༼བོད་མིའི་སྒྲིག་འཛུགས་ཀྱི་བོད་ཡིག་དྲ་རྒྱ་ནས་འདྲེན་བཤུས་བྱས།༽
བཀའ་ཁྲི་མཆོག་གིས་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་ཏུ་འཚམས་གཟིགས་ཀྱི་དགེ་འདུན་པ་རྣམས་ལ་གསུང་བཤད་གནང་བ།
༢༠༡༢ ཟླ་ ༨ ཚེས་ ༡ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༧ ཚེས་ ༣༡ ཉིན་གྱི་སྔ་དྲོ་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་བློན་ཁྲི་པ་བློ་བཟང་སེང་གེ་མཆོག་གིས་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་གཞིས་ཆགས་སུ་འཚམས་གཟིགས་གནང་བ་དང་ཆབས་ཅིག་ཕྱེད་ཡོལ་སེ་ར་བླ་སྤྱིའི་འདུ་ཁང་ནང་སེ་ར་བྱེས་སྨད་གཉིས་ཀྱི་མཁན་བླ་འདུས་དམངས་ཡོངས་དང་དགེ་འདུན་པ་རྣམས་ལ་གསུང་བཤད་གནང་དོན། དེ་རིང་འདི་གར་ཕེབས་པའི་རྣམ་པ་ལྷན་རྒྱས་ལ་ངས་བཀའ་ཤག་སྐབས་བཅུ་བཞི་པའི་ཚབ་ཞུས་ཏེ་འཚམས་འདྲིའི་བཀྲིས་བདེ་ལེགས་ཞུ་རྒྱུ་ཡིན། དེ་སྔོན་༸གོང་ས་མཆོག་གིས་ཆབ་སྲིད་ཀྱི་སྐུ་དབང་གསོལ་རས་སྩོལ་སྐབས་ང་ཚོ་ཚང་མར་སེམས་འཚབ་ཤུགས་ཆེན་པོ་བྱུང་ཡོད། ད་ཆ་མང་ཚོགས་རྣམས་ལྷིང་འཇགས་གནས་ཡོད་པ་དེས་བོད་མིའི་ཆིག་སྒྲིལ་གྱི་ངོ་བོ་མཚོན་བཞིན་ཡོད་སྟབས། བོད་དང་རྒྱ་ནག རྒྱལ་སྤྱི་ནང་བརྡ་ལན་གསལ་པོ་ཞིག་སྤྲད་ཡོད།
༡༽༸གོང་ས་མཆོག་གིས་ཆབ་སྲིད་ཀྱི་སྐུ་དབང་གསོལ་རས་སྩལ་བ་དེ་ང་ཚོས་མུ་མཐུད་ནས་མཇུག་སྐྱོང་ཞུས་པ་མ་ཟད། བོད་ཀྱི་བདེ་དོན་མུ་མཐུད་རྩོད་བཞིན་ཡོད་པའི་བརྡ་ལན་གསལ་པོ་ཞིག་རྒྱ་ནག་གཞུང་ལ་སྤྲད་ཡོད། དེ་ནི་ང་ཚོའི་གཟི་བརྗིད་ཡིན།
༢༽བོད་ནང་གི་བོད་མི་ཚོས་༸གོང་ས་མཆོག་གིས་ཆབ་སྲིད་ཀྱི་སྐུ་དབང་རྩིས་སྤྲོད་མཛད་རྗེས་བཙན་བྱོལ་དུ་གནས་པའི་བོད་མི་རྣམས་ནས་གང་འདྲ་བྱས་ཡོང་ངམ་སྙམ་པའི་བློ་འཚབ་གནང་སྐབས། ང་ཚོ་འདི་གར་ལྷིང་འཇགས་ཐོག་གནས་ཡོད་པར་བརྟེན། ཁོང་རྣམ་པས་ང་ཚོས་ལས་དོན་ཚགས་ཚུད་གནང་ས་རེད་སྙམ་པའི་སྙིང་སྟོབས་དང་སེམས་ཤུགས་ཡོད་པ་རྣམས་གོང་ནས་གོང་དུ་འཕེལ་རྒྱུར་བརྡ་ལན་གསལ་པོ་ཞིག་ཕུལ་ཐུབ་ཡོད་སྙམ་གྱི་ཡོད།
༣༽རྒྱལ་སྤྱིའི་ཐོག་ལ་བོད་མིའི་སྒྲིག་འཛུགས་འདི་བཞིན་མང་གཙོའི་ལམ་ལུགས་སུ་སྐྱོད་ཀྱི་ཡོད་སྐོར་ཡོངས་གྲགས་བརྗོད་བཞིན་པ་དེར་རྒྱལ་སྤྱི་ནས་དཔྱད་ཞིབ་བྱེད་སྐབས། བཙན་བྱོལ་དུ་བོད་མི་ཉུང་ཤས་ཤིག་ལས་མེད་ཀྱང་མང་གཙོའི་འགྲོ་ལུགས་འགྲོ་སྟངས་དེ་ཚད་ལོངས་བ་ཞིག་ཡིན་པ་བརྡ་ལན་སྤྲོད་ཐུབ་ཡོད།
དེ་བཞིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མང་གཙོ་གསོལ་རས་སྩལ་བ་ལྟར། ང་ཚོས་ལག་བསྟར་ཞུས་དང་ཞུ་མུས་ཡིན། ཕྱོགས་མཚུངས་༸གོང་ས་མཆོག་གིས་ཆབ་སྲིད་དང་འཛིན་སྐྱོང་གི་སྐུ་དབང་གསོལ་རས་སྩལ་རྗེས་ཀྱང་མགོན་པོ་གང་ཉིད་མཆོག་གི་མཛད་འཕྲིན་རྒྱས་བཞིན་ཡོད་སྟབས། འཛམ་གླིང་སྤྱི་ཡོངས་ནས་༸གོང་ས་མཆོག་ལ་ཆེ་མཐོང་དང་གུས་བཀུར་ཞུ་མཁན་ཇེ་མང་དུ་འགྲོ་བཞིན་ཡོད། ཅེས་སོགས་ཀྱི་གསུང་བཤད་གནང་བ་མ་ཟད། བཀའ་ཤག་སྐབས་བཅུ་བཞི་པའི་ལྟ་གྲུབ་གསུམ་དང་བོད་རྒྱ་ཞི་འགྲིགས་ཡོང་ཐབས་སྐོར་ཡང་གསུང་བཤད་གནང་ཡོད་པ་བཅས། །
བརྡ་ལན། བརྡ་ལན་། བརྡ་ལན་བཀའ་ཁྲི་ལ་ན་མོ།།
རྒྱལ་བ་རིན་པོ་ཆེས་ཀྱང་འགན་འཁུར་གསུམ་གྱི་སྒང་ལ་རྟག་ཏུ་གསུང་བཤད་གནང་བ་ཚང་མ་ཕྱོགས་འདྲ་རེད།
ཇོ་བོ་རྗེས་ཀྱང་སྐྱབས་འགྲོ་ཁོ་ན་ལོ་བདུན་ལ་གསུངས་པའི་ལོ་རྒྱུས་འདུག
ཁ་ཕྱོགས་དང་ནང་དོན་རྩ་དོན་གྱི་ལང་ཕྱོགས་ངེས་ཅན་གྱི་ཐོག་ནས་བཤད་པ་ཚང་མ་ཉིན་རེ་བཞིན་མི་འདྲ་བ་ཡིན་དགོས་ངེས་ནི་མེད། ཁྱད་པར་གཞུང་འཛིན་ཆབ་སྲིད་པའི་སྣེ་ཁྲིད་པ་ཞིག་ཡིན་ན་རྩ་བ་གཅིག་གི་ཐོག་ནས་བསྐྱར་བརྗོད་དང་ནན་བརྗོད་གནང་རྒྱུ་དེ་བཟང་ཆ་ཞིག་རེད། (བསྐྱར་ཟློས་མ)ཞེས་པ་འདིར་དེ་ཙམ་འཐད་པོ་མ་བྱུང་།
༼བསྐྱར་བཟློས་མ་༽ཞེས་པ་འདི་ཟུར་ཟ་ཡིན་པའི་ཁུལ་ཡིན་ས་རེད། གལ་པོ་ཆེ་ལ་ནན་ཏན་དང་། དམ་པའི་ཆོས་ལ་རྒྱ་ཚར་ཞེས་པ་དེ་གོ་མེད་པ་འདྲ།
དོ་སྣང་ཡོང་ཆེད་དུ་མིང་འདི་འདྲ་ཞིག་བཏགས་པ་འདྲ།
དམིགས་བསལ་འགལ་བ་གང་ཡང་མ་མཐོང་།
རྣམ་པ་ལྷན་རྒྱས་ནས་ཕོ་ངན་ཚིག་ལ་བསྐྱར་ཟློས་ཟེར་བ་དེ་ཐོས་མ་མྱོང་ངམ།
འདི་ཨ་མདོ་བ་ཡི་ཁ་སྐད་ཡིན་གཙང་འཐད་དང་མི་འཐད་ཚོར་བའི་ལམ་བུ་བརྒྱུད་མྱོང་མེད། ལེགས་ཉེགས་དཔྱོད་ཉེས་པ་ཡིས་ཐུགས་ལ་བཟུང་ན་དེས་འགྲིགས། དམིགས་བསལ་དགག་རྒྱག་བྱེད་ན་ཁོང་རྣམ་པའི་ཐུགས་ཀྱི་རེའུ་འགྲུབ་ཉེན་ཡོད་པས་ཅི་མི་ཞུ།
བོད་མི་རྣམས་ཀྱིས་ཟམ་གདོང་བླ་མ་བཀའ་ཁྲི་ཡིན་པའི་སྐབས་སྣེ་ལེན་ཟབ་རྒྒས་དེ་ལྟར་མ་བྱེད་པ་འདིས་ངོས་རང་ངོ་གནོང་བཅུག་སོང་། ཟམ་གདོང་བླ་མ་མཁྱེན་ཡོན་ཆུང་དྲག་པས་ཡིན་ནམ། རྫིག་པོ་མེད་པས་ཡིན་ནམ། ཡང་ན་ཁོང་གྲ་པ་ཞིག་ཡིན་པས་རེད།
བརྡ་ལན་ག་ཚོད་སྤྲད་ཡང་། ཟམ་གདོང་བླ་མ་ལས་ལྷག་པ་ཁག་པོ་རེད། དངོས་གནས་ཡིན།
གོང་ས་མཆོག་གི་ཆབ་སྲིད་ཀྱི་སྐུ་དབང་རྩི་སྤྲོད་བྱས་ཡོད་ན། རྩི་ལེན་མཁན་དེས་གང་ལེན་པ་ཡིན་ནམ། བཀའ་ཟུར་ཟམ་གདོང་མ་གནང་པ་ཞིག་བློ་སེང་གིས་བྱ་རྒྱུ་གང་ཡོད་དམ། རྒྱ་ནག་ལ་ཕར་བརྡ་ལན་སྤྲོད་ན་ཡར་ལན་གང་གནང་ཡོད་དམ། གཏམ་ལ་གཏམ་ལན་མེད་ན་ལྐུགས་པ་ཞེས་པ་ལྟར་རྒྱ་ནག་གཞུང་ལྐུགས་པ་ནི་ཡིན་རྒྱུ་མ་རེད།
བཀའ་ཁྲི་ལ་བརྩི་བཀུར་དང་། གཏམ་བཤད་ལ་མཉམ་འཇོག་བྱེད་དགོས།
སེམས་གཏིང་ནས་གོང་བཀུར་དང་། ནོར་འཁྲུལ་ལ་མཛུབ་མོ་འཛུགས་དགོས།
ལམ་དབུ་མ་ལ་དབུ་མ་ཞེས་བསྐྱར་ཟློས་བྱས་བ་སྐྱོན་དུ་འདོད་ན། སྒྲིག་འཛིགས་ཚོགས་གཙོ་བློ་སེང་གིས་མངོན་བརྗོད་སྦྱང་དགོས་རྒྱུ་རེད་པ་ཨ། ཨ་ཁ། ངས་རྗེས་མར་ཁོང་གི་ཚོགས་གཏམ་གོ་རྒྱུ་མིན་པའི་སེམས་ཁྲུལ་ཐེབས་པར་ལང་སོང་།
མཆན་བུ་༥་བོད་ལ་དགའ་བའ་བུ་ལགས། ཕོ་ངན་ཚིག་གི་བསྐྱར་ཟློས་མིན་ཀྱང་།། གལ་པོ་ཆེ་ལ་ནན་བཏན་ཡིན་ཟེར་བའི་ཚིག་རྐང་རྗེས་མ་ལྟར་གོ་དགོས།
ལྟས་ངན་དེ་ཚོ་ཡིན་ན། སྔར་ཟམ་གདོང་རིན་པོ་ཆེས་བཀའ་ཁྲི་གནང་སྐབས་ཁོང་ལ་ཁ་བཏང་། ད་བློ་སེང་གིས་བཀའ་ཁྲི་གནང་སྐབས་ཡང་ཁོང་ལ་ཁ་གཏོང་། ད་ཁྱོད་ཚོ་ལ་བཀའ་ཁྲི་ཁྱོད་ཚོའི་ཕ་རྒན་བཀོད་དགོས་ཨ་རེད། ད་སྐྱོན་འཚལ་ནས་མ་རྙེད་ནས་བཀའ་སློབ་བརྗོད་བྱ་གཅིག་པ་རེད་འདུག་ཟེར་ནས་ཁ་གཏོང་གི་འདུག ཁྱོད་ཚོས་རྒྱབ་ཁབ་གཞན་ཚོས་སྐད་ཆ་བསྐྱར་བྱས་པ་ཐོས་མ་མྱོང་ངམ། དཔེར་ན་རྒྱ་ནག་གིས་བོད་ཐོག་བཤད་པའི་སྐད་ཆ་ལ་བསམ་ན་གནའ་ནས་ད་བར་བོད་དེ་རྒྱ་ནག་དང་ཁ་བྲལ་ཐབས་མེད་ཟེར་བ་དང་། ཁ་བྲལ་རིང་ལུགས་པ་ལ་རྩ་གཏོར་དགོས་ཟེར་བ་སོགས་གྲངས་མེད་ནས་གྲངས་མེད་བཤད་ཡོད་རེད། དེ་ཚོ་ཡང་སྐད་ཆ་བཤད་མ་པ་ཨེ་རེད།
རྒྱལ་ཁབས་ཞིག་གི་དབུ་ཁྲིད་ཀྱིས་ཆབ་སྲིད་ཀྱི་སྣེ་ཁྲིད་བཏང་དང་རང་གི་ལང་ཕྱོགས་ལ་འགྱུར་བ་མེད་པའི་གསུང་བཤད་གཅིག་རྒྱུན་དུ་གང་དུ་ཕེབ་ཀྱང་སུ་དང་འཕྲད་ཀྱང་གསུང་རྒྱུ་ཡོད་པ་ནི་དངོས་གནས་དགའ་འོས་པ་ཞིག གལ་སྲིད་ཉི་མ་རེ་ལ་ཁ་ཕྱོགས་མ་འདྲ་བ་རེ་རེ་གསུང་ཡོང་བ་ཡིན་ན་དེ་ནི་ངེས་མེད་དུ་སོང་བ་ཡིན་ཙམ་ཁ་སང་གི་བྱ་བ་དེས་དེ་རིང་ཕན་མི་ཐོག་པའི་ཉེན་ཁ་ཞིག་ལོས་ཡོད།
དྲ་གྲོགས་ཚོས་བཀའ་ཁྲི་སྔོན་མ་ལ་སྣེ་ལེན་ཟབས་རྒྱས་བྱས་མ་བྱས་སོགས་མ་གསུང་རོགས་གནང་ད་ལྟའི་ང་ཚོའི་དབུ་ཁྲིད་ལ་གུས་སྐུར་དང་སྣེ་ལེན་ལེགས་པོ་གནང་མཁན་མང་པོ་བྱུང་བ་དེ་ནི་ང་ཚོའི་མི་རིགས་དང་རྒྱལ་ཁབ་རིགས་གཞུང་སོགས་ལ་ཚེ་སྲོག་གསར་པ་ཞིག་གིས་ཤི་ས་ནས་སླར་ཡང་སོས་ཐུབ་པའི་རེ་བ་ཞིག་ཡིན་རྒྱུ་རེད་དྲན།
མཆན་ཞོག་༡༢པའི་བདག་པོའི་དབང་ཆེན་ལ། དེ་ན་ད་རུང་བསྐྱར་ཟློས་དང་བསྐྱར་སྐོར་རྒྱབ་ནས་སྡད་གི་ཡིན་པས། བོད་ནང་ལ་ལྟོས་ར། གོང་གི་བཀའ་ཁྲིས་བཤད་པ་འདི་ལ་གཟིགས་དང་། (ང་ཚོ་འདི་གར་ལྷིང་འཇགས་ཐོག་གནས་ཡོད་པར་བརྟེན།) ཁྱེད་རང་ཚོ་འདིར་ལྷིང་འཇགས་ངང་སྡོད་ཐུབ་ཀྱང་། ང་འདྲ་ཆག་ཆག་གི་འཚོལ་བ་འདི་ལ་གོམ་འདྲིས་ཡོང་ཐབས་བྲལ།
མཆན་བུ་༦་པ་ལ་ལན་དུ་ཕུལ། འདིར་བརྗོད་བྱ་གཙོ་བོ་བཀའ་ཁྲིའི་གསུངས་བཤད་སྐོར་ལ་དཔྱད་པ་བྱེད་རྒྱུ་ལས་ཁྱོད་དང་ང་སུ་ཡིན་ལ་འབྲེལ་བ་དེ་ཙམ་མི་འདུག ད་དུང་ཉིད་ཀྱིས་(འདི་ཨ་མདོ་བ་ཡི་ཁ་སྐད་ཡིན་གཙང་འཐད་དང་མི་འཐད་ཚོར་བའི་ལམ་བུ་བརྒྱུད་མྱོང་མེད། ལེགས་ཉེགས་དཔྱོད་ཉེས་པ་ཡིས་ཐུགས་ལ་བཟུང་ན་དེས་འགྲིགས། དམིགས་བསལ་དགག་རྒྱག་བྱེད་ན་ཁོང་རྣམ་པའི་ཐུགས་ཀྱི་རེའུ་འགྲུབ་ཉེན་ཡོད་པས་ཅི་མི་ཞུ།) ཡིག་འབྲུ་འདི་དག་ལས་ཡིག་ནོར་དང་ཆད་ལྷག་མི་ཉུང་བ་ཞིག་རྙེད་པ་ལས་གཞན་བརྡ་ལན་ཞིག་རྙེད་མ་སོང་།
བསྐྱར་ཟློས་མ་ཡིན་པར་ཁྱོད་ཚོར་ཐབ་ལམ་གསར་པ་ག་རེ་སྟོན་ཡ་ཡོད་ན་ཐོན་ཤིག་དང་། དགའ་བསུ་ཡོད། མ་གཞི་ནི་ཁ་བརྡ་དྲྭ་བ་འདི་ནི་ངའི་ངོས་ནས་ཞུས་ན་དང་ཐོག་ཡག་པོ་འདྲ་མཐོང་མོད། དོན་ངོ་མ་འདིའི་དམིག་ཡུལ་གང་ཡིན་དོགས་པའི་གནས་སུ་ལྷུང་བཅུག་སོང་། དབུས་བོད་མིའི་སྒྲིགས་འཛུགས་ཀྱིས་ལས་ཀྱི་སྣེ་མོ་བ་དག་ལ་རྒྱུ་མཚན་ཡོད་མེད་ལ་མ་བལྟོས་པའི་ངན་སྨས་དང་བསྐྱོད་བརྗོད་བཟོ་སའི་གླེང་སྟེགས་ཞིག་ཆགས་འདུག་པའི་དྲྭ་གྲོགས་ཚང་མའི་ཡིད་གཟབ་གནང་གལཆེ།
ལྟས་ངན་ཁྱེད་ཚོ་ཅི་རེད་བཀའ་ཁྲི་མཆོག་གི་ག་རེ་བྱས་ན་མ་འགྲིག་པ་ཡག་སྙིང་ཁྱེད་ཚོ་་སུ་ཡིན་རྒྱ་མིའི་རྒྱུགས་ཁྱི་མ་ཡིན་ནམ?
ཨ་ཁ་ཁ་་་མི་འཇོན་འཇོན་མདོག་གི་བློ་སེང་་་་་ཁྱེད་རང་གི་ཁ་ནས་ད་བར་
མ་ཎི་་་་་བསགས་བསགས་ཀྱི་་་་་རྩ་དོན་གསུམ་པོ་དེ་ག་པར་ཕྱིན་སོང་སུ་ལ་བཙོང་པ་ཡིན་ཕལ་ཆེར་རྒྱ་ནག་ལ་བཙོང་པ་ཡིན་རྒྱུ་རེད་་་་་རྒྱ་སྒོར་ག་ཚོད་རག་སོང་། སྐུའི་འཁྲུངས་སྐར་མཛད་སྒོའི་སྐབས་སུ་ཁྱེད་ཀྱི་གཅིག་སྒྲིལ་ཟེར་ཡག་གི་རྩ་དོན་དང་པོ་མིག་མཐོང་ལག་ཟིན་གྱི་དམིགས་མེད་དུ་བཟོས་སོང་། ད་དུང་དམངས་གཙོ་ཡང་དག་པ་ཨེ་་་་་་གལ་ཏེ་ཁྱེད་རང་ཡང་དག་པའི་དམངས་གཙོའི་དབུ་འཁྲིད་ཞིག་ཡིན་ན་་་་་ཆུང་དུས་ནས་ད་བར་ཁྱེད་རང་གི་རྩ་བའི་དམ་བཅའ་ངོ་མ་རང་བཙན་གྱི་ལྟ་བ་དེ་་་་་་ག་པར་ཕྱིན་སོང་། བརྗེད་ཚར་བ་རེད་པས་་་བརྡ་སར་མི་ཚང་གསུམ་གྱི་སྒང་ཆུང་ནང་གཏེར་དུ་སྦས་པ་ཡིན་པས་་་་་་གང་རེད་ལབ་དང་། ཁ་ནས་དམངས་གཙོ་ཟེར་བ་མ་གཏོགས་དོན་ལ་་་་་ཁྱེད་རང་ལའང་སྨྲ་བརྗོད་ཀྱི་རང་དབང་མེད་པ་གསལ་པོ་གསལ་རྐྱང་རེད། ་་་་
བརྡ་ལན་་་་་བརྡ་ལན་་་་་ག་རེ་བརྡ་ལན་སྤྲད་ཡོད་་་ད་བར་ཤ་རུས་གཅིག་པའི་སྤུན་ཟླ་༤༤མེར་སྲེགས་བཏང་ནས་རྒྱ་ནག་གི་སྲིད་ཇུས་ལ་འགྱུར་བ་སྤུ་ཙམ་མེད་པ་མ་ཟད་ད་དུང་དམ་དྲག་ཇི་ཆེར་ཕྱིན་པ་དེ་ཁྱེད་ཀྱིས་བརྡ་ལན་བཏང་པ་དེའི་འབྲས་བུ་རེད་པས་་་མ་ཟད་ཕྱི་མའི་ལམ་དུ་ཆས་ཟིན་པའི་སྤུན་ཟླ་ཚོའི་གཅེས་པའི་ཚེ་སྲོག་དེ་ཚོ་་་་་ཁྱེད་ཀྱི་བརྡ་ལན་གྱི་ཉེར་འབྲས་རེད་པས།
གཞན་མ་གཏོགས་ད་བར་ཁྱོད་ཀྱི་བརྡ་ལན་དེའི་བཟང་ཕྱོགས་ནས་འབྲས་བུ་གང་ཡོད་ལབ་དང་་་་
ངས་བྱས་ན་་་་ཉིན་མ་གཅིག་ཁྱོད་རང་ནས་བོད་རང་བཙན་ཟེར་ཡག་གི་ཚིག་གསུམ་པོ་གཏན་གཏན་བརྗེད་འགྲོ་ཡི་རེད། སྤྱིར་བཏང་ནས་བོད་ཡིག་སྐྱོ་པོ་རེད་་་་ད་ལྟ་ཁྱོད་ཀྱི་ལྟ་བ་ནི་བོད་རང་བཙན་གྱི་ལྟ་བ་དེ་བསྒྱར་ནས་་་་་་བོད་རང་བཅོམ་གྱི་ལྟ་བ་དེ་ཆགས་ཚར་བ་རེད་་་ངས་སྐྱུར་དུ་ཁྱོད་ལ་ཨ་ཁ་ཁ་་་་མ་གཏོགས་ལབ་རྒྱུ་ལྷག་མ་སོང་།
རྫ་ཚེ་རིང་བཀྲ་ཤིས།
བཀའ་ཁྲིའི་བྱ་སྤུ་ལས་ཡང་བའི་གཏམ་བཤད་དང་། དགོས་འདོད་ཀུན་འབྱུང་ཡིད་བཞིན་ནོར་བུ་ལྟ་བུའི་རྒྱལ་བ་རིན་པོ་ཆེའི་འགན་འཁུར་གསུམ་དང་། ཇོ་བོ་རྗེས་སྐྱབས་འགྲོ་ཁོ་ན་ལོ་བདུན་གསུངས་པ་མཚུངས་བསྡུར་མ་བྱེད། དཔེ་དོན་རྩ་བ་ཉིད་ནས་མི་མཚུངས། ངས་གཤམ་དུ་བྲིས་པ་འདི་དང་དཔེ་དོན་མཚུངས་པས་ལེགས་པར་ལྟོས།
བཀའ་ཁྲི་འདིས། དུས་དང་གནས་སྐབས་ཐམས་ཅད་དུ་བརྡ་ལན། བརྡ་ལན། བརྡ་ལན། ཞེས་ཡང་ནས་བསྐྱར་དུ་ཤོད་པ་འདིས། ང་ལ་དྲན་གསོ་ཞིག་བསླངས་བྱུང་། ལོ་ཤས་སྔོན་ངའི་གྲོགས་པ་ཞིག་ལ་བོད་ནས་སྤུན་མཆེད་ཡི་གེ་བྲིས་ཐུབ་ཙམ་ལས་མེད་པ་ཞིག་གིས་འཕྲིན་ཡིག་ཅིག་བསྐུར་བའི་ནང་། འདི་ལྟར་འདུག
ང་ཚོ་ཚང་མ་བདེ་པོ་ཡིན་ཁྱེད་རང་སེམས་ཁྲལ་མི་དགོས།
བུ་ཆུང་བ་སློབ་གྲྭར་བསྐྱོད་བཞིན་པས་ཁྱོད་རང་སེམས་ཁྲལ་མི་དགོས།
ཁྱིམ་གྱི་འཚོ་བ་ཡག་པོ་ཡོད། ཁྱོད་རང་སེམས་ཁྲལ་མི་དགོས།
ད་ལོ་སྤོ་བོ་ན་ཚ་དྲག་ཏུ་སོང་འདུག་ཁྱོད་རང་སེམས་ཁྲལ་མི་དགོས། ཞེས་ཤོག་གྲངས་གཅིག་ལ་སེམས་ཁྲལ་མི་དགོས་དགུ་བྲིས་འདུག འདི་དང་བཀའ་ཁྲིའི་གཏམ་བཤད་འདྲ་པོ་འདུག
སྲིད་སྐྱོང་བློ་སེང་མཆོག་ནི་གུས་བཀུར་ཞུ་འོས་ས་ཞིག་ངེས་པར་ཡིན། གཞིས་བོད་ཀྱིས་ཡིན་ན་བྱེས་བོད་ཚོས་ལྟ་ཅི། མཐོ་རུང་དམའ་རུང་ད་ལྟ་ཉག་ཕྲའི་སྐབས་མི་མང་གིས་བདམས་པའི་སྲིད་སྐྱོང་ཞིག་ཡིན། ང་ཚོའི་མང་གཙོ་ནི་༧གོང་སའི་གསོལ་རས་སམ་ལོ་མང་བརྒྱུད་པའི་མདུན་བསྐྱོད་འབྲས་གསར་གཞོན་ནུ་ཞིག་ཡིན། འོན་ཀྱང་ང་ཚོའི་མང་གཙོ་ནི་རང་དབང་ཅན་ཞིག་ལས་རྒྱ་མིས་བརྗོད་དམངས་འཚོ་ཟེར་བ་ལས་གོ་དོན་ཟབ་པ་ཡོད། རྒྱ་དམར་གྱིས་འགྲོ་བ་མིའི་ཐོབ་ཐང་ནི་བཟའ་ཐུང་གནས་མལ་ཡག་ཉེས་ཀྱི་རིན་ཐང་ལས་དཔོག་པ་དང་། དམངས་གཙོ་ཡང་དམངས་འཚོ་ཡག་པོ་བྱུང་ན་ཆོག་པར་སེམས་པའི་དངོས་ཡོད་ཀྱི་མིའི་རིན་གོང་རྒྱུས་ལེགས་པར་མ་ལོན་པ་ཡོད། ཤ་ཚའི་ཁ་ལ་གཏམ་སྙན་མེད། ཟེར་བའི་གཏམ་དོན་ཡིན་ན་དགའ་བསུ་དང་ལར་ནས་མང་གཙོའི་རང་དབང་ཐོབ་ཐང་ཡོད་རུང་ནམ་མཁའ་བཞིན་མགོ་མཇུག་མེད་པར་རང་འདོད་བྱུང་ཐལ་དུ་སོང་ན་ཨེ་འགྲིག
འཛམ་གླིང་སྤྱི་ཡི་གཙུག་རྒྱན་ཡིད་བཞིན་ནོར།།
ཉམ་ཆུང་བོད་མིའི་སྒེར་ནོར་སྤྱན་རས་གཟིགས།།
དགྲ་བོའི་གཉེན་དུ་གཟིགས་ནས་བྱམས་པས་སྐྱོང་།།
ཉམ་ཐག་བདག་ཅག་ཐུགས་བརྩེས་དོར་སྲིད་དམ།།
མུ་མཐད་འགོད་ཆོག་པར་ཞུ།
བོད་པའི་ཁ་ལ་བདག་མེད་རེད། གང་ལྟར་ཟམ་གདོང་རིན་པོ་ཆེ་མང་གིས་བདམས་པ་རེད་ལ། བློ་བཟང་སེང་
གེ་ཡང་མི་མང་གིས་བདམས་པ་རེད། ཁོང་གཉིས་ཀ་བོད་གཞིས་བྱེས་གཉིས་ཀས་རེ་བ་བརྒྱག་ས་་ཞིག་རེད།
ཁྱོད་ཚོ་ལ་སོ་སོའི་ལུང་པ་དང་ཁ་བྲལ་བཅུག་མཁན་རྒྱ་མི་ལ་ཁ་གཏོང་རྒྱུ་མེད་པ་རེ་བྱས་སོང་། དངོས་གནས་
ལྐུགས་པ་ཁྱུ་གཅིག་འདུག
བཀའ་ཁྲིའི་གསུང་བཤད་བརྡ་ལན་འཕྲེང་རྒྱུས་མའི་ནང་དམིགས་བསལ་གནས་ཚུལ་རེད་བསམ་པ་ཅི་ཡང་མ་མཆིས།
གོ་བརྡ་སྤྲོད་ས་དེར་སྤྲོད་དགོས་ཀྱི་རེད། འཕྲོད་དང་མ་འཕྲོད་གནས་ཚུལ་གཞན་ཞིག་རེད། ཕ་མས་ཕྲུ་གུ། དགེ་རྒན་གྱིས་སློབ་ཕྲུག གཞུང་ནས་གཞུང་སོགས་ཕན་ཚུན་བར་གོ་བརྡ་སྤྲོད་དགོས་དང་དགོས། འོན་ཀྱང་འཕྲོད་དང་མི་འཕྲོད་རྒྱུ་དང་རྐྱེན་མང་པོ་ཞིག་ལ་ལྟོས་པས་འཕྲོད་ཆོག་ཆོག་ཞིག་ག་ལ་ཡིན། ༧་གོང་ས་མཆོག་གི་དབུས་མི་རབས་རྒན་པས་མི་ལོ་༦༠་ལྷག་གི་རིང་འབད་བརྩོན་གནང་ཡོད་ཀྱང་གནད་ལ་འཁེལ་བའི་གྲུབ་འབྲས་མ་བྱུང་འདི་འང་རྒྱུ་རྐྱེན་སྣ་མང་ལ་ལྟོས་ཡོད་ངེས། བློ་སེང་ལྟ་བུས་ལམ་སེང་གོ་བརྡ་སྤྲོད་དེ་འཕྲོད་ཆོག་ཆོག་མིན་ཀྱང་སྤྲོད་དགོས་པ་དེ་ཁོང་གི་ལས་འགན་རེད། གོ་བརྡ་ཡང་ནས་ཡང་དུ་སྤྲོད་ལོས་དགོས། དེ་བཞིན་ཟམ་གདོང་དང་བློ་སེང་གཉིས་བར་ཆབ་སྲིད་ཀྱི་གོ་གནས་མི་འདྲ་བས་དེ་ལ་གཞིགས་པའི་གོ་སྒྲིག་ཀྱང་རྒྱས་བསྡུས་ཡོང་ལོས་ཆོག མ་གཞི་ནས་ཁ་བརྡ་དྲ་རྒྱ་འདི་རང་གཞུང་ཁ་གཏོང་བརྡ་འཕྲིན་ཟེར་བ་གོ་རྒྱུ་མིན་པའི་རེ་བ་ཡོད།
ཟང་འདོང་བླ་མས་གྲྭ་བའི་སྤྱི་ཚོགས་ནང་ཐོན་ནས་དབྱིན་ཚིག་འདྲ་མིན་བཀོལ། མི་སྐྱ་དེ་ཚོའི་ནང་དུ་ཆོས་ཚིག་མཐོན་པོ་འདྲ་བཤད ད་དུང་སྐད་ཆ་བཤད་འཚམས་རེ་ལ་སྐེ་ཟུར་དུ་གཡོན་ནས་སྐར་མ་ལྔ་དྲུག་རེ་ངང་སྒུག་བྱེད་ནས་ཆེ་ཉམས་སྟོན། འདི་འདྲ་བ་རྐྱང་བྱས་བསྡད་ན་སུས་དགའ་བསུ་བྱེད་གི་རེད། བློ་སེང་འདི་
ཨ་མའི་བུ་ཞིག་རེད། ས་ཆ་གང་དུ་སོང་ན་ཡང་སྐད་ཆ་ལ་བསྐྱར་ཟློས་རེ་གཉིས་ཡོད་ཀྱང་། སུ་འདྲ་ཞིག་གིས་ཉན་ནའང་གོ་བདེ་བ། དོན་གཟབ་པ། ཆོད་ཆེ་བ། བོད་གོས་དག་མ་ཤིག་གོན་ནས། བོད་སྐད་གཙང་མ་ཞིག་རྒྱབ་ནས་ཕེབས་ཡོང་དུས། དགའ་བའི་མི་རྣམས་དགོད་ཆོག་པ་ཞིག་དང་། མི་དགའ་མཁན་དག་ངུ་ཆོག་པ་ཞིག་རེད། གོང་ས་མཆོག་གིས་ཡང་ནས་ཡང་དུ་བསྔགས་བརྗོད་ཀྱི་མེ་ཏོག་འཐོར་ས་བུ་འདི་འདྲ་ཞིག་ལོས་ཡིན་བསམ་པ་ཞིག་རེད། རྒྱ་གུང་ཁྲན་ལ་བརྡ་ལན་སྤྲོད་མཁན། བོད་མི་རིགས་ལ་བཟང་ལན་མཇལ་མཁན།
ཁྱོད་དུས་རབས་འདིའི་ནང་གི་བོད་ཀྱི་ཆབ་སྲིད་མི་སྣ་གལ་ཆེ་ཤོས་ཡིན་ལ་ལོ་རྒྱུས་གསེར་ནག་གི་འབྲི་འོས་པའི་མི་རིགས་ཀྱི་དཔའ་བོ་ཡིན། ཨ་མའི་བུ་ཁྱོད་ལ་༧བསྟན་འཛིན་རྒྱ་མཚོས་བྱིན་རླབས་འཇུག་པར་ཤོག།
བཀའ་ཁྲི་མཆོག་གིས་གསུང་བཤད་བསྐྱར་ཟློས་ག་རེ་བྱས་ཀྱང་སྐྱོན་མིན་འདུག་ལ་ད་ལྟ་ལས་ཀ་གྲུབ་བཞིན་པའི་སྒང་ཡིན་ཙང།་བསྐྱར་ཟློས་མབྱས་རང་བྱས་རེད།་ཁོང་གིས་ལྟ་གྲུབ་གསུམ་ཆིག་སྒྲིལ་དང་རང་ཁ་རང་གསོ།་གསར་གཏོད་གསུམ་ཡང་བསྐྱར་ཟློས་མ་ནི་གྲངས་གྲངས་བྱས་ནའང་དོན་གྲུབ་ན་ལེགས་ལ་མ་གྲུབ་ནའང་གནོད་མེད།་འོན་ཀྱང་ཁོང་གིས་སྐྱབས་མགོན་ཡིད་བཞིན་ནོར་བུ་བོད་ལ་གདན་འདྲེན་ཞུ་ཡི་ཡིན་ཡང་ཡང་གསུང་སྟེ།་རེ་བ་སྟོང་པས་བོད་ནང་བོད་མི་རྣམས་སྡུག་བསྔལ་གྱི་གནས་སུ་མ་སྦྱར་རོགས་ཅེས་རེ་འདུན་ཞུ་རྒྱུ་ཡིན།
ཤར་ཕྱོགས་ཁུག་རྟས་གསུངས་པ་འདི་བསམ་བཞིན་བསམ་བཞིན་བདེན་པ་དམར་རྗེན་ཡིན་པ་གསལ་འགྲོ་ཡི་འདུག ལྟོས་དང་བཀའ་མོལ་བསྐྱར་ཟློས་ཡིན་ཙང་འདི་འདྲ་བཤད་འདུག
༼ སྤྱིར་བཏང་སྐད་ཆ་ཟེར་བ་འདི་བསྐོར་བ་རྒྱབ་ནས་བསྐྱར་ཟློས་རྐྱང་རྐྱང་བྱེད་དགོས་ཚེ། མཚམས་རེར་འཁྲུགས་འགྲོ་བ་འདི་ཆོས་ཉིད་རེད། གང་ཡིན་ཞེ་ན་བློ་འཛིན་སྐྱོར་གྱི་ཡོད་པ་རེད་པཱ། དེ་ཡིན་དུས། ཟམ་གདོང་རིན་པོ་ཆེ་ནང་བཞིན་སློབ་སྦྱོང་བྱེད་དགོས་ཀྱི་རེད། དེ་མ་གཏོགས་གཞི་བྱེ་བྲག་པ་གཅིག་གི་ཐད་གཏམ་བཤད་གནང་དུས་རྒྱབ་ལྗོངས་སྤྲོས་རྒྱུ་མེད་དུས། དབུ་ཁྲིད་དེ་ཚོན་གྱིས་བྱུགས་པའི་གངས་སེང་འདྲ་བོ་ཅིག་ཡོད་པ་རེད། ཡང་ངས་ཅིག་དྲན་སོང། ད་ལོའི་དུས་འཁོར་དབང་ཆེན་སྐབས། བཀའ་ཁྲི་འདིས་བོད་ནས་གསར་འབྱོར་ཚོར་སྣེ་ལེན་ཁང་དུ་བཀའ་སློབ་གནང་སྐབས། འདི་ལྟར “བཀའ་ཁྲི་སྔོན་མ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་དང་ངེད་གཉིས་ལ་གཟན་ཤམས་དང་སྐྱ་ཆས། མི་སྐྱ་དང་གྲྭ་བ། དགུང་ལོ་བགྲེས་པ་དང་ལོ་ཆུང་བའི་ཁྱད་པར་མ་གཏོགས། གཞན་ཁྱད་པར་གང་ཡང་ཡོད་པ་མ་རེད། གཅིག་པ་གཅིག་རྐྱང་རེད།” ཅེས་གསུངས་སོང། ང་དེ་དུས་གད་མོ་ཤོར་སོང། གསར་འབྱོར་ཚོས་ཐལ་མོ་བརྡབས་སོང་བས། སྐབས་དེའང་སེམས་སྐྱོ་མྱོང། སྐད་ཆ་དེ་ནག་བསུབ་གཏོང་ཐུབ་ཀི་མ་རེད་བསམས་ཡོད། ད་དངོས་གནས་དེ་རིང་བལྟས་དུས། སློབ་དཔོན་ཟམ་གདོང་རིན་པོ་ཆེ་དང་ཁྱད་པར་འདུག་གམ། ང་དྲི་བ་འདི་སེམས་ངོར་ལེན་རྒྱུར་གད་མོ་ཐཱག་ཐཱག་ཤོར་གྱི་འདུག ཨ་མྱེ་རྨ་ཆེན་མཁྱེན། ད་ཁྱད་པར་འདུག་གམ། ཨོ་དེ་འདྲ་རེད། བྱས་ཙང། དེ་ཚོ་མི་མང་གིས་མ་ཤེས་ན་རྩ་བ་ནས་འགྲིག་གི་ཡོད་པ་མ་རེད། སྐུ་ཞབས་བཀའ་ཁྲི་འགན་མེད་མཁན་ཞིག་ཡིན་ན། ཨ་རི་ནས་ང་ཕྱི་སྡོད་རྒྱ་མི་ཡིན་ལབ་ཀྱང་ཁྱད་པར་ཅི་གང་ཡོད་པ་མ་རེད། ད་ཅིག་མིན་རུང་ཡིན་པའི་ལས་ཀ་བྱེད་དགོས་ཀྱི་ཡོད་ཙང། ང་ཚོས་ག་དུས་ཡིན་ན་བཀའ་ཁྲིའི་བཀའ་མོལ་ཚིག་རེ་རེར་ཞུ་དག་དང་ཁ་གསབ་བྱས་ནས་ཁོང་ཉིད་སྨྲ་དབང་ཞིག་ཏུ་བསྒྱུར་ཨེ་ཐུབ་ལྟ་དགོས་པ་རེད། །།། བོད་རྒྱལ་ལོ། རང་སྲིད་རང་སྐྱོང་རྒྱལ་ལོ།། ༽
བཀའ་བློན་ཁྲི་པ་ལ་ད་བར་དུ་བློ་བསང་སེང་གེ་ལས་འཇོན་ཞིག་མཐོང་མ་མྱོང་། དངོས་གནས་ཡིན། མདོར་བསྡུས་ནས་བཤད་ན་དེ་འདྲ་ཞིག་རེད།
ཨེ་ད་བྱས་དུས། བཀའ་ཁྲི་འདི་ལ་བཀའ་ཁྲི་ང་བླ་མ་བཏགས་ན་ག་འདྲ་འདུག དཀོན་མཆོག་གསུམ། དེ་འདྲ་བོ་ཅིག་འདུག་གཱ། ཁུག་ཀྱོག་གཞིས་ཆགས་དང་དགོན་སྡེ་ཁག་གི་སེར་སྐྱ་གཉིས་ཀའི་མདུན་ནས་དམག་མི་འགའ་ཁྲིད། མིག་ཤེལ་ནག་པོ་ཞིག་གྱོན་ནས་ཕེབས་སོང་ན། ད་ཟིལ་གྱིས་ནན་བཞག་པའི་ཁུལ་རེད་དེ། རྦད་དེ་ཡ་ཁོག་རྩམ་ཁུག་སྟོང་པ་ཡིན་པ་སུས་ཤེས་སམ།
བཀའ་ཁྲི་འདི། དགོང་མོར་གཉིད་ཁུག་དུས་ལག་པ་བྲང་ཁར་བཞག་ན། ཁོང་གི་ཟློས་གར་དེ་དག་ལ་གད་མོ་མི་ཤོར་རམ། གང་ཡིན་ཞེ་ན། གྲྭ་ཚོགས་དམར་ལྷབ་ལྷབ་ཡར་ཕྱོགས་མར་རྒྱུགས་པ་འདི་སྙིང་རྗེ་བ་ཞིག་མིན་ནམ། ད་དངོས་གནས་་་་་
ཤེས་འཇོན་གཉིས་ཀ་མེད་པིའི་ཁ་དམག་རྒྱག་མཁན་ཁྱེད་ཚོ་འཇོན་པོ་ཡོད་ན་སྡ་སར་རྒྱུག་དང་གཞུང་ཞབས་ཉིན་གཅིག་བྱེད་དང་དཀོན་མཆོག་མཁྱེན་གདོང་མཐོང་རྒྱུ་མེད་ན་བཤད་རྒྱུ་འདུག་་
ཨ་རྡུ་མན་འདི་རྒྱ་དམར་ཚང་གི་རྒྱུག་ཁྱི་རེད།།
ལྷ་མཚོ་འདི་ནི་ཤར་ཕྱོགས་ཁུག་རྟའི་དགའ་རོག་རེད།།
འདི་ཚོའི་ཁ་དང་ཁྭ་ཏའི་ཁ་ནས་གཏམ་ངན་དང་།།
ཨག་སྐད་ཞིག་ལས་སྐད་སྙན་མེད་པ་སུས་ཀྱང་ཤེས།།
སྐད་ཆ་དྲང་ནས་བཤད་ན་ཡག་པོ་རེད། མི་སུ་ཡིན་རུང་དེ་ལ་ཡིད་ཆེས་བྱེད་ཀྱི་རེད། དེ་མིན་གང་བྲིས་གང་བཤད་ཚང་མ་ལ་བརྩི་མཐོང་མེད་པ་ཆགས་ཀྱི་རེད། ཕྱོགས་ལྷུང་བ་རྣམས་ནི་ནམ་ཡིན་རུང་ཕྱོགས་ལྷུང་གི་མིག་ཤེལ་གྱོན་ནས་འདུག སྔོན་ཟམ་གདོང་རིན་པོ་ཆེ་བཀའ་ཁྲི་གནང་སྐབས་ཁོང་གི་གཏམ་བཤད་སྤེལ་བ་རྣམས་གནས་ཚད་མཐོ་དྲག་པས་བོད་མི་ཕལ་པ་རྣམས་ཀྱིས་ནང་དོན་ཤེས་ཀྱི་མི་འདུག་ཟེར་ནས་བསྐྱོན་བརྗོད་ཁོ་ན་བྱས་སོང་། དེང་སང་ཡང་སྲིད་སྐྱོང་ལས་ཐོག་པ་བཀའ་ཁྲི་བློ་བཟང་སེང་གེའི་བོད་ཡིག་གི་གནས་ཚད་ཡག་པོ་མི་འདུག་ཟེར་ནས་སྐྱོན་འཚོལ་ཡ་ལ་ཐབས་ཤེས་གང་ཡོད་བྱེད་ཀྱི་འདུག ཕྱོགས་ལྷུང་བ་འདི་ཚོས་གང་ཡང་མི་འཇོན་རུང་འགན་མེད་ཀྱི་གཏམ་འགའ་བཤད་ནས་དཀྲུགས་གཞི་གཏོང་གི་རེད། དེ་ནི་ཁོ་རང་ཚོའི་རང་གཤིས་ལྷད་མེད་རེད། སྐུ་ཆེ་ཕྱོགས་ལྷུང་བའི་ཕྱི་འཇམ་ནང་རྩུབ་ཚོ། འབྲི་བཤད་གང་ཤེས་རུང་ནང་སྐྱོན་ཁོ་ནར་སྒུག་ནས་མ་འདུག་རོགས། རང་གཞན་ཚང་མི་དགྲ་བོ་རྒྱ་ནག་གུང་ཁྲན་ཏང་གི་བྱེད་སྤྱོད་ལ་ཐེར་འདོན་འདྲ་བྱེད་ཤེས་ཀྱི་མི་འདུག་གམ།
ཡ་ད་ངས་གཅིག་བཤད་ན་ཨེ་འགྲིགས། ང་སྔོན་མ་དགའ་ལྡན་ཕོ་བྲང་དེར་དགའ་པོ་མེད། དེ་ཆོས་ལུགས་གཅིག་གིས་རྒྱལ་ཁབ་ཀྱི་བདག་དབང་ཚང་མ་འཕྲོག་པ་རེད། ཨེ་རེད། དགེ་ལུགས་པ་ཕར་ཕུད་པའི་ཆོས་ལུགས་གཞན་ཚང་མ་གྲལ་རིམ་གཉིས་པ་རེད། ངོ་ཚོ་ཕ་ཡུལ་ལ་སྡེ་པ་གཞུང་གི་སྐུ་དྲག་དེ་ཚོས་མི་མང་ལ་སྡུག་གཅོད་ཚད་ལས་འདས་པ་བཏང་ཡོད། རེད་དེ། ད་ཕ་ཡུལ་རྒྱས་བཟུང་། དགའ་ལྡན་ཕོ་བྲང་གི་བདག་པོ་དང་ང་ཚོ་དགའ་ལྡན་ཕོ་བྲང་འོག་ལ་སྡུག་མྱང་མཁན་ཚང་མ་ཕྱི་ལ་བྲོས་མཉམ་བྲོས། ཤིག་མཉམ་གསོན། སྡུག་མཉམ་འཁུར་བྱས་ནས་ལོ་ལྔ་བཅུ་ལྷག་འགྲོ་གི་འདུག
ཡིན་ནའང་། ད་རེས་ཀྱི་ཏ་ལའི་བླ་མ་སྐུ་འཕྲེང་བཅུ་བཞི་པ་དེ་དམིགས་བསལ་རེད། ཁོང་དང་པོ་ཆོས་རྒྱུད་ཚང་མར་དག་སྣང་ཐོབ་ནས། ང་མཐོ་ཁྱོད་དམན་གྱི་དབྱེ་བ་དེ་མིན་འདུག། ཁོང་ངེད་ཚོའི་རྩ་བའི་བླ་མ་མདིལ་རྒུ་མཁྱེན་བརྩེའི་ཞབས་ལ་གཏུགས་ནས་གསུང་ཆོས་གསན། རྙིང་མ་བའི་ཆོས་རྒྱུད་འཛིན་པ་པོ་ཞིག་ཆགས་ནས་རྙིང་མ་བ་ཚོ་ཡང་ཁོང་ལ་དད་པ་ཆེ་རུ་ཕྱིན་ནས། གནས་ཚུལ་མང་པོ་གཙང་མ་ཆགས་སོང་། དེས་བཙན་བྱོལ་བོད་གཞུང་ལ་དགའ་སྣང་དང་བློ་ཐག་ཉེ་རུ་ཕྱིན་སོང་།
ད་ཁོང་སྐུ་འགྲེས་ནས་ཚབ་ལ་བློ་སེང་བསྐོས་པ་འདི། བླ་མ་འདི་པའི་ཕུགས་རེ་ཡིན་ཙང་། བློ་སེང་ཁས་ལེན་མ་བྱེད་ཐབས་མེད་རེད། མ་ཟད་བློ་སེང་ལ་འདེམས་ཤོག་ཐོབ་པ་རེད།
བློ་སེང་གིས་སྐྱར་ཟློས་བྱས་ནའང་འདྲ། གཅིག་བཤད་བྱས་ནའང་འདྲ། ཁོང་གི་ཐོབ་ཐང་རེད། དེ་སྡུག་སྐད་རང་རེད་མ་གཏོགས་བྱ་ཐབས་གཞན་གང་ཡང་མིན་འདུག། བྱས་ཙང་། བློ་སེང་ལ་མི་དགའ་ན། ཐེངས་རྗེས་མའི་འདེམས་སྒོའི་སྐབས་ལ་ཁོང་ལས་མི་དྲག་པ་ཞིག་ཨེ་རག་ལྟོས། དེ་མིན། བློ་སེང་བཀའ་བློན་ནས་དགོངས་པ་ཞུས་ནའང་། བོད་མི་དམངས་ཀྱི་ཁོང་ཡང་སྐྱར་ལོག་ཤོག་ཟེར་ནས་འཇོག་གི་མ་རེད། བྱས་ཙང་། ངས་ཀྱང་གལ་པོ་ཆེ་ལ་ནན་བཤད་ཟེར་བ་བཞིན། སྐྱར་ཟློས་བྱ་རྒྱུ་སྟེ། ཁྱོད་ཚོ་བློ་སེང་གིས་སྲིད་བྱུས་དང་ལས་སྟར་ལ་འགལ་བ་ཡོད་ན་ཤོད་ས་ཡོད། དེ་མིན་ཁ་བརྡ་ལ་ཡོང་ནས་འདི་མི་འགྲིགས། ཕ་གི་མི་འགྲིགས། ཟེར་ནས་ངུ་སྐད་མ་རྒྱོབ། དོན་དག་ཤོད་ཤོག། དོན་དག་ཡོད་ན་ཤོད་ཤོག་ལོ༎
བོད་པ་མཐུན་འབྲེལ་བྱས་ན་དཔའ་བོ་རེད།།
ནང་ཁུལ་དཀྲུགས་གཞི་མཁན་ལ་རྒྱ་ན་འཐད།།
ཕ་བཟང་བུ་ཡི་རང་གཤིས་ཡོད་བསམ་ན།།
སྨྱུག་སོ་ནང་ལ་གཏད་ནས་མ་བཞུགས་རོགས།།
གྲྭ་བ་ཚོས་མ་ཤི་བར་དུ་སྟོན་པའི་གསུངས་བསྐྱར་བཟློས་ནས་ཡང་བཟློས་བྱེད་ཀྱི་ཡོད་པ་དེ་དགེ་མཚན་མ་གཏོགས་སྐྱོན་མ་རེད་ལ་། ༧གོང་ས་མཆོག་ས་ཆ་གང་དུ་སོང་ཀྱང་ནང་ཆོས་བསྐྱར་བཟློས་དང་བཟློས་ཀྱིས་མི་མང་རྣམས་ལ་སེམས་ཞི་བདེ་དང་ཆོས་ཀྱི་གོ་རྟོགས་སྤེལ་ཀྱི་ཡོད་པ་དེ་ལ་མི་བླུན་པ་ཞིག་ཡིན་ན་མ་གཏོགས་ཚང་མས་དགའ་བོ་དང་བསྟོད་པ་བྱེད་ཀྱི་འདུག་།
བཀའ་ཁྲི་ལ་ཕྱི་རྒྱལ་ཞིག་ཐུག་ན་ཕྱི་རྒྱལ་གྱི་དཔོན་རིགས་དང་། རྒྱ་རིགས་ཤིག་དང་ཐུག་ན་རྒྱ་རིགས་མཁས་དབང་རེད། མདོར་ན་ཁོང་སུ་དང་ཐུག་ན་དཔོན་རིགས་དང་མཁས་དབང་ཤ་སྟག་རེད། ཨ་རིའི་སྲིད་འཛིན་ཡིན་ནའང་ཐུག་ཚད་མཁས་དབང་དང་དཔོན་རིགས་ཡིན་ཟེར་གྱི་མི་འདུག
བཀའ་ཁྲིས་ཆོས་དད་རྡོག་རོལ་བཏང་འདུག དགེ་ལུགས་པའི་དགོན་པ་དེ་ཚོའི་ཚོགས་ཁང་ནང་མཁན་པོ་བསྡད་ས་ནས་མར་ཁ་སློག་ནས་གཏམ་བཤད་བྱེད་ཀྱི་འདུག ཚོགས་ཀྱི་དབུས་སུ་སྐད་ཅ་བཤད་ཆོག་མཁན་མི་གཉིས་མ་གཏོགས་མེད་པ་དེ་དགོན་པའི་སྒྲིག་གཞི་རེད། གཞུང་གི་མགོ་ཁྲིད་ཞིག་གིས་དགོན་པའི་སྒྲིག་སྲོལ་ལམ་ལུགས་དང་འགལ་བའི་ལས་ཀ་བྱས་ན་ཆོས་ལུགས་རྡོག་རོལ་བཏང་བ་མ་རེད་དམ། ད་དུང་དགེ་འདུན་པར་སེར་ཕྲེང་སྒྲིག་བཅུག ཁོ་རང་བསོད་ནམས་ཟད་ནས་ཡག་པོ་ཡོང་གི་མ་རེད། ཨ་ཁ་ཁ།
སྲིད་སྐྱོང་མཆོག་ལ་སྐྱོན་བཤད་ཡ་གང་ཡང་མེད། གནས་སྐབས་རིང་འོས་ཤིང་འཚམས་པ་མང་པོ་བྱས་སོང་། ཡར་ནས་ཡར་ཏུ་འགྲོ་བའི་གདེངས་ཚོད་ཡོད། བཤད་འདོད་ཡོད་པ་དག་གིས་ངེས་པར་ཏུ་བཤད་དགོས་བ་ཞིག་ཡིན་པས་མ་འགྲིག་པ་གང་ཡང་མ་རེད་བསམ།
ཟམ་གདོང་ལས་བློ་སེང་ལས་ཀ་འཇོན་གི
མཁས་དབང་ཟམ་གདོང་རིན་པོ་ཆེ་ནི་་ཤེས་འཇོན་ལྡན་པའི་ཁར། ལྷག་བསམ་དང་བློ་དཀར་གཞུང་དྲང་ནི་བློ་སེང་མཆོག་དང་མི་འདྲ། བློ་སེང་མཆོག་ནི་རང་ཉིད་མཁས་དབང་ཡིན་ཟེར་མི་ལ་ཕར་ཤོད་པ་དང། མཁས་དབང་སོ་སོས་བཟོ་ཐབས་བྱེད་ཀྱི་ཡོད་པ་རེད། བློ་སེང་མཆོག་ལ་འཇོན་ཐང་ཡོད་སྲིད་ཀྱང་ཟམ་གདོང་རིན་པོ་ཆེས་མ་ཐུབ་པ་ཞིག་ཐུབ་པ་ག་ལ་སྲིད། ཁོང་བཀའ་བློན་ཁྲི་པ་བྱེད་ཐུབ་པ་དེ་ཡིས་བོད་ཀྱི་ལོ་རྒྱུས་ཤིག་བཟོ་ཐུབ་ཡོད་པ་མ་ཟད། མ་འོངས་བཀའ་ཁྲི་ནས་ལས་བསྒྱུར་ཟིན་པའི་རྗེས་འཛམ་གླིང་སྡེང་ཆའི་ཐོག་འགྲོ་རྒྱུགས་ཆེན་པོ་ཞིག་བཟོས་ཟིན་པ་དེ་ཁོང་གི་དམིགས་ཡུལ་ངོ་མ་དེ་གྲུབ་ཡོད་པ་རེད།
བློ་སེང་འདི་བོད་ཀྱི་དབུ་ཁྲིད་རེད་།བྱས་ཙམ་ཧ་གོ་བར་གྱིས་། བློ་སེང་ལ་མ་དགའ་ན་ལོ་ལྔ་ལ་ངུས་།དེ་མིན་ན་གུང་བྲན་སར་སོང་།གཏམ་བདེན་ཡིན་ན་ཡང་ཡང་ཤོད་།དབང་དམ་ཚིག་ཅན་དེ་ཡང་ཡང་ཞུས་།
མིག་ལྡན་སྐྱེ་བོ་ཡིན་ན་གཡང་སར་འགོག།
ཆོས་ལྡན་དགེ་སྦྱོང་ཡིན་ན་ངན་འགྲོར་འགོག།
དཔའ་རྩལ་སྟོབས་ལྡན་ཡོད་དགྲ་ལ་ངོམས།
མི་རིགས་ལ་རྒྱ་ཡོད་མཐུན་བསྒྲིལ་གྱིས།
རང་དབང་དམངས་གཙོ་ཡིན་ན་ལོངས་སུ་སྤྱོད།
སྨྲ་བརྗོད་རང་དབང་ཡིན་ན་ཁ་བརྡ་བྱོས།
ཆོས་ལུག་དད་དབང་ཡིན་ན་རང་འདོད་གནང་།
བོད་རིགས་སྤུན་ཟླ་ཡིན་ན་མཐུན་བསྒྲིལ་གྱིས།
ཆོས་ལ་དད་པ་མེད་ཀྱང་གུས་བཀུར་གྱིས།
ངོ་ཚ་འཁྲེལ་ཡོད་ཡིན་ན་བག་ཚ་གྱིས།
ཨ་མ་གནའ་མ་དབྱེ་འབྱེད་ཤེས་པར་གྱིས།
དེང་རབ་མཁས་པ་ཡིན་ན་མཐུན་བསྒྲིལ་གྱིས།
མཚན་དང་འཕྲུལ་ལ་མཁས་པ་ཡིན་ན་ནི།
འཛམས་གླིང་མི་རིགས་མདུན་དུ་དམིགས་སྟོན་གྱིས།
ཆོས་ལ་དད་དང་མ་དད་འདོད་པ་རེད།
ཆོས་དད་མི་རིགས་ཡོངས་ལ་མཐུན་བསྒྲུལ་གྱིས།
དྲྭ་མཆན་ཚོས་གཅིག་གིས་གཅིག་ལ་བརྡ་ལན་གསལ་པོ་ཞིག་སྤྲོད་གི་འདུག་ད།
བཀའ་ལ་གུས་བཀུར་སྔོན་དུ་འགྲོ་བས་སྒོ་ནས་ཞུ་ན། ཁོང་གི་བོད་སྐད་ཐོག་བཀའ་སློབ་དང་། བཀའ་རྩ་ཡི་གེའི་ཐོག་ཡོད་པ་ཀློག་དུས་ང་ནི་དབུགས་སྒོམ་ནས་སྡད་གི་ཡོད། སྦར་མོས་གཡས་གཡོན་དུ་གང་སྙོབ་དམ་པོར་འཛིན་གི་ཡོད། སྐབས་རེ་གཟུགས་གཡའ་ཞིང་ཟ་ཕྲུག་ལང་གི་འདུག བོད་སྐྱོང་ལྷ་སྲུང་གཉན་པོས་སྐྱོབས།
བཀའ་ཁྲི་འདིས་ཁ་སེང་གྲོས་ཚོགས་ནང་། དྲྭ་ཐོག་ཏུ་གང་བྱུང་འབྲི་མཁན་དེ་ཚོར་དུས་ཚོད་དང་དངུལ་ཡོད་དུས། རྒྱབ་ལོགས་སུ་བྲིས་ཟེར་མཁན་ཞིག་དང་དངུལ་སྤྲོད་མཁན་ཞིག་ཏན་ཏན་ཡོད་པ་རེད། ཅེས་བཤད་སོང་བ། མཆན་མང་ཆེ་བར་ལྟ་ན། ད་བཀའ་ཁྲིས་གང་བཤད་པ་བདེན་པ་དང་གང་བྱས་པ་བོད་དོན་རེད། ཅེས་སྡིག་པ་མིག་བཙུམ་བྱེད་དགོས། ལེགས་ཉེས་དཔྱད་པ་གཏོང་བཅུག་རྒྱུ་མེད། རྒྱུགས་པ་ལེབ་རྡུང་གྱིས་ཤོག་ཨའ། ཞེས་ཨ་ཕྲུག་བོད་ཡིག་འཁྱར་འཁྱོར་འགའ་གསོ་སྐྱོང་བྱས་ཡོད་པ་འདྲ་འདུག
བཀའ་༼ཁྲི་མཆོག་༽ལ་ཞེས་བཅོས།
མི་སུ་དང་སུ་ཡིན་ཀྱང་རང་སྐྱོན་ལ་མི་ལྟ་ཞིང་གཞན་གྱི་སྐྱོན་ལ་མཛུབ་མོ་གཙུག་པ་དེ་འཇིག་རྟེན་པའི་ཆོས་ཉིད་རེད་ ལྷག་པར་དུ་བོད་པའི་སྤྱི་ཚོགས་ཁྲོད་དུ་འགན་ཁུར་མཁན་ཞིག་དང་ལས་ཀ་བྱེད་མཁན་ཞིག་ཡིན་ཚད་ལ་ཁ་བཏང་བ་དེ་བོད་པའི་རང་གཤིས་རེད་ མ་ཚད་གྲྭ་ཐོག་འདིར་བཀའ་ཁྲི་གསར་རྙིང་གི་སྐོར་ལ་ཕྱོགས་རིས་དང་ཕྲག་དོག་གི་སྐད་ཆ་འགའ་བཤད་དེ་དེས་འཇོན་རབ་དང་འདིས་མ་འཇོན་རབ་མང་པོ་ཞིག་བཤད་བསྡད་མཁན་དེས་ཚོས་རང་ཉིད་ལ་ཤེས་འཇོན་དང་ནུས་པ་ག་རེ་ཡོད་མེད་ལ་མི་ལྟ་བར་གཞན་ལ་ཁ་བཏང་བསྡད་པ་དེ་ཉུང་ཙམ་བྱས་ན་ག་འདྲ་འདུག་ རང་ཉིད་ལ་ཤེས་འཇོན་ཡོད་ན་བོད་མི་རིགས་ཀྱི་འཐབ་རྩོད་འདི་བཀའ་ཁྲི་གཅིག་པུའི་འགན་མ་ཡིན་པར་བོད་མི་ཡོངས་རྫོགས་ལ་འགན་ཡོད་པས་ ནུས་པ་དང་འཇོན་ཐང་ཡོད་ན་མི་ལ་ཁ་བཏང་མ་བསྡད་པར་རང་རང་སོ་སོས་ལས་ཀ་བྱས་ན་འགྲིག་པར་སེམས་སོ། དེ་ལས་ཁ་རུག་རུག་དང་ཁ་སྤུ་གཤིབ་གཤིབ་བྱས་ནས་གཅིག་གིས་གཅིག་ལ་རྒྱབ་སྐྱོར་བྱས་ན་ཡག་པོ་མི་འདུག་གམ།
ད་ཁྱོད་རྣམ་པས་མང་པོ་གསུངས་སོང་། ད་ཡིན་ན་རིམ་པ་དེ་ང་ལ་སླེབ་པ་འདྲ་པོ་བྱས་སོང་། ངས་ཀྱང་ཚིག་གཅིག་གཉིས་ཤིག་བཤོད་རྒྱུ་ཡིན། གོང་དུ་རྣམ་པ་ཚོས་བརྡ་ལན་ཡག་པོ་སྤྲད་གནང་སོང་། བརྡ་ལན་འཕྲོད་ཡོད་མེད་སུ་གང་གིས་དགོངས་པ་བཞེས་ཡོད་ས་མ་རེད། འོན་ཀྱང་མང་པོ་ཞིག་གིས་རང་ཉིད་ངོ་སྤྲོད་ཡག་པོ་གནང་གི་འདུག རྣམ་པ་ཚོས་ངོ་འཕྲོད་ཡོད་མེད་མི་ཤེས། དེ་དག་ལ་དགོས་པ་དང་རྒྱུ་མཚན་མང་དག་འདུག་པས་བྱེ་མའི་ནང་ནས་གསེར་འཚོལ་རྙེད་ཐུབ་པ་ཞིག་བྱ་དགོས་པ་ནི་ཁོ་པོས་རེ་བ་ཡིན། རྣམ་པ་ཚོའི་ཐུགས་ལ་ཟུང་རོགས། དེ་ལྟར་བྱུང་ན་བརྡ་ལན་སྤྲད་པ་དེ་གོ་ཆོད་པ་ཞིག་བྱུང་བ་རེད། ཧཧཧཧཧཧཧཧཧཧཧ
ད་འོ་ན་བློ་སེང་ལས་ལྷག་པའི་བཀའ་བློན་འདི་ཡིན་ཞེས་མི་གཅིག་སྟོན་དང་། དེ་ཡང་རྒྱུ་མཚན་དང་བཅས་པ་དགོས་དྲྭ་དཀྲུགས་་་བོད་དཀྲུགས་་་་་་ག་རེ་ཡིན་མི་ཤེས་ཁྱོད་ཚོ
༧གོང་ས་མཆོག་གི་སྲིད་སྐྱོང་དང་མཁས་དབང་ཅེས་མཚན་གནང་བའི་བློ་སེང་ནི་བོད་རྒྱལ་ཐོག་མ་ནས་རྩིས་ན་འདྲ་། རྒྱལ་མཆོག་སྐུ་ཕྲིང་རིམ་བྱོན་སྐབས་ནས་རྩིས་ན་འདྲ་། དུས་རབས་ཀྱི་ཁ་ཕྱོགས་དང་བསྟུས་ནས་བཤད་ན་ཁོང་འདྲ་བའི་མཁྱིན་ཡོན་མངའ་བའི་སྲིད་སྐྱོང་ཞིག་ཡོང་མྱོང་མེད་པ་ལོ་རྒྱུས་ཀྱི་ཁ་གྲགས་ངེས་རེད་། ཁ་གསལ་བཤད་ན་༧རྒྱལ་བདུན་པ་ཆེན་པོའི་བཀའ་བཤག་ལམ་ལུགས་དབུ་འཛུགས་པ་ནས་དེ་རིང་བར་༧རྒྱལ་བའི་ཕྱག་རོགས་ཁོང་ནི་ཆེས་དམིགས་བསལ་ཞིག་ཆགས་ཡོད་། དེ་བཞིན་༧རྒྱལ་བ་རིན་པོ་ཆེ་དང་མཁས་དབང་ཟམ་གདོང་ཚང་གི་ལམ་སྟོན་ཇི་བཞིན་འགྲོ་ཐུབ་མཁན་དང་བོད་རིགས་མི་མང་གི་རེ་བ་ཆེ་ཤོས་ཡིན་པའི་སྲིད་ཕྱོགས་དབང་ཆ་འཛིན་མཁན་ན་གཞོན་ཐོག་མ་དེ་ཁོང་རེད་།
དྲ་གྲོགས་བྱང་སྐར་གསུང་པ་དེ་བདེན་། ཡིན་ན་དྲ་གྲོགས་ཚོ་ཟམ་གདོང་བླ་མིས་བྱ་བཞག་ག་རེ་ཡོད་རེད་།ཚོང་གཉེར་བཟོ་གྲྭ་ལ་ཚང་མ་བཙོང་ཚར་རེད་།་སློབ་གསོ་རིགས་གཅིག་སྐུང་འཛིན་མར་ཉམ་ཆག་འགྲོ་ཚར་བ་རེད་།རྒྱ་གར་དུ་ཡོད་པའི་གསར་འབྱོར་ཚོར་རྒྱ་གར་དུ་བསྡད་ན་འཚོ་ཐབ་ཧ་ཅང་དཀའ་།།མཐར་སྡ་ས་དུ་གསར་འབྱོར་བ་ལམ་ཁྲོམ་བསྟོན་ཁ་ཤས་ཞིག་སྲུང་སྐྱོབ་ཐུབ་མ་སོང་།ད་དུང་མཁས་དབང་ཧཧཧཧཧཧཧ།དགད་མོ་ངོ་མ་ཤོར་སོང་།
སྲིད་སྐྱོང་དང་པོ་བློ་བཟང་སེང་གེ་མཆོག །
བློ་གྲོས་བཟང་བས་འབུམ་རམས་པ། །
དབང་སྒྱུར་མི་ཡི་སེང་གེ་ཁྱོད། །
བློ་ལ་འཆར་ཚད་ཤོད་ཕོད་ལྟར། །
བཤད་ཚད་ལག་ཏུ་སོན་པར་ཤོག །