ཤར་ཕྱོགས་ཁུག་རྟ།
དངོས་གནས་བཀའ་ཁྲིའི་བཀའ་མོལ་ལ་རྒྱུས་ཡོད་མཁན་ཞིག་ཡིན་ན། བཀའ་ལན་འདི་ལྟར་གནང་དུས་ཉོབ་འགྲོ་ཡི་རེད། ཁོང་གིས་བཅར་འདྲི་འདིར་སྔ་ཕྱི་མི་མཚུངས་པའི་བཀའ་མོལ་ག་ཚོད་གསུང་གི་མི་འདུག་གམ།
༡ ངས་སྔོན་ནས་བཤད་མྱོང། རང་སྲེག་འདི་མཚམས་ཞོག་ལབ་ན་ཡག་གི་རེད་ཅེས་དྲན་སྐུལ་བཏང་བ་ཡིན། ད་དུང་བཀའ་ཤག་ལ་རི་བོང་རྡོ་རྫིས་མ་བྱེད་རོགས་ཞེས། བཀའ་ཤག་གི་དེ་སྔའི་གསལ་བསྒྲགས་དག་གི་ཚིག་རེ་རེར་འཇུས་ནས་བཤད་ཡོད། ཚོད་བགམ་མ་བྱེད། མགོ་ལོག་རྩི་ཡི་རེད་ཅེས་སྔ་ཕྱིར་བསམ་ཚུལ་གཉིས་བྲིས་ཡོད། དེ་དུས་བཀའ་ཤག་གཅིག་པུ་མིན་པའི་ཚོད་བགམ་པ་རེ་བ་ཅན་མང་པོ་ཡོད་ཙང། ཁས་བླངས་མ་སོང། དེ་རིང་བཀའ་ཁྲིས་རང་སྲེག་མཚམས་འཇོག་རོགས་ཞེས་དང་པོ་ནས་བཤད་ཡོད་ཅེས། དབུ་ཁྲིད་ཀྱི་རྣམ་དཔྱོད་ལྡན་རབ་གསུངས་པ་འདི་གདོང་ལ་བལྟས་བལྟས་ཧམ་པ་བཤད་ཅེས་པ་དེ་རང་མ་རེད་དམ། དེ་ལ་རྒན་དཔལ་ལྡན་རྒྱལ་གྱིས་དེ་སྔའི་རབ་རིབ་དང་གསལ་ལ་མ་གསལ་བའི་རང་སྲེག་ཐད་ཀྱི་སྲིད་བྱུས་འཛིན་ཕྱོགས་དྲངས་ནས་དྲི་བ་བསྐྱར་མ་བཏང་མ་སོང། དྲི་བ་དང་འབྲེལ་བའི་གནས་ཚུལ་རྩད་ནས་ཕྱུངས་པའི་རིག་པ་དང་རྒྱབ་ལྗོངས་ཤེས་རྟོགས་དགོས་རྒྱུ་གལ་ཆེན་རེད། རྒན་ལགས་ཀྱིས་ད་ཐེངས་དེ་ལྟར་གནང་མ་སོང། གང་ལྟར་དེ་སྔ་ནས་རང་སྲེག་ཐད་ལངས་ཕྱོགས་གསལ་བོ་གང་ཡང་ཡོད་པ་མ་རེད། དེ་ཧམ་པ་བཤད་ས་འགྲོ་ཡི་མ་རེད། ཧམ་པ་བཤད་ཀྱང་ཡི་གེ་ནག་པོ་ཤོག་ཐོག་ཏུ་ལྷགས་བསྡད་ཡོད་པ་རེད། དེ་ལ་དབྱེ་ཞིབ་བྱེད་དགོས་ན་ངས་རེ་རེ་བཞིན་རྣམ་པ་ཚོའི་ཟས་སུ་བཤམས་ངེས། རྣམ་པ་ཚོས་ཀྱང་དོ་སྣང་གནོང་དང་ས་རིས་ཐང་གསལ་རེད་ལགས། མདོ་རྩ་བཀའ་ཤག་གིས་རང་སྲེག་མཚམས་ཞོག་གསུངས་ཡོད་ན་དེ་ཚེས་གཅིག་ཟླ་བ་ཉ་གང་ཡིན་ཟེར་བ་དང་གཅིག་པ་རེད། གང་ཡིན་ཟེར་ན་དང་པོ་ནས་དཀར་ཤ་ཙམ་ཡོད་ཟེར་གྱི་ཡོད་པ་རེད། ད་མཚམས་ཞོག་ལབ་ན་རང་གཞན་རོགས་གསུམ་གཤིན་པོ་དེ་དག་ལ་ངོ་མི་ནོངས་སམ།། གང་ལྟར་སྡོམ་རྒྱབ་ནས་ཞུས་ན་འཛམ་གླིང་ནང་བྱུང་མ་མྱོང་བའི་རང་སྲེག་འདི་འདྲ་བོད་དུ་བྱུང་སྐབས། བཀའ་ཁྲི་འདི་ལ་དེའི་གོ་སྐབས་ནུས་བ་ཚུར་ལེན་གྱི་དབུ་ཁྲིད་རིག་པའི་མཁས་མཛངས་གང་ཡང་མེད་པ་ཧ་ཅང་གསལ་བོ་ཆགས་བཞིན་ཡོད་སྟབས། ལོ་རྒྱུས་ཀྱིས་རྩིས་ཤིག་རྒྱག་དགོས་པའི་དབང་དུ་བཏང་ན། མིང་ཅི་ཞིག་ཐོགས་མེད་ཧ་ཅང་ཐེ་ཚོམ་གྱི་གནས་འབའ་ཞིག་གོ།
༢ ངས་བསམ་བློ་བཏང་ནས་དམ་འབུལ་སྐབས་བོད་ནང་གི་མངོན་འདོད་འདི་འདྲ་ཞིག་ཡིན་གྱི་རེད་བསམས་ནས་དེ་ལྟར་བཤད་པ་ཡིན། ད་བལྟས་དུས་དེ་དང་གཅིག་མཚུངས་ཡོང་གི་འདུག ངས་སྐུལ་མ་བྱས་པ་མིན་སྟེ་མངོན་འདོད་ངོས་འཛིན་གནང་སྟངས་འགྲིག་མདོག་མདོག་ཐེངས་སྔ་ཕྱི་གཉིས་ལ་གསུངས་པ་རེད། དེ་སྔ་ངས་ ༢༠༠༨ ལོར་བོད་ནང་ཞི་རྒོལ་གནང་སྐབས་༧སྐུ་མདུན་གྱི་པར་དང། ༧གོང་ས་གདན་ཞུ། རང་དབང་རྩོད་ལེན་ཞེས་སྐུ་པར་ཡི་གེ་ཁ་འཕྲོད་མ་གནམ་དུ་འཕྱར་ནས་ཞི་རྒོལ་བྱེད་བཞིན་པའི་སྐུ་པར་དངོས་སུ་དྲ་ངོས་འདིར་བཀའ་ཁྲིས་གསུངས་པ་དོན་དངོས་མིན་པ་དཔང་རྟགས་ཀྱི་ཚུལ་དུ་ལོ་རྒྱུས་ཀྱི་དོན་དངོས་བཀོད་པ་ཡིན། ཡིན་ནའང། ད་ཐེངས་ཀྱང་ཧམ་པ་བཤད་རྒྱུར་འཛེམ་དོགས་ཅི་གང་མི་འདུག སྔོན་མ་ལྟར་གསུངས་སོང། ད་བྱས་དུས། བཀའ་ཁྲི་མཆོག་ལ ༢༠༠༨ ལོར་བཀའ་ཁྲིར་བཞེངས་འདོད་ཀྱི་འཆར་གཞི་མེད་པ་གསལ་བོ་རེད། གང་ཡིན་ཞེ་ན། སྐབས་དེར་བཞེངས་འཆར་ཡོད་ན། ལོ་དེའི་ཞི་རྒོལ་ལ་སེམས་ནས་མིན་རུང་ཁ་ནས་དོ་སྣང་མི་གནང་རང་གནང་རེད། ཡིན་ནའང། དོ་སྣང་གནང་མེད་སྟབས། སྐབས་དེ་ནས་བོད་མི་ཚོས ༧གོང་ས་མཆོག་གདན་འདྲེན་ཞུ་རྒྱུ་དང་བོད་ཀྱི་རང་དབང་བསྐྱར་གསོའི་མངོན་འདོད་དར་ཆ་དམིགས་བསལ་གསལ་སྟོན་བྱས་པ་མཐོང་མི་འདུག་པ་དེས། རང་ཉིད་མངོན་འདོད་དེ་གཉིས་ཀྱི་ཤིང་རྟའི་སྲོལ་འབྱེད་ལྟ་བུའམ། ཡང་ན་ཁོང་གི་ངོས་འཛིན་གྱི་ཤུགས་རྐྱེན་བོད་ལ་ཐེབས་མདོག་མདོག་འདི་འདྲ་བཤད་དེ། མདོ་རྩ་ ༼ང ༽་ཟེར་བ་འདི་ཁ་གྲགས་ཚད་ལ་བེད་སྤྱོད་གཏོང་བ་འདིས། བོད་ཀྱི་མཁས་པ་དང་བཙན་པོ་ཚོར་ཞེ་དྲག་རྒྱུས་མངའ་ཡོད་པའི་ཤར་ཕྱོགས་ཁུག་རྟ་ང་མཚོན་ན་དངོས་གནས་སེམས་སྟེང་ནས་སྙིང་འདྲ་ཞིག་རྗེ་ཡི་འདུག གསལ་བོར་བཤད་ན། ང་ཐེ་བའི་བོད་མི་ཚོའི་འཚོ་གནས་མདུན་ལམ་སྙིང་རྗེ་ཡི་འདུག་ལགས། །
༣ སྤྱིར་བཏང་སྐད་ཆ་ཟེར་བ་འདི་བསྐོར་བ་རྒྱབ་ནས་བསྐྱར་ཟློས་རྐྱང་རྐྱང་བྱེད་དགོས་ཚེ། མཚམས་རེར་འཁྲུགས་འགྲོ་བ་འདི་ཆོས་ཉིད་རེད། གང་ཡིན་ཞེ་ན་བློ་འཛིན་སྐྱོར་གྱི་ཡོད་པ་རེད་པཱ། དེ་ཡིན་དུས། ཟམ་གདོང་རིན་པོ་ཆེ་ནང་བཞིན་སློབ་སྦྱོང་བྱེད་དགོས་ཀྱི་རེད། དེ་མ་གཏོགས་གཞི་བྱེ་བྲག་པ་གཅིག་གི་ཐད་གཏམ་བཤད་གནང་དུས་རྒྱབ་ལྗོངས་སྤྲོས་རྒྱུ་མེད་དུས། དབུ་ཁྲིད་དེ་ཚོན་གྱིས་བྱུགས་པའི་གངས་སེང་འདྲ་བོ་ཅིག་ཡོད་པ་རེད། ཡང་ངས་ཅིག་དྲན་སོང། ད་ལོའི་དུས་འཁོར་དབང་ཆེན་སྐབས། བཀའ་ཁྲི་འདིས་བོད་ནས་གསར་འབྱོར་ཚོར་སྣེ་ལེན་ཁང་དུ་བཀའ་སློབ་གནང་སྐབས། འདི་ལྟར “བཀའ་ཁྲི་སྔོན་མ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་དང་ངེད་གཉིས་ལ་གཟན་ཤམས་དང་སྐྱ་ཆས། མི་སྐྱ་དང་གྲྭ་བ། དགུང་ལོ་བགྲེས་པ་དང་ལོ་ཆུང་བའི་ཁྱད་པར་མ་གཏོགས། གཞན་ཁྱད་པར་གང་ཡང་ཡོད་པ་མ་རེད། གཅིག་པ་གཅིག་རྐྱང་རེད།” ཅེས་གསུངས་སོང། ང་དེ་དུས་གད་མོ་ཤོར་སོང། གསར་འབྱོར་ཚོས་ཐལ་མོ་བརྡབས་སོང་བས། སྐབས་དེའང་སེམས་སྐྱོ་མྱོང། སྐད་ཆ་དེ་ནག་བསུབ་གཏོང་ཐུབ་ཀི་མ་རེད་བསམས་ཡོད། ད་དངོས་གནས་དེ་རིང་བལྟས་དུས། སློབ་དཔོན་ཟམ་གདོང་རིན་པོ་ཆེ་དང་ཁྱད་པར་འདུག་གམ། ང་དྲི་བ་འདི་སེམས་ངོར་ལེན་རྒྱུར་གད་མོ་ཐཱག་ཐཱག་ཤོར་གྱི་འདུག ཨ་མྱེ་རྨ་ཆེན་མཁྱེན། ད་ཁྱད་པར་འདུག་གམ། ཨོ་དེ་འདྲ་རེད། བྱས་ཙང། དེ་ཚོ་མི་མང་གིས་མ་ཤེས་ན་རྩ་བ་ནས་འགྲིག་གི་ཡོད་པ་མ་རེད། སྐུ་ཞབས་བཀའ་ཁྲི་འགན་མེད་མཁན་ཞིག་ཡིན་ན། ཨ་རི་ནས་ང་ཕྱི་སྡོད་རྒྱ་མི་ཡིན་ལབ་ཀྱང་ཁྱད་པར་ཅི་གང་ཡོད་པ་མ་རེད། ད་ཅིག་མིན་རུང་ཡིན་པའི་ལས་ཀ་བྱེད་དགོས་ཀྱི་ཡོད་ཙང། ང་ཚོས་ག་དུས་ཡིན་ན་བཀའ་ཁྲིའི་བཀའ་མོལ་ཚིག་རེ་རེར་ཞུ་དག་དང་ཁ་གསབ་བྱས་ནས་ཁོང་ཉིད་སྨྲ་དབང་ཞིག་ཏུ་བསྒྱུར་ཨེ་ཐུབ་ལྟ་དགོས་པ་རེད། །།། བོད་རྒྱལ་ལོ། རང་སྲིད་རང་སྐྱོང་རྒྱལ་ལོ།།
སྐབས་ཐོག་སྐབས་ཐོག་གི་གནད་འགག་རྣམས་ཅུང་གཞུང་ལུགས་དང་སྦྲགས་ནས་བྲིས་ན་འོས་མོད། ལས་བྲེལ་གྱིས་ས་ཕྱི་རྒྱལ་དུ་སོང་བ་དང་འདྲ་སྟབས། ད་ཐེངས་ཤར་མར་སྐད་ཆ་རང་གི་འགྲོས་ཀྱིས་བསམ་ཚུལ་མི་བརྗོད་ཐབས་མེད་ཆགས་སོང་བས་ཀློག་པ་པོ་རྣམས་ལ་དགོངས་འགལ་མེད་པ་ཞུ། ཞིབ་ཏུ་ཤེས་འདོད་པ་ཚོས་གཤམ་དུ་ཕྲན་གྱིས་བྲིས་པའི་རང་སྲེག་དང་འབྲེལ་བའི་རྩོམ་ཡིག་རྣམས་ཀློག་རོགས། རང་སྲེག་གི་གནས་བབ་གང་དུ་འགྱུར་མིན། དེའི་ཚབ་ག་རེ་གནང་དགོས་མིན། བཙན་བྱོལ་ནང་ག་རེ་བྱེད་དགོས་མིན་སོགས་བསམ་ཚུལ་བྲིས་ཡོད། དཔེར་ན། བཀའ་ཁྲིས་གྲོས་མགོ་བཏོན་པའི་དམིགས་བསལ་ཚོགས་ཆེན་ཡང། ངས་ཕྱི་ཟླ ༡ པོ་ནས་ཚོགས་ཆེན་ཞིག་སྐོང་དགོས་ཚུལ་གྱི་བསམ་ཚུལ་བཏོན་པ་རྩོམ་ཡིག་ཨང་ ༥ པར་གསལ་བ་ལྟ་བུ་ཡིན་ནོ།། ད་དུང་ཕྱི་སྡོད་རྒྱ་རིགས་གང་མང་མང་ཞིག་དང་མཉམ་དུའང་ཚོགས་འདུ་ཞིག་བསྡུ་དགོས་ཚུལ་སོགས་མང་ངོ།།
1 བོད་ནང་ལ་ང་ཚོས་གང་འཇོན་གསལ་བོར་བཤད་ན་ཡག་གི་རེད། https://www.khabdha.org/?p=24689#more-24689
2 མེར་སྲེག་ལས་འགུལ་ཐད་རི་བོང་རྡོ་རྫིས་ཀྱི་སྲིད་བྱུས་མ་འཛིན། https://www.khabdha.org/?p=24629#more-24629
3 མེར་སྲེག་གཏོང་མཚམས་འཇོག་རོགས། https://www.khabdha.org/?p=24482#more-24482
4 བཀའ་ཤག་གིས་བཀའ་སློབ་དེ་དྲངས་པ་མ་གཏོགས་བརྩི་ཡི་མི་འདུག http://www.tibettimes.net/news.php?cat=5&&id=5472
5 རྒྱ་ནག་གི་རྩ་ཁྲིམས་ནག་འདེད་བྱ་རྒྱུ་ནི་ཐབས་མཆོག་རེད། http://www.tibettimes.net/news.php?cat=5&&id=5554
དོན་གང་ཡང་མཐོང་མ་སོང་་་རྩོམ་ཉོག་དེར
ཁྱོད་ཀྱི་མ་ཉོག་པ་དེ་ཡང་གཅིག་འགོད་རོགས།
ཁ་བརྡ་ཟེར་བའི་དྲ་ཐོག་འདིར་རང་གིས་བྱས་རྗེས་ཇི་ཙམ་བཞག་ཡོད་མེད་མི་ཤེས་ཀྱང་། བོད་གཞུང་ལ་
ཁ་གཏོང་མཁན་གང་འདུག བཀའ་བློན་ཡིན་ན་མཐའ་ན་སྐྱག་གཅིན་གཏོང་སྟངས་ཚུན་ཆད་འདྲ་དགོས་
ཟེར་བ་ནི་ཧམ་བཤད་རང་མ་རེད་པས། ངས་བལྟས་ན་ཟམ་གདོང་རིན་པོ་ཆེ་ལྟ་བུ་བོད་སྐད་ཐོག་ནས་བཤད་
མཁས་པ་མ་ཡིན་ཡང་སྐྱོན་དེ་ཅམ་ཨེ་ཡོད། ང་ཚོས་ཁོང་བོད་ཀྱི་རིག་གནས་ཐོག་ནས་མཁས་དབང་རེད་ལབ་
ནས་བཀའ་ཁྲི་ལ་བསྐོས་པ་ཡིན་རྒྱུ་མ་རེད་པ། ཁོང་ཨིན་ཡིག་དང་ལྷག་པར་དུ་རྒྱལ་སྤྱིའི་ཁྲིམས་ལུགས་ལ་མཁས་
དབང་རེད་ལབ་ནས་བསྐོས་པ་རེད་པ། དོན་གཙོ་བོ་ཕྱག་ལས་གནང་སྟངས་ཐད་ལ་འཇོན་པོ་རེད་འདུག་
རེད་མི་འདུག་བལྟ་དགོས་པ་རེད། ང་རང་གིས་འོས་ཤོག་ཀྱང་ཁོང་ལ་འཕངས་པ་ཡིན་ལ། ད་ལྟ་ནང་བཞིན་
མུ་མཐུད་ནས་གནང་ན་འགྲིག་ཤག་བསམ་གྱིན་འདུག ཁོང་གིས་ཐོག་མ་ཉིད་ནས་རང་ལུས་མེ་སྲེག་ཐད་ཇི་
ཞིག་གསུངས་ཡོད་མེད་མི་ཤེས་ཀྱང་། བར་སྐབས་ཤིག་ལ་བཀའ་ཤག་ནས་རང་ལུས་མེ་སྲེག་མཚམས་འཇོག་
གནང་རོགས་ཞེས་འབོད་སྐུལ་གནང་བ་a་རི་ཨེ་ཤེ་ཡ་རླུང་འཔྲིན་ཁང་ཡིན་ནམ་སྙམ་པ་ཞིག་ནས་གོ་ཐོས་བྱུང་
བ་དྲན་གྱིན་འདུག་པས། གལ་ཏེ་དུས་ཚེས་སོགས་མཁྱེན་མཁན་ཡོད་ན་འགོད་པར་འོས། གང་ལྟར་ཡང་ང་
ཚོས་འབོད་སྐུལ་ཞུས་རུང་མ་ཞུས་རུང་། བོད་ནང་གི་སྐུ་ལུས་མེ་ལ་སྒྲོན་མཚམས་ཆད་དང་མ་ཆད་དེ་རྒྱ་དམར་
ཀླ་ཀློའི་བྱེད་སྤྱོད་ལ་རག་ལས་པ་ཁོ་ན་ཡིན་པས། ཨ་ཕའི་བུ་ལ་འཇོན་ཐང་ཡོད་ན་རྒྱ་དམར་གཞུང་ལ་འབོད་
སྐུལ་བྱས་ནས་མཚམས་ཆོད་པ་ཞིག་དགོས་པ་རེད། བོད་གཞུང་འདི་ཕ་གསོད་ཀྱི་ལག་དམཏ་འདྲ་བོ་ཞིག་ལ་
འཛིན་རོགས། སྐུ་མཁྱེན། ཐུགས་མཁྱེན།
བཀའ་ཁྲི་བློ་བཟང་སེང་གེ་མཆོག་གིས་མ་དྲན་པ་ཞིག་ཁུག་རྟས་དྲན་ཆོག་གི་རེད། ཡིན་ནའང་། འདི་ངོམ་བཤད་བྱེད་ས་ནོར་འདུག འགྲན་འཛུགས་ས་ནོར་འདུག སྙིང་རྗེ་རྒྱུ་འདི་ན་འདུག
བཀའ་ཁྲི་མཆོག་གིས་ཕྱག་ལས་གནང་སྟངས་ལ་རྒན་གཞོན་ཚང་མ་དགའ་ཞིང་མགུ་བཞིན་པའི་སྐབས་རེད། དེ་ཆུ་བོ་ཐུར་འབབ་རེད། འགོག་ཐབས་གང་གིས་ཀྱང་ཁོག་གི་མ་རེད། འདི་གནས་ལུགས་ཀྱི་ངོས་འཛིན་ཆགས་ཚར་བ་རེད།
མེར་སྲེག་མཚམས་འཇོག་གི་རེ་སྐུལ་ཞུ་ཡིག་འབུལ་མཁན་ཐོག་མ་ཁྱོད་ཡིན་པ་བཟང་འདུག། རྒྱལ་ཡོངས་ཚོགས་ཆེན་འཚོགས་དགོས་པའི་བསམ་ཚུལ་སྤེལ་མཁན་ཐོག་མ་ཁྱོད་ཡིན་པ་བཟང་འདུག གཞུང་མང་ལ་ལམ་སྟོན་བསམ་ཚུལ་སྤེལ་མྱོང་ཟེར་བ་བཟང་འདུག ཡིན་ནའང་། དེ་ཚོ་བྱེའུ་ཆུང་གི་གཤོག་འགྱུར་ལྟ་བུར་བརྟེན། དེར་སུ་གང་གིས་ཆ་འཇོག་བྱས་པ་ཞིག་མཐོང་ཐོས་མ་བྱུང་བ་དེར་སྡུག་གཏམ་བཤད་ཀྱི་ཡོད་ན། རང་སྡུག་རང་ཉོས་རེད་པས། ད་ཅི་བྱ།
བོད་རྒྱ་ཆེའི་མི་མང་གིས་བཀའ་ཁྲིའི་གསུང་ལ་བརྩི་བ་ལས་ཁུག་རྟའི་སྐད་ཅོར་བརྩི་གི་མ་རེད། བོད་རྒྱ་ཆེའི་མི་མང་གིས་བཀའ་ཁྲི་བློ་སེང་མཆོག་གངས་ཀྱི་སེང་གེར་ངོས་འཛིན་བྱེད་ཀྱི་རེད། བོད་ནང་གི་མཁས་པ་དང་ཤེས་ཡོན་པ། གཞས་པ་མང་པོས་བཀའ་ཁྲི་ལ་བོད་ཀྱི་བཙན་པོའི་ངོས་འཛིན་བྱེད་ཀྱིན་ཡོད་པ་རེད།
བཀའ་ཁྲིའི་ད་རེས་ཀྱི་བཅར་འདྲིའི་དྲི་བ་ཞིག་གི་ལན་ལ། རྒྱ་མིས་ང་ལ་མིང་ཆད་བཟོ་བ་སོགས་བྱེད་ཀྱི་ཡོད་པ་རེད། དེ་ཁོ་རང་ཚོའི་ཆབ་སྲིད་རེད། ག་རེ་བཤད་ནའང་ཁྱད་པར་མི་འདུག ངའི་སེམས་ཤུགས་དང་། དམ་བཅའ། འབད་བརྩོན་ལ་འགྱུར་བ་གང་ཡང་མེད། ཅེས་གསུངས་སོང་། དེ་རྩ་ཆེན་པོ་རེད། ཤར་ཕྱོགས་ཁུག་རྟས་ཟུག་སྐད་དང་ལྷན་དུ་རྐང་འཁྲབ་ལག་རྡེབ་ག་ཚད་བྱས་ཀྱང་། བཀའ་ཁྲིའི་བ་སྤུ་ཙམ་ཡང་སྒུལ་ཐུབ་ཀྱི་མ་རེད། ལག་པ་ན་རོགས་ཡིན་འགྲོ། སྙིང་རྗེ་ཨ།
ཤར་ཕྱོགས་ཁུག་རྟའི་ཁ་བདེ་ས་རེད། མཁྲིས་པ་ཅན་ལ་གནམ་ས་སེར་པོ་ཡིན་སྟབས། བློ་སེང་གི་ཕྱོགས་བྱེད་དགོས་ན་ཁུག་རྟར་ཁ་རྡུང་གཏོང་དགོས་རེད་བསམས་མཁན་ཚོ་དངོས་གནས་སྙིང་རྗེ་ཡུལ་རེད།
ཁུག་རྟའི་སྐད་ཆ་འདི་བལྟས་ན། བཀའ་ཁྲིའི་བ་སྤུ་ཨེ་སྒུལ་ལྟ་མཁན་ཞིག་མིན་པ་ཤེས་ཐུབ་ཀི ལར་ནས་ང་ཚོས་བཀའ་ཁྲི་ཁུག་རྟ་དང་སྒེར་ནད་ཅེས་སྨྲས་ན་མི་འགྲིག་གི། སྒེར་ནད་ཅེས་པ་འདི་འདྲ་མཉམ་ཞིག་གི་བར་ནས་ཡོང་བ་ལས། བཀའ་ཁྲི་ཞིག་དང་རྩོམ་པ་པོ་ཞིག་གི་བར་དུ་ཡོང་ས་མི་འགྲོ་གི ཡང་གཅིག་བཤད་ན། ཨ་རིར་བཞུགས་མཁན་ཞིག་དང་རྒྱ་གར་མི་གཡུག་མཁན་ཞིག་གི་བར་ལ་དེ་བས་ཀྱང་འཚོ་བའི་ཆ་ནས་སྒེར་ནད་ཡོང་ས་མེད་པ་གསལ་བོ་རེད། དེ་བས། ང་ཚོས་བསྟོད་སྨད་གཉིས་ཀ་མཉམ་དུ་བྱས་ན་ཡག་པོ་འདུག
གང་ཡིན་ཞེ་ན་མཁས་དབང་དགེ་ཆོས་ཀྱིས།
སྐྱེ་མ་ཐག་ནས་རྒས་ཤིང་འཁོགས་པའི་བར།།
སེམས་ཀྱི་ཁྱེར་སོ་ཅི་ཙམ་བརྗེ་གྱུར་བ།།
རང་གི་མྱོང་བའི་དཔྱད་ན་ལེགས་གྲུབ་པའི།།
ད་ལྟའི་འཆར་སྒོ་འདི་ལ་ཡིད་རྟོན་ཅི།། ཞེས་གསུངས་མེད་དམ།
དེས་ན། ཉིན་རེར་བཞིན་ཞུ་དག་གཏོང་རྒྱུ་གལ་ཆེན་རེད། ད་ང་ཚོའི་ཆབ་སྲིད་ཀྱི་དབུ་ཁྲིད་སྤྱན་རས་གཟིགས་ཀྱི་རྣམ་སྤྲུལ་མ་རེད་གདའ།།
ང་བཀའ་ཁྲི་མཆོག་ལ་རྒྱབ་སྐྱོར་ཡོད་མཁན་ཞིག་ཡིན། ཁོང་གིས་དཀའ་ལས་རྒྱག་ས་རེད་འདོད། དེས་ཆ་ནས་ང་ཁོང་དང་ཐག་ཇེ་ཉེ་འགྲོ་ཡི་འདུག ཡིན་ནའང། ཁོང་ལ་སྐྱོན་ལྷག་གི་མ་རེད་བསམ་གི་མེད། དེར་སོ་སོ་ཡིན་ནའང་བསམ་འཆར་འབུལ་འདོད་ཡོད།
ཤར་ཁུག་ལ་མཚོན་དྲ་ངོས་འདིར་ངོ་ཤེས་པ་ཡིན། སྔོན་མར་ཁོང་གིས་ངས་བཀའ་ཁྲིར་གཞི་མེད་སྐྱོན་མདོག་བྱས་ན་ང་རང་ཉིད་བྱབ་ཆུང་ཆགས་ཀྱི་མ་རེད་དམ། ང་རང་ཉིད་ལ་མི་ཚའམ་ཞེས་བྲིས་པ་ཞིག་ངའི་ཡིད་དུ་ད་དུང་འདུག སྐད་ཆ་དེ་དག་གི་རྐྱེན་པས་ང་ཁོང་ལའང་དགའ།
དེས་ན། ངས་བློ་གཟུ་བོར་གནས་ཏེ་བཀའ་ཁྲི་མཆོག་དང་ཤར་ཁུག་ལ་ལྟ་ཐུབ་ཀྱི་ཡོད།།
ཤར་ཁུག་ཟེར་བ་འདི་ཁོ་རང་མ་འཇོན་འུ་ཐུག་དུས་མི་གཞན་ལ་ལབ་གི་ཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧ།
འདིར་བཇོད་འདོད་ཞིག་ནི། བཀའ་ཁྲི་འཆོག་ནི་འབུམ་རིམ་པའི་མིང་རྟགས་དང་མཁས་དབང་གི་མཚན་སྙན་གྱིས་བཙན་བྱོལ་བོད་མི་ཡོང་གྱི་དབུ་ཁྲིད་དུ་མང་མོས་ལམ་ནས་འོས་ཐོབ་ཏེ། ༧གོང་ས་རྒྱལ་བའི་དབང་བོའི་རྒྱལ་ཚབ་དུ་དབང་སྐུར་ཅིང། ཆབ་སྲིད་ཀྱིས་བདག་པོར་ལང་ནས་ལོ་གཅིག་ལས་མ་ལོན་ན་ཡང་མཛད་རྗེས་མང་པོ་བཞག་ཡོད། ཁྱེད་ཀྱིས་དེ་འདྲ་སྨྲ་བ་ནི་བདག་ལ་བློ་ཕམ་ཡོད། ཕྱིར་མི་གཞན་དང་ཁྱད་པར་དུ་གཞུང་གི་མི་སྣ་དག་ལ་ཞིབ་འཇུག་བྱེད་དགོས་མོད། འོན་ཀྱང་གཙོ་བོ་ལས་ཀ་བྱེད་ཕྱོགས་ལ་ཞིབ་འཇུག་བྱེད་དགོས་གྱི། ཚིག་ཐོས་མ་ཐེག་བྱས་པ་ཀླད་མེད་ནང་བཞིན་བྱེད་ན་སྨྱོན་པ་མིན་ན་སུ་ཡིན། ཚིག་འགལ་བ་ཙམ་གྱི་རྐྱག་རྫུན་དུ་འཇོག་དགོས་ན་རྫོགས་པའི་སངས་རྒྱས་ཀྱང་ཁྱེད་རང་འདོད་པ་ལྟར་རྐྱག་རྫུན་དུ་ཐལ་ཏེ། ཉན་ཐོས་སྡེ་བ་ལ་བུམ་པ་བདེན་པར་གྲུབ་པར་་གསུངས་ལ་དབུ་མ་བ་ལ་བུམ་པ་བདེན་པར་མེད་པར་གསུངས་བས་སོ། ཡང་ན་ཁྱེད་རང་གིས་བཀའ་ཁྲི་མཆོག་གི་ཚིག་ཐོས་པ་ཙམ་གྱིའི་ནང་གི་བསམ་བློ་རྟོགས་ན་ཁྱེད་རང་དང་བཀའ་ཁྲི་གཉིས་བློ་ཁ་མཉམ་པ་འམ། ཡང་ན་བཀའ་ཁྲི་ལས་ཁྱེད་རང་ལྷག་པར་ཐལ་བ་འོ། དགྲ་དམར་ཕོག་ཟིན་དང་དོལ་ཚོགས་སོགས་དང་ཁ་ལག་མི་གཙང་བའི་སྤྱོད་ངན་རྣམས་ལ་ཚིག་གཅིག་ཀྱང་མི་བཤད་པར་བཀའ་ཁྲི་བློ་བཟང་སེང་གེ་མཆོག་ལ་འཛེམ་མེད་གྱི་ཚིག་ངན་དེ་འདྲ་སྨྲ་ནུས་པ་ནི་ཡ་མཚན། ཕྱིར་རང་ཉིད་ཀྱི་སྣང་ཚུལ་གང་ཡིན་པ་དེ་བཤད་ན་དེའི་ཆོག་པས། ཚིག་ངན་པ་བེད་སྤྱད་བྱེད་་མི་དགོས་མོད། རང་གི་མི་མཐུན་པ་ཅུང་ཙམ་མཐོང་ནས་འཛེམ་མེད་གྱིས་ཚིག་ངན་སྨྲ་བ་འདི་ནི་མཐོ་དམན་དང་གུས་བཀུར་མེད་པར་མི་ཐ་ཤལ་གྱི་ནང་རྟགས་ཕྱིར་བསྟན་པ་ཡིན་པར་ཤེས་དགོས། ཟམ་མདོང་རིན་པོ་ཆེ་དང་བློ་སེང་གཉིས་གོན་པའི་ཆ་ནས་གཟན་ཤམ་དང་སྐྱ་ཆས་ངོ་བོའི་ཆ་ནས་གྲ་བ་དང་མི་སྐྱ་ལོཚོད་གྱི་ཆ་ནས་འགྲེས་གཞོན་གྱི་ཁྱད་པར་མ་གཏོགས། གོ་གནས་དང་ལས་རིགས་གཅིག་པར་གསུངས་མོད་དེ་དུས་ཁྱོད་གྱི་ཅི་ཞིག་དྲན་ནས་བགད་མོ་ཤོར། ཞིབ་དུ་བསམ་ན་ཁྱེད་རང་གི་ཚིག་དེ་ཚོ་ཡ་མཚན་དགོས་པ་ཞིག་གོ། བཙན་བྱོལ་ཁྲོད་ན་སྔར་ཡང་དེ་ལྟར་མང་པོ་ཐོས་པས་ཕྱིན་ཆད་དེ་འདྲ་མི་གསུངས་བའི་རེ་འབོད་ཞུ།
ངས་དུས་རྒྱུན་བཀའ་ཁྲིའི་ཕྱི་རྒྱལ་གསར་ཁང་ཆེ་ཁག་དག་གིས་བཅར་འདྲི་བྱེད་སྐབས་དུས་རྒྱུན་ཉན་གི་ཡོད། ད་ཐེངས་བོད་སྐད་ཐོག་གསུངས་དང་ཁྱད་པ་ཅི་ཡང་མི་འདུག བོད་ནང་རང་ལུས་མཆོད་འབུལ་དང་རྒྱ་གཞུང་ལ་ངོ་རྒོལ་བྱོས་ཞེས་སྐུལ་མ་བཏང་མི་ཕོད་དེ། འཇུག་འབྲས་ཚབ་ཆེན་ཡིན་པ་ཤེས་བས་ཡིན། འོན་ཀྱང་། གཞི་ལུས་སྤུན་ཟླ་ཚོས་གནང་ཚོས་གནང་བའི་ལས་འགུལ་ལ་དུས་ཀུན་རྒྱབ་སྐྱོར་ཡོད་ཚུལ་གསུངས་ཞིང་ད་ལྟའང་དེ་བཞིན་རེད། མ་ཟད་ངོ་རྒོལ་གྱི་འབྱུང་རྩ་རྒྱ་ནག་གི་ཡང་མ་དག་པའི་སྲིད་བྱུས་ཡིན་པས་སྲིད་བྱུས་ལེགས་བཅོས་མ་བྱས་བར་དུ་ངོ་རྒོལ་མཚམས་མི་ཆད་པ་གསུངས་ཡོད། དེ་བདེན་པ་རེད་དེ། སྲིད་བྱུས་ལེགས་བཅོས་མ་བཏང་གོང་ངོ་རྒོལ་མཚམས་ཆད་ན་བོད་པ་ཕམ་སོང་པ་མ་རེད་དམ།
ཁུག་རྟས་ཡི་རྡོ་ཅི་བཞིན་རང་སྲེགས་ཀྱི་མ་གུས་བའི་ཐ་སྙད་བེད་སྤྱོད་བཏང་པ་ནི་གུང་ཁྲན་དང་གཉིས་སུ་མེད་པ་འདོད། དེ་སྔོན་༼བཀའ་ཁྲི་ལ་རྒྱ་ནག་གི་གྲོགས་པོ་མང་པས་བོད་རྒྱ་ཞི་མོལ་ལ་རེ་བ ཡོད་ཚུལ་བཤད་སོགས༽ བཤད་པ་ནི་དོན་གྱིས་ཆབ་སྲིད་ཀྱི་འགྲོ་ཕྱོས་ཙམ་ཡང་མ་རྟོགས་པའི་སྐྱོན་རེད། བཀའ་ཁྲིའི་མཛའ་གྲོགས་མང་ཤོས་ནི་མང་གཙོ་དོན་གཉེར་བ་ཡིན་པས་མང་གཙོ་དོན་གཉེར་པ་ཚོ་བོད་རྒྱ་ཞི་མོལ་ལ་བྱེད་པའི་ནུས་བ་ཡོད་པ་ལྟ་ཅི། ཐ་ན་རང་ཡུལ་དུ་ཕྱི་ལོག་རྒྱུའང་དཀའ་ཚགས་ཆེ་བའི་རེད། ལྷག་པར་དུ་ཆབ་སྲིད་ཀྱི་འབྲེལ་བ་ནི་ཁེ་ཕན་གཙོ་བཟུང་གིས་ཐག་གཅོད་པ་ལས་གྲོགས་པོའམ་གཉེན་ཉེ་ཡི་མཛའ་མཐུན་གྱིས་ཐག་ལ་གཅོད་ཐུབ། དེ་ནི་ཤོག་རྩེད་བྱེད་སྐབས་སུ་རྩེད་མོའི་ཁེ་ཕན་ལ་བལྟས་ནས་ཐག་གཅོད་བྱེད་པ་ལས་མཛའ་གྲོགས་ལ་བལྟས་ནས་རྒྱལ་ཁ་མི་སྤྲད་པ་བཞིན་ནོ།
བཤད་ནོར་འདྲ་ཡོད་ན་དགོངས་དག ངས་ལྟས་ན་ཁུག་རྟ་ཉིད་ཀྱིས་བཀའ་ཁྲི་ལ་སྐྱོན་བརྗོད་བྱེད་ཚེ་གནད་ལ་འཁེལ་ཞིང་བདེན་དཔང་ཁ་གསལ་ཡོད་ཤིན་ཏུ་ནས་ཡོད་གལ་ཆེ། དེ་མིན་ག་ཚོད་བྲིས་ཀྱང་དེ་ཚོད་ཀྱིས་རང་ཚང་སྟོན་བྱེད་ལས་མེད་པ་འདོད། ཁ་འདི་ལེགས་ཚོགས་ཀུན་གྱི་གཞི་ཡིན་ཡང་།། ཉེས་བྱས་ཀུན་གྱི་གཞི་ལ་དེ་ལྟར་འགྱུར།། དེ་ཕྱིར་རྣམ་དཔྱོད་རིག་པའི་རྩ་བཏོན་ཏེ།། ཡང་དག་བདེན་པ་མེད་ན་གསུངས་མ་འབྱོན།། དེ་ནི་ངའི་བསམ་ཚུལ་ཡིན།
ཧཧ་
༼རྒྱ་ནག་གི་རྩ་ཁྲིམས་ནག་འདེད་བྱ་རྒྱུ་ནི་ཐབས་མཆོག་རེད། ༽ རྒྱ་ནག་ལ་ཁྲིམས་མེད་པས་ནག་འདེད་བྱེད་ག་ལ་ཐུབ། ཁྲིམས་དཔང་ཚོས་གང་འདོད་དུ་ཁྲིམས་བཟོས་ཤིང་རང་ཉིད་ཁྲིམས་དང་འགལ་ཚེ་ཁྲིམས་ལ་བཅོས་སྒྱུར་བཏང་ངེས་རེད། རྒྱུ་མཚན་ནི་ཁོང་ཚོ་ནི་ཁྲིམས་བདག་ཡིན་པས་རེད། ཕྱོགས་གཞན་ཞིག་ནས་རྒྱ་ནག་གི་ཁྲིམས་ལུགས་དེ་མི་མང་བཅིང་བྱེད་ཅིག་ཡིན་པ་ལས་རང་ཉིད་ཁྲིམས་དང་འགལ་ཚེ་ཁྲིམས་ལ་བཅོས་སྒྱུར་བཏང་བའམ་ཁྲིམས་ལུགས་ནུས་མེད་བཏང་ངེས་རེད། ཁྲིམས་རྩོད་པ་ག་ཚོད་གླས་ཀྱང་བཀག་འགོག་བྱེད་བཞིན་ཡོད་པ་ནི་བོད་དང་རྒྱ་ནག་གི་རང་དབང་དོན་གཉེར་ཅན་ཚོའི་ལོ་རྒྱུས་ལ་ལྟོས་ན་གསལ་པོ་ཤེས་ཐུབ།
ཡང་རྒྱ་དམར་གྱི་རྒྱུགས་ཁྱི་ངོ་མ་ཤར་ཁུག་གནས་འདིར་ཐོན་འདུག་པ་མ་ཟད་ད་ནི་ཁ་བརྡ་ཚང་དང་ངོ་བོ་དབྱེར་མེད་ཆགས་ཚར་འདུག། དྲ་གྲོགས་བསམ་ཤེས་ཚོ་ང་ཚོ་བུད་འགྲོ་གནས་འདི་ང་ཚོའི་ཁྱིམ་གཞིས་མ་རེད་ལ་ང་ཚོའི་མཛའ་གྲོགས་ཀྱང་རེད་མི་འདུག ང་ཚོ་དུས་བབ་དང་བང་ཆེན་ཤམ་བྷ་ལ་སོགས་དྲ་ཚིགས་གཞན་དུ་ཁ་བརྡ་བྱེད། དོལ་རྒྱལ་ཚོགས་པ་དང་ཆོས་དང་ཟོང་ཟིང་གིས་འབྲེལ་བ་བྱེད་མི་ཆོག་ན་ཤར་ཁུག་དང་ཁ་བརྡ་ལྟ་བུའི་རྒྱ་དམར་གྱི་རྒྱུགས་ཁྱི་ཚོ་ལ་དེ་ལས་ཀྱང་འབྲེལ་ལམ་བཅད་ལོས་དགོས།
བོད་བསྟན་པ་ཆབས་སྲིད་ཆེད་དུ་ཚེ་སྲོག་གི་མཆོད་མེ་བསྒྲོན་པའི་ཨ་མདོ་རྔ་པའི་དཔའ་བོ་ཚོའི་མིང་བྱང་གསེར་གྱི་གླེགས་བུ་བཟོས་ཏེ་བོད་ཁྱིམ་རེ་རེའི་མཆོད་ཁང་བཤམས་ཏེ་ལོ་རྒྱུས་ཀྱི་རྗེས་དྲན་དང་སྙིང་སྟོབས་ལ་གུས་འདུད་བྱེད་ཆོག་མོད་དཔའ་བོ་ཚོའི་ཚེ་སྲོག་གི་རིན་ཐང་ཞེན་ཁོག་དང་ཕྱོགས་རིས་ཀྱི་ཆེད་དུ་བེད་སྤྱོད་གཏོང་ནས་དཔའ་བོ་དེ་དག་གི་ཞལ་ཆེམས་དང་འགལ་བའི་མཐུན་སྒྲིལ་ལ་གཏོར་གཤིག་བྱེད་མཁན་ཤར་ཁུག་དང་ཁ་བརྡ་ལྟ་བུའི་གང་ཟག་དང་གང་ཟག་གི་བྱ་སྤྱོད་དག་དོང་རིམ་པ་དགུའི་འོག་ཏུ་སྦས་དགོས།
ནོར་བཅོས།
ངས་དུས་རྒྱུན་བཀའ་ཁྲིའི་ཕྱི་རྒྱལ་གསར་ཁང་ཆེ་ཁག་དག་གིས་བཅར་འདྲི་བྱེད་སྐབས་དུས་རྒྱུན་ཉན་གི་ཡོད། ད་ཐེངས་བོད་སྐད་ཐོག་གསུངས་དང་ཁྱད་པ་ཅི་ཡང་མི་འདུག བོད་ནང་རང་ལུས་མཆོད་འབུལ་དང་རྒྱ་གཞུང་ལ་ངོ་རྒོལ་བྱོས་ཞེས་སྐུལ་མ་བཏང་མི་ཕོད་དེ། འཇུག་འབྲས་ཚབ་ཆེན་ཡིན་པ་ཤེས་བས་ཡིན། འོན་ཀྱང་། གཞི་ལུས་སྤུན་ཟླ་ཚོས་གནང་ཚོས་གནང་བའི་ལས་འགུལ་ལ་དུས་ཀུན་རྒྱབ་སྐྱོར་ཡོད་ཚུལ་གསུངས་ཞིང་ད་ལྟའང་དེ་བཞིན་རེད། མ་ཟད་ངོ་རྒོལ་གྱི་འབྱུང་རྩ་རྒྱ་ནག་གི་ཡང་མ་དག་པའི་སྲིད་བྱུས་ཡིན་པས་སྲིད་བྱུས་ལེགས་བཅོས་མ་བྱས་བར་དུ་ངོ་རྒོལ་མཚམས་མི་ཆད་པ་གསུངས་ཡོད། དེ་བདེན་པ་རེད་དེ། སྲིད་བྱུས་ལེགས་བཅོས་མ་བཏང་གོང་ངོ་རྒོལ་མཚམས་ཆད་ན་བོད་པ་ཕམ་སོང་པ་མ་རེད་དམ།
ཁུག་རྟས་ཡི་རྡོ་ཅི་བཞིན་རང་སྲེགས་ཀྱི་མ་གུས་བའི་ཐ་སྙད་བེད་སྤྱོད་བཏང་པ་ནི་གུང་ཁྲན་དང་གཉིས་སུ་མེད་པ་འདོད། དེ་སྔོན་༼བཀའ་ཁྲི་ལ་རྒྱ་ནག་གི་གྲོགས་པོ་མང་པས་བོད་རྒྱ་ཞི་མོལ་ལ་རེ་བ་ཡོད་ཚུལ་སོགས༽ བཤད་པ་ནི་དོན་གྱིས་ཆབ་སྲིད་ཀྱི་འགྲོ་ཕྱོས་ཙམ་ཡང་མ་རྟོགས་པའི་སྐྱོན་རེད། བཀའ་ཁྲིའི་མཛའ་གྲོགས་མང་ཤོས་ནི་མང་གཙོ་དོན་གཉེར་བ་ཡིན་པས་མང་གཙོ་དོན་གཉེར་པ་ཚོ་བོད་རྒྱ་ཞི་མོལ་ལ་བྱེད་པའི་ནུས་བ་ཡོད་པ་ལྟ་ཅི། ཐ་ན་རང་ཡུལ་དུ་ཕྱི་ལོག་རྒྱུའང་དཀའ་ཚགས་ཆེ་བའི་རེད། ལྷག་པར་དུ་ཆབ་སྲིད་ཀྱི་འབྲེལ་བ་ནི་ཁེ་ཕན་གཙོ་བཟུང་གིས་ཐག་གཅོད་པ་ལས་གྲོགས་པོའམ་གཉེན་ཉེ་ཡི་མཛའ་མཐུན་གྱིས་ཐག་ག་ལ་གཅོད་ཐུབ། དེ་ནི་ཤོག་རྩེད་བྱེད་སྐབས་སུ་རྩེད་མོའི་ཁེ་ཕན་ལ་བལྟས་ནས་ཐག་གཅོད་བྱེད་པ་ལས་མཛའ་གྲོགས་ལ་བལྟས་ནས་རྒྱལ་ཁ་མི་སྤྲད་པ་བཞིན་ནོ།
ཤར་ཕྱོགས་ལྐུག་རྟགས་ཡང་སླེབས་ཤག་་་་་་
ཤར་ཁུག་ཁྱོད་ལ་དེ་ཙམ་ལས་ཅིའང་བཤད་རྒྱུ་མེད་ན་དེ་རིང་བཟུང་སྟེ། བཤད་མཚམས་ཞོག གོ་བ་འདི་རེད་ཅེས་ཚིག་གཅིག་ཀྱང་བསྟན་རྒྱུ་མེད་པར་ཡིག་ཉོག་ལུང་པ་གང་བྲིས་འདུག བཀའ་ཁྲི་ལ་སྐྱོན་ཞིག་འདོགས་རྒྱུ་ཨི་རྙེད་བལྟས་པ་ཙམ་ཞིག་རེད་འདུག་མིས་ཀྱང་བསམ་སྲིད་ལ་ངས་ཀྱང་བསམ་སོང་། གལ་ཏེ་རྒྱུ་མཚན་དང་ལྡན་པ་ཞིག་བཤད་རྒྱུ་ཡོད་ན་ཡག་པོ་རེད། བཀའ་ཁྲི་བྱང་སེམས་མ་རེད་ལ་སངས་རྒྱས་དེ་བས་ཀྱང་མ་རེད། སྐྱོན་མེད་པ་བོད་མི་སུས་ཀྱང་ཁས་མ་བླངས་མོད། འོན་ཀྱང་ཁྱོད་ཀྱིས་དེ་སྔ་ནི་བཀའ་ཁྲི་ལ་སྐྱོན་འདི་རེད་ཟེར་ནས་རྡོག་རྡོག་ཅིའང་བསྟན་རྒྱུ་རྙེད་མ་བྱུང་། ད་ནི་དེ་ཙམ་འཚམས་བཞག་ན་དགའ་འོང་མ་གཏོགས་བཀའ་ཁྲི་ལ་ཤ་ཚ་མཁན་དང་སྙིང་ཉེ་མཁན་བོད་མི་བརྒྱ་ཆ་དགུ་བཅུ་ལས་བརྒལ་ཚར་བ་རེད། གཟབ་ཤོག་ཨ།
ཤར་ཁུག་ལགས། ངས་དྲ་ངོས་འདིར་ཁྱེད་ལ་གང་བྱུང་བྲིས་བསྡད་ཡིན། ཁྱེད་ཕོ་གསར་མགོ་སྟོང་ཞིག་རེད་བསམས་བསྡད་ཡོད། དངོས་གནས་བསམ་བློ་ཞིག་བཏང་ན། ཁྱེད་ཀྱི་རྩོམ་ཡིག་དེ་དག་བཀླགས་པས། ཁྱེད་ནི་ཁྱེད་ནི་ངོ་བོ་དང་རང་ཚུགས་ཡོད་པ་ཞིག་ཡིན་པ་ཚོར་བྱུང།
ཁྱེད་ལ་སྨྲ་ཕོད་པ་དང་དོན་དག་རང་ལ་འཇུས་ནས་གཞི་རིམ་མི་མང་གི་ཆེད་དུ་སྐད་ཆ་བཤད་པའི་སྤོབས་པ་འདུག་པ་ངས་ཤེས་བྱུང། དེ་ལ་འགྱུར་བ་གང་ཡང་མི་འདུག རྦད་དེ་བརྟན་པོ་ཞེ་དྲག་འདུག དེ་ཡིན་པས། ང་ཁྱེད་ཀྱི་རང་གཤིས་དང་རྣམ་དཔྱོད་དེ་ལ་ཡིད་སྨོན་ཤོར་སོང། དེའང་བཀའ་ཁྲི་ལ་ཞེན་པ་ལོག་པས་མིན། ཁྱེད་ཀྱིས་བཀའ་ཁྲི་སྨྲ་དབང་ཞིག་བསྒྱུར་ཞེས་པ་དེ་དངོས་གནས་རྩ་ཆེན་པོ་རེད། བཀའ་ཁྲི་མཆོག་ཁྱེད་ཀྱི་བསམ་ཚུལ་ལ་ཉན་མི་ཐུབ་མཁན་མིན་པར་བསམས། དེ་བས་ཏན་ཏན་བཀའ་ཁྲི་དང་བཀའ་ཤག་གི་ཕྱག་ལས་གནང་ཕྱོགས་ལ་དང་བོད་ཀྱི་རྩ་དོན་ལ་ཁྱེད་ཀྱི་བསམ་ཚུལ་འདི་དག་གིས་ཕན་གྱི་རེད། མུ་མཐུད་དུ་གཤིས་ཀ་འདི་མ་བརླག་ཅིག ཨ་མའི་བུ་རྒོད་ཤར་ཁུག་ལགས།
ཕྱོགས་རིས་ཅན་དམུས་ལོང་ཁ་ཤས་ཀྱི་ཁ་བརྡ་དྲ་བར་དམོད་ཀྱི་འདུག ྶྙིང་རྗེ། བཙན་བྱོལ་ནང་དངོས་གནས་ཁ་བརྡ་དྲ་བ་འདྲ་བའི་མང་གཙོའི་དྲ་བ་ཞིག་མེད། སྤྱི་ཚོགས་ཁྱོན་ཡོངས་ཀྱི་གཟུགས་བརྙན་ཁ་བརྡར་ཤར་ཡོད། ཁྱེད་ཚཽ་གླེན་པ་ཚོས་དེ་ཤེས་ཀྱི་མ་རེད།
ལྷ་མཚོ་ཟེར་མཁན་ཉོནད། ང་ཚོས་དོན་དངོས་ལ་བལྟ་དགོས་པ་རེད། ཕ་ཡུལ་གཅིག་པའི་ཞེན་ཁོག་དེ་ག་ས་གང་ལ་འཁྱེར་ཡོང་ན་ཡག་པོ་མ་རེད།
ཤར་ཁུག་དང་ལྷ་མཚོ་གཉིས་ཆངས་ས་རྒྱབ་ན་ཏག་ཏག་རེད། ཧཧཧཧཧཧཧ
ཤར་ཁུག་གི་གོ་རྒྱ་ཚོར་རྒྱུ་མེད་པའི་རྩོམ་རྙོག་འདི་རིགས་གང་འདོད་དུ་ཁ་བརྡ་ངོས་སུ་བཀོད་བཅུག་པ་འདི་ཁྱད་མཚར་རེད། མ་གཞི་ཤར་ཁུག་འདི་བཀའ་ཁྲི་དང་རྙོག་འདྲ་བྱུང་བའི་རྗེས་སུ་ཁ་བརྡ་ཚང་གིས་ཚོགས་ཁོང་སུ་བཅུག་སོང་སྙམས་། འདི་ལྟར་བལྟས་ཡོང་དུས་ཁ་བརྡ་ཚང་ལ་ཡང་དོག་པ་མ་ཟ་རང་ཟ་རེད།
ཁུག་རྟ་ཟེར་བ་འདི་ང་ཚོ་རེབ་གོང་བ་ཚོས་རྐང་འདྲེན་རེད། སྔོན་མ་ཡིན་ན་དགེ་ཆོས་མཆོག་གི་སྤྲུལ་སྐུ་ཡིན་མདོག་མདོག་བཤད་རེད། དེའི་རྗེས་ནས་བཀའ་བློན་ཁྲི་བ་མཆོག་ལ་ཁ བཏང་ནས་ཚར་རྒྱུ་མི་འདུག། ཁོས་ཁོ་རང་ཡ་མཚན་ཞིག་ཏུ་མཐོང་གིན་ཡོད་ཀྱང་སྙིང་རྗེ་དོན་དངོས་བཤད་ན་ཁོས་བོད་ཡིག་གི་འབྲི་ཀློག་ཅུང་ཙམ་ཤེས་པ་མ་གཏོགས་མི་དེའི་ཅི་ཞིག་ཡང་ཤེས་གི་མ་རེད།
མི་དེའི་རིགས་ལ་སྨྱུག་ཐོག་པ་ཞིག་གི་བསམ་བློའི་ཆུ་ཚད་ད་དུང་ཡང་ཡོད་པ་མ་རེད། འོ་རོགས་ཁུག་རྟ་ལགས་ཁྱོད་རང་ནག་པོ་བཟོས་ཀྱང་ང་ཚོ་རེབ་གོང་བ་ཚང་མ་ལ་ནག་པོ་བཟོས་མ་ཡོངས་རོགས།
རིག་འབྱུང་དོན་འགྲུབ་བཀྲ་ཤིས་ལགས་ངའི་གོ་ཐོས་ཡིན་ན། ཁྱོད་རང་ཁ་བརྡ་དྲ་བའི་དྲ་བདག་ཡིན་པར་འདོད། གལ་སྲིད་དངོས་ནས་ཡིན་ན་ཕྱོགས་ཆེ་ས་ལ་བསམ་བློ་བཏང་ནས་རྩོམ་འདི་རིགས་མང་པོ་མ་བཀོད་ན་ཡག་པ་འདུག། གང་ཟག་སྒེར་བ་ཅིག་གིས་ང་ཚོ་ཚང་མ་ནག་པོ་ཆགས་ན་ཡག་པོ་ཡོད་པ་མ་རེད། གལ་སྲིད་ཁྱོད་ཚོས་ཕ་ཡུལ་ཀྱི་ཞེན་ཁོག་བྱེད་ཀྱི་ཡོད་ན་དེ་རྦད་དེ་ནོར་ཡོད་པ་རེད། མང་གཙོ་ཡིན་ཡང་དེ་ལ་ཚད་ཡོད་པ་རེད།་
ཤར་ཁུག་དང་། ལྷ་མཚོ། རིག་པའི་བུ་གསུམ་སྙིང་རྗེ་ངོ་མ་སྙིང་རྗེ། ཚོང་མི་ཡི་རྒྱག་་པར་མིག་ཚ། རང་གིེ་རྒྱག་དུས་མགོ་ན་ཟེར་བ་ངོ་མ་ཅི་མ་བདེན་་ཧ་ཧ་ཧ་ཧ་ཧ
ཁུག་རྟས་བཀའ་ཁྲི་ལ་སྐྱོན་བརྗོད་བྱས་ན་རེབ་གོང་པ་རྣམས་ནག་པོ་བཟོ་གི་རེད་ཟེར། ཧཧཧཧཧཧ འོ་ན། ནག་པོ་བཟོས་པའི་སྐྱོན་བརྗོད་འདི་རེད་ཅེས་སྟོན་དགོས་ཀྱི་རེད་པཱ། ཧཧཧཧ་ མི་ཤེས་ན་ང་ནང་བཞིན་མི་ཤེས་ས་ནས་བསྡད་ན་དགའ མགོ་ལག་པས་སྐྱོར་ན་གཞུས་མཁན་མེད ཧཧཧཧཧཧ གླེན་ནག
ལུང་རྟོགས་ལ། ཁྱེད་ནས་བར་འདུམ་བྱ་རོགས། ཧཧཧཧཧཧ
རེབ་གོང ་་་་་་་བོད་སྤྱི་དོན ་་་་་་་ངོ་ཚ་ལ ་་་་་སྐད་ཆ་བཤད་མི་ཤེས་ན དག་ཆ་མི་ཤེས་ན འཛིན་གྲྭ་ལྔ་པའི་བུ་གུ་ཅིག་ཡིན་ས་རེད། ་་་་དཀོན་མཆོག་་་་་
རེབ་ཐོག་མདའ་ལགས་ལ་ཞུ་རྒྱུར།
གོང་དུ་གུས་བ་དང་འབྲེལ་བའི་མཆན་གཅིག་བཏབས་འདུག དེར་གསལ་བཤད་ཐུང་ཙམ་ཞུ་གི་ཡིན།
གུས་བས་ཁ་བརྡའི་རྩོམ་སྒྲིག་པའི་ལས་ཀ་ནས་དགོངས་པ་ཞུས་ཚར་བ་ཡིན། གཙོ་བོ་དུས་ཚོད་ཀྱིས་མ་འདང་བའི་དབང་གིས་ཡིན། དེ་རིང་སང་ཉིན་གུས་བ་ཁ་བརྡའི་རྩོམ་སྒྲིག་པ་མིན།
འདི་མཁྱེན་པ་གནང་རོགས།
དེ་ཙམ་ཞུ།
རིག་འབྱུང་དོན་གྲུབ་བཀྲ་ཤིས་ཀྱིས།
ཤར་ཕྱོགས་ཁུག་རྟས་མི་ཤེས་ཤེས་མདོག་ཁོ་ན་བྱས་ནས། བོད་མི་བར་ལ་དཀྲུགས་གཞི་སློང་གི་འདུག
ལྷ་མཚོ་ལགས།
ཁྱོད་ཀྱིས། “འོ་ན། ནག་པོ་བཟོས་པའི་སྐྱོན་བརྗོད་འདི་རེད་ཅེས་སྟོན་དགོས་ཀྱི་རེད་པཱ།”ཟེར། ཤར་ཁུག་གིས་བཀའ་ཁྲི་ལ་སྐྱོན་བརྗོད་བྱས་པའི་རྩོམ་ཡིག་ཧ་ལམ་ཡོང་རྫོགས་རེབ་གོང་བ་ནག་པོ་བཟོ་བའི་རྩོམ་ཡིག་ཀྱང་ཡིན་པས་འདི་དང་འདི་ཞེས་བསྟན་དགོས་ན་བསྟན་ཚོད་ག་ལ་ཡོད། ཤར་ཁུག་གིས་དང་པོར་བཀའ་ཁྲི་མཆོག་ལ་སྐྱོན་བརྗོད་བྱེད་སྐབས་རྒྱབ་སྐྱོར་བྱེད་མཁན་གང་འཚམས་ཡོད་ཀྱང་། དཔེར་ན་འཛོ་མོའི་རྟོལ་བུ་དག་ཇེ་ཆེར་འགྲོ་བ་དང་ཇེ་སྡུག་ལ་འགྱུར་བ་བཞིན། ཤར་ཁུག་གིས་རྩོམ་ཡིག་སྤེལ་གྱིན་སྤེལ་གྱིན་གནས་ལུགས་རྒྱུ་མཚན་ཇེ་མེད་དང་ཇེ་ཉོག་ལ་སོང་བས་དེང་སང་ནི་ཁྱེད་དང་ཁྱེད་ལྟ་བུའི་གནས་ལུགས་ལ་ལྟ་མི་ཤེས་པར་ཕྱོགས་ཞེན་གྱི་དབང་དུ་གྱུར་པ་ཁ་ཤས་ལས་རྒྱབ་སྐྱོར་བྱེད་མཁན་མེད་པའི་གནས་སུ་ལྷུང་བ་རེད།
ཤར་ཕྱོགས་ཁུག་རྟས་ཤོབ་བཤད་འདུག
བོད་ནས་མེར་བསེག་མཚམས་འཇོག་གི་འབོད་སྐུལ་བྱེད་མཁན་ཐོག་མར་ཁོ་ཡིན་མདོག་བཤད་འདུག
ཐོག་མ་ང་ཡིན་སུ་གཅིག་གིས་མ་བྱས་གོང་ནས་ངས་འབོད་སྐུལ་གྱི་རྩོམ་ཡིག་དུས་བབ་དྲ་རྒྱའི་ནང་དུ་བཀོད་ཡོད།
དེ་རྗེས་ནས་༸་རྒྱལ་བ་ཀརྨ་པ་སང་རེད་ཁོང་གིས་སྔོན་རྗེས་གཉིས་ལ་འབོད་སྐུལ་གནང་སོང་།
དེའི་དུས་ཚིགས་རེ་རེ་བཞིན་བབ་དྲ་རྒྱའི་ནང་དུ་ཡོད་རེད། ཁུག་རྟའི་འབོད་སྐུལ་རྣམས་ཡོད་ངེས་པས་བདེ་རྫུས་གང་རེད་ཞིབ་གཟིགས་གནང་འཚལ།
གངས་སེང་ངར་སྐད་སྒྲོག་པའི་དུས། །
ཁྱི་སྤྱང་སྡུག་བསྔལ་འཁང་ངུ་སྒྲོག །
མི་དབང་སྲིད་དཔལ་ཟེར་སྤྲོས་དུས། །
དམུ་ལོང་སྡུག་སྔལ་འོ་འདོད་སྒྲོག །
རྟོགས་ལྡན་དྲག་སྔགས་གྱེར་བའི་དུས། །
འདྲེ་སྲིན་འཁུ་བའི་སྡུག་སྐད་གྱེར། །
སྲིད་སྐྱོང་འཕྲིན་ལས་དཔལ་འབར་དུས། །
བློ་ངན་ཕྲག་དོག་དམོད་པ་གྱེར། །
རྣམ་མཁྱེན་མངོན་བྱང་ཆུབ་པའི་དུས། །
ལྷན་བྱིན་འགལ་རྐྱེན་སྒྱོག་རྡོ་འཕེན། །
མི་རྗེས་འཛམ་གླིང་གྲོགས་སྦྲན་དུས། །
ཁྲེལ་མེད་མི་བཟོད་ཆོ་ངེ་འདེབས། །
བྱ་གླག་རྒོད་པོ་ལགས།
བཀའ་ཁྲི་རྒྱལ་སྤྱིའི་ཁྲིམས་ལུགས་མཁས་པ་མ་རེད། ཁོ་ང་ཚོར་འགོ་སྐོར་བཏང་བ་ཞིག་རེད་ཧ་གོ་སོང་ངམ་།
http://www.tibettimes.net/news.php?id=4130&search_url=%2Fsearch.php%3Fcp%3D2%26q%3D%25E0%25BD%2594%26&
http://www.tibetanpoliticalreview.com/tpr-in-tibetan
སྲིན་པོ་རྫ་རྒན་ལགས་སྐད་ཆ་དངོས་ཡོད་ཐུན་པ་ཞིག་ཤོད་དགོད་པ་ལས་རང་གི་ཆར་སྣང་འགའ་བྲིས་ན་ཕན་པ་གང་ཡང་མེད། (བཀའ་ཁྲི་མཆོག་གིས་ཕྱག་ལས་གནང་སྟངས་ལ་རྒན་གཞོན་ཚང་མ་དགའ་ཞིང་མགུ་བཞིན་པའི་སྐབས་རེད།) ཁོས་མི་མང་ཡིད་མགུ་པའི་ལས་ཀ་ག་རི་བྱས་སམ། བོད་ནང་གི་བོད་མི་ཚོས་བཀའ་ཁྲི་ཁོ་བའི་ཁྲམ་ཏམ་དེ་ཚོར་ཡིས་ཆེད་བྱས་ནས་དེ་ལྟར་བྲིས་པ་ལས་དངོས་ཡོད་ང་ཚོས་མིག་གིས་ཐོང་གཞིན་པ་འདི་རེད།
རྣ་བ་བརྒྱད་པའམ་རྣ་མེད་ལགས། ཤར་ཁུག་རྒྱ་དམར་རྫུན་ཏམ་ལ་འགག་པ་རྒྱོབ་མཁན་གྱིས་མི་སྣ་ཞིག་རེད། ཡིན་ནའང་ཤོག་བུའི་སེང་གེ་གམ་བློ་སེང་ཁོ་ཕྱིར་འབུད་ཏང་བ་རེད་གོ།
མིའུ་ཕྲུག་གམ་ཁྱི་ཕྲུག་ལགས། ཤེས་པ་སྣལ་དུ་ཕབ་ནས་ཤད་ན་མི་རྣ་བར་འགྲོ་གི་རེད། མི་དམང་ལ་མགོ་ཁྲི་བདམས་རྒྱུའི་དབང་ཆ་ཡོད་ན། མི་དམང་ལ་ཁོའི་ལས་ཀར་ཐེན་འདོན་བྱ་རྒྱུའི་དབང་ཆ་ཡང་ཡོད། རང་གི་འགའ་ཕྱོག་དང་མི་ཐུན་ན་རྒྱ་མིའི་མྱུལ་མ་དང་དོལ་ཚོགས་རེད་ཞེས་སྔར་ནས་ད་བར་བརྗོད་ནས་རང་རིགས་ཤ་ཅན་གྱི་བོད་མི་མང་པོ་ཞིག་རྡ་ས་ནས་ཁ་བྲལ་དུ་ཏང་ཡོད། ངན་སྐུལ་བྱ་མཁན་དེའི་གྲལ་ཁྱི་ཕྲུག་ཁྱོད་ཡང་ཡོད་ས་རེད། ཧ་་ཧ་ཧ།
ལུང་རྟོགས་མིང་འཛིན་ལགས། རྒྱུ་ཚན་མེད་ན་འདི་དང་འདི་ལ་རྒྱུ་ཚན་མིན་འདུག་གྲངས་དགོད་པ་ལས་ཁ་སྟོང་གི་ལྩེ་ཏོང་གང་ཡང་ཕན་གྱི་མ་རེད།
རེབ་ཐོག་མདའ་ལགས། རྐང་འདྲེན་ཟེར་ན་གང་ཞིག་ཟེར་ཀྱི་ཡོད་རེད་དམ། ཁ་བཏང་བ་དང་དངོས་བདེན་ཤད་པ་གཉིས་ལ་ཁྱད་པར་གང་ཡོད་དམ།
ད་དུང་་་་་་་་་་་་་་་་་་་་་་་་་་་།
ཁུག་རྟ་ཟེར་ཡ་འདི་ལ་སྐྱོན་ཆེན་པོ་རི་བོ་འདྲ་ཞིག་ཡོད་པ་ནི་གཤམ་གསལ།
བོད་ནང་གི་བོད་མིའི་སྐད་འབོད་ག་རེ་ཡིན་པ་ཤེས་ཤེས་དང་གོ་གོ་མེད་ལ། དེ་སྒྲུབ་ཐུབ་པའི་ཐབས་ལམ་ལ་མི་བརྩོན་པར་དེ་ལ་བར་ཆད་གྱི་ཚུལ་དུ་སྟོང་གཏམ་འདྲ་སྤེལ་ནས་འདུག་པ་འདི་ངོ་མ་ཡིད་སྐྱོ་བའི་གནས་རེད།
ཁྱེད་རང་བསམ་བློ་བ་ཞིག་ཡིན་འདོད་ན། རྒྱལ་བ་རིན་པོ་ཆེ་བོད་ལ་འདི་འདྲ་ཟེ་གདན་འདྲེན་ཚུལ་དང། བོད་རྒྱ་དམར་གྱི་སོ་ཁ་ནས་ག་འདྲ་ཟེ་སྐྱོབ་ཐུབ་པའི་ཐབས་ཇུས་སོགས་ཕྲིས་དང་། ཤུགས་རྒྱོབ་དང་དེ་ནས་བོད་ཕྱི་ནང་གཉིས་ཀའི་རེ་འདོད་དང་ལྷག་པར་དུ་རང་ལུས་བོད་དུ་མཆོད་པའི་འདས་པོ་དེ་དག་གི་ཐུགས་སེམས་ཡོངས་སུ་རྫོགས་པ་མ་རེད་དམ།
ང་ཚོའི་བོད་ལ་མི་ངན་དང་ཁྱི་ངན་གྱི་སྐོར་ལ་གཏམ་དཔེ་ཞིག་ཡོད་པ་རེད། ཁྱི་ངན་གྱིས་ཕར་རྒྱུག་ནས་འགྲུལ་པ་མི་དམུར་པར་ཚུར་ཡོང་ནས་ཆོན་ཐག་དམུར་བ་རེད། མི་ངན་གྱིས་ཕར་རྒྱུག་ནས་དགྲ་བོ་མི་བཏུལ་བར་ཚུར་ཡོང་ནས་ནང་འཛིང་བྱེད་པ་རེད། དེ་འདྲ་མ་གནང་།
ཤར་ཁུགས་དང་བཀའ་ཁྲི་སུ་ལ་སྐྱོན་བརྗོད་བྱས་ཀྱང་མི་ཆོག་པ་མིན་ལ། དེ་བས་སྐྱོན་ལ་སྐྱོན་དུ་ཤེས་པར་བྱས་ཏེ་སྐྱོན་ནི་སྤང་བྱ་དང་རང་ཉིད་འཕུང་བྱེད་ཡིན་པས་ངེས་པར་སྤོངས་དགོས། དེར་བརྟེན་དངོས་གནས་སྐྱོན་འཛུགས་བྱ་མཁན་རྣམས་ལ་དགའ་བསུ་ཞུ་བ་ལས་སྐྱོན་བརྗོད་ཁོ་ན་བྱ་མི་རུང་། འོན་ཀྱང་སྐྱོན་བརྗོད་སྐབས་དགག་བྱ་དང་དགོས་པ་ལ་ངེས་པར་གཟིགས་དགོས་སོ།། །།
ནང་ལ་དམག་འཁྲུག་རྒྱོབས། རེབ་གོང་པ་ནག་པོ་བཟོ་རྒྱུ་རེད་ལབ་ན། མི་འགྲིག་པ་མི་འདུག ང་ནག་པོ་བཟོ་རྒྱུ་རེད་མ་ལབ་པ་སྟབས་ལགས་པ་རེད། དྲངས་མོ་བཤད་ན། བློ་སེང་ལ་རྫ་ནེ་རྫུན་ནེ་ལས་ཀྱི་མང་པོ་འདུག་བསམ་སོང་། དཔེར་ན། ཁོང་བཀའ་བློན་མ་བསྡད་སྔོན་ལ་ཁ་བརྡ་དྲྭ་ངོས་སུ་ཁོང་གིས་བྲིས་པ་ཡིན་མདོག་མདོག་གིས་རྩོམ་ཡིག་མང་པོ་བཏོན་པ་ཚང་མིས་མཁྱེན་གསལ་རེད། རྗེས་སུ་བཀའ་ཁྲིའི་དམ་བཅའ་འཇོག་ཉིན་བོད་ཡིག་བཀླགས་ནས་ཁོ་རང་ཕར་ཞོག་ང་ཚོ་བོད་མི་ཉན་མཁན་དང་ལྟ་མཁན་རྣམ་པ་ཚོ་ངོ་ཚོ་བོ་ཆགས་པ་དེ་རེད། ད་དུང་གཞན་གུ་དོག་གི་བྱ་བ། ཁོང་བཀའ་ཁྲི་ཐོབ་རྗེས་ཨ་རུ་ལ་ཆིབས་བསྒྱུར་གནང་སྐབས་ཨ་རུར་གནས་སྡོད་བོད་མས་དགའ་སྤྲོས་ངང་ཕེབས་བསུ་བྱས་པ་༧གོང་ས་མཆོག་ཆིབས་བསྒྱུར་གནང་པའི་ཕེབས་བསུ་ལས་ལྷག་མ་གཏོགས་དམན་ཞིག་ཡིན་པ་མཐོང་མ་སོང་། མཐར་སེམས་པ་སྐྱོ་སྐྱོ་ངང་གྲོལ་དགོས་པ་དེ་མདོ་སྔགས་ཀྱིས་བཀའ་ཁྲི་ལ་དྲི་བ་ཞུས་བའི་བཀའ་ཁྲིས་ལན་གནང་པ་དེ་རེད། སྐྱོན་བྱུང་ན་ངོས་ལེན་བྱེད་དགོས་པ་རེད། སྐྱོན་བྱུང་མེད་ན་གསལ་བྱེད་གནང་དགོས་པ་རེད། དེ་མ་གཏོགས་ཁོང་ཁྲོ་ལངས། སྐད་ཆ་བཙན་པོ་བཤད་ན་སོ་སོ་མི་ག་འདྲ་ཡིན་པ་འགྲེལ་བྱེད་གནང་པ་ལས་ཕན་པ་ག་རེ་འདུག དེ་བས་ང་རང་གིས་ད་ལྟའི་བཀའ་ཁྲི་ལ་རེ་བ་བྱེད་ཀྱི་མེད་ལ། གུང་ཁྲན་གྱིས་མགོ་སྐོར་འོག་ཏུ་བཀའཁྲི་ཚུལ་མི་འགྲོ་སྙམ་པའི་སེམས་འཁྲུལ་འདུག
བཀའ་ཁྲི་བློ་སེང་དང་ཤར་ཁུག་གཉིས་ལས་དེང་སྐབས་གོ་གནས་བློ་སེང་མཐོ། དབྱིན་སྐད་ལ་བློ་སེང་བཟང་། བོད་ཡིག་ལ་ཤར་ཁུག་བཟང་། ནང་ཆོས་ལ་ཤར་ཁུག་བཟང་། བོད་ཀྱི་རྒྱལ་རབས་ལོ་རྒྱུས་ལ་ཤར་ཁུག་བཟང་། རྒྱ་ཡིག་ལ་ཤར་ཁུག་བཟང་། རྒྱ་སྐད་ལ་འདྲ་འདྲ་ཡིན། ལབ་མི་རྒྱག་པ་ལ་ཤར་ཁུག་བཟང་། དྲང་མོ་བཤད་ན་འཇོན་ཐང་ལ་སུ་བཟང་མི་ཤེས། ཕོ་སར་ནི་འདྲ་སེ་ཡིན། སྐུ་གཟུགས་བློ་སེང་རིང་ཙམ་ཡིན་སྙམ། མི་གཞི་ནས་བཤད་ན་བློ་སེང་གི་མཐོ་བཤད་དམའ་བཤད་འདྲ་མིན་ཞིག་བྱེད་བཞིན་པ་རེད། ཤར་ཁུག་བཀའ་ཁྲིར་ཁེལ་ན་ཁོང་གིས་ཀྱང་སྐབས་དེར་མཐོ་བཤད་དམའ་བཤད་འདྲ་བ་རེ་བྱེད་དགོས་འབྱུང་སྲིད་སྙམ། ད་ང་ཚོས་བལྟས་ན་དེ་ཙམ་ཡིན་པ་འདྲ།
ལྷ་མོ་ལགས
ཁྱོད་རང་ཁུག་རྟ་ལ་ཆ་རྒྱུས་ཇི་ཙམ་ཡོད། གལ་སྲིད་ཁྱོད་རང་ཁོང་ལ་ཆ་རྒྱུས་མང་པོ་མེད་ན་ཁ་ཚུམས་ལ་བསྡད། བདག་ཁོང་ལ་མ་དགའ་བ་དེ་འདྲ་མིན། ཡིན་ཡང་ཁུག་རྟའི་རྩོམ་དག་གི་ནང་དོན་ག་དུས་ཡིན་ཡང་བོད་གཞུང་དམངས་གཉིས་ལ་གནོད་པ་ལས་ཕན་པ་མེད་པ་དག་དག་ཡིན་པས་ན་རང་བཞིན་ཀྱིས་ཁོང་དང་བར་ཐག་མ་བཞག་རང་དབང་མི་འདུག།
སྤྱིར་སྔོན་ཆད་ཤར་ཕྱོགས་ཁུག་རྟ་དེ་ཡང་སྨྱུག་ཐོག་པ་ཡག་པོ་ཞིག་ལ་ངོས་འཛིན་བྱེད་གི་ཡོད། ཡིན་ན་ཡང་ཁོ་བོས་བྲིས་པའི་རྩོམ་དག་གི་ནང་དོན་མང་ཤོས་ཤིག་ནི་བཀའ་བློན་ཁྲི་བ་ལ་སྐྱོན་བརྗོད་དང་སྒེར་གྱི་ན་ཟུག་དང་སྡང་སེམས་བཟུང་ནས་བྲིས་འདུག་པས་ཡིན། བཀའ་བློན་ཁྲི་བ་ཡིན་ཡང་མིའི་ཡིན་པའི་ཆ་ནས་ནོར་འཁྲུལ་ཡོད་པ་དེ་ཆོས་ཉིད་རེད། ཡིན་ཡང་ཁུག་རྟ་དང་ལྷ་མོ་མིང་ཅན་གཉིས་བཀའ་ཁྲི་བློ་སེང་དང་བསྡུར་ན་ནམ་སའི་ཁྱད་པར་ཡོད་པ་མ་ཟད་ཁྱོད་གཉིས་འདྲ་བ་བརྒྱ་དང་བཀའ་ཁྲི་འདྲ་བ་གཅིག་ལས་བཀའ་ཁྲི་འདྲ་བ་གཅིག་ལས་ཁྱོད་གཉིས་འདྲ་བ་ག་དུས་ཡིན་ཡང་སྤྱི་ཚོགས་འདིས་གད་སྙིགས་སུ་ལྷག་འདུག་པ་ལས་ཅི་ཡང་འཇོན་གི་མ་རེད། ཅི་ལྟར་བཤད་ཀྱང་བཀའ་བློན་ཁྲི་བ་ནི་བོད་མི་ཡ་ས་དྲུག་གི་མགོ་ཁྲིད་ཡིན་པས་ཁྱོད་གཉིས་ལྟ་བུའི་མ་དགའ་དབུས་ལ་སོང་ནས་མ་མཇལ་ཕྱིར་ལ་སླེབས་ཀྱང་སྡུག་གྱོང་རེད།
སྤྱིར་སྔོན་ཆད་བདག་ཡིན་ཡང་བཀའ་ཁྲི་མཆོག་གི་བོད་ཡིག་མི་ཤེས་པ་དེ་ལ་མོས་མཐུན་མེད་མཁན་ཞིག་ཡིན།་ཡིན་ཡང་ད་ལྟ་བསམ་ན་ད་ལྟའི་དུས་ཚུགས་འདི་འདྲ་ཞིག་ལ་བློ་སེང་བཀའ་བློན་ཧ་ཅང་གི་མཚམས་པོ་འདུག་བསམ་སོང་དེའི་རྐྱེན་ཁུག་རྟ་ལགས་སྒེར་གྱི་ཁོན་སེམས་སྙིང་ལ་བཟུང་ནས་བཀའ་ཁྲི་མཆོག་ལ་མཐོང་ཆུང་གི་ཡིག་ཉོག་མང་པོ་བྲིས་ནས་རེབ་གོང་བ་ང་ཚོས་གདོང་ས་ལ་མ་གཡུག་རོགས་གནང་།
བོད་ཡིག་ཀློག་སྟངས་གི་སྟེང་ནས་བཀའ་ཁྲི་ལ་སྐྱོན་བརྗོད་པ་ནི་སྐྱོན་མེད་སྐྱོན་འདོག་རང་རེད། མི་ཚེ་བོད་ཡིག་གིས་སྐྱེལ་མཁན་ཚོས་ཀྱང་མི་མང་དཀྱིལ་ལ་ཀློག་དགོས་ན་བཀའ་ཁྲི་ལས་ལྷག་ཙམ་ཀློག་མཁན་མང་པོ་མེད་ངེས། ལྷག་ཏུ་ཝ་ན་དང་སཱ་ར་སོགས་བོད་ཡིག་སློབ་གྲྭ་འགྲིམ་མ་མྱོང་བའི་བཙན་བྱོལ་བའི་སློབ་གྲྭའི་ནང་ནས་འཚར་ལོང་བྱུང་བ་ཞིག་ལ་བཀའ་ཁྲི་ལས་ལྷག་པའི་བོད་ཡིག་ཤེས་མཁན་ནི་སྲིད་མཐའ་ཙམ་རེད་ཅེས་བཤད་ན་ཆོག ད་དུང་བོད་པ་ཚང་ལ་སྐྱོན་ཞིག་ཡོད་པ་ནི་རང་གི་དབུ་ཁྲིད་ཅིག་གིས་ཚིག་རྩུབ་པོ་ཅུང་ཟད་ཅིག་བཤད་ན། བཙན་བཀའ་གཏོང་སོང་། བཙན་གཏམ་བཤད་སོང་། གཅིག་བྱས་སོང་གཉིས་བྱས་སོང་ཞེས་བཤད་རྒྱུར་དགའ་ཞིང་། རྒྱ་གཞུང་གིས་བཙན་གནོན་དང་བདུག་རྩུབ་ཇི་ཙམ་བྱས་ཀྱང་དེ་ནི་ཧ་ལམ་འོས་ཤིང་མཚམས་པ་ལྟ་བུའི་བསམ་བློ་ངན་པ་ཞིག་ཡོད་པས་དེ་ལ་བཙན་བཀའ་བཏང་སོང་བཙན་གནོན་བྱས་སོང་ཞེས་བཤད་ཐུབ་མཁན་ཉིན་སྐར་ལྟར་གྱུར་ཡོད་པ་འདི་རེད།
ཁུག་རྟའི་གཤོག་འོག་ནས་བློ་སེང་ཐར་ས་མ་རེད།
གོང་དུ་ལུང་རྟོགས་ཟེར་བ་དང་རེབ་ཐོག་མདའ་ཟེར་བ་སོགས་ནི་མི་གཅིག་རེད་འདུག དྲ་འབུ་གཅིག་གིས་མིང་རྫུན་འདྲ་མིན་བེད་སྤྱད་ནས་བློ་སེང་ལ་རྒྱབ་སྐྱོར་དང་། ཁུག་རྟ་ལ་སྡེང་པོ་བྱེད་ཁུལ་རེད། འོན་ཀྱང་ཁོ་སུ་ཡིན་མིན་ད་ལྟ་ཤེས་སོང་།
ལུང་རྟོགས་དང་རེབ་ཐོག་མདའ་གཉིས་ཀྱིས་ཤར་ཁུག་ལ་དགག་ལན་ཕྲིས་དང་དེ་ནས་ངས་ལྟ་ཡི་ཡིན། ཁྱེད་དྲ་འབུ་གཉིས་ཀྱི་རྒྱབ་སྐྱོར་འདི་འདྲ་བཀའ་ཁྲི་ལ་ཕན་གི་མ་རེད།
དུས་བབ་དྲ་ངོས་ན་བཀའ་ཁྲི་ཕྱེ་མ་ལེབ་ཟེར་བ་ཞིག་འདུག གཟིགས་དང། ཧཧཧཧཧཧཧ
བཀའ་ཁྲི་ཕྱེ་མ་ལེབ།
ཀེ་ཏ་ཀ
བཀའ་ཁྲིས་ལས་ཁུར་ཞུས་ནས་ལོ་གཅིག་ཧྲིལ་བོ་འགོར་གྲབས་འདུག དངོས་གནས་མི་རྣམས་ཀྱིས་ཚོད་དཔག་དང་སྡོམ་ཚིག་བཀོད་པ་ལྟར། བློ་བཟང་སེང་གེས་ནུབ་ཕྱོགས་སྤྱི་ཚོགས་སུ་འབྲེལ་བ་བྱས་ན་མ་གཏོགས། གངས་ཅན་སྐྱིད་གཤོངས་ཀྱིས་མཚོན་པའི་བོད་མི་ཚོ་འཕྲིན་ལས་ཀྱི་གཤོག་ཟུང་འོག་བསྡུ་ཐུབ་ཀི་མ་རེད་ལ། ཆེན་པོ་རྒྱ་ནག་ལ་ཁ་གཏད་གཅོག་རྒྱུར་བོད་རིགས་མཐོ་རིམ་ནང་ཁུལ་དུ་ཁོང་ལ་རྒྱབ་སྐྱོར་མེད་པས་ཅི་ལྟར་ཡོང་ངམ་ཞེས་པ་འདི་རེད།
དངོས་གནས་དེ་རིང་ཕྱིར་ལྟོས་བྱས་ན། སྡོམ་ཚིག་དེ་ནི་དོན་ལ་གནས་པ་ལྟ་བུ་ཞིག་འདུག་སྟེ། ཁོང་གིས་ནུབ་ཕྱོགས་བོད་དོན་རྒྱབ་སྐྱོར་བ་མང་པོར་འབྲེལ་ལམ་ཞུས་ཏེ། བོད་དོན་རྒྱབ་སྐྱོར་ཚོགས་མི་ཁག་དང་གྲོས་ཚོགས་འཐུས་མི། གནད་ཡོད་བཅས་ལ་མཇལ་འཕྲད་ཐེངས་མང་ཞུས་པ་རེད། ཡིན་ནའང། གངས་ཅན་སྐྱིད་གཤོངས་ཀྱིས་མཚོན་པའི་བོད་ཀྱི་རིག་གནས་དར་སའི་ཡུལ་དུ་ཁོང་ལ་སྐུ་གསུང་ཐུགས་ཀྱི་མཛད་འཕྲིན་སྐྱོང་རྒྱུ་ཡེ་ནས་མེད་པ་ལྟ་བུ་ཞིག་སྟེ། ཐ་ན་རྡ་སའི་དམངས་ཁྲོད་ངག་རྒྱུན་དུ། “མི་རྗེ་བཀའ་ཁྲི་ཐོབ་པར།། བོད་ཡིག་མེད་ན་ཆོག་གི། གལ་སྲིད་དགོས་གལ་བྱུང་ན།། ཐོབ་ནས་སྦྱངས་ཀྱང་ཆོག་གི། “ཞེས་དང། ཡང། “གཞིས་ཆགས་མགོ་སྦྲེལ་འབོབ་ལུག། འོས་ཤོག་ཐོབ་རྒྱུའི་དོན་རེད།། མགོ་སྦྲེལ་བྱ་རྒྱུའི་གསུང་དབྱངས ། སྦྲང་སྐད་ལས་ཀྱང་ཆུང་བ།”ཞེས་དར་ཡོད་པ་དང། དེ་བཞིན་ཤེས་ཡོན་པའི་སྡེ་ནས་ཀྱང། “བསྟོད་རན་མེད་སར་བསྟོད་པ།། ༧གོང་ས་མཆོག་གིས་གནང་སོང།། འདོགས་རན་མེད་དུས་བཏགས་པ།།( བློ་སེང་ལ་མཁས་དབང་བཏགས་པ།) ཟམ་གདོང་བླ་མས་བཏགས་སོང།།”ཞེས་སོགས་མང་དུ་འདུག་ལ།
མདོར་ན་ཁོང་གི་དམ་འབུལ་དུས་ཚེས་ནས་བོད་ཀྱི་རིག་གནས་གོམས་སྲོལ་དང་འགལ་ཟླ་ཆགས་ཏེ་རྟེན་འབྲེལ་ཆུགས་ཡོད་པ་མ་ཟད། མཛད་སྒོའི་སྟེང་བོད་ཡིག་ཀློག་སྟངས་ཀྱིས་འཛམ་བུའི་གླིང་ལ་གོ་རྒྱུ་གཏམ་རྒྱུ་བླ་ན་མེད་པ་ཞིག་བཞག་པ་བཅས། སྲོང་བཙན་སྐབས་ནས་བོད་ལ་ཡི་གེ་དར་རྗེས། བོད་ཀྱི་སྐད་ཡིག་རིག་གནས་མི་ཤེས་པའི་མགོ་ཁྲིད་ཅིག་ཐོན་པ་དང་པོ་ཡིན་ཞེས་ལོ་རྒྱུས་ལ་འཁང་ར་བྱེད་པ་དང། ཡང་རེ་ཤོས་ཀྱིས་དགའ་ལྡན་ཕོ་བྲང་པའི་སྲིད་དབང་འཕོ་འགྱུར་གྱི་མགོ་ཁྲིད་རིམ་པའི་ཁྱད་ཡོན་ཐབས་སྐྱོ་བ་ལ་ཞེས་ཡང་ཡང་སྨྲས་སྟབས། གཏམ་དེ་༧གོང་ས་ཆེན་པོའི་སྙན་དུ་འཁྱོལ་རྗེས། དུས་ཡུན་སྔ་ཕྱི་གཉིས་ལ་༧གོང་ས་མཆོག་གིས་མི་མང་གི་སྡིངས་ཆའི་སྟེང་བོད་སྐད་ཡིག་ཐད་བློ་བཟང་སེང་གེར་ཡིག་རྩལ་ལེན་གྱི་ཡོད་ཅེས་མི་གསུངས་ཐབས་མེད་ཆགས་ཡོད། གནད་དོན་སྐད་ཡིག་རིག་གནས་ཀྱི་ཆ་འདི་ནས། ཁོང་ལ་གཞན་གྱི་འཇོན་ནུས་ག་ཚོད་ཡོད་ཀྱང། བོད་སྤྱི་ཚོགས་ལ་མགོ་ཁྲིད་བྱ་རྒྱུའི་ཐོག་མའི་བོད་མི་མང་དང་བོད་ཀྱི་ཤེས་ལྡན་པ་ཚོར་བརྩེ་དུང་གི་སྦྲེལ་ཐག་ཆད་ཡོད་པས། ལོ་ཁོར་མོ་ཡུག་གཅིག་ལ་བོད་པའི་སྤྱི་ཚོགས་ནང་ཁོང་ཉིད་བཤད་རྒྱུ་གཏམ་རྒྱུའི་ནང་ནས་ཐར་མེད། འདི་ནི་བཀའ་ཁྲི་ཁོང་གིས་ནེའུ་ཡོག་ནས་ཕྱག་མཛོད་མདོ་སྔགས་ལ་ལན་འདེབས་བྱས་པའི་ནང་ཁོང་ལ་ཐུགས་ཚོར་དམིགས་བསལ་བྱུང་ཡོད་པ་ཧ་ཅང་གསལ་བོ་འདུག མ་འོངས་པར་དངོས་གནས་ཞིབ་འཇུག་ཅིག་བྱ་དགོས་ཤར་ཚེ། བློ་སེང་དང་བོད་ཀྱི་སྐད་ཡིག་རིག་གནས་བར་ལ་སྡོམ་ཚིག་ཅི་ཞིག་ཐེབས་མིན་བཤད་ཚོད་དཀའ་བ་རེད།
གཞན་ཡང། སྡོམ་ཚིག་དེ་དང་འབྲེལ་ནས་གླེང་སློང་གཙོ་བོ་གསུམ་པ་འདི་རེད། རྒྱ་ནག་ལ་ཁ་གཏད་ཆོག་མིན་དང། བོད་རིགས་མཐོ་རིམ་མི་སྣའི་ནང་ཁོང་ལ་རྒྱབ་སྐྱོར་ཡོད་མེད་ཅེས་པ་ནི་རྟགས་མཚ་གང་ལས་ཚོར་གྱི་འདུག་ལབ་ན། བློ་སེང་གི་བཀའ་བློན་ལས་རོགས་འདེམས་སྒུག་ནང་མ་བསྡད་པ་མང་པོ་ཞིག་དང། བཀའ་བློན་ལས་རོགས་སུ་མ་བཞག་ཐབས་མེད་ཡིན་པ་མང་དག་ཅིག་བཅས། མདོ་དོན་ཁོང་གི་བཀའ་བློན་ལས་རོགས་སུ་ཁས་བླངས་དང་མ་བླངས་པ་གཉིས་ཀྱི་ནང་དུ་ཁོང་ལ་རྒྱབ་སྐྱོར་ཁ་ཞེ་གཉིས་མེད་ཡོད་མེད་ལབ་ཁག་པོ་ཡིན་པ་གཅིག་རེད།
གཉིས་ནས་མཐོ་རིམ་མི་སྣའི་ནང་དུ། བཀའ་ཁྲི་མཆོག་དང་པོར་ལས་ཁུར་ཞུ་སྐབས་ནས་གཏམ་གྲགས་རྫིག་ཉམས་དམིགས་བསལ་འདོན་མཁན་ཞིག་ཡིན་པ། ལས་ཉིན་དང་པོར་མ་ཞུགས་སྔོན་ནས་གསལ་བོར་ཆགས་སྟབས། རང་བཞིན་གྱིས་ཁོང་གིས་ཕུགས་མི་ཆོད་པར་སྡོམ་ཚིག་རྒྱག་མཁན་བྱུང་འདུག་ལ། དཔེར་ན། སྔོན་མ་མེད་པ། རྡ་ས་ནས་ལྡི་ལི་བར་དུ་གནམ་གྲུར་ཕེབས་རྐྱང་དང། ལས་དོན་ཐོག་ཁས་ལན་དམ་བཅའ་མང་པོ་བྱེད་པ། ལས་ཀ་འཆར་སྣང་གི་ངོ་བོར་ཡོད་པའི་སྐབས་ནས་ཁྱབ་བསྒྲགས་བྱེད་པ། ལས་དོན་གང་ཅིར་དངོས་ཡོད་ཐོག་ཞིབ་འཇུག་བྱས་ཏེ་མངོན་སུམ་ལ་བྱེད་རྒྱུ་ཡོད་མེད་བལྟ་བ་ལས། འུར་རྒྱབ་སྟེ་ལས་དོན་ལ་བར་ཆད་འབྱུང་ཉེན་གྱི་གནང་ཕྱོགས་ཐོག་ཕེབས་པ་སོགས་མང་པས། དཔེ་མཚོན་རེ་གཉིས་ཤིག་ནི། སྐྱབས་བཅོལ་ལག་ཁྱེར་དང་བོད་སློབ་རྩིས་ལེན་གྱི་སྐོར་རེད། བོད་སློབ་རྩིས་ལེན་ཐད་ལས་འཆར་ཁྱེར་ཤོག་ཙམ་ལས་མཐའ་མའི་ཐག་གཅོད་བྱུང་མེད་ཀྱང་ཁྱབ་བསྒྲགས་བྱས་པ་རེད། དེར་གདེང་སྤོབས་ཡོད་ཀྱང། བཀའ་ཤག་སྐབས་གོང་མ་ནས་ལས་འཆར་འགོ་ཚུགས་ཟིན་རབ་གཤམ་འོག་ལས་བྱེད་ནས་སྨྲས་པ་དེར་འདོད་པ་མེད་པ། བཀའ་ཁྲིའི་གྲོས་ཚོགས་གསལ་བཤད་ལ་བལྟས་ན་གསལ་བོ་རེད། དེ་བཞིན་སྐྱབས་བཅོལ་ལག་ཁྱེར་སྐོར་རེད། བཀའ་ཁྲི་རང་གི་གསལ་བཤད་དུ་སྔོན་ནས་མགོ་ཚུགས་པའི་ལས་གཞི་ཞིག་ཡིན་ཚུལ་ཚིག་ཟུར་ཙམ་ཡང་མེད་པ་རེད། འདི་རྣམས་གངས་སྐྱིད་ར་བ་ནས་ཐོན་པའི་གླེང་མོལ་རེད། གངས་སྐྱིད་ར་བ་ན་གླེང་མི་ཚར་བའི་གནད་དོན་མང་པོ་ཡོད་པ་ཚང་མས་མཁྱེན་གསལ་རེད།
ད ། རྩ་དོན་རྒྱ་ནག་དང་འབྲེལ་བ་བྱ་ཕྱོགས་སྐོར་རེད། འདི་འདི་ལྟར་བཤད་ན་ཡག་གི རྒྱ་རི་བློ་གྲོས་མངོན་གསལ་དོད་པོས་ཟམ་གདོང་རིན་པོ་ཆེ་ཡང་བསྐྱར་བཀའ་ཁྲིར་ཕེབས་རྒྱུའི་འདུན་པ་ཡོད་མཁན་གྲས་རེད། བཀའ་ཁྲི་གསར་པར་”སྔ་མའི་བྱས་པ་ཡར་རྒྱས་མ་ཐུབ་ཀྱང་ནག་བསུབ་མ་གཏོང་”ཞེས་ཡོངས་གྲགས་ཀྱིས་ལབ་ཡོད། འདི་ནི་ཁོང་གིས་བློ་སེང་ལ་ལྟ་ཚུལ་གྱི་རྒྱབ་ལྗོངས་རེད། དེ་ནས་ལས་དོན་ནང་། ཁོང་གིས་དགོངས་པ་ཞུས་པ་རེད། དགོངས་པ་ཞུས་པ་དེའི་མདོར་རྩ་བློ་སེང་ལ་རྒྱབ་སྐྱོར་ཡོད་མེད་ཐད་མི་རྣམས་དོགས་པ་བྱུང་ཡོད། དེའི་ཆ་ནས་རང་སྲེག་ཚད་མཐོར་བྱུང་སྐབས། རྒྱ་ནག་གིས་འབྲེལ་མོལ་ལ་ཡ་མི་བྱེད་པ་དེའང་རྒྱ་རི་བློ་གྲོས་ཀྱི་ཤུགས་འདོན་སྟངས་ལའང་རག་ལས་ཡོད་པར་དཔྱད་པ་བྱེད་མཁན་ཡོད། དེ་ནི་དངོས་གནས་འབྲེལ་མོལ་སྔ་མ་དག་དང་བསྡུར་ན་གཞི་འཛིན་ས་ཡོད་པ་ཞིག་རེད། གང་ལྟར་བཀའ་ཤག་གསར་པ་འབྲེལ་མོལ་དང་འབྲེལ་མཐུད་པ་གཉིས་ཀྱི་རིམ་པ་གཉིས་ནས་ཕམ་ཟིན་པ་གསལ་བོ་ཆགས་སྟབས། གནད་དོན་འདི་རྒྱ་རི་བློ་སེང་ལ་རྒྱབ་སྐྱོར་མེད་པ་ལས་བྱུང་བ་མིན་ན། སྦིར་གྲགས་མེད་པའི་ཐོག་སྐུ་ཚབ་ཟུར་པ་སྐལ་རྒྱམ་ཡོ་རོབ་དམིགས་བསལ་སྐུ་ཚབ་ཏུ་བསྐོ་བཞག་བྱས་འདུག་པ་དེས་ཅི་ཞིག་སྟོན་ནམ། དེས་ན། རྒྱ་རི་དང་བློ་སེང་བར་གྱི་དོགས་གཞི་འདི་གང་ནས་བྱུང་བ་རེད་དམ། དེའི་ཆ་ནས་བློ་སེང་དགའ་བའི་རྒྱ་ནག་དང་འབྲེལ་མོལ་བྱ་མཁན་གྱི་བོད་རིགས་གནད་ཡོད་ཀྱི་ཟམ་པ་ཞིག་ཆག་ཟིན་པ་རེད།
རྒྱ་རི་བློ་གྲོས་ཀྱི་ད་ལྟའི་ནུས་ཤུགས་དང་དགུང་ནའི་བབས་ཀྱིས་ལས་དོན་བྱེད་མི་ཐུབ་པའི་གནས་སྟངས་མེད་པ་དེས། བློ་སེང་གི་བྱེད་ཕྱོགས་ཀྱིས་མཐོ་རིམ་མི་སྣའི་ཡིད་འགུག་ཐུབ་ཀྱི་མེད་པ་གསལ་ཞིང་གསལ་བར་མཚོན་ཡོད་མ་ཟད། དེ་ལས་ལྡོག་སྟེ་བཀའ་ཤག་གསར་པས་དོན་དངོས་ཐོག་རྒྱ་འབྲེལ་འཇོན་གྱི་མེད་ནའང། སྲིད་དོན་དཔྱད་བརྗོད་ནང་དེ་ནི་བློ་སེང་རང་ངོས་ལ་དོན་དངོས་རྒྱ་ནག་དང་འབྲེལ་མོལ་བྱ་འདོད་ཡོད་མེད་ལ་དོགས་པ་བྱུང་བཞིན་པ་དེ་རེད། དོགས་པ་དེ་ནི་རིགས་གཉིས་ནས་ཡོང་གི་ཡོད་པ་སྟེ། གཅིག་ནི། བློ་སེང་རང་ཉིད་ལ་ལོ་ལྔ་ཚན་ཕྱི་མའི་བཀའ་ཁྲིའི་འོས་ཤོག་ཐོབ་ཆེད། ཁོང་གིས་འབྲེལ་མོལ་མགྱོགས་པོར་མགོ་འཛུགས་མི་ཐུབ་ཅིང། བཙུགས་ནའང་ཕུགས་བརྟན་ངེས་པ་མེད་པས་ཁོང་ཉིད་རྩ་དོན་ལས་སྒེར་དོན་དོར་མཁན་ཞིག་མིན་པ་ད་བར་གྱི་ཁོང་གི་གཤིས་སྤྱོད་གཞི་ལ་བཞག་ན་ཤེས་ནུས་པས། འབྲེལ་མོལ་ནི་ཁོང་ལ་མཚོན་ག་ལེར་ཡིན་པ་ངོས་འཛིན་གནང་ཡོད། གཉིས་པ་ནི། བློ་སེང་ལ་བོད་ཀྱི་རིག་གནས་དང་ལོ་རྒྱུས། དེ་བཞིན་བོད་མིའི་སེམས་འདུན་བཅས་ཀྱི་ཤེས་བྱའི་རྒྱབ་ལྗོངས་མེད་པས། ཁོང་ལ་དབུ་མའི་ལམ་གྱི་ཤེས་ཚད་ཚད་ལོངས་པ་ཞིག་ཡོང་ཤེས་མེད་ཁར། ཁོང་ནུབ་ཕྱོགས་ནས་འཚར་ལོངས་བྱུང་བ་དང་ནུབ་ཕྱོགས་གཡོ་འཁྲུལ་སྲིད་དོན་ལ་དགའ་བོ་ཡོད་པ་འོས་བསྡུའི་སྐབས་མངོན་གསལ་ཆགས་ཡོད་སྟབས། དབུ་མའི་ལམ་གྱི་སྲིད་བྱུས་ཀྱང་སྲིད་དོན་གྱི་གཡོ་བྱུས་ཙམ་ལ་ངོས་འཛིན་བྱེད་སྲིད་པས། མདོ་དོན་ཁོང་གིས་དབུ་མའི་ལམ་ལ་ཡིད་ཆེས་བརྟན་པོ་རྙེད་ཡོད་མེད་ལ་དོགས་པ་བྱེད་པ་བཅས་རེད། བྱུང་བཞིན་པའི་གནས་ཚུལ་འདི་དག་ལ་བལྟས་ན། བཀའ་ཁྲི་མཆོག་ནི་དངོས་ཡོད་དང་ཆབ་སྲིད་གང་གི་ཕྱོགས་ནས་ཀྱང་བྱེ་མ་ལེབ་ཀྱི་གནས་བབ་སྟེང་བཞུགས་ཡོད་པ་གསལ་བོ་རེད།
ཞོར་དུ་བཀའ་ཁྲི་བྱེ་མ་ལེབ་རེད་ཅེས་ངས་དུས་ཡུན་རིང་པོའི་བསམ་ཚུལ་ཞིག་དུས་བབ་དྲ་བའི་བསམ་ཚུལ་འདོན་སར་བྲིས་པས། མི་རེ་ཤོས་ཤིག་གིས་ངས་སྐུར་འདེབས་བྱེད་ཀྱི་འདུག་ཅེས་བཤད་སྟབས། ཕྱི་ནང་གི་ལས་དོན་གང་ཅིར་བྱེ་མ་ལེབ་ལྟ་བུར་འགྱུར་བཞིན་པ་གོང་དུ་ཉུང་ཙམ་སྤྲོས་པ་བཞིན། ཞིབ་འཇུག་དང་དབྱེ་ཞིབ་ཀྱི་གཏམ་ལ་ཉན་འདོད་ཡོད་ན་ངས་རིམ་པར་ཕུལ་ཆོག ངས་བྱེ་མ་ལེབ་ཟེར་དོན་སྡོམ་རྒྱབ་ནས་ཞུས་ན། བཀའ་ཁྲིས་ལག་ལེན་བསྟར་མི་དགོས་པའི་དམ་བཅའ་མང་པོ་ཕུལ་སྟེ་མི་རྣམས་ཀྱི་མིག་ལམ་དུ་རང་ཉིད་བྱེ་མ་ལེབ་ཀྱི་ཁ་དོག་ལྟར་སྙིང་རྗེ་བོ་བཟོ་བ། ལས་འཆར་ག་རེ་ཡིན་ཡང། ཨང་དང་པོ་ཁྱབ་བསྒྲགས་བྱེད་རྒྱུར་མཉེས་པོ་གནང་སྟེ་རྒྱ་བསྒྲགས་སྦིར་བསྒྲགས་ཀྱིས་བྱེ་མ་ལབ་ཀྱིས་ས་གཞི་ཁེབས་པ་དང་འདྲའང། ཡུད་ཙམ་ནས་གར་འཛུལ་མི་ཤེས་པ་རྗེས་ཤུལ་མེད་པའི་བྱེ་མ་ལེབ་དང་འདྲ། གང་ཕེབས་གར་འདུག་རྫིག་ཉམས་རབ་ཏུ་བཏོད་དེ་ཕེབས་རྒྱུ་དགའ་བ་ནི་བྱེ་མ་ལེབ་ཀྱི་མཆུ་ཏོ་རིང་པོ་གཉིས་དང་འདྲ་སྟེ། མངོན་གསལ་དོད་པོས་བླ་ཆེན་༧གོང་ས་མཆོག་དང་དགའ་ལྡན་ཁྲི་པ་སོགས་ཀྱི་འཁྲིས་ནས་མི་མང་ལ་ཞལ་རས་སྟོན་པར་དགའ་བ་དེས། བྱེ་མ་ལེབ་སྦྲང་མའི་རྒྱབ་ཏུ་ཡིབས་ནས་གཤོག་པ་བསྐྱངས་ཏེ་ཤ་སྦྲང་ལ་རྫིག་ཉམས་སྟོན་པ་འདྲ་བོ་འདུག་པས། གང་ན་མི་མང་ས་དང་ཁྱབ་བསྒྲགས་ཆེ་སར། བཀའ་བློན་གཞན་གྱི་ལས་དོན་ཡང་ཁོང་གིས་གནང་སྟེ་མདུན་དུ་ཐོན་རྒྱུར་དགའ་བས། མི་རྣམས་ཀྱིས་ཤོག་བུའི་སེང་གེ་ཞེས་བཏགས་འདུག་མོད། དེ་ཆབ་སྲིད་དང་འདྲེས་ཤུགས་ཆེ་སྟབས། ངས་དངོས་གནས་རང་བཞིན་བརྗོད་པ་སྟེ། བཀའ་ཁྲི་བྱེ་མ་ལེབ་ཅེས་བཏགས་པ་ཡིན། བྱེ་མ་ལེབ་འདྲ་བོ་མི་འདུག་གམ།
2012/ 7/ 15/ ཉིན།
ལྷ་མཚོ་སྙིང་མ་རྗེ། ཁྱེད་ཀྱིས་མ་ཤེས་པ་མ་བཏོགས་ཀེ་ཏ་ཀ་ནི་ཤར་ཁུག་རེད་ལ། ཤར་ཁུག་གིས་རྩོམ་འདི་ཁ་སང་ཁ་བརྡ་དྲ་ངོས་སུ་བཀོད་སོང་ཡང་། དྲ་གྲོགས་མང་པོས་སྐྱོན་བརྗོད་ཤུགས་ཆེར་བྱས་པ་ལ་བརྟེན་ནས་ཆུ་ཚོད་ཁ་ཤས་རྗེས་ཕྱིར་སྡུ་བྱེད་དགོས་བྱུང་སོང་བས་ཁྱེད་རང་གིས་འདིར་དྲང་ཡང་ནུས་པ་གང་ཡང་ཐོན་མི་སྲིད། ཧཧཧཧཧ
ལྡོང་ཚའི་བུ་སྡུག མ་ཤེས་ཤེས་མདོག་མ་བྱེད་ཀོ མངོན་ཤེས་ཡོད་མདོག་མདོག་འདྲ་དེ་ནི་དངོས་གནས་ཡིད་མུག་པའི་གནས་རེད།
ཤར་ཁུག་ཟེར་བ་དེ་མཐོང་མ་མྱོང་། འོན་ཀྱང་ཁོང་གིས་བློ་སེང་ལ་བྲིས་པ་དེ་ཚོ་ཁུངས་མེད་རྐྱང་རྐྱང་རྩ་བ་ནས་མ་རེད། བློ་སེང་གིས་བྱས་པ་ཁ་ཤས་ངོ་གནས་ཐབས་སྐྱོ་པོ་འདུག ཡར་རྒྱས་འགྲོ་བ་ཡང་ཁག་པོ་རེད། ཁོང་གིས་རང་སྐྱོན་ངོ་ལེན་གནང་གི་མི་འདུག བཀའ་ཁྲི་ཐོབ་ཆེད་གལ་སྲིད་ང་ལ་བཀའ་ཁྲི་ཐོབ་ན། ༧གོང་ས་མཆོག་བོད་ལ་གདན་འདྲེན་ཞུ་ཐུབ་པ་བྱ་གི་ཡིན་ཟེར། དང་སང་སྐད་ཆ་འགྱུར་བ་བཏང་ནས་ངས་འབད་བརྩོད་བྱ་གི་ཡིན་ལབ་ཀྱི་འདུག དང་པོ་ནས་མི་མང་མགོ་སྐོར་བཏང་འདུག
ཨ་རི་ནས་མཐོ་སློབ་མཐར་ཕྱིན་པ་དེ་ཡང་དགའ་རོགས་རྒྱ་མོས་དྲིན་རེད་འདུག དྲང་མོ་བཤད་ན་མི་མང་མགོ་སྐོར་མཁན་མཁས་དབང་ཞིག་ཡིན་ན་ལས་གཞན་མཁས་དབང་ཞིག་རྩ་བ་ནས་མ་རེད།
ཀེ་ཏ་ཀའི་རྩོམ་འཆལ་གྱི་ལན།
ཀེ་ཏ་ཀའི་སྐད་ཆ་ཕལ་ཆེ་བ་ནི་བཀའ་ཁྲིའི་འོས་བསྡུས་སྐབས་དང་བཀའ་ཁྲིའི་དམ་འབུལ་སྐབས་བཀྲེས་འཐོང་ཕྱོགས་གཏོག་ཚོས། རང་ཉིད་ལ་འོས་ཤོག་ཐོབ་ཆེད་དང་འོས་ཤོག་མ་ཐོབ་པའི་ཞེ་མཁོན་བཅང་སྟེ་མི་བདེན་རྫུན་སྒྲིག་བྱས་པ་དག་སྐྱར་བཟློས་ཙམ་ལས་ཅི་ཡང་མི་འདུག་པས་ལན་གྱི་ངལ་བ་བསྟེན་དོན་མི་འདུག། བཤད་དགོས་པ་ཞིག་ནི། “བསྟོད་རན་མེད་སར་བསྟོད་པ།། ༧གོང་ས་མཆོག་གིས་གནང་སོང།། འདོགས་རན་མེད་དུས་བཏགས་པ།།( བློ་སེང་ལ་མཁས་དབང་བཏགས་པ།) ཟམ་གདོང་བླ་མས་བཏགས་སོང།།”ཞེས་གོང་ས་མཆོག་ནས་བསྟོད་པ་བྱེད་མི་འོས་པ་ཞིག་ལ་བསྟོད་པ་བྱས་སོང་ཞེས་དང་། ཟམ་གདོང་རིན་པོ་ཆེས་མཁས་དབང་བཏགས་མི་འོས་པ་ཞིག་ལ་བཏགས་སོང་ཞེས། འདོར་ན་བོད་མི་རིགས་ཀྱི་ཡོད་ཚད་ལ་སྐྱག་པ་བསྐུ་ཡོང་གི་མི་འདུག་གམ། ཡང་”ཁོང་ལ་སྟོབས་དང་དབང་ཤེད་ག་ཚོད་ཡོད་ཀྱང། བོད་སྤྱི་ཚོགས་ལ་མགོ་ཁྲིད་བྱ་རྒྱུའི་ཐོག་མའི་བོད་མི་མང་དང་བོད་ཀྱི་ཤེས་ལྡན་པ་ཚོར་བརྩེ་དུང་གི་སྦྲེལ་ཐག་ཆད་ཡོད་པས། ལོ་ཁོར་མོ་ཡུག་གཅིག་ལ་བོད་པའི་སྤྱི་ཚོགས་ནང་ཁོང་ཉིད་བཤད་རྒྱུ་གཏམ་རྒྱུའི་ནང་ནས་ཐར་མེད”ཞེས་བཤད་འདུག་ཀྱང་བཀའ་ཁྲི་བློ་བཟང་སེང་གེ་མི་སེར་དཀྱུས་མའི་བུ་ཕྲུག་ཞིག་ཤེས་ཡོན་དང་འཇོན་ཐང་ལ་བརྟེན་ནས། བོད་མི་ཁྲི་ཕྲག་མང་པོས་འོས་ཤོག་བླུག་སྟེ་རྒྱལ་ཁ་ཐོབ་པ་ལས། སྟོབས་དང་དབང་ཤེད་ཀྱིས་བཀའ་ཁྲིས་རྐུབ་སྟེགས་སྟེང་སླེབས་མེད་པ་སུས་ཀྱང་ཤེས་གསལ་རེད། ད་དུང་ཁོང་ལ་རྒྱབ་སྐྱོར་བྱེད་མཁན་མང་ཤོས་ནི་དགོན་སྡེ་ཁག་དང་སློབ་གྲྭ་ཁག་སོགས་ཤེས་ཡོན་ཀྱི་སྡེ་ནས་བྱུང་ཡོད་པས། བོད་མི་མང་དང་བོད་ཀྱི་ཤེས་ལྡན་པ་ཚོར་བརྩེ་དུང་གི་སྦྲེལ་ཐག་ཆད་ཡོད་ཟེར་ན་སྨྱོན་པའི་སྐད་ཆ་མིན་ན་ཅི་ཡིན། ཁོང་ལ་སྐྱོན་བརྗོད་བྱེད་མཁན་ནི་ཁྱོད་དང་ཁྱོད་ལྟ་བུའི་མི་ངན་རེ་ཟུང་ལས། བོད་ཕྱི་ནང་གི་བོད་མི་ཕལ་མོ་ཆེས་ཁོང་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་ནི། དྲ་རྒྱ་འདིའི་ནང་ལ་ཁྱོད་ཀྱི་སྐད་ཆ་ལ་རྒྱབ་སྐྱོར་བྱེད་མཁན་ཇི་ཙམ་འདུག་པ་འདི་དང་། བོད་ནང་ནས་སྲོག་གི་ཉེན་ཁར་མ་འཛེམ་པར་བཀའ་ཁྲི་ལ་བསྟོད་པའི་གླུ་དབྱངས་གཅིག་རྗེས་གཉིས་འཐུད་ཀྱིས་བླང་ཡོད་པ་འདིས་མཚོན་ནུས། རྒྱ་ནག་ལ་ཁ་བཏད་ཆོག་མིན་ནི་བཀའ་ཁྲི་གཅིག་པུ་ལ་རག་ལས་པ་ཞིག་མིན་པ། དམག་དང་དཔལ་འབྱོར་གྱི་སྟོབས་ཤུགས། འཛམ་བུ་གླིང་གི་རྒྱབ་སྐྱོར། བོད་མི་མང་གི་སེམས་ཤུགས་དང་ལྷག་བསམ་སོགས་ཕྱོགས་མང་པོ་ལ་རག་ལས་པ་དཔྱོད་ལྡན་སུས་ཀྱང་ལོས་ཤེས། བཀའ་ཁྲི་ལ་བཙན་བྱོལ་བའི་མཐོ་རིམ་ཁྲོད་ནས་རྒྱབ་སྐྱོར་མེད་རབ་བཤད་ཀྱང་བདེན་སྤང་གང་ཡང་བསྟོན་རྒྱུ་མི་འདུག་ལ། རྒྱ་རི་རིན་པོ་ཆེས་དམིག་གསལ་སྐུ་ཚབ་ནས་དགོང་པ་ཞུ་དོན། རྒྱ་ནག་གཞུང་ནས་ཡ་ལན་གང་ཡང་མེད་རྐྱེན་དགོངས་པ་ཞུས་པ་ཡིན་ཞེས་གསུང་སོང་བས་ཁོང་གི་སྐད་ཆ་ལ་ཡིད་ཆེས་བྱེད་པ་ལས། ཁྱོད་ལྟ་བུའི་དངོས་མིང་ཙམ་ཡང་མེད་པའི་དྲ་འབུ་ཞིག་གི་སྐད་ཆ་ལ་སུས་ཡིད་ཆེས། བསྐལ་བཟང་རྒྱལ་མཚན་ཡོ་རོབ་དམིག་གསལ་སྐུ་ཚབ་ལ་བསྐོ་བཞག་བྱས་པ་འདིས་རྒྱ་རི་རིན་པོ་ཆེས་བཀའ་ཁྲི་ལ་རྒྱབ་སྐྱོར་མེད་པ་སྒྲུབ་ཁུལ་བྱས་འདུག་ཀྱང་། གལ་ཏེ་བསྐལ་བཟང་རྒྱལ་མཚན་གྱིས་རྒྱབ་སྐྱོར་ཡོད་པ་དང་རྒྱ་རི་རིན་པོ་ཆེས་རྒྱབ་སྐྱོར་མེད་པ་དེ་འདྲ་ཞིག་ཡིན་ན། བསྐལ་བཟང་རྒྱལ་མཚན་ནས་རྒྱ་རི་རིན་པོ་ཆེའི་མཉམ་དུ་དགོང་པ་ཞུ་དགོས་དོན་ཅི་ཡོད། བསྐལ་བཟང་རྒྱལ་མཚན་ནས་དགོང་པ་ཞུས་པ་དེ་བཀའ་ཁྲི་ལ་རྒྱབ་སྐྱོར་མེད་པས་ཡིན་ན་སླར་ཡང་ཡོ་རོབ་དམིག་གསལ་སྐུ་ཚབ་ལ་སླེབ་དོན་ཅི་ཡོད། མིན་ན་རྒྱ་རི་རིན་པོ་ཆེས་དགོང་པ་ཞུས་པ་དེས་རྒྱབ་སྐྱོར་མེད་པ་ཇི་ལྟར་མཚོན། ཁོང་སླར་ཡང་བསྐོ་བཞག་མ་བྱས་པས་སོ་ཞེ་ན་དེ་ནི་མ་ངེས་པ་སྟེ་ཁོང་ལས་གནས་གཞན་ལ་བསྐོ་བཞག་བྱ་རྒྱུའི་འཆར་གཞི་ཡོད་སྲིད་པ་རེད། འདི་ལྟར་བསམ་ན་ཁྱེད་རང་གི་སྒྲུབ་བྱེད་དེ་ནུས་མེད་ཡིན་པ་ཤེས་ཐུབ།
བསྟོད་རན་མེད་སར་བསྟོད་པ།།
༧གོང་ས་མཆོག་གིས་གནང་སོང།།
འདོགས་རན་མེད་དུས་བཏགས་པ།། ( བློ་སེང་ལ་མཁས་དབང་བཏགས་པ།)
ཟམ་གདོང་བླ་མས་བཏགས་སོང།།”
བློ་མཐུན་ལུང་རྟོགས་གོང་གི་འདི་སྙན་མོ་ཞེ་དྲག་འདུག་གཱ
འདི་ཅིག་བཀླགས་དུས་ཡིད་ལ་གློག་བརྙན་ཞིག་ཤར་ཡོང་གི ཧཧཧཧཧཧ
དེང་སང་བློ་སེང་གིས་ཨ་རིར་སོགས་ཕྱི་རྒྱལ་གྱི་ལུང་པ་འགའ་ཞིག་ནང་སྐོར་བསྐྱོད་ཀྱིས་གྲོས་ཚོགས་ཀྱི་འཐུས་མི་འགའ་དང་ཐུག་ནས་བོད་དོན་རེ་སྐུལ་བྱས་ཡོད་པས་བོད་དོན་ཉམས་ཆགས་བཏང་མེད་ཟེར། དེ་འདྲ་དགོད་བྲོ་བ་ལ་ཨང་། རང་གི་སྣང་བ་དག་པའི་ཧམ་བཤད་ཅིག་མ་རེད་པས། ༸གོང་ས་མཆོག་གིས་ཆབ་སྲིད་འཛིན་པའི་སྐབས་ཕྱི་རྒྱལ་གྱི་སྲིད་བློན་སྲིད་འཛིན་ཀྱང་ཀྱང་དང་ཐུག་འཕྲད་ཀྱིས་བོད་པའི་རྩ་དོན་ཆེད་རེ་སྐུལ་ཇི་ཙམ་གནང་ཡོད་པ་རྣམས་བློ་སེང་གིས་ཉམས་ཆགས་སུ་བཏང་མེད་ན་ཁོ་པས་ཕྱི་རྒྱལ་གྱི་སྲིད་བློན་སྲིད་འཛིན་སུ་དང་གང་གཅིག་ཀྱང་ཐུག་འཕྲད་བྱས་ཐུབ་མེད་པ་དང་ད་རེས་ཝ་ཤིང་ཊོན་དུ་ཨོ་བྷ་མ་དང་ཕྱི་འབྲེལ་དྲུང་ཆེ་ཁིལ་ཊོན་གང་དང་ཡང་ཐུག་འཕྲད་མ་ཐུབ་པ་དེས་བོད་མིའི་ཆབ་སྲིད་ཀྱི་མགོ་གཙོའི་ཞིག་གི་གོ་ཆོད་འདུག་གམ།
དོན་དངོས་ཐོག་བློ་སེང་བོད་ཀྱི་མགོ་གཙོ་ལངས་པ་ནས་བཟུང་བོད་དོན་ནི་རྒྱལ་སྤྱིའི་གསར་འཕྲིན་ཆེ་ཁག་ནང་དུ་ཡོངས་སུ་རླག་ཟིན་པ་མ་ཟད་བོད་ཀྱི་ཆེ་མཐོང་དེ་རིམ་པ་དགུའི་འོག་ཏུ་ཟག་ཟིན་པ་རེད། དེ་དག་ཚང་མ་བོད་མི་ཚོས་ཨ་གསར་གྱིས་རྒྱལ་སྤྱི་ནང་ཆེ་མཐོང་མེད་པ་མ་ཟད་གྲགས་ཅན་མི་སྣ་ཡང་མིན་པ་ཞིག་བཀའ་ཁྲིར་བསྐོས་པས་རྐྱེན་གྱིས་རེད། མ་འོངས་པར་མགོ་པ་འདི་འདྲ་བ་ཀྱང་ཀྱང་བསྐོས་ན་མི་རིང་བ་བོད་འདི་མགོ་བོ་མི་མངོན་པའི་བེམ་རོ་ལྟ་བུ་མི་འགྱུར་བའི་ངེས་པ་ཡོད་མ་རེད། བོད་འདི་རྒྱལ་སྤྱི་ནང་འབུར་ཐོན་དུ་གནས་དགོས་ན་མགོ་པ་གྲགས་ཅན་ཆེ་མཐོང་ལྡན་པ་ཞིག་ངེས་པར་དུ་དགོས།
བཀའ་ཁྲིས་རང་ནུས་ཡོད་ཚད་བཏོན་ནས་གཞུང་དོན་སྒྲུབ་པ་དངོས་ཡོད་རེད།
ཤར་ཕྱོགས་ཁུག་རྟས་དམངས་གཙོའི་ལམ་བཟང་བེད་སྤྱོད་གནང་བ་འགྲིག་པ་རེད།
རིས་མེད་སྐྱེ་བོས་ཕྱོགས་བྲལ་དགོངས་ཚུལ་ལྷུག་པོར་གསུངས་པ་ཡག་པོ་རེད།
འོན་ཏང་གཞི་མེད་མུ་ཅོར་ཐན་སྐད་གང་སར་སྒྲོག་པ་ག་ལ་འོས།
ལྡོང་ཚ་དང་ལྷ་མོ་འབོད་པ་གཉིས་ལགས
ང་དང་ལོངས་རྟོགས་གཉིས་ནི་མི་གཉིས་མིན་ལ་ཁྱོད་ཚོ་དང་འདྲ་བར་ག་དུས་ཡིན་ཡང་ཡག་རྩོག་མི་ཤེས་པའི་ཤར་ཁུག་ལྟ་བུའི་རྗེས་འབྲངས་བ་དེ་བས་ཀྱང་མིན། ང་ནི་རེབ་གོང་ནས་ཐོན་པའི་རེབ་གོང་བའི་རིགས་ལ་ལ་ཞེན་ཡོད་ལ་བོད་གཞུང་དང་གོང་ས་མཆོག་དང་བོད་མི་དམངས་གི་འོས་འདེམས་བྱས་ཏེ་ཐོབ་པའི་བཀའ་ཁྲི་དེ་བརྒྱ་ཆ་བརྒྱ་འགྲིག་ཡོད་པར་འདོད་པའི་གང་ཟག་ཞིག་མིན།
ཡིན་ཡང་ཕ་ཡུལ་གཅིག་ཀྱང་སྐད་ཆ་དྲང་མོ་བཤད་དགོས་བ་ཆོས་ཉིད་ཡིན། ཁུག་རྟའི་བྲིས་རྩོམ་མང་ཤོས་ནང་དུ་རང་ཉིད་སྒེར་ཀྱིས་ཁོན་སེམས་ཤུགས་ཆེན་པོ་མཐོང་སོང་དེའི་རྐྱེན་ཀྱིས་ཁོང་ལ་སྦལ་བ་ལྡིང་རྒྱུ་མང་ན་རྐང་ལག་ཐང་ལ་འབྱར་ཡོང་ཟེར་པ་ལ་བཀའ་ཁྲི་མཆོག་ནོར་འཁྲུལ་ཡོད་ན་ང་ཚོ་སུ་ཡིན་ཡང་སྐྱོན་དེ་བཤད་ཆོག་ལ། ཁུག་རྟ་ཡིན་ཡང་གཅིག་པ་ཡིན། ང་དང་ལོངས་རྟོགས་གཉིས་མི་གཅིག་མིན་ལ།ང་རང་རེབ་གོང་བ་ཞིག་ཡིན། གལ་སྲིད་ལྷ་མཚཽ་མིང་ཅན་ཁྱོད་ཀྱི་བལྟ་ན་འདོད་ན་ང་རང་འདུག་ས་རྡ་ས་ཡིན། བདག་གིས་ཀྱང་ཁྱོད་སུ་ཡིན་མིན་ལ་བལྟ་འདོད་འདུག། གལ་སྲིད་གསལ་བོ་ཞིག་བལྟ་མི་ཐུབ་ན་སྐྱག་ཁ་དེ་ཚུམ་ལ་སྡོད
ང་དང་ལོངས་རྟོགས་གཉིས་ནི་མི་གཅིག་མིན་ལ། ཁྱོད་གཉིས་ཀྱིས་བསམ་བཞིན་པའི་དྲ་འབུ་རུ་འབོད་པའི་སྤྱི་ཚོགས་ནང་དུ་ག་དུས་ཡིན་ཡང་དཀྲུག་ཤུང་སློང་བའི་མི་བུ་ཁྱོད་ཚོ་འདྲ་བ་ཡང་གཏན་ནས་མིན།
ལོག་སྨྲ་ཚར་བཅོད་ཡིན་ན་ལོག་པར་སྨྲ་བ་ཡིན་ན་ཁྱེད་རང་ཆོ་མེད་པའི་སྐད་ཆ་མ་གསུངས་རོགས། ཨ་རིའི་སྲིད་འཛིན་དང་ཕྱི་སྲིད་བློན་ཆེན་ནི་རང་དབང་ཡོད་པའི་རྒྱལ་ཁབ་ཆུང་ཁག་གི་དབུ་ཁྲིད་ཚོས་ཀྱང་འཇལ་ཐུབ་ཀྱི་མི་འདུག་ན། སྐྱབས་གཅོལ་བའི་དབུ་ཁྲིད་ཞིག་གིས་འཇལ་རྒྱུ་ལས་སླ་པོ་ག་ལ་ཡོད། ད་དུང་རྒྱ་ནག་གི་གནོན་ཤུགས་ལ་ཡང་བཏུན་དགོས་པ་མ་ཡིན་ནམ། བྱ་བ་སྒྲུབ་རྒྱུ་དེ་བཤད་སྡད་པ་ལྟ་བུའི་ལས་སླ་པོ་མེད་པ་དཔྱོད་ལྡན་སུས་ཀྱང་ཤེས་རྒྱུ་རེད། ད་དུང་”བོད་འདི་རྒྱལ་སྤྱི་ནང་འབུར་ཐོན་དུ་གནས་དགོས་ན་མགོ་པ་གྲགས་ཅན་ཆེ་མཐོང་ལྡན་པ་ཞིག་ངེས་པར་དུ་དགོས།”གསུང་ན་བཀའ་ཁྲི་བློ་སེང་ལས་ལྷག་པའི་རྒྱལ་སྤྱིའི་ཁྲོད་གྲགས་ཅན་ཆེ་མཐོང་ལྡན་པ་བོད་པའི་ཁྲོད་སུ་འདུག་གམ། ད་དུང་ལོགས་བཤད་མང་ན་ཡང་གནས་སྐབས་དེ་ཙམ་ཡིན།
ང་རང་ཚོ། གོང་གི་བཀའ་ཁྲི་སུས་རྒྱལ་ཁབ་ཁག་གི་སྲིད་འཛིན་དང་སྲིད་བློན་ཐུག་རབས་འདུག མེད་པ། ད་ལྟའི་བཀའ་ཁྲི་རྒྱལ་ལོ། ཁུག་རྟ་དང་ལྷ་འཚོ་སོགས་སྐྱག་པར་ལག་འཆང་ན་རང་ཉིད་དྲི་མ་འཁོར་བའི་རྒྱང་རིང་དུ་བསྡད་པར་སྤྲོའོ།
༤༨༽ རེབ་ཐོག་མདའ་ནས། ལགས། ཁྱོད་ངོ་མ་རེབ་གོང་ནས་ཡིན་པ་བདེན་ན། མིང་ལ་ག་རེ་ཟེར། རེབ་གོང་གི་གྲོང་སྡེ་གང་ནས་ཡིན། ད་ལྟའི་འདུག་གནས་དང་། ལས་ཀ་བཅས་གསལ་བཤད་གནོངས་ཤིག
ཤར་ཕྱོགས་ཁུག་རྟའི་ལོ་རྒྱུས་རོབ་བསྡུས་ཤིག་འདིར་དྲངས་ན།
ཤར་ཕྱོགས་ཁུག་རྟའི་ལོ་རྒྱུས་རོབ་བསྡུས།
རྩོམ་པ་པོ་ཤར་ཕྱོགས་ཁུག་རྟའམ་བློ་བཟང་ཆོས་འབྱོར་ལགས་ནི་
༡༩༨༢ ལོར་རེབ་གོང་དུ་སྐྱེས། ཆུང་དུས་ནས་བློ་རིག་བཀྲ་ལ་སྨྲ་དག་པ།
༡༩༩༧ ལོར་སློབ་འབྲིང་མཐར་ཕྱིན་རྗེས་རབ་ཏུ་བྱུང། སློབ་འབྲིང་བར་རིག་པ་རྣོ་ལ་སློབ་སྦྱོང་ཐོག་མིག་དཔེ་འོས་པའི་སློབ་མ་ཞིག་ཡིན་འདུག
རབ་ཏུ་བྱུང་རྗེས་ནང་དོན་རིག་གནས་དང་སྙན་གཞུང་སོགས་ལ་སྦྱངས་པས་འདྲ་འདྲའི་ནང་ནས་མི་འདྲ་བ་ཞིག་ཡོད་པར་བཤད། སྐབས་དེར། བོད་ནང་སྙན་དེབ་གཉིས་བཏོན་པར་བཤད་ཀྱང། གཅིག་གི་མིང་ལ་༼ དུས་རབས་ཀྱི་རླུང་རྟ༽ཟེར། གཞན་དེ་མིང་ཤེས་མ་སོང།
དགོན་པར་སྡོད་སྐབས། སློབ་གཉེར་ཐོག་རིག་པ་བཀྲ་ལ་འབྲི་རྩལ་མཁས་པས་ཆེ་དྲག་རྣམས་ཀྱི་ཞབས་ཞུ་ནང་མ་ཡིན་ཚུལ་གསུངས་བས། ཆུང་དུས་ནས་ལས་ཀ་ཆེན་པོ་བྱེད་རྒྱུའི་གོ་སྐབས་ཐོབ་འདུག
༢༠༠༣ ལོར་རྒྱ་གར་དུ་འབྱོར་རྗེས། གསར་མཇལ་སྐབས་མི་མང་ནང་༧གོང་ས་མཆོག་ཁོང་གི་ལག་པར་འཇུས་ཚུལ་གོ་རྒྱུ་འདུག མཚན་ཉིད་སློབ་གྲྭར་ནང་དོན་རིག་གནས་སྦྱངས་པར་བཀའ་ཕེབས་པ་བཞིན་ལོ་གསུམ་ལ་སྦྱངས། སྐབས་དེར་སྙན་ངག་གི་དེབ་༼་ཟུར་གསུམ་ ༽ཞེས་པ་ཞིག་བཏོན་འདུག་པས། སྐུ་ཞབས་ཞོགས་དུང་ལ་མཁས་དབང་ཟེར་མཁན་གཞོན་སྐྱེ་ཁྲོད་ཁོང་ཐོག་མ་ཡིན་འདུག སྐབས་དེར་ཞོགས་དུང་ལ་སྡུག་དམོད་བྱེད་བཞིན་པའི་སྒང་ཡིན་འདུག སློབ་གྲྭར་སྡོད་སྐབས་ ༢༠༠༥ ལོར་༧གོང་ས་མཆོག་གིས་གཟིམ་མཇལ་གནང་སྟེ། ཁོང་གིས་སྤྲུལ་སྐུའི་ལམ་ལུགས་ལ་སྒྲིག་གཞི་བཟོ་དགོས་ཚུལ་ཞུས་པས་རྗེས་སུ་༧གོང་ས་མཆོག་གིས་གཙུག་ལག་ཁང་གི་གསུང་ཆོས་སར་བསམ་ཚུལ་ཡག་པོ་འདུག་ཚུལ་ཡོངས་བསྒྲགས་ཀྱང་གནང་བ་རེད་ཟེར། སྐབས་དེར་ཆོས་བཀའ་བློ་ཉི་ལགས་ཡིན་ས་རེད། སྐབས་འདི་ནས་ཟམ་གདོང་རིན་པོ་ཆེ་ཁོང་ལ་དོ་སྣང་བྱུང་འདུག གཞན་ཡང་ཁོང་གིས་ལོ་དེར་༧གོང་ས་མཆོག་གིས་དགོངས་གཞི་དང་བོད་མི་མང་བར་གྱི་ཟམ་པ་ལྟ་བུའི་༼ ཨ་མའི་བུ ༽་ཞེས་པའི་ཆེད་དེབ་སྐད་གྲགས་ཅན་ཞིག་ཀྱང་བཏོན་འདུག དེབ་དེ་མི་རབས་གསར་པའི་བསམ་བློའི་སྣེ་འདྲེན་ལྟ་བུར་གླེང་མཁན་ཡང་འདུག
༢༠༠༦ ལོར་ཐའེ་ཝན་དུ་སྐུ་སྒེར་ཡིག་ཚང་གིས་ཐའེ་ཝན་དུ་གཏོང་འཆར་གྱིས་སློབ་གྲྭ་ནས་ཐོན་དགོས་བྱུང་ཡང། ལག་ཁྱེར་མ་རག་སྟབས། ལྡི་ལིར་ཨིན་ཇིའི་སློབ་གྲྭ་ཚད་ལྡན་ཞིག་ཏུ་ཟླ་བ་ ༨ ལྷག་ལ་ཨིན་ཡིག་སྦྱོང་གི་བཏང་འདུག སྐབས་དེར། ཁོང་གིས་ཝ་ནའི་ཆེད་དེབ་སྟེང ༼་དགེ་ཚུལ་སློང་གི་སྡོམ་པ་ཅུང་ཙམ་དཔྱད་པ་༽ཞེས་པའི་རྩོམ་ཡིག་ཅིག་ལ་བརྟེན། སྐུ་ཡིག་ཏུ་ཕྲ་མ་བཅུགས་ནས་མཐར་ཁོང་གིས་དགོངས་སེལ་མ་ཞུས་སྟབས་སློབ་མཚམས་ཆད་འདུག
༢༠༠༧ མ་ཟིན་ཙམ་ནས་བཀའ་ཤག་གི་བཀའ་འབྲེལ་འོག་བཀའ་དྲུང་ཁྱབ་ཁོངས་ངེས་མེད་ལོ་རྒྱུས་འབྲི་རྩོམ་ཚན་པར་ཡིག་ཆ་ཞིབ་འཇུག་གི་ལས་ཁུར་ཞུས་འདུག ལས་ཞོར་ ༢༠༠༨ ལོར་བོད་ནང་ཞི་རྒོལ་བྱུང་སྐབས་བཙན་བྱོལ་ནང་གི་རྩོམ་པ་པོ་རྣམས་ཀྱི་ཆེད་རྩོམ་བསྡུས་ནས་ཞི་རྒོལ་ལ་རྗེས་དྲན ༼ ཁྲག་གི་རྡོ་རིང་༽ཡང་ཁོང་གིས་རྩོམ་སྒྲིག་འགྲེམས་སྤེལ་བྱས་འདུག དེབ་དེར་རྒྱ་ནག་གི་བཅའ་ཁྲིམས་བཀོད་ཡོད་པས། དམིགས་བསལ་ཚོགས་ཆེན་སྐབས་ཆེན་པོ་རྣམས་ཀྱིས་དེབ་དེ་རྩད་གཅོད་ཀྱིས་གནད་འགག་རྟོགས་མཁན་དུ་གླེང་འདུག སྐབས་དེར་བཀའ་ཟུར་ལྷན་ཚོགས་སྐབས་ཁོང་གི་དེབ་དེ་ཀུན་གྱིས་བསྣམས་ནས་བཅའ་ཁྲིམས་གསར་མཐོང་ལྟ་བུ་བྱེད་ཀྱི་འདུག་སྐད། དེ་ནས་ ༢༠༠༩ ལོའི་ལོ་མགོར་ཡོ་རོབ་རྒྱལ་ཁབ་ཁ་ཤས་སུ་ལྟ་བསྐོར་དུ་བསྐྱོད་སྐབས། ཁོང་གིས་ཕྱི་རྒྱལ་ནས་འདུག་རྒྱུ་རྨི་ལམ་དུའང་མི་འདུག་ཅེས་སྐབས་དེའི་ཁོང་ལ་རོགས་རམ་གནང་མཁན་སིད་སིར་གནས་སྡོད་སྐུ་ཞབས་སངས་རྒྱས་ཀྱིས་གླེང། ཡོ་རོབ་ནས་ཚུར་འཁོར་མཚམས་ཐའེ་ཝན་དུ་མ་བསྐྱོད་པར་ལས་ཁུངས་དེའི་ལས་བྱེད་ནང་བོད་ཡིག་ཐོག་ཞིབ་འཇུག་པ་རྩེ་གྲས་ཆགས་པ་དེང་སང་གླེང་མཁན་མང་པོ་འདུག ༢༠༠༩ ལོར་སྐུ་ཡིག་གིས་ཁོང་ལ་གོ་སྐབས་སླར་ཡང་གནང་བ་སྟེ་༧རྒྱལ་བ་རིན་པོ་ཆེས་རྩོམ་ཡིག་གི་རྙོག་གླེང་དེ་མཁྱེན་ནས་ཐད་ཀར་བཀའ་ཕེབས་པ་ཡིན་ས་རེད། སྐབས་དེར་ཁོང་ལ་དམིགས་བསལ་གྱིས། ༧གོང་ས་མཆོག་ལྡི་ལི་ནས་ཡོ་རོབ་ཏུ་ཕེབས་སྐབས་ལྡི་ལིར་བཅའ་བཞུགས་གནང་སའི་མགྲོན་ཁང་ཆེན་པོ་ཞིག་ཏུ་ཁོང་ཐའེ་ཝན་དུ་ཕེབས་སྐབས་གཟིམ་ཆུང་མཇལ་ཁ་གནང་འདུག ཐའེ་ཝན་ནས་ལོ་གཅིག་རིང་སློབ་སྦྱོང་བྱས་རྗེས་ཐའེ་ཝན་དུའང་མ་བསྡད་པར་རྡ་སར་སླེབས་མ་ཐག བཀའ་ཤག་གིས་ལན་འདེབས་ཚོགས་ཆུང་གི་རྒྱུན་ལས་སུ་ཐད་བསྐོས་གནང་སྟེ་ལས་དོན་བྱས་པ་སོགས། དེ་སྔ་སློབ་དཔོན་ཟམ་གདོང་རིན་པོ་ཆེས་ངོས་འཛིན་ཡང་དག་གནང་ཡོད་འདུག
ལན་འདེབས་ཚོགས་ཆུང་ནང་ལོ་གཅིག་རིང་རྒྱ་ནག་ལ་ལན་འདེབས་རྩོམ་ཡིག་གནད་དུ་འཁེལ་བ་རྒྱལ་སྤྱིའི་སྟེང་བཀྲམས་ཐུབ་ཡོད་པ་བཅས་དང། གཞན་ཡང། ཁོང་གིས་ཞིབ་འཇུག་བྱས་པ་། ༼ ས་མཐའི་རྐང་རྗེས། མི་ཚེའི་ལག་ཡོང༽་ཞེས་པ་དང། བསམ་ཚུལ་བྲིས་པ། ༼ ཤར་ཕྱོགས་ཁུག་རྟའི་དཔྱད་རྩོམ་ཕྱོགས་བཏུས། ༽སྙན་ངག ༼ མཛའ་མོར་སྦྱར་བའི་སྙན་ངག། ༽སྤྱི་ཚོགས་བསམ་ཚུལ། ༼ བློ་བཟང་སེང་གེ་དང་ཤར་ཕྱོགས་ཁུག་རྟ༽། ཆབ་སྲིད ༼ རྒྱ་ནག་ལན་འདེབས་ཕྱོགས་བཏུས༽་སོགས་མི་རིང་བར་པར་འགྲེམས་ཀྱིས་ཀློག་པ་པོར་སྤྱན་བསྟར་ཞུ་རྒྱུ་ཡིན་འདུག་པ་བཅས། དེང་རབས་ན་གཞོན་ཁྲོད་གཟེངས་སུ་ཐོན་པའི་རྩོམ་པ་པོ་དང་བསམ་བློ་བ་ཞིག་ཡིན།།།
ད་དུང་དབུ་མའི་ལམ་ལས་འགུལ་ཁང་གི་འགན་འཛིན་དང་ཆབ་སྲིད་དཔྱད་གླེང་རྩོམ་སྒྲིག་པ་སོགས་བཀོད་མི་འདུག་པས། ང་དང་ང་འདྲ་བས་ནི་འགྲན་བཟོད་པའི་གང་ཟག་ཅིག་མིན་པ་དང། ཕྲག་དོག་བྱེད་ས་ཞིག་མིན་པ་ཧ་ཅང་གསལ་བོ་རེད་འདུག
འདི་ནའང་སྐྱག་པ་ཞིག་བཏང་འདུག་ཨ
ཤར་ཁུག་ལགས། བོད་ཀྱི་སྲིད་སྐྱོང་བློ་སེང་ལགས། སངས་རྒྱས་མ་རེད། ཆབ་སྲིད་པ་ཅིག་རེད། དེ་དང་པོ་ནས་ཤེས་པར་གྱིས།
བོད་རིགས་མི་མངས་ལ་ཞུ་རྒྱུར། སྲིད་སྐྱོང་བློ་སེང་ལགས་ལ། འོས་ཐོབ་པའི་ལོ་དང་པོ་ནས་ཤར་ཁུག་གིས། སྐྱོན་བརྗོད་བྱས་པ་འདིས་མི་འདི་ལ་བོད་མིའི་ལ་རྒྱ་མེད་པ་དང་དགྲ་གཉེན་ངོ་མ་ཤེས་ལྟ་བུའི་ནོར་བ་རེད།
འོན་ཀྱང་། བཀའ་ཁྲིའི་ལོ་ཚད་འཁྱུར་མཚམས་ལ་བཀའ་ཁྲིའི་ཕྱག་ལས་ལ་སྐྱོན་བརྗོདགསལ་སྟོན་བྱེད་མ་ཐུབ་ན། བློ་སེང་ལ་མ་དགའ་བ་ཙམ་མ་གཏོགས་དོན་ལ་མ་འཇོན་པ་ཡིན་པར་ངོས་འཛིན་བྱེད་དགོས།
ངས་ཤར་ཁུག་ངོ་མི་ཤེས་ཀྱང་། ཤར་ཁུག་གི་ལོ་རྒྭས་ནང་ལ། ༼ བློ་བཟང་སེང་གེ་དང་ཤར་ཕྱོགས་ཁུག་རྟ༽། ཆབ་སྲིད། འགྲེམ་རྒྱ་ཡོད་པ་འདིས་དགྲ་དགའ་གཉེན་སྡུག་གི་གཏམ་ཞིག་ཡོད་པར་ངེས་པ་རེད་སྙམ།
རེབ་གོང་བས་རེབ་གོང་བའི་ཞེན་ཁོག་བྱེད་ཡོང་གི་འདུག་ག ལྟས་ངན་རེད་ད། ད་བར་དུ་འདི་འདྲ་ཀྱང་ཀྱང་བྱས་ནས་བོད་པ་ཚང་ཕུང་ལ་སྦྱར་བ་རེད།
རེབ་གོང་པས་རེབ་གོང་ལ་ཕྱོགས་རིས་བྱེད་ཀྱི་མེད། ངས་ཤར་ཁུག་ལགས་ཀྱི་ལོ་རྒྱུས་ཙམ་བརྗོད་པ་ཡིན། བྱབ་ཆུང་ཁ་ཤས་ཀྱིས་ངོ་ཤེས་མི་འདུག་བསམས་པ་དེ་ཡིན།
ངས་བློ་སེང་དང་ཤར་ཁུག་བར་ལ་སྒེར་ནད་གང་ཡང་ཡོད་པར་མཐོང་གི་མེད། བློ་སེང་བཀའ་ཁྲི་ཡིན་པས་རྒྱབ་སྐྱོར་ལོས་བྱེད། ངའི་བཀའ་ཁྲི་རེད། ཡིན་ནའང། ཤར་ཕྱོགས་ཁཱུག་རྟས་སྐྱོན་ནརྗོད་བྱེད་མི་ཆོག་པ་གང་ཡོད། ངས་ཞིབ་མོར་ཀློག་གི་ཡོད། འགོ་ཚོས་མཁན་ཞིག་ཡིན་པ་གསལ་བོ་རེད། རྒྱུ་མཚན་དེ་རང་རེད།
ལུང་རྟོགས་ཁྱེད་རང་ཁམས་པ་ཞིག་ཡིན་པས་ཆ་ནས་བློ་སེང་ལ་རྒྱབ་སྐྱོར་བྱེད་ཀྱི་འདུག ག་དུས་ཡིན་ན། དྲ་ངོས་འདིར་ཤར་ཕྱོགས་པར་སྐྱོན་བརྗོད་བྱེད་ཀྱི་འདུག ཁྱེད་ནས་ཆོལ་ཁའི་ཕྱོགས་རིས་བྱེད་ཀྱི་འདུག་ཅེས། ངའི་སེམས་ལ་ཤར་ན་འདྲ། སྐད་ཆ་དེ་འདྲ་བཤད་ཀྱི་མ་རེད། ངས་ཁྱེད་ཀྱི་སེམས་མི་མཐོང། དེ་བས་རང་གི་སྐད་ཆས་རང་ཉིད་བྱབ་ཆུང་མི་བཟོ་པ་འདི་ཁྱེད་ཚོ་བོད་ཡིག་ཐོག་ལས་དང་པོ་རྣམས་ཀྱིས་སེམས་སུ་ཉར་རོགས།།།
རེབ་ཐོག་མདའ་ལ།
དེ་ནས་ཁྱེད་ཀྱིས་རྫོབ་རྟགས་མ་བསྟན་ན་ཡག་གི་རེད། ཁ་ཤས་ཀྱིས་ཁྱེད་རང་སངས་རྒྱས་བཀྲ་ཤིས་ཟེར་བ་ཨ་ལགས། རེབ་གོང་པ་སུ་གང་ལ་འཆམ་པོ་མེད་མཁན། ཁ་བཙོག་པ་ཞེ་པོ་ཅིག་ཡོད་མཁན་སྒྲུང་སྣ་ཚོགས་་ཡོད་མཁན་དེ་རེད་ཟེར། ཡོངས་གྲགས་ཨ་ལགས་ཞེས་འབོད་པ་དེ་རེད་ཟེར། རྡ་སར་འཁྱམས་སྡོད་མཁན་དང་གྲོགས་པོ་ཚང་མ་རྒྱག་རེས་དང་ཁ་རྩོད་རྐྱང་རྐྱང་རྒྱབ་ནས་བསྡད་ཡོད་པ་རེད་ཟེར། རྒྱ་གར་དུ་སླེབས་དུས་ཡི་གེ་ཤེས་ཀྱི་མ་རེད་ཟེར། དེང་སང་དག་ཆ་མི་འདུག་སྟེ་ཡི་གེ་འབྲི་ཤེས་པ་དེ་ཡག་པོ་འདུག གང་ལྟར་ཁྱེད་རང་མཐོང་མ་མྱོང་མ་གཏོགས་གནས་ཚུལ་རེབ་གོང་པ་ཚོའི་ཁ་ནས་གོ་སོང། དེས་ན་ང་ཁྱེད་ལ་སྐད་ཆ་བཤད་རྒྱུའི་དུས་ཚོད་མི་འདུག་ལགས།
འབྲི་ཉན་སྤྲོ་ན་སོ་སོའི་ལོ་རྒྱུས་དགེ་སྐྱོན་གཉིས་ཀ་བྲིས་ནས་འདིར་འཁོད་དང། དེ་ནས་ངས་དུས་ཚོད་བཏོན་ཆོག