སྦྲ་རིགས་ཐོགས་མེད།
(བོད་ནང་གི་རང་ལུས་མེར་སྲེག་གི་དོན་རྐྱེན་དང་པོ་ ༢༠༠༩ ལོའི་ཕྱི་ཟླ་ ༢ ཚེས་ ༢༧ ཉིན་བྱུང་བ་དང་། རང་ལུས་མེར་སྲེག་གཏོང་གནང་མཁན་ཐོག་མ་ནི། ཨ་མདོ་རྔ་བའི་དགུང་ལོ་ ༢༠ ལ་སོན་པའི་དགེ་འདུན་པ་དཔའ་བོ་བཀྲ་བྷེ་རེད།)
ངག་རྒྱུན་དུ། འདི་འདྲ་ཞིག་བཤད་རྒྱུ་ཡོད།
མཁས་པ་དང་མི་ཆེན་ཚོས་རང་སྐྱོན་ངོས་ལེན་བྱེད་དཀའ་རབས་ཟེར།
མཁས་པ་དང་མི་ཆེན་ཚོས་རང་སྐྱོན་ཁ་བསྒྱུར་ནས་བཤད་རབས་ཟེར།
ད་དུང་། མི་ཆེན་ཚོས་རང་སྐྱོན་ག་ལེར་གཞན་གྱི་མགོར་གཡུགས་པར་བཤད།
བཀའ་ཤག་གསར་བའི་ལས་འགོ་ཚུགས་ནས་ཉིན་ཤག་བརྒྱ་ལྷག་གི་རིང་འདིར།
བཀའ་ཁྲི་མཆོག་གིས་ཨ་རིའི་འགྲོ་མིའི་ལྷན་ཚོགས་དང་ཡུ་རོབ་མཉམ་འབྲེལ་ལྷན་ཚོགས།
གཞན་ཡང་གཞུང་འབྲེལ་ཡིན་མིན་གྱི་སྡེ་ཚན་ཁག་ཉི་ཤུ་ལྷག་ཏུ་གསུང་བཤད་གནང་སོང་།
འོན་ཀྱང་། འབངས་མི་དཔའ་བོ་བཀྲ་བྷེ་ལགས་དཔའ་བོའི་ཐོ་གཞུང་དུ་བགྲང་མ་སོང་།
དེ་བཞིན་དབྱིན་ལན་བྷིས་བྷིས་སི་ནས་བཟུང་རྒྱ་གར་གྱི་NDTVབར་དང་ །
ཐ་ན་རང་རེའི་ཕ་ཡུལ་དྲ་བ་སོགས་གསར་ལམ་ཁག་སུམ་ཅུ་ལྷག་ཏུ་བཅར་འདྲི་གནང་སོང་།
འོན་ཀྱང་། དཔའ་བོ་བཀྲ་བྷེ་ལགས་ཉིས་སྟོང་བརྒྱད་ལོའི་རྗེས་ཀྱི་མེ་བསྲེགས་ཁོངས་སུ་བརྩིས་མ་སོང་།
སྐབས་དེའི་བཀའ་ཁྲི་ལགས་ཀྱི་གསུང་བཤད་ཁག་ལ་ཡང་བསྐྱར་ཞིབ་ཏུ་གསན་རོགས།
བྱང་ཆ་ལྡན་པའི་དབྱིན་སྐད་ཀྱི་ལམ་ནས། ཁྱོད་ཀྱིས་འདི་ལྟར་གསན་ཡོང་།
“ཉིས་སྟོང་བརྒྱད་ལོའི་བོད་ས་ཁྱོན་ཡོངས་སུ་ཞི་རྒོལ་བྱུང་བ་ནས་བཟུང་ད་བར་དུ།
དཔའ་བོ་བློ་བཟུང་ཕུན་ཚོགས་སོགས་བོད་ཀྱི་དཔའ་བོ་བཅུས་རང་ལུས་མེ་རུ་བསྒྲོན།”
(སྐབས་དེར་བཀྲ་བྷེ་བརྩིས་ན་བཅུ་གཅིག་ཡོད།)
སྐད་ཆ་འདིས་ང་ཚོར་གསལ་བཤད་ཅི་ཞིག་བྱེད་ཀྱི་ཡོད་དམ།
སྐད་ཆ་འདིས་སུ་ཞིག་གི་ཐུགས་ཁུར་དང་འགན་འཁྲི་གསལ་བཤད་བྱེད་བཞིན་ཡོད་དམ།
བཀྲ་བྷེ་མེ་བསྲེགས་བཏང་ཡོད་མེད་ཙམ་ཡང་མི་ཤེས་པའི་ང་ཚོ་བཙན་བྱོལ་བ་ཚོ།
རྒྱལ་གཅེས་དཔའ་བོ་ཚོའི་ཚེ་སྲོག་ཅི་ལ་ཡང་མི་བརྩི་བའི་ང་ཚོ་བཙན་བྱོལ་བ་ཚོ།
ཁ་ཤས་ཀྱིས་བཤད་ན། བཀའ་ཁྲིས་ཐོག་མར་རང་ཉིད་ཀྱིས་གསལ་བོ་མ་ཤེས་པ་རེད་ཟེར།
རྗེས་སུ་ཤེས་རྟོགས་བྱུང་རྗེས་རང་ཉིད་ཀྱི་ནོར་འཁྲུལ་ངོས་ལེན་བྱེད་མ་ཐུབ་པ་རེད་ཟེར།
ཁ་ཤས་ཀྱིས་བཤད་ན། བཀའ་ཁྲིས་མེར་བསྲེགས་དོན་རྐྱེན་གྱི་གནས་ཚུལ་ཆུང་རུ་བཏང་ནས།
བོད་རྒྱ་ཞི་མོལ་གྱི་ཁོར་ཡུག་བསྐྱར་དུ་སྐྲུན་བཞིན་ཡོད་པ་རེད་ཟེར།
གང་ལྟར་གནས་ཚུལ་དེ་འདི་ལྟར་ག་ལེར་འཛམ་གླིང་ལ་ཁྱབ་བཞིན་འདུག
དེ་ལས་ཀྱང་གལ་ཆེ་བ་ཞིག་ནི། གནས་ཚུལ་དེ་འདི་ལྟར་བོད་ནང་དུའང་ཁྱབ་བཞིན་འདུག
རྒྱལ་སྤྱིའི་བོད་དོན་མཁས་པ་ཚོས་གནད་དོན་དེར་དོགས་སློང་བྱེད་བཞིན་འདུག
བོད་ནང་གི་སྙུག་ཐོགས་པ་དག་གིས་ཀྱང་བྱེད་སྟངས་དེར་བློ་ཕམ་བྱེད་བཞིན་འདུག
བོད་ནང་དུ་རླབས་ཆེན་དཔའ་བོ་དག་རེ་རེ་བཞིན་དམར་བོ་མེ་ལ་མཆོངས་སོང་།
བཙན་བྱོལ་དུ་ང་ཚོས་ཐ་ན་འཛམ་གླིང་ལ་མིང་འབོད་ཙམ་ཡང་བྱེད་མ་ཐུབ།
གནས་ལུགས་འདི་ང་ཚོས་ཇི་ལྟར་གསལ་བཤད་བྱེད་དགོས།
བྱེད་སྟངས་འདིར་ང་ཚོས་སུ་ལ་བདེན་ཁ སྤྲོད་དགོས།
སྐབས་འདིར་མི་ཤས་ཀྱིས་རྒྱུ་མཚན་ལྟར་སྣང་འདྲེན་བཞིན་པ་འདི་ལྟར།
བཀྲ་བྷེ་མེ་རུ་བསྲེགས་པ་མིང་དང་སྙན་གྲགས་ཙམ་གྱི་ཆེད་དུ་མིན་ཟེར།
བཀྲ་བྷེ་ལ་དགོས་པ་བོད་ཀྱི་རང་དབང་ཡིན་པ་ལས་གྲངས་འདྲེན་ཙམ་མིན་ཟེར།
བཀའ་དྲིན་བསམ་ཤེས་དང་དཔའ་བོ་རྗེས་དྲན་བྱེད་སྟངས་འདྲ་མིན་ཡོད་ཟེར།
ད་དུང་། བཀྲ་བྷེ་གླེང་ནས་བཙན་བྱོལ་སྒྲིག་འཛུགས་ལ་སྐྱོན་འཛུགས་བྱེད་པ་རེད་ཟེར།
གལ་སྲིད་ཁྱེད་རང་བཀྲ་བྷེའི་ཕུ་ནུ་མིང་སྲིང་ངམ་ཕ་མ་ཞིག་ཡིན་ཚེ།
གལ་སྲིད་ཁྱེད་རང་ཚེ་སྲོག་གི་རིན་ཐང་ལ་སྤྲོད་མཁན་ཞིག་ཡིན་ཚེ།
གལ་སྲིད་ཁྱེད་རང་གཞན་གྱི་བློས་བཏང་ལ་བཀའ་དྲིན་ཤེས་མཁན་ཞིག་ཡིན་ཚེ།
ཁྱེད་ཀྱིས་གནས་ལུགས་དེ་ཇི་ལྟར་གསེད་དཀྲོལ་བྱེད།
ཁྱེད་ཀྱིས་བྱེད་སྟངས་དེར་ཇི་ལྟར་འགྲེལ་བཤད་བྱེད།
མཆན། ཉིས་སྟོང་བརྒྱད་ལོའི་རྗེས་ནས་བོད་ནང་དུ་རང་ལུས་མེར་རུ་ཐོག་མར་སྒྲོན་མཁན་རྒྱལ་གཅེས་དཔའ་བོ་བཀྲ་བྷེ་ལགས་ཀྱི་གནད་དོན་སྐོར་ལ་བོད་ཕྱི་ནང་གཉིས་དང་། ད་དུང་རྒྱལ་སྤྱིའི་མཁས་པ་མང་བོ་ཞིག་གིས་ཀྱང་གླེང་སློང་འབྱུང་བཞིན་པའི་གནས་ཚུལ་རགས་བསྡུས་ཤིག་བཀླགས་རྗེས་བྲིས།
བཀྲ་བྷེས་བོད་རང་བཙང་གི་ཆེད་དུ་སྐུ་སྲོག་བློས་བཏང་བ་རེད། གལ་སྲིད་བཀའ་ཁྲི་མཆོག་གིས་ཁོང་གི་མཚན་སྨྲོས་ན་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་སྒྲིག་གཞི་རྒྱ་དམར་ལ་ངོ་རྒོལ་བྱ་མི་ཆོག་པ་འགལ་བ་རེད།
དཔའ་བོ་གཞན་པ་ཚོའི་མཚན་མ་སྨྲོས་ན་བཀའ་ཁྲི་མཆོག་ལ་ཕྱག་ལས་མེད་སོང་བ་མིན་ནམ།
ཉེ་ལམ་འདིའི་སྐོར་ནས་བཀའ་ཁྲི་ལ་སྐྱོན་བརྗོད་མང་པོ་ཞིག་ཞུས་སོང་། གཞུང་དང་གཞུང་གི་དབུ་འཛིན་རྣམ་པའི་ནོར་འཁྲུལ་ཐེར་འདོན་བྱེད་རྒྱུ་གལ་ཆེན་པོ་རེད། སྐྱོན་ནི་སྐྱོན་རང་རེད། དེ་ཐེར་འདོན་བྱེད་དགོས་ངེས་ཤིག་ཀྱང་རེད། ཡིན་ནའང་། བཀའ་ཁྲིའི་ཡོན་ཏན་དང་ལྷག་བསམ་དག་ཀྱང་མཐོང་དགོས་པ་རེད་བསམ། རང་ཞེན་ཕྱོགས་ལྷུང་ཆགས་སྡང་གི་ངོ་བོ་རྐྱང་བཤད་པ་ཡིན་ན་དེའང་མི་འོས་པ་ཞིག་རེད། གང་ལྟར་ཟམ་གདོང་བླ་མའི་ཆོས་བཤད་ལས་བློ་སེང་འཕགས་འཛགས་ཡག་གི་རེད། ཟམ་གདོང་བླ་མའི་ལོ་ ༡༠ རིང་བཀའ་བློན་ཁྲི་པ་ཁུར་པའི་རིང་ལ། དོལ་རྒྱལ་གྱི་ཐད་ལ་སྐད་ཆ་བཙན་པོ་ཞིག་བཤད་མྱོང་ཡོད་པ་མ་གཏོགས། གཞན་རྒྱལ་སྤྱིའི་གར་སྟེགས་སྟེང་ཆབ་སྲིད་བཙོན་པ་སྣ་གཅིག་གི་མིང་ནས་ཀྱང་ཤུགས་ཆེན་པོས་འབོད་མྱོང་མེད་པ་རེད། སྔོན་མ་མང་ཚོགས་ཁྲོད་གདེང་འཇོགས་ཡོང་ཆེད་ཁོ་རང་གིས་སྣེ་ཁྲིད་དེ་གོམས་བགྲོད་བྱེད་ཀྱི་ཡིན་ཞེས་འཁྲབ་སྟོན་ཅིག་བྱས་མྱོང་ཡོད་སྐད་འདུག ད་མང་པོ་མི་བཤད། གང་ལྟར་གཞུང་དམངས་གཉིས་ཀྱི་ངོས་ནས་ཆབ་སྲིད་ཐད་དོ་སྣང་ཤུགས་ཇེ་ཆེ་དང་འགན་ལེན་གྱི་རྣམ་པ་ཆེ་རུ་འགྱུར་བཞིན་པའི་འཕེལ་རིམ་ཅིག་མངོན་ཡོང་གི་འདུག བཀའ་ཁྲི་གཉིས་ལས་ཀྱང་བཀའ་ཁྲི་རྗེས་ལྡབ་འགྱུར་གྱིས་ཡག་པོ་འདུག ཆེས་དམའ་ཡང་རང་ཉིད་འགྲོ་མི་དཀྱུས་མ་ཞིག་ཡིན་པ་ཤེས་འདུག བོད་ཀྱི་བཀའ་ཁྲིས་སྔོན་མའི་ཟམ་གདོང་ནང་བཞིན་བླ་ཚིགས་ཐེབས་ཅག་བསྟན་དེ་མི་སྡོད་པར་མི་མང་འཛོམས་སའི་སྔོ་ཚོལ་ཚོང་ར་དང་ཆར་ནང་ཁེངས་ནང་ལའང་རྐང་པ་བརྒྱབ་སྟེ་མི་དཀྱུས་མ་ནང་བཞིན་འགྲོ་ཐུབ་འདིའང་ང་ཚོའི་བསོད་ནམས། མང་ཚོགས་ཀྱིས་སྐྱོན་བརྗོད་བྱེད་ཞོར་ལེགས་པའི་ཆ་དག་ལ་སྐུལ་འདེད་ཀྱང་བྱེད་དགོས་པ་རེད་བསམ་གི།
ང་ལ་གསེར་སྤྱི་རྒྱ་ཁ་ཤས་ཡོད་ན་རང་ལུས་མེ་རུ་སྒྲོན་མཁན་དཔའ་བོ་དེ་རྣམ་ཀྱི་མཚན་བྱང་བཟོས་ཏེ་པོ་ཏ་ལ་རུ་བཤམ་ངེས་ཡིན་།
བསམ་ཚུལ་འདིས་རིགས་འགྲོ་ས་ཤིག་མེད། ད་ཡིན་ན་ང་ཚོའི་བོད་མི་རིགས་ལ་ཐབས་ཤེས་ཤིག་ཡོད་དམ།
གཏམ་བཤད་རེ་བྱེད་ན་མགོ་མཇུག་ཡོད་པའི་ཐོག་་བོད་མིའི་རྩ་དོན་ཆེད་བོད་ཕྱི་ནང་གཉིས་སུ་ཤི་གསོན་གྱི་དབྱེ་བ་མེད་པ་རང་ལུས་མེར་སྲེག་གཏོང་མཁན་དཔའ་བོ་ཐུབ་བསྟན་དངོས་གྲུབ་ནས་བཟུང་རྒྱལ་ཞེན་ཅན་ཚང་མའི་གནས་ཚུལ་འཛམ་གླིང་སྟེང་སྒྲོག་ཐུབ་པ་བྱེད་རྒྱུ་དེ་མི་མང་གིས་འདེམས་པའི་བཀའ་ཁྲིས་ལས་འགན་དུ་མཐོང་།
མཆན་དོན་ཡོད་པ་བྲིས་
སྦྲ་རིགས་ཐོགས་མེད་ལགས་ཁྱེད་ཀྱིས་གསུངས་པར་རྒྱུ་མཚན་ཆེན་པོ་འདུག་ལ་བདེན་པ་རེད། བྱ་ཐབས་ག་རེ་ཡོད་དྲ་ཐོག་འདིར་ཆེད་བཙུགས་བྱས་པའི་དྲ་འབུ་སྐྱག་གཟན་པ་དེ་ཚོས་རང་སྐྱོན་ངོས་ལེན་དང་ནོར་འཁྲུལ་ཡོ་སྲང་བྱ་རྒྱུའི་འདུན་པ་མེད་ཁར་ལོག་བཤད་ཁོ་ན་བྱེ་བཞིན་པར་བསམ་ན། ང་ཚོ་བོད་པ་རྣམས་ད་དུང་སྡུག་བསྔལ་མུ་མཐུད་མྱོང་རྒྱུ་ལས་ཐབས་ཅི་ཡོད།། །།
ཆོ་ག་ཉམས་པའི་གནས་རྣམས་སུ།
ཆོ་ག་ཚང་བར་བྱེད་ལ་བརྙེས།
ཙི་ཏའི་ཡུལ་ལ་ཐོན་པ་ན།
རྐང་གཉིས་པ་ལ་མིར་མི་བརྩི།
འོ་སྐོལ་གྱི་སྨྲ་དགའ་ལག་ལེན་དབེན་པ་་གྲས་ཀྱིས་བོད་མིར་བདེ་སྐྱིད་འདྲེན་པའི་ཐབས་ལམ་དེ་ཚོའི་ཕུ་ཐུང་ན་ཡོད་མདོག་སྟོན་པ་ནི་ཙི་ཏ་རྐང་གཅིག་གི་གཟུགས་ཙམ་ལས་མ་འདས། ཆེ་བཙན་སྟོབས་ཀྱི་རྒྱལ་མཚན་ནུབ་པ་མེད་པར་སྒྲེང་བའི་བོད་གཞུང་དང་དེའི་ལས་སྣེ་རྣམས་རྒྱལ་གྱུར་ཅིག ཕྲ་མེན་འདྲ་བའི་ཅོལ་ཆུང་རྣམས་ལ་ས་མ་ཡ།
ཆབ་བྲག་ལྷ་མོ་སྐྱབས།
༢༠༡༢/༠༡/༢༠ ཉིན་འདོན་སྤེལ་བྱས། རང་གི་དབུ་ཁྲིད་ལ་རང་གི་མིས་སྐྱོན་བརྗོད་པ་དེ་ཤ་ཚ་བའི་གཏམ་ཡིན། ཡང་གཅིག་བཤད་ན་དམངས་གཙོ་ཞེས་པའི་རང་དབང་སྨྲ་བརྗོད་ཀྱི་ཁྱད་ཆོས་དེ་རེད། འདི་ཙམ་གྱིས་ཆོལ་ཁའི་བར་དང་གཞུང་དམངས་བར་ལ་འགལ་བ་དང་ཆིག་སྒྲིལ་ལ་ཉེན་ཁ་ཡོང་བསམ་ན་བསམ་མཁན་དེ་རིགས་ཀྱི་བློ་ཁོག་གུ་དོག་དྲགས་པ་རེད།
ངའི་བསམ་ཚུལ་ལ་འདི་ལྟར་དུས་ཐོག་ཆར་བ་ལྟར་དུ་ལེགས་ཉེས་བླང་དོར་གསལ་འབྱེད་གནང་བ་འདི་རིགས་དགེ་མཚན་ཆེ་བར་མཐོང་གི་ཡོད། སྐྱོན་མེད་སར་སྐྱོན་བཙལ་བ་དང་སྐྱོན་ཆུང་བ་ཞིག་ཆེ་བར་བཏང་ན་མི་འགྲིགས་ལ། ལྷག་པར་དུ་ཡང་མི་དཀར་ལ་ཞྭ་ནག་གཡོག་ན་གཏན་ནས་མི་འགྲིགས། འདི་ལ་མི་ཆེ་ཆུང་དང་བཟང་ངན་གྱི་དབྱེ་བ་མེད།
སྐབས་དོན་སྐབས་དེའི་བཀའ་ཁྲིའི་གསུང་དུམ་བུ་ཞིག་དྲངས་ན།
“སྔ་ལོ་ཕྱི་ཟླ་གསུམ་པ་ནས་བཟུང་རྔ་པ་ཁུལ་དང་རྟའུ། གསེར་རྟ།
ཆབ་མདོ་སོགས་སུ་བོད་མི་མང་པོ་འཛིན་བཟུང་བཀག་ཉར་གྱི་གནས་སྟངས་ཛ་དྲག་ཇི་ཆེར་སོང་ཡོད། སྔ་ལོ་གཅིག་པུར་ང་ཚོས་ཤེས་རྟོགས་བྱུང་བར་བོད་རིགས་ན་གཞོན་བཅུ་གཉིས་ཀྱིས་རང་ལུས་མེར་སྲེག་བཏང་བའི་ཡིད་སྐྱོ་བའི་གནས་ཚུལ་བྱུང་ཡོད། དེ་ཡང་ ༡།དགེ་འདུན་པ་བློ་བཟང་ཕུན་ཚོགས་རང་ལོ་ ༢༡ དང༌། ༢།དགེ་འདུན་པ་ཚེ་དབང་ནོར་བུ་རང་ལོ་ ༢༩། ༣།དགེ་འདུན་པ་བློ་བཟང་སྐལ་བཟང་རང་ལོ་ ༡༨། ༤།དགེ་འདུན་པ་བློ་བཟང་དཀོན་མཆོག་རང་ལོ་ ༡༨། ༥།དགེ་འདུན་པ་བློ་བཟང་དབང་ཕྱུག་རང་ལོ་ ༡༧། ༦།མཁའ་དབྱིངས་རང་ལོ་ ༡༨། ༧།ཆོས་འཕེལ་རང་ལོ་ ༡༩། ༨།ནོར་བུ་དགྲ་འདུལ་རང་ལོ་ ༡༩། ༩།བཙུན་མ་བསྟན་འཛིན་དབང་མོ་རང་ལོ་ ༢༠། ༡༠།དགེ་འདུན་པ་ཟླ་བ་ཚེ་རིང་རང་ལོ་ ༣༨། ༡༡།བཙུན་མ་དཔལ་ལྡན་ཆོས་བཟང་རང་ལོ་ ༣༥། ༡༢།བསྟན་འཛིན་ཕུན་ཚོགས་རང་ལོ་ ༤༠ བཅས་ཡིན། ཡིད་སྐྱོ་བའི་དོན་རྐྱེན་དེ་དག་ལ་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ཀྱང་ཐུགས་འཚབ་ཆེན་པོ་མཛད་ཀྱི་ཡོད་པ་མཁྱེན་གསལ་རེད། ང་ཚོའི་ངོས་ནས་ཀྱང་སེམས་འཚབ་དང་སྦྲགས་བོད་ཀྱི་རྩ་དོན་མུ་མཐུད་གནས་པར་ཁོང་ཚོ་འཚོ་གནས་དགོས་པའི་ངོས་འཛིན་ཞུ་བཞིན་ཡོད། དེར་བརྟེན་བོད་ཕྱི་ནང་གཉིས་སུ་འཁོད་པའི་བོད་རིགས་སྤུན་ཟླ་རྣམས་ཀྱིས་བོད་མིའི་ཕུགས་རྒྱང་རིང་པོའི་ཁེ་ཕན་ཆེད་ཤེས་ཡོན་ཐོག་ནུས་ཤུགས་སྒྲིལ་དགོས་པའི་འབོད་སྐུལ་ཞུ་གི་ཡོད། གོང་གསལ་རང་ལུས་མེར་སྲེག་གཏོང་མཁན་བཅུ་གཉིས་ནས་བདུན་འདས་གྲོངས་སུ་གྱུར་ཟིན་པ་དང་ལྔའི་གནས་སྟངས་གར་སོང་ཆ་མེད་ཀྱི་གནས་སྟངས་སུ་གྱུར་འདུག
སྤྱིར་བསྟན་སྲིད་མི་རིགས་ཀྱི་ཆེད་དུ་ལུས་སྲོག་བློས་གཏོང་མཁན་ཡོངས་དང་ཡང་སྒོས་གོང་གསལ་འདས་གསོན་རྣམས་དང་ཁོང་ཚོའི་ཕ་མ་གཉེན་ཉེ་གཙོ་བོ་གྱུར་བའི་འཛིན་བཟུང་བཙོན་འཇུག་གི་དམ་བསྒྲགས་འོག་ཚུད་ཡོད་པའི་གཞིས་བཞུགས་སེར་སྐྱ་མི་མང་ཡོངས་ལ་གདུང་སེམས་མཉམ་སྐྱེ་ཞུ་ཆེད་དང༌། བོད་དོན་བདེན་མཐའ་མྱུར་དུ་སེལ་བར་སྤྱི་མཐུན་གྱི་བསོད་ནམས་གོང་མཐོར་སྤེལ་སླད་དེ་རིང་རེས་གཟའ་ལྷག་པའི་ཉིན་བདག་ཅག་སྟོན་པ་མངོན་པར་རྫོགས་པའི་སངས་རྒྱས་པའི་གནས་མཆོག་རྡོ་རྗེ་གདན་གྱི་རྟེན་མཆོག་སྤྱན་སྔའི་དྲུང་དུ་མཆོག་གསུམ་རྒྱལ་བ་རྒྱ་མཚོའི་ཐུགས་རྗེས་བསྐུལ་བའི་མཆོད་འབུལ་སྨོན་ལམ་རྒྱས་པ་འདིེ་གཞུང་དམངས་གཉིས་ནས་གོ་སྒྲིག་ཞུས་པ་ཡིན།”
གོང་གསལ་འདི་ལས་བཀྲ་བྷེའི་མཚན་མ་བརྗོད་པ་དེ་བསམ་བཞིན་དང་བརྗེད་སོང་བ་སོགས་ཀྱི་ནོར་འཁྲུལ་མིན་པ་གསལ་རྟོགས་ཐུབ། འདི་ནི་སྔ་ལོ་གཅིག་པུ་དཔེ་མཚོན་ལ་དྲངས་པ་ཞིག་རེད། འདི་ལ་མ་འོས་པ་གང་ཡང་མི་འདུག གལ་ཏེ་རྒྱལ་གཅེས་དཔའ་བོ་སྤྱི་དང་ལྷག་པར་རང་ལུས་མེ་བསྲེགས་བཏང་མཁན་ཁོ་ནའི་གནས་བབ་ཅིག་གླེང་བ་ཡིན་ན་དེ་དང་འབྲེལ་ཡོད་ཀྱི་མགོ་མཇུག་ཚང་མ་ཚང་དགོས་ཟེར་ན་འོས་པ་ཞིག་རེད།
ངས་འདི་ལྟར་གསལ་བཤད་བྱེད་དོན། ཆེད་དུ་ང་ཚོའི་ཁྱིམ་ཁ་གསུམ་པོར་ཕྲ་མ་བྱེད་མཁན་དང་བསམ་མ་ཤེས་པར་རི་བོང་ཅལ་འདྲོགས་བྱེད་མཁན་ཚོར་གོ་བརྡ་ཞིག་སྤྲད་པ་ཡིན།
མདོར་བསྡུས་ན། བཀའ་ཁྲིའི་སྐབས་འདིའི་གསུང་བཤད་ལ་སྐྱོན་ཆེན་པོ་མེད་པ་མ་ཟད་འོད་ཟེར་ལགས་ཀྱིས་དགོངས་འཆར་གནང་བ་དེ་ཡང་འགྲིག་པ་ཞིག་རེད། གླེང་སྟངས་འདི་རིགས་ནི་གུང་ཁྲན་ཏང་ལ་མེད་པའི་ང་ཚོའི་དམངས་གཙོའི་གཏམ་བརྗོད་ཀྱི་གཟི་བརྗིད་ཡིན་ཞེས་སྨྲ་བར་སྤོབས་སོ།
སྥྱིར་བཏང་ཕྱོགས་མང་བོ་ཞིག་ནས་བཀའ་ཁྲི་ལགས་ལ། དབུ་ཁྲིད་ཅིག་ལ་ཚང་དགོས་པའི་ཁྱད་ཆོས་མང་བོ་འདུག་བསམ་ཏེ་དགའ་ནས་ཡོད། འོན་ཀྱང་། བཀྲ་བྷེའི་ཐད་ནས་ལོ་སྔོན་མར་NDTV ཁང་གིས་བཀའ་ཁྲིར་བཅར་འདྲི་ཞིག་བྱས་ཡོད་པས་དེ་ལ་གཟིགས་རོགས་ཞུ། དེ་ནས་སྐྱོན་མེད་ལ་སྐྱོན་འདོགས་ཡིན་མིན་ཤེས་ཡོང་།
ཨ་རོགས་་་་་་བཀྲ་བྷེ་སྐོར་ལ་བྲིས་པའི་འོད་ཟེར་གྱི་རྩོམ་ཡིག་དེ་སྔོན་མ་ནས་ཀློག་ཚར་ཡིན། འདྲ་བོ་འདྲ་བོ་རེད་ཞག་་་་་་་སྐྱོན་མེད་ན་བློ་བཟང་སེང་གེ་སངས་རྒྱས་རེད། སྐྱོན་ཏན་ཏན་ཡོད་གི་བསམས་ནས་་སྐྱོན་བརྗོད་བྱེད་རྒྱུ་ཐལ་མ་དྲགས་རོགས ཁོས་བཀྲ་བྷེ་སྐོར་ཧ་མ་གོ་བ་གཏན་ནས་ཡིན་མི་སྲིད། NDTV བཅར་འདྲི་སྐབས་སུ་ང་ཡང་གནས་དེར་ཡོད་་ཁོས་ from march 16th ནས་གནས་ཚུལ་གླེང་སོང་། སྐབས་དེར་༢༠༡༡་རེད་་་༢༠༡༡་གི་གནས་ཚུལ་བརྗོད་ཀྱི་ཡོད་པ་རེད་་་་་དེ་ཧ་གོ་བ་གནང་རོགས་་་སྦྲ་རིགས་ལགས།
སྐྱོན་ལ་སྐྱོན་དུ་མཐོང་ནས་དོན་དངོས་ཀྱིས་སྐྱོན་བརྗོད་བྱས་ན་བཀའ་ཁྲིས་དབུས་མི་སུ་འདྲ་ཞིག་ལ་ཕན་ལས་གནོད་མེད། གཏམ་དཔེར་གྲོགས་པོ་མཛའ་ན་སྐྱོན་ལ་རྫུབ་མོ་ཚུགས་ཞེས་པ་བདེན་པ་ཡིན།། །།
ངས་བཀའ་ཁྲིར་ཐད་ནས་མ་དགའ་བས་ཀྱང་སྐྱོན་འདི་ཙམ་ལས་ཟློས་རྒྱུ་མེད་པའི་རེ་བ་ཞིག་ཀྱང་དེ་སྔོན་བཞག་མྱོང་མེད། འོན་ཀྱང་ད་བལྟ་དུས་བཀའ་ཁྲི་ཁྱེད་ནི་ཅི་འདྲའི་གཟི་བརྗིད་ཆེན་པོ་ཞིག་དང་མི་མང་གིས་དགའ་ཞེན་བྱེད་ས་ཞིག་རེད།
ཁ་སྔོན་དུས་འཁོར་དབང་ཆེན་ཞུ་སྐབས་བོད་ནས་ཕེབས་པ་རྣམས་ཀྱིས་ཧ་ལས་པའི་ཡིད་ཆེས་དང་དགའ་བསུ། ཞུ་བཞིན་པ་དེ་དག་མ་བཟོད་ནས་ཤར་ཕྱོགས་ཁུག་རྟ་སོགས་ཁ་ཤས་ཉིན་གླ་མ་རེག་པའི་ཞེ་འཁོན་གིས་མ་བཟོད་ནས་ད་ལྟ་ཁོ་ཅག་གིས་སྐྱོན་མེད་ལ་སྐྱོན་འདོགས་དང། སོ་སོར་ཤར་ཕྱོགས་ཀྱི་ཕོ་ཉར་བྱེད་འདོད་པའི་ཀུན་སློང་གིས་ད་མི་ཤེས་ཡ