོན་འཛུགས་བྱེད་མཁན་དག་ནི་དམར་ཕྱོཊ་ཀྱི་༼ཆོ་འཕྲུལ༽ཡིན་པ་སུས་མི་ཤེས་སམ།འཛམ་གླིང་ཡུ་གུར་མཐུན་ཚོཊ་ཀྱི་ཚོཊ་གཙོར་ཡང་ཁོ་ཚོའི་རང་མིས་འདི་འདྲ་ཁྱད་་གསོད་བྱེད་བཞིན་མི་འདུག རྒྱ་ཁྱི་འདི་དག་ཕྱིར་རྒྱ་ནག་ལ་ཡོང་དུ་བཅུག་ནས་ཁོ་ཚོར་མི་རིཊ་རང་ལུཊ་ཀྱི་ནད་ནོ་ལྕི་བའི་རྒྱ་ནག་འདི་ཚོས་རྒྱ་ཁྱི་ཁོ་ཚོར་བཟུང་བའི་རྣམ་འགྱུར་ལ་ཅིག་ལྟ་རུ་བཅུག་ན་འོས། དེ་མིན་ན་ཁོ་ཚོའི་སྐོམ་སོད་ཀྱི་མི་འདུག