བཀའ་ཁྲི་ཟུར་པ་དང་སྲིད་སྐྱོང་གཉིས་ཀས་ཤེས་རིག་སྐོར་གསུང་བཤད། Posted on 2013-02-25 By ཁ་བརྡ་ 5 Comments on བཀའ་ཁྲི་ཟུར་པ་དང་སྲིད་སྐྱོང་གཉིས་ཀས་ཤེས་རིག་སྐོར་གསུང་བཤད། བགྲོ་གླེང་།
“སྲིད་སྐྱོང་”གིས་ཆེད་ལས་པ་སྐྱེད་སྲིང་སྐོར་དེ་དངོས་གནས་ joke རང་རེད། ངུ་ཤོར་འགྲོ་བ་ཞིག་འདུག་ད། ས་ཡ་དྲུག་གི་སྐོར་ལ་སྐད་ཆ་བཤད་ནས་འབབ་ས་འདྲ་བོ་དེ་འབུམ་གཅིག་གི་སྒང་ལ་བབས་ནས་ འབུམ་གཅིག་པོ་དེའི་ལྟོ་གོས་གནས་མལ་ཐོག་ལ་བབས་སོང་། ཟམ་གདོང་རིན་པོ་ཆེ་མཆོག་གིས་ཤེས་ཡོན་གྱི་ལམ་སྲོལ་དེ་ནང་པའི་ཆོས་དང་བོད་ཀྱི་རྒྱལ་རབས་ཐོག་ནས་འགྲེལ་བཤད་གནང་སོང་། ནང་ཆོས་ཀྱིས་བོད་ཀྱི་ཤེས་ཡོན་ལ་འགྲེལ་བཤད་བརྒྱབ་པ་དེ་ལ་ཐང་ཆད་ཀྱི་མི་འདུག་གམ། དེས་འགྲེལ་བཤད་བརྒྱབ་པའི་གྲུབ་འབྲས་ལ་ ༡༩༦༠ ལོ་ནས་བཟུང་སྟེ་ད་བར་དུ་ང་ཚོ་ལ་བཙན་བྱོལ་བ་སློབ་མ་སྙིང་རྗེ་ཅན་ཤ་སྟག་ལས་ཤེས་ཡོན་ཡོད་མཁན་ཐོན་མ་ཐུབ་པ་དེ་རེད། ཡིད་མི་ཆེས་ན་གྲངས་ཀ་རྒྱོབས་དང་། གསར་འབྱོར་མ་ཡིན་པའི་བོད་ཡིག་ཐོག་དེབ་འབྲི་མཁན་ག་ཚོད་ཡོད་རེད། མཁས་པ་ག་ཚོད་ཡོད་རེད། དཀོན་མཆོག་གསུམ། ད་དུང་ཡང་དེ་འདྲ་བཤད་བསྡད་ན་མུ་མཐུད་ནས་འདི་འདྲ་མ་གཏོགས་ཡོང་གི་མ་རེད། བཙན་བྱོལ་གྱི་བོད་ཕྲུག་དེ་ཚོའི་བོད་ཡིག་ནི་ཧ་ཅང་སྐྱོ་བོ་ཡིན་པ་ཡོངས་གྲགས་རེད། དབྱིན་ཡིག་ཀྱང་ཁུངས་འཕེར་བ་ཞིག་ཡོང་གི་མི་འདུག ཧིན་དཱི་ག་པ་ག་པ། རིན་པོ་ཆེས་ད་དུང་དེང་དུས་ཀྱི་ཤེས་ཡོན་སྐོར་ལ་འགྲེལ་བཤད་མང་པོ་བརྒྱབ་སོང་། འོན་ཀྱང་མ་འགྲིག་པ་དེ་གང་རེད་ཅེ་ན། འཛམ་གླིང་གཞན་ན་བྱིས་པ་སློབ་སྦྱོང་སྤྲོད་སྐབས་བྱིས་པ་དེ་ནར་སོན་ནས་ལས་ཀ་བྱེད་ཤེས་མཁན་ཞིག་དང་ལས་ཀ་དེ་ལ་བརྟེན་ནས་འཚོ་བ་བསྐྱལ་ཐུབ་མཁན་ཞིག་ལ་དམིགས་པ་རེད། དེ་ལ་སྐྱེ་བ་ཕྱི་མའི་དོན་དག་འདྲེས་ཡོད་མ་རེད། སྐྱེ་བ་འདི་ལ་དངུལ་གྱིས་མ་ཕོངས་པ། སྐྱེ་བ་འདི་ལ་ལས་ཀས་མ་ཕོངས་པ་ཞིག་ལ་དམིགས་པ་རེད། བོད་ཀྱིས་སྐྱེ་བ་ཕྱི་མ་དམིགས་ནས་གཞན་གྱིས་རང་བསད་ཀྱང་ད་དུང་”གཞན་བདེ་བ་ཅན་དུ་སྐྱེ་བར་ཤོག་”ཅེས་སྨོན་ལམ་བརྒྱབ་ནས་བསྡད་ན་ག་ལ་འགྲིག
སྲིད་སྐྱོང་བློ་སེང་གི་གསུང་བཤད་ཀྱི་ནང་དོན་གནད་བསྡུས་ནི་འདི་ལྟར་རེད། ངས་བོད་ནང་ལ་རིགས་གཅིག་རྐང་འཛིན་འབུམ་གཅིག་དང་བཙན་བྱོལ་སྤྱི་ཚོགས་ནང་ལ་ཁྲི་ཁ་ཤས་སྐྱེད་སྲིང་བྱེད་རྒྱུ་ཡིན་ཞེས་བསྒྲགས་ཡོད། བཙན་བྱོལ་སྤྱི་ཚོགས་ཀྱི་ཤེས་ཡོན་ཡར་རྒྱས་གཏོང་རྒྱུའི་གཏམ་ཡང་བསྒྲགས་ཡོད། ལོ་ལྔའི་རྗེས་སུ་མ་གྲུབ་མེད་ན་མ་འགྲུབ་ཐལ་ཟེར་ནས་རང་སྐྱོན་ངོས་ལེན་བྱེད་དགོས་རེད། ང་གཅིག་པོ་མ་རེད། ང་ཚོ་ཚང་མས་ངོས་ལེན་བྱེད་དགོས་རེད། འགན་དེ་ང་གཅིག་པོའི་སྟེང་ལ་མ་གཡུག་ཨ། ངས་ནི་ཤེས་ཡོན་གལ་ཆེན་པོ་རེད་ཟེར་གྱི་ཡོད། ཤེས་ཡོན་གལ་ཆེན་པོ་རེད་ཟེར་བ་དེས་ཁྱེད་རང་ཚོ་གལ་ཆེན་པོ་རེད་ཟེར་གྱི་ཡོད། ཁྱེད་ཚོ་གལ་ཆེན་པོ་ཡིན་པ་གང་ཞིག་ལ་འགན་མ་བླངས་པར་སྡོད་ས་ག་པ་ཡོད་པ་རེད།
ཟམ་སྟོང་ཚང་གིས། སློབ་ཕྲུག་ལ་ཉེས་རྡུང་བྱས་ན་མི་འགྲིག་པའི་རྒྱུ་མཚན་འཇིགས་སྣང་བསྐུལ་བ་དྲངས་ཀྱིན་འདུག དེས་ན་ཁོ་རང་དེ་སྔོན་སློབ་སྤྱི་ཡིན་སྐབས་དབྱུག་རིང་ལག་པས་འཁྱོག་ཚད་ཅིག་བཟུང་ནས། སློབ་ཕྲུག་ཚོར་གཅིན་པ་ཤོར་གྲབ་བྱེད་པའི་འཇིགས་སྣང་བསྐུལ་བ་བརྗེད་སོང་བ་མ་ཡིན་ནམ། བླ་རྒན་འདི་ལ་སློབ་ཕྲུག་ཚོས་འཇིགས་སྐུལ་བ་ཞེས་མིང་གི་ཆོ་ལོ་བཏགས་པའི་ལོ་རྒྱུས་ཡང་ཡོད་རེད།
བཙན་འབྱོར་ནང་ཟམ་གདོང་གི་ཕྱག་ལས་གནང་རྗེས་ཆབ་སྲིད་ཡོད་པ་ནས་མེད་པ། དཔའ་འབྱོར་ཡོད་པ་ནས་མེད་པ། རང་བཙན་ནས་དབུ་མ། དབུ་མ་ནས་མི་རིགས་རང་སྐྱོང་། འདས་པའི་དཔའ་བོ་དཔའ་མོ་ཚོ་དང་སྐུ་ལས་སྐྱོན་མཁན་ཚོ་སྙིང་རྗེས་ཁོང་ཚོ་ཚང་མའི་དམིགས་ཡུལ་ཧ་ལོག་ཧ་ལོག་ཧ་ལོག།
རེད་རེད། བོད་ཀྱི་འགྲེལ་བཤད་ནང་ཆོས་དང་། ནང་ཆོས་ཀྱི་འགྲེལ་བཤད་དགེ་ལྡན་པའི་སྟེང་དུ་འཇོག་རྒྱུ་དེ་ཁོང་རྣམ་པའི་གྲུབ་དོན་རེད་ལ། དབུ་མའི་ལམ་ཞིག་ཐོབ་ན་དེ་རྗེས་ཞྭ་སེར་གྱི་བསྟན་པའི་ཞན་ཆ་གསོ་རྒྱུ་དེ་ཙམ་ཆོས་པའི་གཟུགས་འཛིན་སྲིད་དོན་པ་མང་པོའི་ཞེ་འདོད་རེད། ཁོང་རྣམས་དང་ལྟ་གྲུབ་མི་མཐུན་ཚད་དམ་ཉམས་དང་ལྟ་ལོག་པའི་གྲས་སུ་བརྩིས་ཏེ་བོད་མིའི་སྤྱི་ཚོགས་ལས་རྒྱང་དེད་བྱེད་ཚུལ་ལ་ལྟོས།
“སྲིད་སྐྱོང་”གིས་ཆེད་ལས་པ་སྐྱེད་སྲིང་སྐོར་དེ་དངོས་གནས་ joke རང་རེད། ངུ་ཤོར་འགྲོ་བ་ཞིག་འདུག་ད། ས་ཡ་དྲུག་གི་སྐོར་ལ་སྐད་ཆ་བཤད་ནས་འབབ་ས་འདྲ་བོ་དེ་འབུམ་གཅིག་གི་སྒང་ལ་བབས་ནས་ འབུམ་གཅིག་པོ་དེའི་ལྟོ་གོས་གནས་མལ་ཐོག་ལ་བབས་སོང་།
ཟམ་གདོང་རིན་པོ་ཆེ་མཆོག་གིས་ཤེས་ཡོན་གྱི་ལམ་སྲོལ་དེ་ནང་པའི་ཆོས་དང་བོད་ཀྱི་རྒྱལ་རབས་ཐོག་ནས་འགྲེལ་བཤད་གནང་སོང་། ནང་ཆོས་ཀྱིས་བོད་ཀྱི་ཤེས་ཡོན་ལ་འགྲེལ་བཤད་བརྒྱབ་པ་དེ་ལ་ཐང་ཆད་ཀྱི་མི་འདུག་གམ། དེས་འགྲེལ་བཤད་བརྒྱབ་པའི་གྲུབ་འབྲས་ལ་ ༡༩༦༠ ལོ་ནས་བཟུང་སྟེ་ད་བར་དུ་ང་ཚོ་ལ་བཙན་བྱོལ་བ་སློབ་མ་སྙིང་རྗེ་ཅན་ཤ་སྟག་ལས་ཤེས་ཡོན་ཡོད་མཁན་ཐོན་མ་ཐུབ་པ་དེ་རེད། ཡིད་མི་ཆེས་ན་གྲངས་ཀ་རྒྱོབས་དང་། གསར་འབྱོར་མ་ཡིན་པའི་བོད་ཡིག་ཐོག་དེབ་འབྲི་མཁན་ག་ཚོད་ཡོད་རེད། མཁས་པ་ག་ཚོད་ཡོད་རེད། དཀོན་མཆོག་གསུམ། ད་དུང་ཡང་དེ་འདྲ་བཤད་བསྡད་ན་མུ་མཐུད་ནས་འདི་འདྲ་མ་གཏོགས་ཡོང་གི་མ་རེད། བཙན་བྱོལ་གྱི་བོད་ཕྲུག་དེ་ཚོའི་བོད་ཡིག་ནི་ཧ་ཅང་སྐྱོ་བོ་ཡིན་པ་ཡོངས་གྲགས་རེད། དབྱིན་ཡིག་ཀྱང་ཁུངས་འཕེར་བ་ཞིག་ཡོང་གི་མི་འདུག ཧིན་དཱི་ག་པ་ག་པ། རིན་པོ་ཆེས་ད་དུང་དེང་དུས་ཀྱི་ཤེས་ཡོན་སྐོར་ལ་འགྲེལ་བཤད་མང་པོ་བརྒྱབ་སོང་། འོན་ཀྱང་མ་འགྲིག་པ་དེ་གང་རེད་ཅེ་ན། འཛམ་གླིང་གཞན་ན་བྱིས་པ་སློབ་སྦྱོང་སྤྲོད་སྐབས་བྱིས་པ་དེ་ནར་སོན་ནས་ལས་ཀ་བྱེད་ཤེས་མཁན་ཞིག་དང་ལས་ཀ་དེ་ལ་བརྟེན་ནས་འཚོ་བ་བསྐྱལ་ཐུབ་མཁན་ཞིག་ལ་དམིགས་པ་རེད། དེ་ལ་སྐྱེ་བ་ཕྱི་མའི་དོན་དག་འདྲེས་ཡོད་མ་རེད། སྐྱེ་བ་འདི་ལ་དངུལ་གྱིས་མ་ཕོངས་པ། སྐྱེ་བ་འདི་ལ་ལས་ཀས་མ་ཕོངས་པ་ཞིག་ལ་དམིགས་པ་རེད། བོད་ཀྱིས་སྐྱེ་བ་ཕྱི་མ་དམིགས་ནས་གཞན་གྱིས་རང་བསད་ཀྱང་ད་དུང་”གཞན་བདེ་བ་ཅན་དུ་སྐྱེ་བར་ཤོག་”ཅེས་སྨོན་ལམ་བརྒྱབ་ནས་བསྡད་ན་ག་ལ་འགྲིག