ཁ་སང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་དྲ་བས་གནས་ཚུལ་སྤེལ་བ་ལྟར་ན་བཀའ་བློན་ཁྲི་པ་བློ་བཟང་སེང་གེ་མཆོག དེ་རིང་ཕྱི་དྲོར་བཞུགས་སྒར་ངྷ་སར་ཕེབས་ཐོན་གྱིས་གྷ་གྷལ་གནམ་གྲུ་བརྒྱུད་ལྡི་ལིར་འབྱོར་རྒྱུ་དང་། ཕྱི་ཚེས་ ༡༦ ཉིན་ལྡི་ལི་ནས་མཁའ་ལམ་བརྒྱུད་ལོན་ཌོན་དང་། དེ་ནས་ཨ་རིའི་གྲོང་ཁྱེར་ནེའུ་ཡོག་ཏུ་འབྱོར་རྒྱུ་ཡིན་འདུག ཕྱི་ཚེས་ ༡༧ ནས་ ༢༠ ཉིན་བར་བཀའ་ཁྲི་མཆོག་སྒེར་གྱི་གུང་གསེང་ལ་བཞུགས་རྒྱུ་ཡིན་པ་དང་། ཕྱི་ཚེས་ ༢༡ ཉིན་ཨ་རིའི་གཙུག་ལག་སློབ་ཆེན་ཞིག་ཏུ་གཏམ་བཤད་སྤེལ་རྒྱུ། ཕྱི་ཚེས་ ༢༥ ནས་ ༢༦ ཉིན་བར་ནེའུ་ཡོག་དང་ཊོ་རོན་ཊོ་ཁུལ་གྱི་ས་གནས་བོད་མི་ཚོར་བོད་ནང་གི་གནས་སྟངས་སྐོར་གཏམ་བཤད་གནང་རྒྱུ། ཕྱི་ཚེས་ ༢༧ ནས་ ༢༩ ཉིན་བར་ཨི་ཊ་ལིའི་ལྷོ་ཊེ་རོལ་ (South Tyrol) དང་ཊེ་རིན་ཊི་ནོ་ (Trentino) ཁུལ་གྱི་དཔོན་རིགས་ཚོར་མཇལ་འཕྲད་ཀྱིས་བོད་ནང་གི་གནས་སྟངས་ངོ་སྤྲོད་དང་། ཤེས་ཡོན་བསྟི་གནས་ཁང་ཞིག་ཏུ་མང་ཚོགས་ལ་གཏམ་བཤད་བཅས་གནང་རྒྱུ་ཡིན་འདུག ཐེངས་འདིའི་ཁོང་གི་གཟིགས་སྐོར་སྐབས། ཨར་ལན་ཌིའི་རྒྱལ་སར་ཡོད་པའི་ (College Historical Society of Trinity College) མཐོ་སློབ་ཀྱིས། བཀའ་ཁྲི་མཆོག་ལ་ཆེ་བསྟོད་གསེར་གྱི་གཟེངས་རྟགས་ཤིག་འབུལ་འཆར་ཡོད་འདུག
Comments on “བཀའ་ཁྲི་མཆོག་ཉིན ༧ ལ་གུང་གསེང་དུ་ཕེབས་རྒྱུ་རེད།”
Comments are closed.
ཨ་རོ་སྐུ་ཞབས་གསར་འགོད་པ། གུང་གསེང་ཉིན་བདུན་མ་རེད། ཉིན་གསུམ་རེད་ཡ།
ཁ་བརྡ་གསར་འགོད་པ་ལགས་གུང་གསེང་ཉིན་བདུན་མ་རེད་ཉིན་གཉིས་རེད་་ཡག་པོ་གཟིགས་ཏེ་གསར་འགོད་གནང་དགོས་ཀྱི་རེད་གྲོགས་པོ་ལགས།
སྨྱོན་པ་འདི་ཚོ་གསལ་བོ་གཟིགས་རོགས། ༡༧ ནས་ ༢༠ བར་ཉིན ༣ རེད། ༢༢ ཉིན་སྟེ་ལོ་སར་ཚེས ༡ ནས་ཚེས ༢༥ སྟེ་ཚེས་༣ བར་ཉིན ༤།
3+4 =7 རེད། 3+4 =7 རེད། 3+4 =7 རེད། 3+4 =7 རེད། 3+4 =7 རེད།
རིག་པ་རྣོ་ཞིང་ལྟ་ཚུལ་ཞིབ་ཚགས་པོ་བྱེད་རྒྱུ་དེ་དཔེ་ཀློག་པ་དག་གིས་གནའ་ནས་མཁྱེན་ངེས་རེད།
དེ་ག་རང་རེད། ངས་དུས་བབ་སྟེང་གསལ་འགྲེལ་བྱས་ཚར།
དངོས་གནས་ཡ་མཚན་རེད། ༡༧ ནས་ ༢༠ བར་ཉིན་བཞི། ༢༢ ཉིན་སྟེ་ལོ་སར་ཚེས་གཅིག་ནས་༢༤ བར་ཉིན་གསུམ་བཅས་ཁྱོན་བསྡོམས་ཉིན་༧ ལ་སྐུ་ལྷོད་ལྷོད་ཀྱིས་བཞུགས་རྒྱུ་ཡིན་ས་རེད། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ལོ་སར་ཚེས་གཅིག་ལ་ཟས་བཅད་ངོ་རྒོལ་གནང་རྒྱུ་ཡིན་ཡང་། འཛིན་སྐྱོང་བཀའ་ཤག་ཚང་ནང་དུ་འཛུལ་ནས་སྐྱིད་པོ་བྱས་ན་ཁ་ལ་ཟོས་འདུག་རྒྱུ་ཡིན་པ་རེད། ཁ་སང་བཀའ་སྤྱི་འཛོམས་སྐབས་ཀྱང་འདིའི་ཐོག་ཐུགས་མཐུན་མ་བྱུང་བས་མི་རྣམས་ཡ་མཚན་པའང་དེ་ག་རང་རེད། དེས་རྐྱེན་སྤྱི་འཐུས་རྣམ་པ་ཚོས་བཀའ་ཁྲི་མཆོག་མཚན་སྙན་མོ་ཞིག་ཀྱང་གནང་འདུག དེ་ནི་ ༼ Mr I ༽རེད། བོད་བསྒྱུར་བྱས་ན་༼ སྐུ་ཞབས་ང ༽རེད། ད་འགྲིག་འདུག་སྐུ་ཞབས་ང་ལགས་གུང་གསེང་དུ་ཕེབས་རོགས། ཡ་མཚན་རེད།
ཀ་དག་ཆོས་དབྱིངས་ཕྱོགས་ལྷུང་གདོན་གྱིས་གཟིར་བ་ལགས། རྩིས་རྒྱབ་ཡོད། ཞིབ་ཏུ་གཟིགས་རོགས། བསྟོད་པ་བྱེད་དགོས་ན་སྐྱོན་ཆ་དངོས་གནས་བཏོན་མ་ཆོག་གང་རེད་དམ། འོ་ན། སངས་རྒྱས་བློ་བཟང་སེང་གེ་གཞུང་འབྲེལ་ཕྱོགས་བསྐྱོད་དུ་ནམ་མཁའི་དབྱིངས་ནས་ཕེབས་རྒྱུ་རེད་ཟེར་དགོས་ཀྱི་རེད་དམ། དངོས་གནས་ཡ་མཚན་རེད། བསྟོད་པ་རྐྱང་རྐྱང་གིས་ཁུངས་འཁྱོལ་གྱི་རེད་དམ།
སྤྱི་འཐུས་རྣམ་པ་ཚོས་ལོ་སར ༡ ལ་ཟས་བཅད་ངོ་རྒོལ་གནང་ན། བཀའ་ཁྲི་མཆོག་ཚེས ༣ བར་དུ་ནང་ནས་ལྷོད་ིལྷོད་བཞུགས་ན་ལས་རྒྱུ་འབྲས་འགྲོ་ཡི་རེད་དམ། སོ་སོས་ཁས་བླངས། དམ་བཅས། ལས་ཀ་བྱེད་ཀྱི་ཡིན་ཞེས་ཏེ་སླེབས་པ་མིན་ནམ། ཁྱེད་ཅག་གིས་དགོངས་པ་བཞེས་རོགས། གོ་སོང་ངམ། ང་བོད་མི་མང་ཆེད་དུ་ཤི་ཐུབ་ཀྱི་ཡོད།
ཤར་ཁུག་ལགས་ཀྱིས་ཐད་ཀར་བོད་མི་མང་ལ་བཟང་ངན་གཉིས་ངོ་སྤྲོད་གནང་བ་ངས་མཐའ་གཅིག་ཏུ་རྒྱབ་སྐྱོར་བྱེད་ཀྱི་ཡིན། ག་རེ་ཧ་ལས་རྒྱུ་ཡོད་དམ། མུ་མཐུད་རང་ཚུགས་བཟུང་ནས་ཤོག་ལགས་ཤར་ཁུག་ལགས།
ཡར་བཤད་མར་བཤད་མང་པོ་དགོས་ཀྱི་མི་འདུག གསར་འགྱུར་གྱི་ཁ་བྱང་འདོགས་སྟངས་དེ་མ་འགྲིག་པ་འདྲ། ངས་ཁ་བྱང་ཞིག་འདོགས། ༼བཀའ་ཁྲི་མཆོག་ཨ་རིར་ལོ་གསར་གཏོང་དུ་འགྲོ་རྒྱུ་རེད༽ལབ་ན་གང་འདྲ་འདུག ཡང་ན། ༼བཀའ་ཁྲི་མཆོག་གིས་ལོ་གསར་ཨ་རི་ནས་གཏོང་རྒྱུ་རེད༽ལབ་ན་གང་འདྲ་འདུག གསར་འགྱུར་འདིའི་ནང་གི་གསར་འགྱུར་ལྟེ་བ་དེ་ལོ་གསར་གྱི་སྟེང་འདི་ན་ཡོད་པ་རེད།
ཤར་ཁུག་ལགས་ཁྱོད་ཀྱི་གནས་ཚུལ་འཁོད་སྤྲོད་གནས་སྟངས་དེ་དངོས་གནས་དེ་འདྲ་ཞིག་ཡིན་ནམ། གོང་དུ་ཁྱོད་ཀྱིས་རང་བཟོའི་འགོ་བརྗོད་དུ་༼བཀའ་ཁྲི་མཆོག་ཉིན་བདུན་ལ་གུང་གསེང་ཕེབས་རྒྱུ།༽ ཞེས་པར་རྟགས་ཏུ་བཀའ་ཁྲི་མཆོག་ལ་ཟུར་ཟ་དང་གཞི་མེད་སྒྲོ་འདོགས་སོགས་དངོས་སུ་སྒེར་དོན་ཁོ་ནས་སླད་དུ་ཁ་བརྡ་དྲ་བའི་མིང་འཁུར་ནས་འདི་ལྟར་བྱེད་ན་ཤིན་ཏུ་ནས་མི་འོས་པ་ཞིག་རེད། དཔེར་ན། ཨ་ཤེ་ཡ་རང་དབང་རླུང་འཕྲིན་ལས། གནས་ཚུལ་འགོ་བརྗོད་དུ་༼བཀའ་ཁྲི་མཆོག་གཞུང་འབྲེལ་ཕྱོགས་ཕེབས་གནང་རྒྱུ།༽ ཞེས་དང་། བོད་ཀྱི་དུས་བབ་ལས་དང་། ༼བཀའ་ཁྲིར་གཟེངས་རྟཊ་འབུལ་འཆར།༽ ད་དུང་གསར་འགྱུར་གཞན་བཅས་རྣམ་པ་ཚོས་གུང་ཞིང་སྒྲིགས་ནས་བློ་ཆོས་བྱེད་སྟངས་དེ་གཟོད་ནས་ཧ་ཞིག་གོ་ཡོང་། ད་དུང་ཁྱོད་ཀྱིས་འགོ་བརྗོད་དེ་ལྟར་བྲིས་པའི་དབང་དུ་བཏང་ན་ནང་དོན་ཡང་རྦད་དེ་རང་བཟོ་བྱེད་ནས་བརྗེ་བོ་རྒྱབ་ན་མཛེས། གང་ཡིན་ཞེ་ན་བརྗོད་བྱའི་ནང་དུ་ཉིན་གསུས་ལས་སྒེར་གྱི་གུང་གསེང་མེད་པའི་ཕྱིར། སྤྱི་སྟངས་ཁ་བརྡ་དྲ་བའི་འགན་འཛིན་སུ་དང་གང་ཡིན་ན་སྤྱི་སྒེར་གང་ལ་ཡང་ཐུགས་བསམ་ཞིག་གཏོང་ན་རྣམ་ཀུན་ཕན་ཐོགས་ཆེ་བར་སེམས། དེ་དོན་ཡིད་འཇག་ཡོད་པ་ཞུ།
བོད་མི་མང་ལ་ལོ་སར་མ་གཏོང་གསུང་ཐུབ་ན། ལོ་སར་སྐབས་ལས་ཁུངས་ནས་བཞུགས་སྟེ་ཕྱག་ལས་མི་གནང་བར་ནང་མིའི་མཉམ་ལྷོད་འདུག་བྱ་ན་ཁ་ཙམ་མ་གཏོགས་མི་འདུག་གཱ། སྤྱི་འཐུས་ལྷན་ཚོགས་ལ་ལྟོས་དང་། ལོ་སར་ཚེས་གཅིག་ལའང་ཟས་བཅད་གནང་ཐུབ་ན།འ་བློན་ཁྲི་པ་ལས་ཁུངས་ནས་བཞུགས་མི་ཐུབ་པ་ཅི་ཞིག་ཡིན་ནམ། འདི་འདྲ་གནང་སྟངས་ཤིག་ག་བ་ཡོད་པ་རེད། སྣང་བ་མི་འགྲོ་ཡང་རང་རེད། དཀོན་མཆོག
བཞུགས་སྒར་རྡ་རམ་ས་ལ།
བཞུགས་ནས་འཛིན་སྐྱོང་དགོས་ཀྱང་།
བཞུགས་སྤྲོའི་ལོ་སར་མེད་ཙང་།
བཞུགས་ནས་ཐུབ་ཐབས་མེད་དུས།
བོད་ནང་ཛ་དྲག་སྐབས་སུ།
བོད་དོན་གནད་ལ་ཐུག་ཀྱང་།
བོད་ཀྱི་ལོ་སར་ཉིན་མོར།
ཨ་རིར་གུང་གསེང་ཕེབས་སོང་།
བཀའ་ཁྲི་མཆོག་ལ་གཟེངས་རྟགས་འབུལ་ཡག་གི་གནས་ཚུལ་འདི་ནི་དགའ་བོས་པ་དང་བོད་རིགས་ཡོངས་ལའང་ངོ་མཚར་གྱིས་གཏམ་བཟང་ཞིག་ཏུ་འཁུམ། འོན་ཀྱང་གང་ཟག་ཡན་ག་བ་ལའང་དགེ་བ་ལས་ལྡོག་སྟེ་སྐྱོན་དུ་རྩི་བ་ནི་གང་ཟག་སོ་སོའི་སྐྱོན་ཁོ་ན་ལས་བཀའ་ཁྲི་མཆོག་དང་བོད་མི་རིགས་ལ་སྐྱོན་དུ་ནམ་ཡང་མི་འཇུག ཁ་དཔེར། སངས་རྒྱས་སྒོ་ལ་ཕེབས་ནའང་དད་པ་མེད་མཁན་དང་། སེམས་ཅན་རྒྱུ་མ་ལུག་ནའང་སྙིང་རྗེ་མེད་མཁན་རང་རིགས་བོད་དུ་མང་པོ་ཡོད་པས་དེ་དག་རིགས་དེ་སྐྱོ་བའི་གནས། དེ་ལྟར་ཡིན་པས། སློབ་དཔོན་རིན་པོ་ཆེས། དུས་ནི་མ་འགྱུར་མི་རྣམས་འགྱུར་བ་ཡིན། ཞེས་པ་ཡང་འདི་ལྟའི་རིགས་ཅན་ལ་འཇུག་པ་དང་འདི་ལྟའི་རིགས་ཅན་གྱིས་མི་རིགས་ཉམས་རྒུན་ཕྱིན་པ་རེད་ཀྱང་ལབ་ཐུབ།
ལྷོ་པ་ལུང་རིགས་ཀྱིས་གསུངས་བ་དེ་ག་རང་རེད།་བཀའ་ཁྲི་མཆོག་ཨ་རིར་ལོ་སར་གཏོང་གི་འགྲོ་ཡི་ཡོད་པ་རེད། ཤར་ཕྱོགས་ཁུག་རྟ་ལགས་ཀྱིས་འགོ་བརྗོད་དུ་དེ་ལྟར་བྲིས་ན་ཏག་ཏག་རེད།
སྒེར་དགོངས་ལོ་སར་སྔོན་རེད།
གུང་གསེང་ལོ་སར་སྐབས་རེད།
སྡོམ་ན་ཉི་མ་མང་པོར།
བཀའ་ཁྲིས་སྐྱིད་པོ་བཏང་ཤག
ཁས་ལན་དམ་བཅའ་བརྗེད་ནས།
གཞིས་ལུས་བོད་མི་བསྐྱུར་ནས།
ལོ་སར་གུང་གསེང་རོལ་རྒྱུ།
ཡིད་ལ་འཁོར་ཐབས་འདུག་གམ།
ལྷ་དང་ཆོས་སྐྱོང་སྲུང་མས།
དེ་དག་གཟིགས་ཀྱི་ཨེ་ཡོད།
རྒྱལ་བ་དོན་གྱི་བདག་པོས།
དེ་དག་གསན་གྱི་ཨེ་ཡོད།
བརྩེ་བའི་བོད་པ་མི་མང།
འདི་དག་མཐོང་གི་འདུག་གམ།
བོད་ཀྱི་དུས་བབ་སྒང་ན་ལྟོད་མོ་འདུག
གྲོས་ཚོགས་སོ་པས།
༢༠༡༢/༠༢/༡༥ ཉིན་འདོན་སྤེལ་བྱས། ད་དུང་དེ་ལས་ཀྱང་ཡ་མཚན་པ་ཞིག་ནི། གྲོས་ཚོགས་ནས་ལས་འགུལ་སྤེལ་ཕྱོགས་བཀའ་ཤག་ལ་མཁྱེན་རྟོགས་ཆེད་སྙན་གསེང་ཞུས་སྐབས། བཀའ་ཤག་ནས་ལོ་སར་ཚེས ༡ ཉིན་ཟས་བཅད་ངོ་རྒོལ་གནང་བར་ལན་བསྐྱོན་པའི་ནང་། གང་བྲིས་བརྗོད་པར་བྱ་སྟེ། ༼ ལོ་སར་ཚེས་གཅིག་ཉིན་ཟས་བཅད་ངོ་རྒོལ་གནང་རྒྱུ་འཁོད་ཐད་དེ་ཉིན་བཀའ་བློན་རྣམ་པ་རྡ་སར་བཞུགས་མེད།༽ ཅེས་ལན་གནང་འདུག ལན་གནང་སྟངས་འདིའི་བཟོ་ལྟ་སུས་ཀྱང་གོ་མི་སྲིད་པ་མ་རེད། མདོ་དོན་བཀའ་བློན་རྣམས་བཞུགས་མེད། ཁྱེད་ཚོས་ག་རེ་གནང་ན་གནང་ཟེར་གྱི་ཡོད་བ་རེད་པཱ། ད་དུང་དོན་ཚན་གཞན་མང་པོ་འདུག གནས་སྟངས་འདི་མི་མང་གིས་མ་མཁྱེན་དུས་ད་དཔེ་བསགས་ཀྱི་རེད། དེ་བས་ད་ནས་མི་མང་གིས་སེམས་ནས་གྲ་སྒྲིག་ཅིག་བྱས་ན་ཡག་པོ་མེད་འགྲོ
གཟེངས་རྟགས་བཞེས་པས་དགའ་ཡང་།།
གུང་གསེང་གཏོང་མཚམས་མ་རེད།།
ཞོར་ནས་ལོ་སར་རོལ་ན།།
མགོ་འདི་རྨོངས་ནས་འཐོམས་སོང་།།
སྤྱང་པོ་ཞེ་དྲག་ཡིན་ཡང་།།
ང་ཚོ་གླེན་པ་མིན་པས།།
མགོ་བསྐོར་གཏོང་ཐབས་མེད་པ།།
བཀའ་ཁྲི་མཆོག་ལ་ཞུ་རོགས།།
རྡ་ས་ལྡི་ལིའི་བར་དུ།།
གནམ་གྲུ་རྐྱང་རྐྱང་རེད་འདུག
ཟམ་གདོང་བཀའ་དྲིན་ཅན་ལ།།
འདི་འདྲ་བྱུང་མྱོང་མི་འདུག
རྩེད་མཚར་ཡིན།
ཧ་ལམ་བོད་མི་རྣམས་ཀྱིས།
ཧ་གོ་དོན་རྟོགས་མེད་དུས།
ཧ་ཅང་སྤྱང་གྲུང་ཆེ་ན།
ཧ་ཧའི་གད་མོ་ཤོར་ཡོང་།
རྡ་སར་ལྡི་ལིའི་བར་དུ།
གནམ་གྲུར་ཕེབས་ན་ལོས།
ཛ་དྲག་གནད་ལ་ཐུག་དུས།
གུང་གསེང་ཕེབས་པར་སྐྱོ་བ།
སྐུ་ངལ་སེལ་བའི་ཆེད་དུ།
ཉིན་ཤས་གུང་གསེང་འཐུས་ཀྱང་།
གྲོས་ཚོགས་ཟས་བཅད་ཉིན་མོར།
ལོ་སར་གཏོང་ན་སྐྱོ་བ།
ངས་ཀྱང་སྐུ་རྩེད་ཚུལ་དུ་ངོ་མ་ཞུས།
བཀའ་ཁྲི་ཡང་ལས་བྱེད་པ་ཞིག་ཡིན་པའི་ཆ་ནས་གུང་སེང་ལ་འགྲོ་ཆོག་གི་ལོས་ཡོད། གངས་སྐྱིད་ཀྱི་ཡིག་ཚང་ནང་གི་ཡིག་རྙིང་རུལ་དྲི་ཐུལ་ལེ་བ་དེ་ཚོ་ཡར་བསྔོག་མང་བསྔོག་རེ་བྱས། ཁ་ཏོན་འདྲ་བཏོན། མ་ཎི་ཕྲེང་སྐོར་འདྲ་བགྲངས། རྡ་རམ་ཤ་ལ་སྟེང་ཤོད་ཀྱི་མི་རྩ་ཚང་ལ་མ་ཚང་བ་དེ་ཚོའི་སྟེང་ལ་ཁ་རྒྱགས་པ་རེ་བཤད་ནས་བསྡད་འདུག་པ་ལས་གུང་སེང་རེ་ལས་མིན་ན་ཡང་འཛམ་གླིང་ལ་སྐོར་བསྐྱོད་རེ་བྱས་ན་གཟི་བརྗིད་ཆེན་པོ་འདུག སློབ་ཆེན་ཞིག་ཏུ་སྐད་ཆ་ཡང་བཤད་རྒྱུ་རེད་འདུག གཟེངས་རྟགས་ཤིག་ཀྱང་ལེན་རྒྱུ་རེད་འདུག གུང་སེང་རང་ད་ཡིན་ས་མ་རེད།
གཞུང་སྒེར་བསྲེས་མ་འདི་རིགས་ཀྱིས་འཛིན་སྐྱོང་ནང་བསམ་ཚུལ་མང་པོ་ཡིང་གི་ཡོད་པ་རེད། གལ་སྲིད་སྒེར་གྱི་གུང་གསེང་ཡིན་ན་འགྲོ་སོང་རྒྱག་རང་ཁུར་རེད། གངས་སྐྱིད་ནས་ལས་བྱེད་ཅིག་གིས་མོ་ཌ་ཞིག་ཁྱེར་ནའང་རྙོག་དྲ་མང་པོ་ཡོང་གི་ཡོད་པ་རེད། བཀའ་ཁྲི་གནམ་གྲུ་ནས་གནམ་གྲུ་བརྒྱུད་དུས་སྒོར་ཁྲི་དང་འབུམ་གྱི་སྐད་ཆ་རེད། དེ་འདྲའི་རིགས་ཀྱིས་ཏག་ཏག་བསྡད་ཀྱི་ཡོད་པ་མ་རེད། གཉིས་ནས་ལོ་སར་སྐབས་ལས་ཁུངས་ཚུགས་དགོས་པ་ལས་ནམ་རྒྱུན་ལྟར་གུང་གསེང་བཏང་ས་ད་ལོར་བོད་ཁ་བ་ཅན་ལ་ཡོད་ས་མི་འགྲོ་བ་དེ་ག་རེ་བྱས་ནས་དགོངས་པ་མ་བཞེས་པ་རེད་དམ། དེ་དག་ཚང་མས་ཤེས་དགོས་པ་རེད། ད་དུང་མང་པོ་འདུག རྒྱ་ཆེའི་མི་མང་གིས་ཤེས་ན་དེས་འགྲིག་གི་ཡོད་པ་རེད། བཀའ་སྤྱི་ལྷན་ཚོགས་ནང་འདིའི་སྐོར་རྩོད་པ་ཡག་ཐག་ཆོད་རྒྱབ་འདུག
སྒེར་སོ་སོ་ལ་བསམ་ཚུལ་མི་མཐུན་པ་མང་དྲགས་ནས་རྩ་བ་རུལ་མི་རུང་། རྩ་བ་གཅིག་ལ་ཡལ་ག་དུ་མ། མེ་ཏོག་གཅིག་ལ་འདབ་མ་སྟོང་ཡོད་དགོས་ན། རྡོག་རྩ་གཅིག་ཏུ་སྒྲིལ་ཞོག།
མིག་བརྒྱད་པས་བསམ་ཚུལ་ལ་རྒྱབ་སྐྱོར་ཡོད། སྐྱོན་དང་ཡོན་ཏན་གཉིས་བཤད་ཀྱིན་བཤད་ཀྱིན་སེལ་གྱིན་སེལ་གྱིན་འགྲོ་རྒྱུ་དེ་གལ་ཆེན་རེད། བསྟོད་པ་བཏང་ཆོག་ན། སྐྱོན་འདོན་མི་ཆོག་གང་ཡང་ཡོད་པ་མ་རེད། ང་ཚོ་དམར་ཤོག་ཚོགས་པ་མིན་དུས་ཚང་མས་གུ་ཡངས་པོས་བགྲོ་གླེང་གནང་རོགས། གསར་འགྱུར་འདི་འགོད་སྟངས་ཚ་བོ་རེད་འདུག
ཁ་བརྡ་དྲ་ཚིགས་འདི་ཕྱོགས་ལྷུང་གིས་སྦགས་ནས་བསྡད་འདུག་ལ།ལྷག་དོན་དྲ་མཆན་པ་དག་ལ་འཛིན་པའི་ཕྱོགས་ལྷུང་ནི་ཧ་ཅང་ཚད་ངེས་ཅན་ལ་ཐོན་འདུག སྤྱིར་དྲ་རྒྱ་གཞན་དག་དང་འདྲ་བར་མི་སྒེར་ལ་ངན་མཚང་བརྗོད་པ་ལྟ་བུ་ཚང་མ་འགོག་གི་ཡོད་ན་གནས་ཚུལ་ལོག་ག་རེད། དེ་ལྟར་མིན་པར་མི་ག་གེ་མོར་སྒེར་གྱི་སྐྱོན་བརྗོད་ག་ཚོད་བྱེད་ན་བྱེད་དུ་འཇོག་ལ། མི་འགའ་ཁ་ཤཻས་ལ་སྐྱོན་གྱི་ཕྱོགས་ཙམ་གླེང་མ་ཐག་ཏུ་ནག་གསུབ་གཏོང་རྐྱང་བྱེད་ཀི་འདུག། དེ་ནི་དེང་གི་མང་གཙོ་དང་སྨྲ་བརྗོད་རང་དབང་གི་འགྲོ་ལུགས་དང་མི་འཚམས་པས་དེ་དག་མཚམས་འཇོག་མ་བྱས་ན་ངས་དེའི་ཆེད་དུ་དཔྱད་རྩོམ་ཅིག་བྲིས་ནས་དྲ་ཚིགས་དང་ཚགས་པར་སོགས་སུ་བཀོད་པར་གྲ་སྒྲིག་བྱས་ནས་བསྡད་ཡོད། ཚང་མས་ཐུགས་གཟབ་གནང་རོགས།
སྤྱིར་བཀའ་ཁྲི་ལ་ཉིན་གསུམ་གུང་སེང་ཡོད་ས་རེད་དེའི་སྟེང་དུ་ཤར་ཕྱོགས་ཁུག་རྟའི་ཉི་མ་བཞི་བསྣན་ནས་བདུན་བཟོས་འདུག འོན་ཀྱང་བཀའ་ཁྲི་ལ་དེ་འདྲའི་ཉི་མ་མང་པོ་ཞིག་ཁོམ་པ་མི་འདུག
སློབ་ཆེན་ཁག་ལ་གཏམ་བཤད་སྤེལ་བ་དང་བཟེངས་རྟགས་བཞེས་པ་སོགས་མཛད་རིམས་མང་པོ་ཡོད་ས་རེད
ཡ་ང་བའི་མི་རྐྱང་རྐྱང་འདུག་པས་བྱེད་ཐབས་དཀའ་་རྐྱེན་མ་གཏོགས་ཡོན་ཏན་མི་ཤེས་མཁན་
ནང་ཁུལ་དུ་མི་མཐུན་འདུག་པ་ལས་གཞན་དོན་ངོ་མའི་གཉའ་གནོན་གཏང་མཁན་འདི་ཆོ༹ར་ཆི༹གས་གཅིག་བཤད་པའི་མགྲིན་པ་མི་འདུག་་ང་ཆོ༹་གནས་སྟངས་འདི་འདྲ་ཞིག་གི་ནང་དུ་ལུས་ཡོད་ཅ༹མ་དགྲ་བོས་ནམ་ཡང་ཀློད་མི་སྲིད་་མང་གཅོ༹་དང་རང་དབང་ཁ་རུ་ཁེར་ནས་གང་བྱུང་བཤད་རྐྱང་བྱེད་པ་འདིས་་ལས་འགན་ཡོད་མཁན་དང་མི་རིགས་འདིའི་བདེ་བསྡུག་སྙིང་དབུས་སུ་འཇི༹ན་མཁན་དག་ལ་ཕོག་ཐུག་གཏང་པ་ལས་དོན་འབྲས་མེད་་མདོ་བསྡུས་ནས་བཤད་ན་ང་ཆོ༹འི་དགྲ་བོར་གོ་སྐབས་སྤྲད་ལེ་རེད་ལ་ཁོ་ཆོ༹འི་བསམ་དོན་ཀྱང་རེད་
བཀའ་ཁྲིའི་གུང་སེང་ཉིན་གསུམ་ལས། དེའི་སྟེང་བཞི་བསྣན་ནས་༧བཟོས་པ་ཧམ་རེད་རེད་ཟེར།
གྲོགས་པ་བོད་པ་ལགས། ལོ་སར་ཉིན་ ༣ གྱི་ཁར་སྒེར་དགོངས་ཉིན ༤ བསྣན་ན་༧མ་རེད་དམ། ཁུག་རྟ་སྐད་ཆ་བཤད་ཤེས་མཁན་ཞིག་ཡིན་པ་བཙན་བྱོལ་སྤྱི་ཚོག་སུ་ཡོངས་གྲགས་རེད་གདའ།
མི་རྗེ་བཀའ་བློན་འཁྲི་བར།
གཟེངས་རྟགས་ཕུལ་ནོ་བཟང་གི
འབུལ་དོན་ཅི་ཡིན་གང་ཡིན།
གསལ་ཁ་གང་ཡང་མེད་ཀི
བཀའ་ཁྲི་དང་ཤར་ཁུག་གཉིས་ནི་ཡར་དེད་མ་ལ་མར་དེད་བུ།ཕར་དེད་དགྲ་ལ་ཚུར་དེད་གྲོགས།ཁོང་གཉིས་ཀྱིས་མ་བ་དགྲ་གྲོགས་སྐོར་གྱི་ཡོད་ནི་རེད།སྐོར་དུ་ཆུག
སྤྱི་འཐུས་འདི་ཚོས་མི་དྲན་དགུ་དྲན་ལོ་གསར་སྐབས་ལ་ངོ་རྒོལ་དྲན།།
དྲན་ཚུལ་བསྡུར་བའི་བར་གསེང་དེ་ནས་ཟས་བཅད་བྱེད་པའི་རིག་པ་རྙེད།།
ཐོག་ཁང་དམར་པོའི་སྐུ་ངོ་བདུན་པོས་ཕྱི་ལ་ཕེབས་རྒྱུའི་གྲོས་ཁ་བསྡུར།།
ཁང་དམར་སྒོ་ཆེན་ཐག་སེར་བརྒྱབ་ནས་ལོ་གསར་གཏོང་བའི་ལམ་དེར་ཆས།།
དྲ་རྒྱའི་ངོས་ཀྱི་ཡི་གེ་བ་ཚོ་བསྟོད་སྨད་ཚིག་གི་གཡུལ་འཐབ་འདིས།།
འབྲུག་ལོའི་ལོ་དེ་བཀའ་སྤྱི་གཉིས་ཀྱི་གདོང་ཐུག་ཅིག་ཏུ་མ་སྒྱུར་རོགས།།
བཀའ་བློན་རྣམ་པ་ཕྱི་ལ་ཕེབས་རྒྱུར་ཉེས་པ་ཡོད་ན་སྤྱི་འཐུས་ཚོས།།
ལོ་གསར་སྐབས་ལ་ཟས་བཅད་ངོ་རྒོལ་ཕྱིར་འཐེན་བྱས་ན་འཆམ་ངོ་ཤར།།
ལོ་གསར་སྐབས་ལ་གདུང་སེམས་མཉམ་སྐྱེད་མི་བྱེད་ཐག་གཅོད་གྲོས་འཆར་ཐོནད།།
ལོ་གསར་སྐབས་ལ་ཟས་བཅད་ངོ་རྒོལ་མི་གནང་དམ་བཅའི་གཞེན་སྐུལ་གནོངས།།
དེ་ལྟར་གནང་ན་བཀའ་སྤྱི་གཉིས་ཀ་ཐུགས་མཐུན་དམ་གཙང་འབྱུང་ངོ་ཤར།།
འདི་ལྟར་བྱས་ན་བཀའ་སྤྱི་གཉིས་པོར་དམངས་དོན་སྒྲུབ་པའི་མཐོང་སྣང་འབྱུང་།།
སྐུ་ཞབས་མི་ནག་མདུང་ཐུང་གིས་གནད་འགག་གསེད་བཀྲོལ་བྱེད་ཀྱི་འདུག ཧཧཧཧཧ
བཀའ་ཁྲི་ལ་གུང་སེང་ལེན་རྒྱུའི་ཐོབ་ཐང་ཡང་མེད་པར་ང་ཚོ་བྲན་གཡོག་སྤྱི་ཚོགས་ཟེར་བ་དེ་ཡིན་རྒྱུ་མ་རེད། ལས་བྱེད་ཚོ་གུང་སེང་གི་ཐོབ་ཐང་ཡོད་གི སློབ་ཕྲུག་ཚོར་ཟླ་གཅིག་ལྷག་གིས་མི་ཚད་པའི་གུང་སེང་ཡོད་གི
ཛ་དྲག་བཀའ་སྤྱི་ཐེངས་གཉིས་འཛོམས་ཀྱང་དོན་གྱི་འབྲས་བུ་སྒོང་རྡོག་གཉིས།།
བཀའ་སྤྱི་གཉིས་ཀས་སོ་སོར་ཁྱེར་བ་མིག་རྡོ་ཉིས་ཀས་མཐོང་སོང་བས།།
བཀའ་སྤྱིའི་བར་གྱི་གླེང་མོལ་སྣ་ཚོགས་རིང་མ་ཐུང་གིས་སླེབས་སོང་བ།།
བཀའ་ཁྲི་བདེ་བར་ནང་ལ་ཕེབས་སྐབས་སྙན་གྱིས་གསན་པ་མེད་ན་བསམས།།
ཨ་རིའི་གཟེངས་རྟགས་ལེན་འཆར་ཡིན་ནམ་སྒེར་དགོངས་སྤྱི་དགོངས་གཏོང་ཆེད་ཡིན་ནམ།།
མཉམ་དུ་སྡོམ་ན་བདུན་གཅིག་ཡོད་པ་ཤར་ཕྱོགས་ཁུག་རྟས་གྲངས་ལ་བཀུག་འདུག།
ཚོར་བ་རྣོ་བའི་བུ་ལ་མཛའ་བ་གནད་དོན་བླངས་ནས་འཆད་རྒྱུ་ཡིན་རུང་།།
བཀའ་ཁྲིའི་ལོ་སར་ནང་མི་མཉམ་འཛོམས་སྤྱི་འཐུས་གན་ཚོར་མེད་འདི་སྡུག་གཱ།
བཀའ་སྤྱི་གཉིས་ཀ་ཆུང་ནས་འཐོར་ན་ཆེན་པོའི་ས་ལ་རེ་བ་མེད་ཀྱང་།།
རྒྱུ་མཚན་མེད་པའི་གཟེངས་རྟགས་དེ་ཡིས་བཀའ་སྤྱིའི་དམ་འགལ་སེལ་གྱུར་ཅིག།
བཀའ་ཁྲིའི་ལྷིང་འཇགས་རྒྱུན་དུ་དཀྲོགས་པའི་ཤར་ཕྱོགས་ཡུལ་གྱི་ཁུག་རྟས་ཀྱང་།།
མཚམས་རེར་ཁྲིམས་ཀྱི་མཁས་པ་འདི་ལ་གུ་ཡངས་ཅུང་ཙམ་གནང་རོགས་མཛོད།།
མགོན་པོ་ལགས། བཀའ་ཁྲི་མཆོག་ལ་གུང་གསེང་ཡོད་པ་མ་རེད་ཟེར་གྱི་མི་འདུག
ཁ་བྱང་དེ་ལ་བལྟས་ན་སྐྱོན་འཛུགས་བྱེད་འདོད་ཡོད་ཀྱང་སྐྱོན་འཛུགས་རྒྱུ་མ་རྙེད་པའི་རྣམ་པ་གསལ་པོ་འདུག སྐྱོན་འཛུགས་བྱེད་སྟངས་འདི་ཐབས་སྐྱོ་བོ་ཞིག་རེད། ཇི་ལྟར་སྙམ་ན། མཛད་རིམ་སྔ་ཕྱི་གཉིས་ཀྱི་བར་སྟོང་ཉིན་ཤས་དེ་ཡང་གུང་སེང་ལ་རྩིས་འདུག ད་དུང་ཡང་དངོས་དོན་གཞུང་འབྲེལ་གྱི་ལས་དོན་དེ་དག་ཟུར་ཙམ་ཡང་མ་གླེང་ནས་ཆེད་དུ་གུང་སེང་ལ་སོང་བའི་རྣམ་པ་མངོན་ཐབས་བྱས་འདུག
དཔེར་ན། ༢༠༡༢ ༣ ༨ ༸གོང་ས་མཆོག་ཐེག་ཆེན་གཙུག་ཁང་དུ་གསུང་ཆོས་བཀའ་དྲིན་བསྐྱང་ཆེད་ཕེབས་རྒྱུ་ཡིན་ལ། གསོལ་ཇ་བཞེས་ཆེད་ཕེབས་རྒྱུ་རེད་འདུག་ཟེར་བ་དང་གཅིག་མཚུངས་རེད། འདི་སྐྱོན་འཛུགས་ཚད་ལྡན་ཞིག་རེད་དམ།
སྲིད་སྐྱོང་ཁོང་ལ་མཚོན་ན་ཁྱིམ་གཞི་བཟའ་ཟླ་བུ་ཕྲུག་དང་བཅས་པ་དེ་ན་ཡོད་པ་རེད། ཞག་ཤས་བསྡོད་མི་འོས་ཟེར་རྒྱུ་མི་འདུག
མཆན་འདོགས་མཁན་ཁ་ཤས་ཀྱིས་སྲིད་སྐྱོང་དང་སྤྱི་འཐུས་རྣམ་པའི་བར་ལ་ཐུགས་མཐུན་མིན་པའི་གླེང་ཕྱོགས་ཞིག་བྱེད་ཀྱི་འདུག དངོས་གནས་ཡིན་ན་བོད་མི་རིགས་ལ་བསབ་ཏུ་མེད་པའི་གྱོང་གུད་ཞིག་རེད། གཞི་མེད་ཡིན་ན་ཁྱེད་རང་བྲང་ཐོག་ལ་ལག་པ་བཞག་ནས་བསམ་བློ་གཏོང་དགོས་པ་ཡིན། འདི་ནི་དམར་ཁ་ཚས་ཉན་དགོས།
༡༽ ཁོང་གུང་གསེང་ལ་ཕྱིན་པའི་ཞར་ལ་བོད་དོན་ཡོང་གི་འདུག སློབ་གྲྭར་གསུང་བཤད་དང་བྱ་དགའ་བཞེས་སྐབས་བོད་དོན་ལོས་ཤོད་ཐུབ།
༢༽ཁོང་ངལ་གསོ་རྒྱག་པའི་ཞར་ལ་བོད་དོན་ཁྱབ་བསྒྲགས་འགྲོ་གི་འདུག
བསམ་བློ་དང་གཟུགས་པོར་བདེ་ཐང་དགོས་ན་གུང་གསེང་ལོས་དགོས། དེ་འགྲིགས་བཞག
༣༽བཀའ་ཤག་དང་སྤྱི་འཐུས་གཉིས་ཁ་ཁ་རེད། སྤྱི་འཐུས་རྒྱུག་སར་བཀའ་ཤག་རྒྱུག་དགོས་མ་རེད། ཁོང་གཉིས་ཀྱི་ལས་ཀའི་ངོ་བོ་དང་དགོས་པ་སོགས་ཐ་དད་རེད། ཅིའི་ཕྱིར་ཁོང་གཉིས་སྣོད་གཅིག་གི་ནང་ལ་བླུགས་པར་བྱེད། བཀའ་ཤག་དེ་འཛིན་སྐྱོང་གི་ལས་ཀ་རེད། སྤྱི་འཐུས་དེ་ཁྲིམས་བཟོའི་ལས་ཀ་རེད། སྤྱི་འཐུས་ཀྱིས་ཟས་བཅད་ངོ་རྒོལ་བྱས་ན་ཅིའི་ཕྱིར་བཀའ་ཤག་མཉམ་དུ་ཞུགས་དགོས་སམ།
༤༽ ད་ལྟ་བོད་ནང་ལ་ཛ་དྲག་གི་གནས་སྟངས་འདི་འདྲ་ཞིག་ལ། བཀའ་བློན་ཁྲི་པ་ཕྱི་རྒྱལ་ལ་ཕེབས་ནས་བོད་དོན་བཤད་ན་ཤིན་དུ་འཚམས་པོ་འདུག འདོན་ཡོང་རྒྱུ་ཕྱི་མེད་ནའང་། སྔ་མ་སོང་།
༥༽ ང་ཚོས་རྒྱ་ལ་ཡ་ལན་རྣལ་མ་ཞིག་སྤྲོད་དགོས་ན། རྒྱལ་སྤྱིའི་སྟེང་ལ་འདོན་ནས་རྩོད་དགོས། དེར་བརྟེན། གུང་གསེང་གི་ཉིན་མ་དེ་གཅིག་པུར་རྩོད་པ་མ་རྒྱབ་པར། ང་ཚོས་ཁོང་གིས་གཞུང་འབྲེལ་གྱི་ཉིན་མོ་དེ་ཚོར་ལས་འགུལ་གང་སྤེལ་ན་དོན་སྙིང་ཆེ་བ་ཡོད་མེད་སྐོར་ལ་བསམ་བློ་གཏོང་ཐུབ་ཚེ་བོད་མི་དམངས་ལ་ཕན་པ་ཆེ་སྙམས།
༦༽ བཀའ་ཁྲིའི་ཟླ་བོ་དང་བུ་ཕྲུག་ད་ལྟ་ཨ་རིར་ཡོད་རེད། ཁོང་དེར་ནང་མི་མཉམ་དུ་ཉིན་ཤས་སྡོད་རྒྱུར་ང་ཚོས་མི་དགའ་བ་བྱེད་རྒྱུ་མིན་འདུག ང་ཚོས་ཆོས་ཁས་མ་ལེན་ནའང་། འཇིག་རྟེན་གྱི་འགྲོ་སྟངས་ཁས་ལེན་བྱས་པའི་ཐོག་ནས་ཁོང་ལ་ཉིན་ཤས་ངལ་གསོ་སྤྲོད་རྒྱུ་དེ་མི་ཡ་རབས་ཀྱི་འགྲོ་སྟངས་ཤིག་མ་རེད་དམ།
ངས་བོད་ཀྱི་ལོ་ཐོ་དང་ཕྱི་ལོའི་ཚེས་གྲངས་དང་སྦྲགས་ནས་གཅིག་བལྟས་པ་ཡིན། བཀའ་ཁྲིའི་གུང་སེང་ཉིན་གསུམ་དེ་ཏག་ཏག་ལོ་སར་གྱི་སྔོན་ལ་མཇུག་རྫོགས་འདུག ལོ་སར་གྱི་ཚེས་གཅིག་ལ་སྔ་ས་ནས་གོ་སྒྲིག་ཟིན་པའི་གཙུག་ལག་སློབ་ཆེན་ཞིག་ཏུ་གཏམ་བཤད་གནང་རྒྱུ་དེ་རེད་འདུག ཉིན་གཉིས་པ་སོགས་ལ་མཐར་ཆགས་སུ་གཞུང་འབྲེལ་གྱི་ལས་རིམ་སྒྲིག་འདུག བཀའ་ཁྲིའི་ལོ་སར་སྔ་ནུར་བྱས་ནས་གཏོང་གིན་མེད་ན་ལོ་སར་དངོས་ལ་ནི་ཁེལ་མི་འདུག
ལར་ཁར་ཉིན་ཡང་ཤར་ཕྱོགས་ཁུག་རྟ་ལགས་ཀྱིས་ཁ་བརྡར་བཀོད་པའི་རྩོམ་ཡིག་ཅིག་གི་མཇུག་ཏུ་ཁོང་ལ་བསམ་ཚུལ་ཞིག་བྲིས་པ་ཡིན་ལ། འདིར་ནི་དེ་བས་ཀྱང་ཁ་བརྡའི་གསར་འགོད་པའི་མཚན་ཐོག་ནས་སྒེར་གྱི་ཞེ་མཁོན་བེད་སྤྱོད་བཏང་བའི་གསར་འགྱུར་གྱི་ཁ་བྱང་ཧ་ཅང་ཐལ་ཆེ་བ་འདི་བཀོད་པར་ཁ་བརྡ་དྲ་བས་ཡང་བསྐྱར་དགོངས་ཞུ་གཉིས་པ་ཞིག་གཏོང་རན་འདུག
སྐད་ཆ་སོམས་ལ་ཤོད། རྩམ་པ་བརྡད་ནས་མིད།
བཀའ་ཁྲི་མཆོག་ཉིན་ཁ་ཤས་ཨ་རིར་གུང་གསེང་བསྡད་པར་དོན་མེད་འུར་ཟིང་བཟོ་དགོས་དོན་མེད། རྒྱལ་ཁབ་གཞན་གྱི་སྲིད་འཛིན་ཡིན་ན་གཤམ་འོག་དྲུང་ཡིག་ལ་བཀའ་བཀོད་གནང་ན་དྲུང་ཡིག་ནས་གྲ་སྒྲིག་འཐུས་ཚང་བྱེད་ཀྱི་ཡོད། ང་ཚོའི་སྒྲིག་འཛུགས་ལ་དེ་འདྲའི་མཐུན་རྐྱེན་མེད་དུས་བཀའ་ཁྲི་མཆོག་སློབ་གྲྭ་ཁག་དང་མང་ཚོགས་ཚོར་གཏམ་བཤད་བྱ་ཡས་གྲ་སྒྲིག་བྱ་དགོས་པ་ཡིན། ལས་དོན་ལ་གཡོལ་བ་དེ་འདྲ་ཡིན་གྱི་མ་རེད་བསམ། དཔེར་ན་ལས་དོན་བཀག་འགོག་བྱ་མཁན་དུས་འཁོར་དབང་ཆེན་ཐེངས་སོ་གཅིག་པའི་ལས་དོན་བྱེད་མཁན་ཨེ་ཤ་རང་དབང་རླུང་འཕྲིན་ཁང་གི་ལས་བྱེད་སྐལ་ལྡན་བློ་གྲོས་ལྟ་བུ་ཡིན་ན་ང་ཚོས་ཐེར་འདོན་དང་། སྐྱོན་བརྗོད་ངེས་པར་བྱེད་དགོས་པ་ཡིན། རྒྱུ་མཚན་ནི་ཁོ་པས་སྐབས་དེ་དུས་གཞོན་ནུའི་ཚོགས་གཙོ་དུས་འཁོར་ར་བ་ནས་ཕྱིར་འབུད་བྱས་པ་རེད། གཞོན་ནུའི་ཚོགས་གཙོས་ཆབ་སྲིད་དྲིལ་བསྒྲགས་བྱེད་པའི་དུས་སྐལ་ལྡན་བློ་གྲོས་ཀྱིས་དུས་འཁོར་ར་བར་ཆབ་སྲིད་ཀྱི་རྣམ་པ་མངོན་མི་ཕྱོགས་ཟེར་ཏེ་འཛེམ་བག་མེད་པར་ཕྱིར་འབུད་བཏང་བ་རེད། གནས་ཚུལ་འདིའི་རིགས་ཚབ་ཆེན་པོ་ཡིན་ནའང་གོང་འོག་ཚང་མས་སྣང་མེད་གཡུགས་པ་རེད། འདི་ནི་ངན་པ་བརྒྱ་ཡན་བཏང་ནས་བཟང་པོར་སྐྱོན་བརྗོད་ཀྱི་དཔེ་རང་ཡིན་ནོ།
ཁ་བྱང་འདི་ལ་བལྟས་ན་སྐྱོན་འཛུགས་བྱེད་འདོད་ཤིན་ཏུ་ཆེ་ཡང་སྐྱོན་འཛུགས་བྱེད་རྒྱུ་མ་རྙེད་པའི་རྣམ་པ་གསལ་པོ་བསྟན་འདུག ཆེད་དུ་གུང་སེང་ལ་སོང་བའི་རྣམ་པ་མངོན་ཅི་ཐུབ་བྱས་འདུག མཛད་རིམ་སྔ་ཕྱི་གཉིས་ཀྱི་བར་དེ་ཡང་གུང་ལ་རྩིས། དཔེར་ན། ༢༠༡༢ ༣ ༨ ཉིན་༸་གོང་ས་མཆོག་ཐེག་ཆེན་གཙུག་ལག་ཁང་དུ་དད་ལྡན་མི་མང་ལ་གསུང་ཆོས་བཀའ་དྲིན་བསྐྱང་ཆེད་ཕེབས་རྒྱུ་ཡིན་པ་ལ། ཉིན་དེར་༸་གོང་ས་མཆོག་ཐེག་ཆེན་གཙུག་ལག་ཁང་དུ་གསོལ་ཇ་བཞེས་ཆེད་ཕེབས་རྒྱུ་རེད་འདུག་ཟེར་བ་དང་གཅིག་མཚུངས་རེད། སྐྱོན་བརྗོད་བྱེད་སྟངས་འདི་ཐབས་སྐྱོ་བོ་ཞིག་མ་རེད་དམ། ད་མང་པོ་བཤད་རྒྱུ་མིན། ད་སྔོན་གཅིག་བྲིས་པ་ཡིན་མོད་བསུབས་ཚར་འདུག
ཤར་ཁུག་གི་འདི་ལྟར་བྲིས་པ་ལ་ཧང་སང་དགོས་དོན་མ་མཐོང་།
གང་ཞེ་ན་སྒེར་གྱི་སྡང་ཟུག་གི་རྣམ་པ་གསལ་པོ་རེད་ལ་རྒྱབ་སྐྱོར་གྱི་མཆན་མང་པོ་ཞིག་ཀྱང་དེ་དང་གཅིག་
མཚུངས་སུ་མཐོང་། ད་ངས་མང་པོ་འབྲི་འདོད་མེད། དྲ་བདག་ལ་དོ་ཕོགས་འགྲོ་གི་ཡོད་པའི་བཟོ་བསྟན་ཡོང་གི་འདུག འདིའི་སྔོན་ལ་མཆན་གཉིས་ཙམ་བཏབ་ཀྱང་ནག་བསུབ་གཏོང་རྐྱང་བྱས་འདུག
བསམ་བློ་ཞིག་བཏང་། སྐད་ཆ་དྲང་པོར་བཤད་ན། ཤར་ཁུག་གི་འབྲི་སྟངས་འདི་དངོས་གནས་རིག་པ་རྣོ་ཞིང་དང་བ་འདྲེན་ཐུབ་པ་ཞིག་རེད། གསར་འགོད་པ་དང་གསར་ཁང་ཁག་གིས་ག་དུས་ཡིན་ནའང་ཡག་ས་རྐྱང་རྐྱང་བྲིས་བསྡད་ན། མང་གཙོའི་ཀ་བ་བཞི་བ་ཟེར་བར་དོན་དག་མེད་པ་ཆགས་ཀྱི་རེད།
ལར་ནས་གཟེངས་རྟགས་འབུལ་གྱི་རེད་ཅེས་ཁ་བྱང་རྒྱབ་ན་བསྟོད་རྐྱང་བྱེད་པ་དེའང་འགྲིག་མི་འདུག གཟེངས་རྟགས་འབུལ་འཆར་གཅིག་པུ་མིན་པར་གུང་གསེང་ཡང་ཡོད་པ་རེད། གུང་གསེང་བྲིས་ན་མི་དགའ་ན། གཟེངས་རྟགས་བྲིས་ན་དགའ་བའང་དོན་དག་ཞེ་དྲག་མི་འདུག་བསམས་སོང་། གང་ལྟར་ཤར་ཁུག་གི་སྒྱུ་རྩལ་དེ་ཁྱད་ཆོས་ཤིག་རེད།
དེ་ལྟ་བུ་བསྒྲགས་དགོས་པའི་གསར་འགྱུར་གང་ཅི་ཡང་མ་རེད།
དུས་སྐབས་འདི་འདྲ་ཞིག་ལ་དགུང་སེང་ལ་འགྲོ་བ་དེ་དཔེ་མ་སྲིད་ཐབས་སྐྱོ་པོ་རེད། ཛ་དྲག་ཡོད་དུས་ཉིན་མ་དགོས་མཚན་ཡིན་ཀྱང་ལས་ཀ་བྱེད་དགོས་པ་རེད། ལས་ཀ་གང་ཡང་མེད་ཀྱང་ཛ་དྲག་གི་རྣམ་པ་སྟོན་ཆེད་ལས་ཁུངས་ནང་བཞུགས་དགོས་པ་རེད། མགོ་ནས་ཧུར་སྐྱེད་གནང་ན་མཇུག་ན་ཡོད་མཁན་ཚོ་ཡང་སེམས་ཤུགས་སླེབས་ཀྱི་རེད། གྲལ་མགོ་ནས་ལག་པ་བརྐྱངས་ན་གྲལ་མཇུག་ནས་རྐང་པ་བརྐྱང་ཡོང་གི་རེད། མཛད་རིམ་ཕྱིར་བསྒྲགས་བྱས་པའི་ནང་དུ་ཞེས་༡༧ ནས་༢༠ བར་ལྷོད་བཞུགས་གནང་རྒྱུ་ཞེས་བྲིས་འདུག་བསམ། འབྲི་སྟངས་དེ་ཡང་ཆེད་མངག་ཅག་ཅག་བྱས་པ་འདྲ་པོ་འདུག དུས་ཚོད་འདི་འདྲ་ལ་་་་་་་་
ཚེས་༡༧ ནས་༢༠ བར་ཞེས་བཅོས་རོགས།
བཀའ་ཁྲི་བློ་སེང་ལས་ཁུངས་ནང་གང་ཡང་མ་ལས་པར་ཡུན་རིང་བསྡད་དྲགས་ནས་ཐང་ཆད་ཡིན་ཙང་། ད་ལས་ཁུངས་ནང་འདུག་རྒྱུ་ཉོབ་རེད། ལས་ཀ་མེད་པར་བསྡད་བསྡད་ཉེས་ཀིས་ཐང་ཆད་རེད། བྱས་ཙང་ཨ་རིར་ལྷོད་གཞུགས་གནང་རྒྱུ་རེད། རྫིག་མདོག་ཁ་བོ་ག་འདྲ་བཤད་མི་འདུག་གམ། ད་བར་བཀའ་ཁྲིར་སླེབས་ནས་གསར་འགོད་པར་ཐུགས་འཕྲད་བྱས་པ་ཙམ་ལས་གཞན་ལས་འཆར་གང་ཞིག་བྱས་སོང་ངམ། ག་དུས་ཡིན་ན་མཁས་པ་ཡིན། ལག་ཁྱེར་ཡོད་ཟེར་བ་ཙམ་ལས་གང་ཡང་འཇོན་ཡ་མི་འདུག ལག་ཁྱེར་དེ་བོད་པ་ནང་ཁུལ་གྱིས་ཆབ་སྲིད་འཁྲབ་ནས་གོ་སྐབས་ཐོབ་པ་ལས། ཤེས་ཡོན་གཞིར་བཞག་གིས་འདམས་པ་མ་ཡིན་པ་ཡིན་གསལ་བོ་རེད། གུང་གསེང་ལ་རང་གིས་འགྲོ་སོང་བཏང་ནས་འགྲོ་དགོས་པ་ལས་གཞུང་གི་འགྲོ་སོང་ཞོར་སྤྱད་བྱས་ན་འགྲིག་མདོག་ཁ་བོ་རེད་པས། ག་འདྲ་མི་ཐེབས་ཆགས་ཅིག་མི་འདུག དེའི་བར་ནས་ཁེ་ཕན་ཞིག་ཟ་ཁུལ་བྱེད་ཀྱི་འདུག འོན་ཀྱང་དེ་འདྲ་བྱེད་འོས་པའི་དུས་ཚོད་མིན་ཡང་བྱེད་སྟངས་དེས་ཁོའི་ནང་སྙིང་གསལ་དུ་བཏང་བ་རེད།
བཀའ་ཁྲི་མཆོག ད་ལོར་རྒྱ་ནག་གི་དཔྱིད་གསར་དང་དུས་མཚུངས་བའི་མདོ་སྨད་ཡུལ་གྱི་ཧོར་ལུགས་སོ་སར་སྐབས་མདོ་སྨད་མི་མང་སྐྱ་སེར་རིས་མེད་ཀྱིས་ལོ་མ་སར་སྔོན་དང་། ལོ་སར་བའི་སྐབས་བཅས་སུ་ཅི་ལྟར་བོད་དོན་ལ་གདུང་སེམས་མཉམ་བསྐྱེད་གནང་མིན་ཁྱེད་ནས་གསན་ཐོས་ཡོད་ཤག
བོད་ནང་གི་བོད་མི་ཚོས་རང་དོན་ལས་ཀ་ཆེ་ཆུང་ཕར་ཞོག ཐ་ན་ཚེ་སྲོག་འབན་ལ་བཞག་ནས་ཛ་དྲག་གི་སྐབས་འདིར་བོད་ཆིག་སྒྲིལ་དང་བོད་ཀྱི་རང་དབང་ཆེད་ལས་འགུལ་སྤེལ་ཡོད་པ་རྣམས་དངོས་གནས་ཤི་ཡང་རུས་པའི་མི་བརྗེད་པ་ལྟ་བུ་ཞིག་ཡིན་ཡང་། སྐུ་ཉིད་ཀྱིས་བཀའ་ཤག་འཁོར་བཅས་གཙོས་འཛིན་སྐྱོང་གི་ལས་བྱེད་རྣམས་ལོ་སར་གྱི་གུང་གསེང་ནམ་རྒྱུན་ལྟར་བཏང་འདུག་པ་མ་ཟད། ཁ་ཟས་བསྲེགས་པ། ལོ་སར་གྱི་Card གཏོང་རེས་བྱེད་པ་སོགས་ཀྱི་དེ་རིང་སང་ཉིན་གྱི་གངས་སྐྱིད་ཀྱི་རྣམ་པ་འདིས་དོན་དངོས་ཅི་ཞིག་བསྟན་མི་འདུག་གམ།
ཉིད་ཀྱིས་ཀྱང་དུས་ཚོད་ཡར་སྣུར་མར་སྣུར་སྟོང་ཕྲག་གཅིག་བྱས་ཏེ་སྒེར་དགོངས་ལེན་པ་དང་། ལོ་སར་སྐབས་ནང་མིའི་མཉམ་ལྷོད་བཞུགས་བྱེད་པ་སོགས་དངོས་གནས་བོད་མི་མང་བློ་ཕམ་གྱི་གནས་ཚུལ་རེད། བོད་གཞུང་གི་དྲ་བར་༼སྐུ་ཉིད་ལྷོད་བཞུགས་གནང་གི་རེད་༽ཅེས་བྲིས་འདུག་པས་ཀྱང་ཁྱེད་ལ་བསམ་བློ་གཏོང་རྒྱུ་ངེས་པར་དུ་མང་པོ་ཞིག་འདུག་པས། རྗེས་ནས་བོད་མི་མང་གི་བསམ་འདུན་ལ་རྡོག་རྫིས་ཁྱོན་ནས་མ་བཏང་བའི་ཐོག དབུ་ཁྲིད་གནང་རོགས། དེ་ལྟར་བྱས་ན། སྐུ་ཉིད་ཤིན་ཏུ་དགའ་བའི་༼ སྲིད་སྐྱོང་པའི་༽མཚན་ཡང་ཐོབ་ངེས་རེད།
བཀའ་བློན་ཁྲི་བ་ཚེས་༡༦་ལ་ལྡི་ལི་ནས་ཐོན་ན། ཕ་ཀའི་ལ་ཚེས་བཅུ་དྲུག་དང་བཅུ་བདུན་གང་རུང་ལ་ཕེབས་གྲུབ་ཀྱི་རེད། གལ་སྲིད་ཚེས་བཅུ་བདུན་ལ་ཨ་རིས་སུ་ཕེབས་གྲུབ་པའི་དབང་དུ་གཏོང་ན། ཨ་རིས་ཀྱི་མཐོ་རིམ་སློབ་གྲྭ་དེ་ས་ཆ་ག་བ་ཞིག་ཏུ་རེད། གནམ་ཐང་རང་དུ་ཡིན་རྒྱུ་མ་རེད། ཕེབས་སའི་ས་ཆ་དེ་རུ་གལ་སྲིད་བོད་མི་མང་ཡོད་ན། དེ་དག་ལ་ཐུག་འཕྲད་ཀྱི་དུས་ཚོད་ཅིག་ངེས་ཅན་དུ་སྤྲད་རྒྱུ་རེད་ལ། མཐོ་རིམ་སློབ་གྲྭ་ཞིག་ཏུ་བོད་ཀྱི་སྲིད་སྐྱོངས་ཞིག་གི་གཏམ་བཤད་ཅིག་སྤེལ་བ་དེ། དེ་ལ་མ་མཐའ་ནས་ཉིན་ཁ་ཤས་གྲ་སྒྲིགས་ངེས་ཅན་དུ་དགོས་རེད། གྲ་སྒྲིག་མེད་པའི་གཏམ་བཤད་ལ་ཨ་རིའི་མཐོ་རིམ་སློབ་གྲྭའི་སློབ་མས་ཉན་འདོད་ཡོད་མ་རེད་ལ། གྲ་སྒྲིགས་མེད་པའི་གཏམ་བཤད་ལ་རིན་ཐང་ཡོད་མ་རེད། གོང་ས་མཆོག་གིས་སྐུ་ཚེ་རིལ་པོར་བཀའ་ཆོས་གསུང་གི་ཡོད་རེད་དེ། དམིགས་གསལ་བཀའ་ཆོས་གནང་ཁར་ཁོང་ལ་རང་སྦྱོང་གི་དུས་ཚོད་དགོས་ཀྱི་ཡོད་ཡང་ཡང་གསུངས་པ་དོ་སྣང་ཅན་ཞིག་ཡིན་ན་ཤེས་ཚོད་དང་དྲན་ཚོད་ཡིན།
བོད་ཀྱི་སྲིད་སྐྱོང་པས། ད་ལོ་ལོ་གསར་མ་གཏོང། ང་ནང་བཞིན་དགུང་སེང་གཏོང་། ཟེར་བ་དང་མི་མཚུངས་སམ། གང་ལྟར་ཡང་། གུང་སེང་གི་ལོ་གསར་ལ། ལྕག་ས་འབྲུག་གནམ་ལོ་གསར་པར། བཀྲ་བདེ་ལེགས་ཡོད་ལགས།
མི་མང་སྐྱུས་མ་རྣམས་སོ་སོའི་འཚོ་གོས་དང་། བོད་ཆེད་དུ་ལས་འགུལ་སྤེལ་ཏེ་ལོ་ངོ་ཧྲིལ་པོར་དཀའ་ལས་བརྒྱབ་ནས་ལས་བྲེལ་གྱིས་གུང་སེང་གཏོང་ལོང་མིན་འདུག་ན་དཔལ་ལྡན་བཀའ་ཁྲི་མཆོག་བོད་སྤྱི་བའི་ཆེད་སྒེར་གྱི་གུང་སེང་ལོས་གཏོང་དགོས། དམིགས་ལྟའི་ཛ་དྲག་གི་དུས་སྐབས་འདིར།