བཀའ་ཁྲི་འདོན་པ་ཅན། Posted on 2011-09-222011-09-22 By ཁ་བརྡ་ 64 Comments on བཀའ་ཁྲི་འདོན་པ་ཅན། གསར་འགྱུར།
བསམ་པ་ལྷུན་འགྲུབ་གང་མང་ཞིག་མ་འདོན་ན། རྒྱལ་བོད་འབྲེལ་ལམ་འདི་ལས་སླ་མོ་ཞིག་གིས་འགྲུབ་པ་དཀའ་བསམ་བཞིན་པ་འདྲ།
བླ་མ་ལ་སྐྱབས་སུ་མཆིའོ།། སངས་རྒྱས་ལ་སྐྱབས་སུ་མཆིའོ།། ཆོས་ལ་སྐྱབས་སུ་མཆིའོ།། དགེ་འདུན་ལ་སྐྱབས་སུ་མཆིའོ།། གང་མང་གསོག་རོགས་ཞུ། གྲོས་ཚོགས་ཀྱི་ཚོགས་མིས་ཅི་བཤད་ལ་ཡང་ཉན་མི་དགོས། རང་གིས་སྐྱབས་འགྲོ་གསོག་སྡོད་ལོ།
འདི་ཧང་སང་དགོས་པ་ཞིག་མ་རེད་ ཧང་སང་དགོས་པ་ཁྱེད་ཚོ་རེད་་་་ཅོལ་ཅུང་རང་རེད་་་་་ཆོས་ནི་བོད་མི་སྤྱི་བོ་གནམ་བསྟན་ཡོངས་ཀྱིས་བྱེད་ཀྱིན་པ་རེད། བཀའ་ཁྲིས་ཆོས་བྱེད་ཀྱིན་འདུག་་་་ད་ཁོའི་བཟོ་ལྟ་ཤོར་འདུག་ཟེར་བ་ཅི་ཞིག་རེད་་་་དེས་ན་གོང་ས་མཆོག་གིས་ཀྱང་ཆོས་བྱེད་ཀྱིན་འདུག་་་་བཟོ་ལྟ་ཤོར་འདུག་གམ་་་་་་རང་གི་དེ་ཉིད་བསྟན་པ་ལས་གཞན་ཅི་ཡང་མི་འདུག་་་་དྲ་གྲོགས་ཚོ
ཨཽ་ཏ་རེ་ཏུ་རེ་ཏུ་ཏ་རེ་སྭ་ཧྭ། ཞལ་རས་ཅུང་ཟད་དྲག་ཏུ་ཁྲོས་མ། ཕྱག་ཟུང་ཕྲེང་བ་གྱེང་དུ་སྒྲེང་མ། སྐུ་ཡི་མདུན་དུ་ཡིག་ཆས་གང་མ། བོད་ཡིག་ཡིན་པས་དོན་ནི་མི་ཤེས། ཕྱག་འཚལ་ཟ་རི་ཟི་རིས་གང་མ། ཕྲེང་མདོག་རེ་རེར་མཐེ་བོས་བསྣུན་བཞིན། སྤྱི་འཐུས་རྣམས་ལ་ཐུགས་ནི་ཁྲོས་མ། དམ་བཅའི་སྐབས་སུ་གསུངས་པའི་ཚིགས་ལ། སྤྱི་འཐུས་དྲི་བ་རྡོ་རྗེའི་ཐོག་མདར། ལན་ནི་མ་འཐེབ་ཐུགས་ནི་ཁྲོས་ནས། ཅི་བྱི་བརྟོལ་ཕྲེང་བ་བཟུང་མ། ཕྱག་འཚལ་ཐབས་ནི་སྐྱོ་བོ་ཆགས་མ། ཁྲིམས་ལུགས་དབྱིན་ཡིག་སོགས་ལ་མཁས་ཀྱང་། བོད་ཡིན་མི་ཤེས་བོད་པའི་གདོང་ཅན། སྤྱི་འཐུས་མདུན་དུ་རྔུལ་ཆུའི་ཕྲེང་བ། ཕྱག་འཚལ་ཞལ་རས་དམར་མདངས་རྒྱས་མ། ཨཽ་ཏ་རེ་ཏུ་རེ་ཏུ་ཏ་རེ་སྭ་ཧྭ། ཨཽ་ཏ་རེ་ཏུ་རེ་ཏུ་ཏ་རེ་སྭ་ཧྭ། ཨཽ་ཏ་རེ་ཏུ་རེ་ཏུ་ཏ་རེ་སྭ་ཧྭ། སྤྱི་འཐུས་ཁ་བདེ་བ་རྣམས་མི་བདེ་བར་གྱུར་ཅིག མི་བདེ་བ་རྣམས་བཏང་སྙོམས་སུ་གྱུར་ཅིག
ཕྲེང་བ་འདི་ལག་མགོ་ལ་དཀྲིས་ཡོད་ན་ཡག་པོ་འདུག བོད་མི་ཞིག་ཡིན་པས། བོད་གོང་བ་ཅན་དང་ཕྲེང་བ་ཅན་ཟེར་བ་རེད། ཡིན་ན་ཡང་ལག་ཏུ་བཟུང་ནས་ཅིག་བསགས་ཀྱིན་འདུག་པའི་བཟོ་འདི་ཁྱད་མཚར་ཞིག་རེད། གྲོས་ཚོགས་ཀྱི་བགྲོ་གླེང་བྱེད་ས་ལ་མ་ཎི་བསགས་ནས་སྡོད་ཁོམ་ཞིག་ག་ལ་ཡོད། གལ་ཏེ་མ་ཎི་གསོག་ཞོར་དང་བགྲོ་གླེང་བྱེད་ཞོར་ཟེར་ན་དེ་ཡང་སྟབས་བདེ་ཞིག་ཨེ་རེད། འདི་རྒྱལ་ཁབ་ཅིག་གི་སྲིད་དོན་གྲོས་མོལ་བྱེད་སའི་སྟེགས་བུ་དང་། གྲོས་མོལ་བྱེད་པའི་དུས་ཚོད་རེད་ཡ།
གྲོས་ཚོགས་ནང་བཀའ་ཁྲིས་ཕྱག་ལ་ཕྲེང་བ་བཟུང་བ་འོས་འཚམས་མིན་པ་འདྲ་བོ་རེད། དེ་ལ་སྐྱོན་ཆེན་པོ་མི་འདུག གཙོ་བོ་དྲི་བ་དེ་ཚོར་ལན་གནད་དུ་ཁེལ་བ་གཅིག་ཀྱང་མི་འདུག་པས་ང་ཚོའི་བཀའ་ཁྲི་དེ་ག་འདྲ་འདུག་བསམ་བྱུང་། དཔེར་ན་ཁོང་གིས། ཆོས་ལུགས་དབྱེ་འབྱེད་བྱེད་ཀྱི་མིན། ཐོབ་ཐང་གཅིག་མཚུངས་སྤྲོད་དགོས་ཟེར་གྱི་མེད། ཟེར་བར་གཟིགས་དང་། ཐོབ་ཐང་གཅིག་མཚུངས་མ་སྤྲད་ན། འདི་ལས་ལྷག་པའི་དབྱེ་འབྱེད་ཅིག་བྱེད་ཚུལ་ཡོད་དམ། ཡང་ན་དབྱེ་འབྱེད་མི་བྱེད་ཟེར་བ་དེ་ཆོས་ལུགས་ཚང་མ་གཅིག་པ་རེད་ཟེར་བ་ཡིན་ནམ། ངས་མི་ཤེས་ཀི ང་ཚོའི་བཀའ་ཁྲི་ནི་ཁྲིམས་ལུགས་འབུམ་རམས་པ་ཐོན་པ་ཞིག་ཡིན། ཁོང་གིས་ཀྱང་དེ་རིང་བར་ང་མཁས་དབང་ཡིན། ཧ་ཝལ་སློབ་གྲྭའི་འབུམ་རམས་པའི་ཕྱག་འཁྱེར་ཡོད། ཤེས་ཡོན་གལ་ཆེན་པོ་རེད། དེ་རིང་ང་རང་གི་རྐང་བའི་ཐོག་ལངས་ཐུབ་པ་དེ་ཤེས་ཡོན་གྱི་ཡིན་ཟེར། བལྟས་ཡོང་ན་ཁོང་གི་ཤེས་ཡོན་དང་ཁྲིམས་ལུགས་མཁས་དབང་དེ་ཚད་དེ་ཇི་འདྲ་ཞིག་ཡིན་ནམ་སྙམ་བྱུང་། ཡིན་ཡང་ང་ཚོས་ཐབས་ཤེས་ཡོད་དགུ་བཏོན་དེ་རང་གིས་འདམས་པའི་བཀའ་ཁྲི་འདི་ལ་དབུ་ཞབས་དཔུང་འདེགས་བྱེད་དགོས། འོན་ཀྱང་ཁེ་མཚར་འདྲ་བོ་གནང་ཡོང་ན་ཅིག་ཅིག་དཀའ་གི་ཡ།
ཆིག་སྒྲིལ་གྱི་ས་བོན་མེད་ན་ཕར་རྒོལ་གྱི་ནུས་ལྡན་འབྲས་བུའི་ཐ་སྙད་ཀྱང་རེ་བ་མེད། ། གསར་གཏོད་གྱི་ལམ་བུ་མེད་ན་ཡར་རྒྱས་གྱི་རིམ་འདས་གྲོང་ཁྱེར་ནི་རྨི་ལམ་དང་སྒྱུ་མ་ཙམ་དུ་ཟད། ། རང་མགོ་རང་འདོན་གྱི་སྤོབས་པ་མེད་ན་ཕྱི་ཚུལ་བཅོས་མའི་རྣམ་འགྱུར་གྱིས་རང་གཞན་རིམ་གྱིས་བསླུ་བར་ གདོན་མི་ཟ། ། ཁ་བཤད་ལག་སྟར་གྱི་གཞི་རིམ་ལྟ་གྲུབ་མེད་ན་ཆོས་དང་འཇིག་རྟེན་གང་གི་ཆ་ནས་ཀྱང་རྟག་ཆད་ཀྱི་མཐའ་ གཉིས་སུ་ལྷུང་རྒྱུར་ཐེ་ཚོམ་གང་ཡང་མེད། །
ཧ་ཧ་ཁ་ཁ། ང་ཚོས་བཀའ་ཁྲི་ཆོས་འདོན་སར་གཞས་འཁྲབ་མཁན། སྲིད་དོན་ཚོགས་སར་མ་ནི་བགྲངས་མཁན། ཆོས་སྲིད་གཉིས་ཀའི་ཐོག་ལ་གང་ཡང་མི་ཤེས་མཁན་ཞིག་བདམས་འདུག ཡ་ད་ཐམས་ཅད་ཚར་སོང་།
འཛིན་སྐྱོང་གིས་ལས་དོན་སྒྲུབ་སྐབས་ཆོས་ལུགས་དབྱེ་འབྱེད་མི་བྱེད་རྒྱུ་དེ་གསལ་པོར་གསུངས་འདུག ཆོས་བརྒྱུད་ཁག་ལ་ཐོབ་ཐང་འདྲ་མཉམ་སྤྲོད་མིན་དེ་ཁྲིམས་བཟོ་ལྷན་ཚོགས་ཀྱི་ལག་ཏུ་ཡོད་པ་མ་གཏོགས་བཀའ་ཁྲིའི་ལག་ཏུ་མེད་པ་ཡང་གསལ་པོ་གསུངས་འདུག འདི་གཉིས་བར་འགལ་བ་འདུག་ཟེར་ན་ག་རེ་ཟེར་གྱི་ཡོད་པ་རེད།
དྲ་གྲོགས་ཚོ་བཀའ་ཁྲི་མཆོག་གིས་ཕྲེང་བ་འདྲེན་པ་དང་ཁ་འདོན་བྱེད་པ་ལ་སྐྱོན་བརྗོད་རྒྱུ་ཅང་མི་འདུག་སྙམ། གཙོ་བོ་དེ་བོད་སྤྱི་བའི་ལས་དོན་འཐུས་ཤོར་ལ་མ་གཏང་ན་འགྲིགས། སྤྱིར་བཏང་ད་ལྟ་ཁོང་ལ་བོད་པ་ཚང་མས་རྒྱབ་སྐྱོར་གནང་རྒྱུ་དེ་གལ་ཆེན་པོ་རེད། བོད་ལ་ལྷག་བསམ་ཡོད་མཁན་དང་ཤེས་ཡོན་ཡོད་མཁན་དངོས་སུ་ལས་དོན་ནང་ཞུགས་དུས་གང་ཐུབ་ཐུབ་ཀྱིས་ཁ་བརྡུང་བཏང་ན་དེ་ལེགས་པོ་ཞིག་གཏན་ནས་མ་མཐོང་། གང་ལྟར་ཁོང་བཙན་བྱོད་དུ་ཡོད་པའི་བོད་མི་རིགས་ཀྱིས་གདམས་ཐོན་བྱུང་བའི་བཀའ་ཁྲི་གཞོན་སྐྱེས་ཞིག་ཁྲི་ཐོག་ཏུ་སླེབས་པ་ཐོག་མ་རེད། ད་བར་དུ་བོད་པའི་སྤྱི་ཚོགས་ནང་གཞོན་སྐྱེས་དགོས་ཚུལ་དང་། བླ་གྲྭའི་དབུ་ཁྲིད་མི་དགོས་པའི་སྐད་ཆ་བྱུང་དང་འབྱུང་བཞིན་པ་རེད། ད་དངོས་སུ་རེ་འདོད་དེ་མངོན་གྱུར་བྱང་བ་རེད། ང་ཚོ་བཙན་བྱོལ་བ་འདི་ལ་མཚོན་ན་ལོ་རྒྱུས་ཀྱི་དཀྱོགས་མཚམས་གལ་ཆེན་ཞིག་ཏུ་སླེབས་པ་རེད། ཚང་མས་བློ་རྩེ་སྒྲིམ་དགོས་པའི་དུས་ལ་སླེབ་འདུག་པ་ལས། ནང་ཁུལ་ལ་ཤག་འགྱེད་རེས་དང་། སྐྱོན་བརྗོད་ཀྱི་རྩོམ་ཡིག་འབྲི་བའི་དུས་ཚོད་ཅིག་གཏན་ནས་མ་རེད། ཁ་དང་ལག་པར་ཟ་འཁྲུག་ལངས་ན། དགྲ་བོ་རྒྱ་དམར་ལ་ཁ་གཏད་ཀྱི་རྩོམ་ཡིག་བྲིས་ནས་རྒྱལ་སྤྱིའི་ཐོག་བརྒྱུད་བསྒྲག་བྱས་ན་མི་ལེགས་སམ།
རང་རང་འཇོན་ནུས་ཀྱིས་བོད་དོན་བསྒྲུབ་རྒྱུ་གལ་ཆེ་བ་ལས། བཀའ་ཁྲི་བློ་སེང་ལ་བློ་བཀལ་ནས་མ་སྡོད། བཀའ་ཁྲིས་ཚབ་ཆེའི་ལམ་ནོར་ཐེབས་ཁར་ཁ་བཙུམ་ནས་མ་སྡོད་པར་ལམ་ནོར་ཟློག་ཤེས་འོང་བ་གྱིས། བཀའ་ཁྲི་འདི་པའི་བཀའ་སློབ་ཚང་མ་ནམ་མཁའི་འཇའ་ཚོན་དང་གཅིག་མཚུངས་རེད། འཇའ་ཁ་དོག་ལེགས་ཀྱང་སྟོང་པ་རེད། དེར་བྱིས་པ་རྣམས་དགའ་ནས་མཆོངས་ལྡིང་བྱེད། སྔར་ཁས་བླངས་པའི་གསར་འབྱོར་གྱི་བཀའ་བློན་དེ་དབྱིན་ཇི་མི་ཤེས་པའི་རྒྱུ་མཚན་ལ་བརྟེན་ནས་བདམས་མེད། ཆོས་བརྒྱུད་མང་བས་མཐོང་ཚུལ་བྱུང་དོགས་ཆོས་ལུགས་ཀྱི་བཀའ་བློན་བདམས་མེད། ཆོས་ལུགས་རིས་མེད་ཅེས་པ་ཐོབ་ཐང་གཅིག་མཚུངས་སྤྲོད་པའི་དོན་མིན། ཞེས་ནམ་མཁའི་འཇའ་ཚོན་ང་ཚོའི་མིག་སྔ་ནས་ཕར་ཕར་འགྲོ་བཞིན་འདུག བཀའ་ཁྲིའི་བོད་ཡིག་གི་ཤེས་ཚད་ལས་ལེགས་པའི་དབྱིན་ཡིག་གི་ཤེས་ཚད་ལྡན་པའི་གསར་འབྱོར་བ་གང་མང་ཡོད། གྲོས་ཚོགས་དང་མི་མང་མདུན་དུ་དངོས་གསལ་གྱིས་རང་གིས་ཁས་བླངས་རང་གིས་མི་འཁྱོལ་བའི་བཀའ་ཁྲི་ལ་དོགས་པ་ཞིག་མི་སྐྱེ་བར་ག་ལ་སྲིད།
ཞལ་འདོན་འདོན་དགོས་པ་དེ་བོད་གཞུང་གི་ལས་ཁུངས་ཁག་གི་སྒྲིག་གཞི་རེད། ནང་པ་ཚང་མ་དེ་ལ་མཉམ་ཞུགས་བྱེད་གི་རེད། ཁ་ཆེ་འདྲ་ཡིན་ན་ལས་ཁུངས་ཀྱི་ཞལ་འདོན་སྐབས་སུ་ཕྱི་ལོགས་སུ་ཐོན་ནས་མེ་ཏོག་སྟེང་དུ་ཆུ་བླུག་དགོས་ཀྱི་རེད། དེ་བོད་གཞུང་གི་སྒྲིག་ཁྲིམས་རེད། དེ་ལ་བཀའ་ཁྲི་ཡིན་ན་ཡང་མི་ཉན་ཟེར་ས་ཡོད་པ་མ་རེད།
བཀའ་ཁྲི་མ་ཚད་བཀའ་བློན་ཚོའི་ནང་ལ་ཆོས་ཤེས་མཁན་ཞིག་མི་འདུག་བཀའ་ཁྲིས་གྲོས་ཚོགས་པ་མ་ཎི་སྐྱོར་ནས་ལྷོད་ལཧaོད་བྱ་བ་ནི་བཀའ་མི་ཤེས་པའོ་མགོ་ཚུགས་ཡོང་བ་རེད།
ངོ་མ་ལན་པོ་ཞིག་གཏན་ནས་མིན་འདུག འདི་ནི་འཁྲབ་སྟོན་ཙམ་རེད། ཟམ་གདོང་རིན་པོ་ཆེ་བཀའ་བློན་ཁྲི་པའི་ལས་འགན་འཁུར་སྐབས་མ་ཎི་བགྲང་བསྡད་པ་སྔར་ནས་མ་མཐོང་། འོན་ཀྱང་ཁོང་ལ་ཆོས་དད་མེད་པ་ག་བ་ཡིན། དེ་གནད་འགག་དེ་ཙམ་མིན། ངོས་རང་གིས་མཐོང་སྣང་མི་འགྲིག་པ་ནི་ཁོང་གི་ལན་བཏབ་ཚུལ་ལ་ཡིན། བྱས་ཙང་ག་ལེར་ཉམས་མྱོང་བསགས་ཡོང་གིན་རེད། གས་ཡོད་མ་རེད། འདི་ནི་ཁོང་གི་ཀ་རྟགས་ཅན་གྱི་དྲི་བ་ཐོག་མ་ཆགས་ཡོད། ད་དུང་དྲི་བ་གཏོང་མཁན་དེ་ལས་ངར་པ་དེ་འདྲ་ཡོང་རྒྱུ་རེད། བྱས་ཙང་གྲ་འགྲིག་བྱོས་ཤིག
བཀའ་ཁྲི་འདོད་པ་ཅན་ལབ་འདུག ངས་པདྨ་ཆོས་འབྱོར་གྱི་བཀོད་མངགས་ལྟར་བློ་བཟང་སེང་གེས་སྒྲོལ་མ་རྒྱ་རི་དང་བདེ་དབྱངས་གང་རུང་ལ་ཅིག་བྱས་པ་མིན་འགྲོ་བསམས་སོང་སྟེ། དེ་འདྲ་རེད་མི་འདུག པར་གཅིག་པུ་ལས་མི་འདུག ཆབ་སྲིད་པ་ཡིན་ཟེར་གྱི་ཡོད་ས་རེད།
བཀའ་ཁྲི་མཆོག་གིས་གྲོས་ཚོགས་སུ་ཕྲེང་བ་ཕྱག་ཏུ་བསྣམས་པ་ནི། དམིགས་བཀར་གྱིས་རལ་གྲི་ནང་དུ་གཏོད་པའི་ཅོལ་ཆུང་རིགས་ལ་རང་ཉིད་མཐོང་དགོས་པའི་ཉེན་བརྡ་བཏང་བ་དང་། ཡང་ན། བཀའ་ཁྲི་དམའ་ཕབ་འདོད་མཁན་ར་བཟི་པ་དང་། མགོ་གཉིས་ཅན། བྱོལ་སོང་རྣམས་ཞི་བའི་སྒོ་ནས་འདུལ་ངེས་པའི་སྔོན་བརྡ་བཏང་བ་ཞིག་རེད། གཞན་ཡང་། ཞལ་ལ་ཁྲོ་བའི་ཉམས་སྟོན་པ་ནི། ཆབ་སྲིད་ཤ་ཟན་ཅན་དང་། གཡོ་སྒྱུ་རྩྭ་ཟན་ཅན་རྣམས་ཁྲོ་བའི་ཉམས་ཀྱིས་ཟིལ་གྱིས་མནན་པ་ལ་བག་ཚ་བ་ཅི་ཡང་མེད་པའི་བརྟན་བརླིང་གི་གཟི་བརྗིད་མངོན་པ་ཡིན་པས། དོན་དུ་མཚན་ལ‘བློ་བཟང’དང་ ‘སེང་གེ’ཟེར་བའི་རྒྱུ་མཚན་ཡོད་གསུང་གིན་ཡོད་པ་རེད།
ཨོ་ཞི་ལི་ཆོས་དད་ཅན་ཟེར་ནོ་རེད་ཡ། ཚོགས་འདུ་འཚོགས་སར་ཡང་ཞལ་འདོན་རྒྱུན་མི་ཆད་པར་བཞུགས་བསྡད་འདུག ཡིན་ན་ཡང་ཞལ་རས་ནག་རོག་ཀེར་བཞུགས་འདུག ཕལ་ཆེར་གྲོད་ཁོག་ན་བཞིན་ཡོད་པ་འདྲ་བོ་འདུག བཞལ་སྨན་ཟ་ཡ་མང་དྲག་པ་མིན་འགྲོ
མགོ་ནག་བོད་མིའི་སྲིད་སྐྱོང་། ། གོས་ནག་བོད་ཆས་གྱོན་ཅིང་། ། ཕྲེང་ནག་ཕྱག་ཏུ་བཞེས་ནས། ། གཟུངས་སྔགས་གང་ཤེས་འདོན་བགྱིད། །
མང་པོས་བཀུར་བའི་རྒྱལ་བུས།།ཆ་ལུགས་འདི་ཡིས་འོག་ནས།། བོད་དང་བོད་ཡིག་ཞེན་པའི།།མི་དྲག་མང་པོ་བསླུས་སོང་།། ཧ་ཧ་ཟེར་ནས་དགོདཅིག། མི་འདུག་ཟེར་ནས་དམོད་ཅིག།
མི་རྟག་འཆི་བ་དྲན་དྲག་ནས། །ཕྲེང་བ་མི་འཁྱེར་དཀའ་མེད་རེད། །ཨོཾ་མ་ཎི་པདྨའི་ཧྰུྃ། ཨོཾ་མ་ཎི་པདྨའི་ཧྰུྃ། ཨོཾ་མ་ཎི་པདྨའི་ཧྰུྃ། ཨོཾ་མ་ཎི་པདྨའི་ཧྰུྃ། ཨོཾ་མ་ཎི་པདྨའི་ཧྰུྃ། ཨོཾ་མ་ཎི་པདྨའི་ཧྰུྃ། ཨོཾ་མ་ཎི་པདྨའི་ཧྰུྃ། ཨོཾ་མ་ཎི་པདྨའི་ཧྰུྃ། ཨོཾ་མ་ཎི་པདྨའི་ཧྰུྃ། ཨོ་ད་་་་་་་་་་་་་་རེ་བའི་ཕྲེང་བ་བགྲང་དྲག་ན། །ཕྲེང་ལུང་ཆད་ན་ངོ་ཚ་རེད། ། བསྐུད་པ་གསར་པ་ཞིག་ཉོ་དགོས།
མི་རྟག་འཆི་བ་དྲན་དྲག་ནས། །ཕྲེང་བ་མི་འཁྱེར་དཀའ་མེད་རེད། །ཨོཾ་མ་ཎི་པདྨའི་ཧྰུྃ། ཨོཾ་མ་ཎི་པདྨའི་ཧྰུྃ། ཨོཾ་མ་ཎི་པདྨའི་ཧྰུྃ། ཨོཾ་མ་ཎི་པདྨའི་ཧྰུྃ། ཨོཾ་མ་ཎི་པདྨའི་ཧྰུྃ། ཨོཾ་མ་ཎི་པདྨའི་ཧྰུྃ། ཨོཾ་མ་ཎི་པདྨའི་ཧྰུྃ། ཨོཾ་མ་ཎི་པདྨའི་ཧྰུྃ། ཨོཾ་མ་ཎི་པདྨའི་ཧྰུྃ། ཨོ་ད་་་་་་་་་་་་་་རེ་བའི་ཕྲེང་བ་བགྲང་དྲག་ནས། །ཕྲེང་ལུང་ཆད་ན་ངོ་ཚ་རེད། ། བསྐུད་པ་གསར་པ་ཞིག་ཉོ་དགོས།
ཇུས་མེད་ཇུས་གཏོགས་ཀྱི་ལག་ལ་ཁེ་གྲི་བཟུང་ནས།། ར་མ་རྒྱ་མོ་ཡི་སྨ་ར་དུམ་སེར་གཅོད་ཀི། བློ་བཟང་སེང་གེ་ཡི་ལག་ལ་ཕྲེང་བ་བཟུང་ནས།། ཚང་འཛོམས་གྲོས་ཀྱི་སྲིད་ལ་ལན་འདེབས་གནང་སོང་།། མ་ཎི་འདོན་ཞོར་ལ་འཐུས་མིའི་གྲོས་གཞིར་ཉན་ནས།། ཐར་བའི་ས་བོན་དེ་ཞར་དང་ཞོར་ལ་གསོག་གི། སྲིད་སྐྱོང་ཆོས་པ་ཞིག་ང་ཚོར་ལས་ཀྱིས་བསྐོས་པ།། འདས་པའི་དཔའ་བོ་ཚོ་ཞིང་ལ་འདྲེན་དོན་མིན་འགྲོ། དགྲ་བོའི་མེ་སྒྱོགས་ཀྱི་ཁ་གཏད་ཕྲེང་བས་གཅོག་པའི།། ཨ་མཚར་དགུ་སྐོར་གྱི་གཏམ་རྒྱུད་འདི་ལྟར་བྱུང་ཚེ།། དཔའ་བོ་དཔའ་མོ་ཚོའི་ཟུངས་ཁྲག་ལྷོག་ལྷོག་བཞུར་ཏེ།། བོད་དོན་འཐབ་རྩོད་ཀྱི་གཡུལ་ས་ངོ་མ་དྲན་བྱུང་།།
ཆབ་སྲིད་སྣེ་མོར་ཞུགས་པའི་བཀའ་ཁྲི་ཡིས།། རང་གི་དོན་དུ་བརྫ་གུ་རུ་འདོན།། གཞན་གྱི་དོན་དུ་དྲང་བདེན་ལམ་བུ་སྐྱོང་།། རང་གཞན་དོན་ཆེན་བསྒྲུབ་ན་དེ་ལྷག་ཅི།། ས་གཞིར་རྡུལ་གྱིས་དཀྲུགས་པའི་འཚུབ་རླུང་གིས།། མིག་གཉིས་རབ་རུབ་གྱུར་བའི་ཟུར་ཁ་ནས།། སྙིང་སྟོབས་དཔུང་བས་འདེགས་པ་ཨ་མའི་བུ།། ཁྱུག་ཙམ་ཞིག་གིས་མགོ་བོ་ཡར་ལ་དགྱེ།།
བལ་ཡུལ་གྱི་མི་དམངས་དང་བོད་པའི་མི་དམངས་གཉིས་དཔེ་འདྲ་པོ་འདུག དང་པོར་འགོ་ཁྲིད་ཅིག་སོ་སོས་འོ་ཤོག་བླུགས་ནས་ཡར་བསྐོས། དེ་མ་ཐག་དེ་ལ་ངོ་རྒོལ་རྒྱག་ཡག་མགོ་བཙུགས་ཚར་བ་དེ་འདྲ་བྱས་ན་འགྲིག་གི་རེད་བས། དམངས་གཙོའི་ལམ་ཁ་ཡང་དག་པ་ཞིག་ལ་སོང་བ་ཡིན་ན་མཐོ་དམན་དྲག་ཞན་སུ་ཡིན་ནའང་མི་དམངས་ཀྱིས་འདེམས་བསྐོ་བྱས་བཞག་པའི་འགོ་ཁྲིད་དེ་ལ་གུས་བསྐུར་དང་སྲུང་བརྩི་ཞུ་དགོས་པ་དང་འགོ་ཁྲིད་ཀྱིས་ཀྱང་ཁ་ཞེ་གཉིས་མེད་ཀྱི་ཐོག་ནས་མི་དམངས་ཀྱི་ཕན་ཐོག་བསྒྲུབ་དགོས་པ་དེ་དམངས་གཙོའི་ལམ་ཁའི་གཙོ་བོ་ཞིག་ཡིན་གྱི་རེད་བསམ་གྱིན་ཡོད། ངའི་བསམ་པ་ལ་བོད་པ་དང་ནེ་པ་ལི་གཉིས་དམངས་གཙོ་ཡང་དག་པ་ཞིག་འགྱུར་ཡག་ལ་ད་དུང་མ་མཐའ་ལོ་ལྔ་བཅུ་འགོར་ས་འདུག སྟོན་པ་བཅོམ་ལྡན་འདས་ཀྱིས། བདག་ཉིད་བདག་གི་མགོན་ཡིན་ཏེ། བདག་ཉིད་བདག་གི་དགྲ་ཡིན་ནོ། ལེགས་དང་ཉེས་པར་བྱེད་པ་ཀུན། བདག་ཉིད་བདག་གི་དཔང་པོའོ། ཞེས་གསུངས་ཡོད། ཁོང་གིས་དམངས་གཙོ་ཡང་དག་པའི་ལམ་ཁ་དེ་དེ་འདྲ་ཞིག་ལ་གསུངས་ཡོད། དམངས་གཙོ་ཡང་དག་པ་ཟེར་བ་དེ་རང་སྣང་གང་ཤར་ལ་ཟེར་བ་མིན། རང་གི་འགན་འཁྲི་ཆ་ཚང་རང་གི་ཁུར་ཐུབ་པ། གཞན་གྱི་བཙན་དབང་གི་ཁྲིམས་ལ་ལྟོས་མི་དགོས་པ། མ་ནུས་པ་དང་ཉམས་ཆུང་འདུག་ན་རོགས་སྐྱོར་གང་ཐུབ་བྱེད་ཡག་དང་དེ་དག་གི་བདེ་སྡུག་ལ་སེམས་ཁུར་བྱེད་པ་དེ་ལ་ཟེར་བ་ཡིན། རང་གཞན་ཚང་མས་དེའི་ཚུལ་ལ་འབད་འབུང་གནང་གང་ཐུབ་བྱེད་དགོས་པ་གལ་ཆེན་ཡིན།
མང་མོས་ཀྱིས་ཐག་ཆོད་བྱུང་བ་དེ་ལ་དམངས་གཙོ་ཟེར་བ་བདེན་མོད། ནམ་རྒྱུན་གཞན་ཟུར་གྱི་སྣེ་མོ་ནས་སྐྱོན་ཞིག་འཚོལ་འདོད་ཀྱི་ཀུན་སློང་དེ་ཡག་རྟགས་ཤིག་མ་རེད། རང་གི་མགོ་ཁྲིད་ལ་རང་གིས་བརྩི་འཇོག་མི་བྱེད་པའི་བོད་པ་ཚང་གི་ལས་ངན་འདི་སུ་ཞིག་གིས་བཟློག་ནུས།
དྲ་གྲོགས་ཚོའི་བཤད་རྒྱུ་རྫོགས་་ནས་ཨུ་ཐུབ་ན་གང་ཤེས་མ་ཏོགས་བཀའ་ཁྲིའི་འཕྲིང་བ་འགྲིམ་པ་རྩོད་དགོས་གང་ཡང་མ་མཐོང་ཨ་ཁ་ཁ་ རྒྱེས་ལུས་ནང་གི་ཡང་ལུས་རང་རེད་དགོས་པའི་གྲོས་ཚོགས་ནང་གི་ཕྱོགས་ཞེན་ཆེ་བའི་མི་ངན་ཚོའི་མྱོག་གླེང་ལ་བགྲོ་གླེང་མི་གནང་ནས་བཀའ་ཁྲི་ལ་སྐྱོན་བརྗོད་གང་ཡོད་རྩལ་ནས་སྡོད་པ་ཧ་ཅང་བློ་ཕམ་རེད་། ད་དུང་དེ་འདྲ་
འདི་ངོ་མ་ཁྱེད་མཚར་ཞིག་རེད་་་ཡིན་ཡང་་གོང་དུ་བོད་གོང་བ་ཅན་དང་ཕྲང་བ་ཅན་ཟེར་བ་བདེན་པ་རེད། ལག་ལ་ཕྲངབ་བཟུང་བ་ཙམ་གྱིས་ཅིག་བསགས་ཀྱིན་འདུག་ཟེར་ན་འབྲེལམེད་རེད་བསམ་སོང་།
བཀའ་ཁྲིའི་འདོན་པ་དེ་ཁོང་གི་ཐོབ་ཐང་།། ཁྱོད་ཀྱི་བསམ་ཚུལ་ཡང་ཁྱོད་ཀྱི་ཐོབ་ཐང་།། ཐོབ་ཐང་འདྲ་མཉམ་གྱི་སྡ་སའི་འཁོར་ཡུག། ཅི་བཤད་ཆོག་ས་ཡི་ཆབ་སྲིད་ལྟེ་གནས།།
བོད་ཡིག་མ་མཁྱེན་འདོན་པ་བྱང་བ་ཅན། ། སྐྱབས་འགྲོ་མགོ་མཇུག་ལྡོག་ནས་འདོན་ཡང་སྲིད། ། དྲན་འཕྲུལ་སྐྱེན་པའི་སྲིད་སྐྱོང་མགོ་གྲུང་པོ།། གསར་འབྱོར་གླེན་པའི་གཤེད་དུ་མ་ར་ཡ།། ཕྱི་ནས་བལྟས་ན་རྩམ་ཟན་དཔའ་རྒོད་ཚུལ། ། ནང་སྙིང་ཞི་མིའི་རྗེས་སུ་ཞུགས་པ་ཁོང། ། སྤོ་མཐོ་རྒྱ་རིའི་བྲག་ལ་འགྱིངས་པ་ཡི། ། སྟག་མོ་སྒྲོལ་མའི་མདུན་དུ་ཧུྂ་ཕཊ་འགྱེལ། ། ད་དུང་གསོག་ཅིག་མག་མུག་ལམ་ཁྱེར་དང་།། བྱད་ཁ་གཡུལ་བཟློག་ཁྲམ་གྱི་རྒྱུན་ཁྱེར་སོགས། ། ཐུགས་དམ་མཐིལ་དུ་མཛོད་ལ་གངས་སྐྱིད་དུ།། འཕྲུལ་གྱི་འཁོར་ལོ་བསྐོར་མཛོད་སྲིད་སྐྱོང་ལགས། །
གང་ལྟར་ཡང་མང་མོས་ཀྱིས་ཁྲི་ལ་འཁོད་པའི་སྲིད་སྐྱོང་ངམ་བཀའ་ཁྲི་ཡིན་པས། གནད་ལ་འཁེལ་བའི་དྲི་བ་དང་བསམ་ཚུལ་འདོན་པལས་དོན་མེད་ཀྱི་དམའ་འབེབས་དང་ཁྱད་གསོད་བྱེད་མི་ རུང་། ཡིན་ན་ཡང་བློ་ཕམ་པ་ཞིག་ནི། ཕྱག་ལས་ཐོག་མ་དེ་ཁ་བདེན་ཚིག་ལ་མ་གནས་པ་དེ་ཡིན་པས་དེ་ལས་ཁོང་གི་དགོངས་པའི་རྒྱབ་ལྗོངས་རག་ ཙམ་དཔོགས་ནུས་པ་ཡིན། རྒྱལ་ཚབ་མི་ཕམ་མགོན་པོའི་༼མདོ་སྡེ་རྒྱན་༽ལས། དམ་པ་མང་པོ་ཁས་ཆེ་མི་བྱ་ཞིང་།། གལ་ཏེ་དཀའ་ལ་བརྩེ་བས་བླང་གྱུར་ན།། རྡོ་ལ་རི་མོ་བྲིས་པ་ལྟ་བུར་ནི།། ཤི་ཡང་གཞན་དུ་བྱེད་པ་མི་འགྷགྱུར་རོ།། ཞེས་ཇི་སྐད་གསུངས་པ་ལ་མཁས་དབང་གི་མཚན་དོན་མཚུངས་ཀྱི་ཡོད་ན་དགོངས་པ་ཅུང་ཟད
དྲྭ་གྲོགས་ཚོ་ད་ལྟར་ནས་ཁ་བརྡུང་མ་གཏོང་རོག་།གོང་དུ་གྲགས་པ་དང་གང་སེང་གཉིས་གིས་བརྗོད་པ་དེ་ཧ་ཅང་་བདེན་པ་རེད་།
རང་མི་རང་གིས་མ་བཀུར་ན་རྒྱ་མོས་ནམ་ཡང་བཀུར་གི་མ་རེད། ཅོལ་ཆུང་རང་ཁ་མི་སོས་མཁན་ཁྱེད་ཚོ་སྙིང་རྗེ་ཡ་རེད། དམངས་གཙོ་དམངས་གཙོ་ལབ་ནས་ཡིན་མདོག་མདོག་དང་ཤེས་མདོག་མདོག་བྱེད་དེ། དམངས་གཙོའི་ལམ་ལུགས་ངོ་ཤེས་ཀྱིན་མི་འདུག སུ་ཞིག་མང་མོས་འོས་ཐོབ་ན་དེ་ལ་མི་ཚང་མས་བཀུར་དགོས་པ་རེད། མཐའ་མའི་བརྩི་བཀུར་དེ་བྱ་དགོས་རེད། ད་ལྟོས་དང། རྒྱུག་ཁྱི་ལྟ་བིུ་མྱི་རུལ་ཁྱེད་ཚོས་རང་མི་མཐོང་ཆུང་བྱ་རྒྱུ་ལས་གང་ཡང་མི་ཉན་གི།
ཞི་ལི་ཡ་རབས་ཟེར་ནོ་རེད་ཡ། ཞལ་མི་དལ་མ་ཎི་ཡིག་དྲུག་འདོན། ། ལག་མི་དལ་རག་ཤའི་ཕྲེང་བ་འདྲེན། ། ཐུགས་མི་དལ་བོད་མིའི་སྐྱིད་སྡུག་དགོངས། ། བུ་ཁྱོད་ཚོའི་རླུང་རྟ་ཡར་ལ་བསྟོད། །
ཨོཾ་སྭ་སྟི། །བདེན་པའི་མི་འདི་ཉིད་རྒྱལ་བར་གྱུར་ཅིག ། ཡ་གྲོགས་པོ་ཚོ། ཁ་མ་ཎི་དང་ལག་ཕྲེང་བ་བྱས་ན་སྐྱོན་ནི་མ་རེད་དོ། དཀོན་མཆོག་གསུམ་གྱི་སྒྲ་ཙམ་ཐོས་ན་འཇིགས་པའི་དུས་འདིར། གངས་ཅན་བོད་ཀྱི་སྲིད་བློན་ཆེན་པོས་ཀྱང་བོད་གོང་བ་ཅན་དང་ཕྲེང་ཅན་ཞེས་པའི་ལ་རྒྱ་མ་དོར་བ་ལ་བདག་གིས་ནི་ཡིད་སྨོན་དང་ཡི་རང་ཡོད། རང་ས་རྒྱ་ལག་ཏུ་ཤོར་བས་ཞལ་ངོ་ལ་འཛུམ་གྱི་ལི་ལི་མ་སྟོན་རུང་དམ་པའི་ཆོས་བརྗེད་མེད་པའི་རྟགས་ཤིག་རེད་ལགས། ། བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན།
བོད་གོང་ང་ཅན་དང་ཕྲན་ང་ཅན་ཟེར་བའི་ནི་མི་རེ་ཟུང་གིས་ཞེ་འདོད་བཞིན་རང་བཟོ་འམ་མཐོང་རྒྱ་ཉུང་བའི་སྐྱོན་ལས་རྒྱུ་མཚན་དཀའ་སྟེ། གནའ་བོའི་མཛམ་གླིང་གི་གྱོན་ཆས་ཕལ་ཆེར་གོང་ང་མེད་མཁན་མེད་ལ་དེང་དུས་ཀྱི་གྱོན་གསར་མང་དག་ཅིག་ལ་དེ་ལྟར་ཡོད་པ་མཐོང་གསལ་རེད། ཕྲེང་ང་ཐོགས་མཁན་བོད་པ་གཅིག་པ་མ་ཡིན་པ་ཡེ་ཤེ་ཆོས་པ་ཚོས་ཐོག་བཞིན་འདུག
བོད་གོང་ང་ཅན་དང་ཕྲན་ང་ ཅན་ཟེར་བའི་ནི་མི་རེ་ཟུང་གིས་ཞེ་འདོད་བཞིན་རང་བཟོ་འམ་མཐོང་རྒྱ་ཉུང་བའི་ སྐྱོན་ལས་རྒྱུ་མཚན་དཀའ་སྟེ། གནའ་བོའི་མཛམ་གླིང་གི་གྱོན་ཆས་ཕལ་ཆེར་གོང་ང་མེད་མཁན་མེད་ལ་དེང་དུས་ཀྱི་ གྱོན་གསར་མང་དག་ཅིག་ལ་དེ་ལྟར་ཡོད་པ་མཐོང་གསལ་རེད། ཕྲེང་ང་ཐོགས་མཁན་བོད་པ་གཅིག་པུ་མ་ཡིན་པ་ཡེ་ཤེ་ཆོས་པ་ཚོས་ཐོག་བཞིན་འདུག
བཀའ་ཁྲི་འདོན་པ་གསུམ་འཛོམས་ནི། ། ཆིག་སྒྲིལ་དགོས་ཞེས་འབུར་ཚུགས་བལྟས། ། རང་ཁ་རང་གསོའི་ཕྱག་ཕྲེང་བསྣམས། ། གསར་གཏོད་བོད་ཆས་གསར་པ་གྱོན། ། ཁས་བླངས་གསུམ་འཇོམས་སྲིད་སྐྱོང་ལགས། ། བོད་དང་བོད་རིགས་རྒྱལ་འགྱུར་ཅིག །
ཁ་བཤད་ཆུ་ཡི་ལྦུ་བ། །ལག་ལེན་གསེར་གྱི་ཐིགས་པ། །ཞེས་པའི་དཔེ་ལྟར། ཁོའི་རྣམ་འགྱུར་ལ་བལྟས་ནི་འགྲིག་གི་མི་འདུག་ཅེས་སྐྱོན་བརྗོད་བྱེད་པ་དེ་སྔ་དྲག་པ་རེད་བསམ་གྱི་འདུག ཁོང་སྲིད་དོན་གྱི་ཕྱག་ལས་འགོ་བཙུགས་མ་ཐག་རེད། འཕྲལ་དུ་སྐྱོན་བཙལ་བ་དེ་ཡག་པོ་མ་རེད། རྩ་བའི་སྐྱོན་ཡོན་གཉིས་ལ་བལྟ་རྒྱུ་དང་། སྐྱོན་ཆ་མང་ན་དངོས་ཡོད་གནས་ཚུལ་གྱི་སྐྱོན་བརྗོད་བྱེད་དགོས། ལེགས་པའི་ཆ་མང་ན་ང་ཚོས་རྒྱབ་སྐྱོར་བྱེད་དགོས། ཁོང་ང་ཚོས་འདེམས་པ་རེད། སོ་སོས་བཟོས་པའི་ཆང་དེ། བྲོ་བ་མེད་ཀྱང་བཏུང་དགོས་ནི་རེད།
དང་པོ་ཆིག་སྒྲིལ་ཡིན་ཟེར། ། འུར་སྒྲས་ལུང་པ་བརྒྱངས་སོང་། གཉིས་པ་གསར་གཏོད་ཡིན་ཟེར། ། རྒན་གཞོན་ཁ་བྲལ་བཏང་སོང། ། གསུམ་པ་རང་ཁ་རང་གསོས། ། གསར་འབྱོར་འཐོམ་རུ་བཅུག་ཤག ། མཐའ་མ་ཞལ་འདོན་གནང་ནས། ། གྲོས་ཚོགས་འཆམ་ལ་ཕབ་སོང་། ། ཅི་མཛད་གནས་པ་མཁས་པའི། ། སྲིད་སྐྱོང་ག་བཏང་གོ་ཆོད། ། གསར་འབྱོར་དགའ་འབོད་ཀི་སྒྲར། ། ཀི་ལན་ད་ལྟར་ཁྱེར་ཤོག །
རྩ་གསུམ་ལྷ་དང་རྒྱལ་བ་རྒྱ་མཚོ་ཡིས། མཐུ་དང་རྟོགས་པ་ནུས་པའི་བྱིན་མཐུ་ཡིས། དཔལ་ལྡན་ཐུ་མིའི་བརྡ་སྤྲོད་གཞུང་ལུགས་ཀུན། མ་སྦྱངས་པ་ཡང་བདེ་བླག་ཤེས་པར་ཤོག གཡོ་སྒྱུའི་མཁན་པོ་པདྨ་ཆོས་འབྱོར་དང་། ཁ་དབང་ཆེ་བའི་རྒྱ་རི་སྒྲོལ་མ་ཡི། བར་དུ་ཚུད་པའི་བློ་སེང་ནུས་མེད་ལ། མཐུ་རྩལ་ནུས་པ་སྟོན་པའི་དུས་ལ་འབབ། ཉམས་མྱོང་མེད་པའི་འཕྲོན་བསྟེན་བཀའ་བློན་དང་། ཆོས་རིག་མི་ཤེས་ཆོས་དོན་བཀའ་བློན་གཉིས། མགོན་ཁྱོད་ཐུགས་རྗེ་ཕྱག་གིས་ཉེར་བཟུང་ནས། འགོ་སྟོན་འཚོ་སྐྱོང་བྱེད་པའི་དུས་ལ་འབབ།
དྲ་གྲོགས་སྐྱུར་རྩི་སྐྱུར་དད་ཆེས་དྲགས་ནས།། ལྷ་དང་བཀའ་ཁྲི་ཟུང་དུ་འཕྲིན་བཅོལ་བའི།། སྡེབ་ལེགས་ཚིག་གི་མེ་ཏོག་འཛུམ་རྒྱས་ཤིང་།། བརྗོད་དོན་འབྲས་བུ་ཟབ་པའི་སྐྱུར་རྩོམ་མ།།
དྲ་གྲོགས་ཚོ། བཀའ་ཁྲི་བོད་མི་ཞིག་གིས་ལག་ཏུ་ཕྲེང་བ་བཟུང་བ་ལ་ཧང་སང་དགོས་ཨེ་ཡོད་ན། འདི་ཐམས་ཅད་ཀུན་རྟོག་ཕྲག་དོག་གིས་གཟིར་བས་ལེན་སྙམ། དེ་ལས་རང་སོ་སོའི་ཕྲེང་བ་ཁུར་ཡོད་མེད་དང་། སྙིང་དོན་ཅི་འདུག་ལ་ལྟོས།
བོད་ཀྱི་ཨོ་བྷ་མ་དབུ་འཕང་དམའ་བའི་མགོ་ཚུགས་ཟིན་འདུག ཨ་རིའི་ཨོ་བྷ་མ་དམངས་ཁྲོད་ཀྱི་ནང་དུ་སྙན་གྲགས་ཀྱི་གཟི་བརྗིད་ཉམས་ཟིན་འདུག ལོ་རྗེས་མར་ཁོང་ལ་འོས་ཐོབ་རྒྱུ་ཁག་པོ་རེད། མ་གཞི་ནས་དེང་སང་གི་དུས་ཚོད་ལ། གཏམ་བཤད་རྫིག་པོ་འདྲ་བྱེད་པ་ལས། ལག་ལེན་འགེལ་མཁན་ཤིན་ཏུ་ནས་དཀོན།
ངས་སྔོན་མ་ཟིན་བྲིས་འདེབ་མཁན་རྣམ་པ་ལ་མཁས་པ་རང་མཐོང་གིས་ཡོད་ ་ང་རང་ལ་ཆག་བཞག་ན་དག་ཡིག་མི་ཤེས་གཅོ་བོ་བསམ་གིས་ཡོད་ ད་ཡིན་ན་རྩོམ་པ་པོ་ཚོ་ལ་མིང་ཞིག་ཕུལ་ན་བསམ་བྱུང་ མིང་ལ་ཁྱི་འཆམ་ཚོགས་པ་ཞེས་ལབ་ན་ག་འདྲ་འདུག་ ཁྱི་འཆམ་ཅིག་ཟུག་བརྒྱབ་ན་ཐམ་ཅད་ཟུག་གིས་ མིག་གིས་མཐོང་ཚད་ལ་ཟུག་བརྒྱབ་གིས་ཁ་ནས་ལྕག་དྲི་ཕ་ལེར་ཟུག་གིས་འདུག་ ང་ཚོའི་མགོ་ཁྲིད་སངས་རྒྱས་པའི་བརྗེས་འབྲངས་ཡིན་དུས་གོང་ས་མཆོག་གིས་མོད་མི་རྒན་གཞོན་བར་གསུམ་ནས་མ་ཎི་འདོན་མི་ཤེས་མཁན་མེད་པས་བོད་མའི་ཁྱེད་ཆོས་ཡི་གསུང་ན་ འཕྲེང་བ་ལོས་བཟུང་ མ་ཎི་ལོས་འདོན ་བཀའ་བློན་མཆོག་ཞུ་རྒྱུ་ལ་སེམས་ཀྱིས་དཀོན་མཆོག་མ་བརྗེད་ ཡིད་ཀྱིས་ཕན་སེམས་མ་བོར་ ཁ་ནས་བསྙེན་པ་མ་བོར་ ལག་ནས་འཕྲེང་བ་མ་ཤོར་ བསམ་དོན་ལྷུན་གྱིས་འགྲུབ་ཡོངས་ ད་ལྟའི་དྲྭ་ལམ་ནང་ནས་ བདུད་རྒན་མ་འོ་རྒྱས་འབྲང་ མ་ཎི་འདོན་ན་་དུག་མཐོང་ འཕྲེང་བ་བཟུང་ན་སྙིང་གཟེར་ ནང་ཆོས་བཀུན་ལ་བཅོན་བརྗོད་ བླ་མ་མཐོང་དུས་སྙིང་གཟེར་ སྨོན་ལོག་བདུད་སྤྲུལ་འདི་ཚོ་ བསྒྲལ་བའི་ཞིང་བཅུ་ཚོང་འདུག་ ཞི་བའི་དབྱིང་ལ་མ་བཞུག་ ཁྲག་མཐུང་ཁྲོ་བོའི་ཚོགས་ནས་་ མ་རུང་བདུད་པོ་བསྒྲོལ་ཞིག་ མ་ར་ཡ་ཕཊ་
སྤྱང་ཀི་ཤ་གཟན་རི་བོང་རྩྭ་གཟན་གཉིས།། ཟས་ཀྱི་དོན་དུ་གྲོས་ཁ་བསྡུར་བ་ལས།། རེ་ཞིག་རང་རིགས་མཐུན་པའི་འཁོར་ནང་དུ།། རང་རང་སོ་སོའི་སྤྱོད་པ་བསྐྱང་ན་ལེགས།། དགེ་ཆོས།
མང་མོས་བཀའ་ཁྲི་མཆོག་ནས། ། ཕྱག་ཟུང་ཕྲེང་བ་བགྲངས་ཞོར། ། རྒྱལ་གཅེས་དཔའ་བོ་དཔའ་མོར། ། བསྔོ་བའི་སྨོན་འདུན་སྐྱོང་ཡོད། ། ཆོལ་གསུམ་བོད་རིགས་སྤུན་ཟླ། ། མི་རིགས་བདེ་སྡུག་ཆེད་དུ། ། ལག་ཟུང་དམ་དུ་འབྲེལ་ནས། ། ཆིག་སྒྲིག་ལམ་དུ་བསྐྱོད་རོགས། ། དོན་མེད་ངན་འཚོང་མ་བརྗོད། ། བོད་འབངས་བན་བོན་ཆོས་གཤིས། ། ལག་ཟུང་ཕྲེང་བ་ཁྱེར་ནས། ། བསྡད་ཞོར་འགྲོ་ཞོར་དགེ་བསགས། ། གངས་ཅན་བོད་པའི་གཤིས་ཀ ། དེ་ལ་ཡ་མཚན་མི་དགོས། །
ང་ཚོ་མགོ་ནག་རྩམ་ཟན། །ཤ་དང་ཟུངས་ཁྲག་གཅིག་པ། ། སྐད་དང་ཡི་གེ་གཅིག་པ། །བསྒྲུབ་བྱའི་རྩ་དོན་གཅིག་པ། ། རང་སེམས་རང་ལ་དབང་བ། །རང་དབང་ལོངས་སུ་སྤྱད་དེ། ། རང་དབང་སླར་གསོའི་ཆེད་དུ། །བཀའ་ཁྲི་འོས་འདེམས་བྱས་རེད། ། སོ་སོའི་བསྐོས་བའི་བཀའ་ཁྲིས། །ཕྱག་ལས་གནང་འགོ་བཙུགས་ནི། ། ཟླ་གཉིས་མ་ཟིན་གོང་ནས། །སྐྱོན་བརྗོད་ཆར་བ་འབབ་འབབ། ། རྒྱུ་མཚན་གང་ལ་བསམ་ཀྱང་། །དུས་་ཚོད་ཕྲན་བུ་སྤྲད་དེ། ། ལེགས་ཉེས་དབྱེ་འབྱེད་བྱས་ན། །དངོས་ཡོད་རྒྱུ་མཚན་ལྡན་པ། ། མཆན་འགོད་དྲ་གྲོགས་འགའ་རེའི། །གསར་རྙིང་བར་ལ་དཀྲུག་གི ། ཆོལ་ཁའི་བར་ན་དཀྲུག་གི །ཆོས་ལུགས་བར་ལ་དཀྲུག་གི ། བློ་ཕམ་སྐྱེ་བཞི་ཞིག་ལས། །དགོས་པ་རྒྱུ་མཚན་མི་འདུག ། རྡོག་རྩ་གཅིག་སྒྲིལ་བྱས་ནི། །ནུས་པ་མཉམ་དུ་འདོན་གལ། །
༄་། སྲིད་ཀྱང་བཀའ་ཁྲི་རྣམ་པར་བརྒྱལ་བ་པོ་། བློ་རིགས་བཟང་བས་མཁས་དབང་ཐོག་པ་པོ་། སིངྒེས་སིངྒའི་རྒྱ་དར་བསྒྲིངས་པ་པོ་། མེ་དབོན་གསུམ་གྱིས་གསེར་ཁྲི་འཛིན་པ་པོ་། བོད་མི་ཡངས་ཀྱིས་འོས་ཤོག་ཐོབ་པ་པོ་། རྒྱ་བ་རིན་པོས་རྒྱལ་ཐོབས་སྐོས་པ་པོ་། བསྟེན་འཛི་རྒྱ་མཚོས་བསྟོད་ར་ཐོབ་པ་པོ་། བློ་བཟང་བློ་འདོད་བཀའ་བློན་གདམ་པ་རྣམ་། སྤྱི་འཐུས་རྣམ་པས་སྤྱི་མོས་ཐོབ་པ་པོ་། རྒྱ་མའི་རྒྱུན ་དུ་རྫུན་བསྒྲིགས་བྱེས་པ་རྣམ་། སྒྱ་རབས་ལོ་རྒྱུས་བརྒྱས་བཤད་བྱེས་པ་པོ། ཕྱི་ནང་བོད་མའི་རེ་འདོད་གང་ཡོད་རྣམ་། ཞུམ་པ་མེད་པའི་བསྒྲུབས་འདོད་ཡོད་པ་པོ་། ལུས་ལ་ཆུ་བ་ནག་པོ་གནབ་པ་དེས་། དམ་བཅའི་ཚོས་བཞི་འགྱུར་བ་མེད་པ་པོ་། ཕྱག་ལ་འཕྲིང་བ་བསྒྲོངས་ཤིང་བཞུགས་པ་དེ་། རྒྱུ་འབྲས་ཆོས་ལ་ཞིབས་རྩིས་བྱས་པ་པོ་། ཞལ་ནས་ཡི་དྲུག་མ་ཎི་བསྒྲོང་བ་དེ་། བོད་མི་ཉམས་ཐག་སྙིང་རྗེའི་གཟིག་པ་པོ་། ཞལ་རས་ཅུང་བྱེད་ཁྲོ་ཉམས་དོད་པ་དེ་། ལོགས་སྨྲ་ཅན་དག་ཚར་ནི་བཅོད་པ་པོ་། རྒྱ་བོད་ཆིང་འགྲིག་ཞི་བདེ་ཡུང་བ་པོ། རྒྱ་བ་རིན་པོ་རང་རྒྱལ་གདན་འགྲེན་པོ་། བོད་མི་རང་སྲིད་རང་བསྐྱང་ཐོབས་པ་པོ་། ཀི་ཀི་བསྭོོ་བསྭོ་ལྷ་རྒྱལ་ལོ་། མངྒ་ལཾ་།ེ
༄་། སྲིད་ཀྱང་བཀའ་ཁྲི་རྣམ་པར་བརྒྱལ་བ་པོ་། བློ་རིགས་བཟང་བས་མཁས་དབང་ཐོག་པ་པོ་། སིངྒེས་སིངྒའི་རྒྱ་དར་བསྒྲིངས་པ་པོ་། མེ་དབོན་གསུམ་གྱིས་གསེར་ཁྲི་འཛིན་པ་པོ་། བོད་མི་ཡངས་ཀྱིས་འོས་ཤོག་ཐོབ་པ་པོ་། རྒྱ་བ་རིན་པོས་རྒྱལ་ཐོབས་སྐོས་པ་པོ་། བསྟེན་འཛི་རྒྱ་མཚོས་བསྟོད་ར་ཐོབ་པ་པོ་། བློ་བཟང་བློ་འདོད་བཀའ་བློན་གདམ་པ་རྣམ་། སྤྱི་འཐུས་རྣམ་པས་སྤྱི་མོས་ཐོབ་པ་པོ་། རྒྱ་མའི་རྒྱུན ་དུ་རྫུན་བསྒྲིགས་བྱེས་པ་རྣམ་། སྒྱ་རབས་ལོ་རྒྱུས་བརྒྱས་བཤད་བྱེས་པ་པོ། ཕྱི་ནང་བོད་མའི་རེ་འདོད་གང་ཡོད་རྣམ་། ཞུམ་པ་མེད་པའི་བསྒྲུབས་འདོད་ཡོད་པ་པོ་། སྟོད་ལ་སྟོད་ཐུ་དཀར་པོ་གོན་པ་དེ་། བློ་དཀར་སེམ་དཀར་ལས་དོན་བསྒྲུབས་པ་པོ་། ལུས་ལ་ཆུ་བ་ནག་པོ་གནབ་པ་དེས་། དམ་བཅའི་ཚོས་བཞི་འགྱུར་བ་མེད་པ་པོ་། ཕྱག་ལ་འཕྲིང་བ་བསྒྲོངས་ཤིང་བཞུགས་པ་དེ་། རྒྱུ་འབྲས་ཆོས་ལ་ཞིབས་རྩིས་བྱས་པ་པོ་། ཞལ་ནས་ཡི་དྲུག་མ་ཎི་བསྒྲོང་བ་དེ་། བོད་མི་ཉམས་ཐག་སྙིང་རྗེའི་གཟིག་པ་པོ་། ཞལ་རས་ཅུང་བྱེད་ཁྲོ་ཉམས་དོད་པ་དེ་། ལོགས་སྨྲ་ཅན་དག་ཚར་ནི་བཅོད་པ་པོ་། རྒྱ་བོད་ཆིང་འགྲིག་ཞི་བདེ་ཡུང་བ་པོ། རྒྱ་བ་རིན་པོ་རང་རྒྱལ་གདན་འགྲེན་པོ་། བོད་མི་རང་སྲིད་རང་བསྐྱང་ཐོབས་པ་པོ་། ཀི་ཀི་བསྭོོ་བསྭོ་ལྷ་རྒྱལ་ལོ་། མངྒ་ལཾ་།ེ
༄།། བློ་གྲོས་བཟང་པོ་ངན་གྱིས་བསླུ་བ་པོ།། རྒྱ་ཁྱི་སྣ་ལེབ་སེང་གེའི་མིང་ཅན་པོ།། མཁས་དབང་མིང་ཅན་སྟོན་ཁའི་འབྲུག་སྒྲ་པོ།། མེས་དབོན་གསེར་ཁྲི་ལྕགས་ཁྲིར་སྒྱུར་བ་པོ།། བཀའ་ཁྲིའི་འོས་ཤོག་ཁྲི་གཉིས་ཐོབ་པ་པོ།། རྒྱལ་བ་རིན་པོ་ཆེའི་དགོངས་བཞེད་སྟོང་པ་པོ།། གསར་འབྱོར་གྲྭ་པར་མགོ་བསྐོར་གཏོང་བ་པོ།། སྤྱི་འཐུས་རྣམ་པས་རྔུལ་ནག་འདོན་པ་པོ།། རྒྱ་མིར་འུར་གྱིས་ཁ་གཏད་གཅོག་པ་པོ།། རང་གི་རྒྱལ་རབས་ལོ་རྒྱུས་མི་ཤེས་པོ།། ཕྱི་ནང་བོད་མིའི་རེ་འདོད་སྐྱུར་བ་པོ།། ཞུམ་པ་མེད་པའི་སྐྱག་རྫུན་ཤོད་པ་པོ།། ཚ་གེ་ཚི་གེས་ཕྱག་ཕྲེང་འཛིན་པ་པོ།། དཀར་ནག་ལས་འབྲས་ཤེས་ཐབས་བྲལ་བ་པོ།། ཞལ་ནས་བོད་ཡིག་ལྡབ་ལྡིབ་སྨྲ་བ་པོ།། རང་གི་རིག་གཞུང་རྩ་བརླགས་གཏོང་འདོད་པོ།། རྒྱ་བོད་ཆིངས་འགྲིག་རྒྱང་དུ་གཏོང་བ་པོ།། རྒྱལ་བ་རང་ཡུལ་བཞུགས་སུ་བཅུག་པ་པོ།། རང་བཙན་རང་སྲིད་དབྱེ་བ་མི་ཆོད་པོ།། སེམས་ནང་ཆབ་སྲིད་ལངས་ཕྱོགས་མེད་པ་པོ།། ཕྱིར་སྡོད་རྒྱ་ཡི་མི་སེར་ཡིན་པ་པོ།། རྐུབ་ལ་རྩམ་བྱུགས་རྒོ་བ་ཡིན་འདོད་པོ།། མགོ་ལ་མཚེར་བཙུགས་ཤྭ་བ་ཡིན་འདོད་པོ།། ཧོབ་སྟེ་བཀའ་བློན་ཁྲི་ལ་སླེབས་པ་པོ།། བོད་འབངས་འཕུངས་པའི་སྔ་ལྟས་འཛུགས་པ་པོ།། ཀི་ཀི་བསྭོོ་བསྭོ་བོད་རྒྱལ་ལོ།། ས་རྦ་ཤུ་བཾ།། ཀམ་ཀ་ནེ་ཡ་རྒྱ་རྒྱ།།
ཡ་སྒང་བ་བོད་པ་ཚང་ད་དུང་ཡུན་གྱི་ལྟ་དགོས་་་་་་་སོ་སོས་བཙོས་པའི་ཆང་དེ།ཞིམ་པོ་མེད་ཀྱང་བཏུང་དགོས་ཞེས་པའི་དཔེ་ལྟར་་རང་ཉིད་ཀྱི་འདམ་ཀ་བྱས་པའི་མི་དེ་གང་ཐུབ་ཅི་ཐུབ་ཀྱི་རྒྱབ་སྐྱོར་བྱེད་དགོས་་་་་་་ད་དུང་ཁོ་ལ་ནུས་པ་མེད་ན་ཡང་བསྐྱར་ང་ཚོའི་འདམ་ཀ་བྱེད་རྒྱུར་ལྷག་ཡོད།
ཕྱག་ཟུང་ཕྲེང་ནག་སྐོར་བ། སྐྱབས་དང་མོ་ལུང་མིན་དེ། གཞུང་གྲོན་ལྐོག་ཟ་བྱེད་མཁན། ཕྲེང་རྩིས་སྐྱོན་ནས་བཞུགས་འདུག
བསམ་པ་ལྷུན་འགྲུབ་གང་མང་ཞིག་མ་འདོན་ན། རྒྱལ་བོད་འབྲེལ་ལམ་འདི་ལས་སླ་མོ་ཞིག་གིས་འགྲུབ་པ་དཀའ་བསམ་བཞིན་པ་འདྲ།
བླ་མ་ལ་སྐྱབས་སུ་མཆིའོ།། སངས་རྒྱས་ལ་སྐྱབས་སུ་མཆིའོ།། ཆོས་ལ་སྐྱབས་སུ་མཆིའོ།། དགེ་འདུན་ལ་སྐྱབས་སུ་མཆིའོ།། གང་མང་གསོག་རོགས་ཞུ། གྲོས་ཚོགས་ཀྱི་ཚོགས་མིས་ཅི་བཤད་ལ་ཡང་ཉན་མི་དགོས། རང་གིས་སྐྱབས་འགྲོ་གསོག་སྡོད་ལོ།
བཀའ་ཁྲི་བཟོ་ལྟ་ཤོར་ཡས་འགོ་ཚུགས་སོང་། ད་རང་གཟུགས་རིམ་བཞིན་མངོན་ཡོང་གི་རེད་དོ།
འདི་ཧང་སང་དགོས་པ་ཞིག་མ་རེད་ ཧང་སང་དགོས་པ་ཁྱེད་ཚོ་རེད་་་་ཅོལ་ཅུང་རང་རེད་་་་་ཆོས་ནི་བོད་མི་སྤྱི་བོ་གནམ་བསྟན་ཡོངས་ཀྱིས་བྱེད་ཀྱིན་པ་རེད། བཀའ་ཁྲིས་ཆོས་བྱེད་ཀྱིན་འདུག་་་་ད་ཁོའི་བཟོ་ལྟ་ཤོར་འདུག་ཟེར་བ་ཅི་ཞིག་རེད་་་་དེས་ན་གོང་ས་མཆོག་གིས་ཀྱང་ཆོས་བྱེད་ཀྱིན་འདུག་་་་བཟོ་ལྟ་ཤོར་འདུག་གམ་་་་་་རང་གི་དེ་ཉིད་བསྟན་པ་ལས་གཞན་ཅི་ཡང་མི་འདུག་་་་དྲ་གྲོགས་ཚོ
ཨཽ་ཏ་རེ་ཏུ་རེ་ཏུ་ཏ་རེ་སྭ་ཧྭ།
ཞལ་རས་ཅུང་ཟད་དྲག་ཏུ་ཁྲོས་མ།
ཕྱག་ཟུང་ཕྲེང་བ་གྱེང་དུ་སྒྲེང་མ།
སྐུ་ཡི་མདུན་དུ་ཡིག་ཆས་གང་མ།
བོད་ཡིག་ཡིན་པས་དོན་ནི་མི་ཤེས།
ཕྱག་འཚལ་ཟ་རི་ཟི་རིས་གང་མ།
ཕྲེང་མདོག་རེ་རེར་མཐེ་བོས་བསྣུན་བཞིན།
སྤྱི་འཐུས་རྣམས་ལ་ཐུགས་ནི་ཁྲོས་མ།
དམ་བཅའི་སྐབས་སུ་གསུངས་པའི་ཚིགས་ལ།
སྤྱི་འཐུས་དྲི་བ་རྡོ་རྗེའི་ཐོག་མདར།
ལན་ནི་མ་འཐེབ་ཐུགས་ནི་ཁྲོས་ནས།
ཅི་བྱི་བརྟོལ་ཕྲེང་བ་བཟུང་མ།
ཕྱག་འཚལ་ཐབས་ནི་སྐྱོ་བོ་ཆགས་མ།
ཁྲིམས་ལུགས་དབྱིན་ཡིག་སོགས་ལ་མཁས་ཀྱང་།
བོད་ཡིན་མི་ཤེས་བོད་པའི་གདོང་ཅན།
སྤྱི་འཐུས་མདུན་དུ་རྔུལ་ཆུའི་ཕྲེང་བ།
ཕྱག་འཚལ་ཞལ་རས་དམར་མདངས་རྒྱས་མ།
ཨཽ་ཏ་རེ་ཏུ་རེ་ཏུ་ཏ་རེ་སྭ་ཧྭ།
ཨཽ་ཏ་རེ་ཏུ་རེ་ཏུ་ཏ་རེ་སྭ་ཧྭ།
ཨཽ་ཏ་རེ་ཏུ་རེ་ཏུ་ཏ་རེ་སྭ་ཧྭ།
སྤྱི་འཐུས་ཁ་བདེ་བ་རྣམས་མི་བདེ་བར་གྱུར་ཅིག མི་བདེ་བ་རྣམས་བཏང་སྙོམས་སུ་གྱུར་ཅིག
ཕྲེང་བ་འདི་ལག་མགོ་ལ་དཀྲིས་ཡོད་ན་ཡག་པོ་འདུག བོད་མི་ཞིག་ཡིན་པས། བོད་གོང་བ་ཅན་དང་ཕྲེང་བ་ཅན་ཟེར་བ་རེད། ཡིན་ན་ཡང་ལག་ཏུ་བཟུང་ནས་ཅིག་བསགས་ཀྱིན་འདུག་པའི་བཟོ་འདི་ཁྱད་མཚར་ཞིག་རེད། གྲོས་ཚོགས་ཀྱི་བགྲོ་གླེང་བྱེད་ས་ལ་མ་ཎི་བསགས་ནས་སྡོད་ཁོམ་ཞིག་ག་ལ་ཡོད། གལ་ཏེ་མ་ཎི་གསོག་ཞོར་དང་བགྲོ་གླེང་བྱེད་ཞོར་ཟེར་ན་དེ་ཡང་སྟབས་བདེ་ཞིག་ཨེ་རེད། འདི་རྒྱལ་ཁབ་ཅིག་གི་སྲིད་དོན་གྲོས་མོལ་བྱེད་སའི་སྟེགས་བུ་དང་། གྲོས་མོལ་བྱེད་པའི་དུས་ཚོད་རེད་ཡ།
གྲོས་ཚོགས་ནང་བཀའ་ཁྲིས་ཕྱག་ལ་ཕྲེང་བ་བཟུང་བ་འོས་འཚམས་མིན་པ་འདྲ་བོ་རེད། དེ་ལ་སྐྱོན་ཆེན་པོ་མི་འདུག གཙོ་བོ་དྲི་བ་དེ་ཚོར་ལན་གནད་དུ་ཁེལ་བ་གཅིག་ཀྱང་མི་འདུག་པས་ང་ཚོའི་བཀའ་ཁྲི་དེ་ག་འདྲ་འདུག་བསམ་བྱུང་། དཔེར་ན་ཁོང་གིས། ཆོས་ལུགས་དབྱེ་འབྱེད་བྱེད་ཀྱི་མིན། ཐོབ་ཐང་གཅིག་མཚུངས་སྤྲོད་དགོས་ཟེར་གྱི་མེད། ཟེར་བར་གཟིགས་དང་། ཐོབ་ཐང་གཅིག་མཚུངས་མ་སྤྲད་ན། འདི་ལས་ལྷག་པའི་དབྱེ་འབྱེད་ཅིག་བྱེད་ཚུལ་ཡོད་དམ། ཡང་ན་དབྱེ་འབྱེད་མི་བྱེད་ཟེར་བ་དེ་ཆོས་ལུགས་ཚང་མ་གཅིག་པ་རེད་ཟེར་བ་ཡིན་ནམ། ངས་མི་ཤེས་ཀི ང་ཚོའི་བཀའ་ཁྲི་ནི་ཁྲིམས་ལུགས་འབུམ་རམས་པ་ཐོན་པ་ཞིག་ཡིན། ཁོང་གིས་ཀྱང་དེ་རིང་བར་ང་མཁས་དབང་ཡིན། ཧ་ཝལ་སློབ་གྲྭའི་འབུམ་རམས་པའི་ཕྱག་འཁྱེར་ཡོད། ཤེས་ཡོན་གལ་ཆེན་པོ་རེད། དེ་རིང་ང་རང་གི་རྐང་བའི་ཐོག་ལངས་ཐུབ་པ་དེ་ཤེས་ཡོན་གྱི་ཡིན་ཟེར། བལྟས་ཡོང་ན་ཁོང་གི་ཤེས་ཡོན་དང་ཁྲིམས་ལུགས་མཁས་དབང་དེ་ཚད་དེ་ཇི་འདྲ་ཞིག་ཡིན་ནམ་སྙམ་བྱུང་།
ཡིན་ཡང་ང་ཚོས་ཐབས་ཤེས་ཡོད་དགུ་བཏོན་དེ་རང་གིས་འདམས་པའི་བཀའ་ཁྲི་འདི་ལ་དབུ་ཞབས་དཔུང་འདེགས་བྱེད་དགོས། འོན་ཀྱང་ཁེ་མཚར་འདྲ་བོ་གནང་ཡོང་ན་ཅིག་ཅིག་དཀའ་གི་ཡ།
ཆིག་སྒྲིལ་གྱི་ས་བོན་མེད་ན་ཕར་རྒོལ་གྱི་ནུས་ལྡན་འབྲས་བུའི་ཐ་སྙད་ཀྱང་རེ་བ་མེད། །
གསར་གཏོད་གྱི་ལམ་བུ་མེད་ན་ཡར་རྒྱས་གྱི་རིམ་འདས་གྲོང་ཁྱེར་ནི་རྨི་ལམ་དང་སྒྱུ་མ་ཙམ་དུ་ཟད། །
རང་མགོ་རང་འདོན་གྱི་སྤོབས་པ་མེད་ན་ཕྱི་ཚུལ་བཅོས་མའི་རྣམ་འགྱུར་གྱིས་རང་གཞན་རིམ་གྱིས་བསླུ་བར་
གདོན་མི་ཟ། །
ཁ་བཤད་ལག་སྟར་གྱི་གཞི་རིམ་ལྟ་གྲུབ་མེད་ན་ཆོས་དང་འཇིག་རྟེན་གང་གི་ཆ་ནས་ཀྱང་རྟག་ཆད་ཀྱི་མཐའ་
གཉིས་སུ་ལྷུང་རྒྱུར་ཐེ་ཚོམ་གང་ཡང་མེད། །
ཧ་ཧ་ཁ་ཁ། ང་ཚོས་བཀའ་ཁྲི་ཆོས་འདོན་སར་གཞས་འཁྲབ་མཁན། སྲིད་དོན་ཚོགས་སར་མ་ནི་བགྲངས་མཁན། ཆོས་སྲིད་གཉིས་ཀའི་ཐོག་ལ་གང་ཡང་མི་ཤེས་མཁན་ཞིག་བདམས་འདུག ཡ་ད་ཐམས་ཅད་ཚར་སོང་།
འཛིན་སྐྱོང་གིས་ལས་དོན་སྒྲུབ་སྐབས་ཆོས་ལུགས་དབྱེ་འབྱེད་མི་བྱེད་རྒྱུ་དེ་གསལ་པོར་གསུངས་འདུག
ཆོས་བརྒྱུད་ཁག་ལ་ཐོབ་ཐང་འདྲ་མཉམ་སྤྲོད་མིན་དེ་ཁྲིམས་བཟོ་ལྷན་ཚོགས་ཀྱི་ལག་ཏུ་ཡོད་པ་མ་གཏོགས་བཀའ་ཁྲིའི་ལག་ཏུ་མེད་པ་ཡང་གསལ་པོ་གསུངས་འདུག
འདི་གཉིས་བར་འགལ་བ་འདུག་ཟེར་ན་ག་རེ་ཟེར་གྱི་ཡོད་པ་རེད།
མ་འོངས་ལས་དོན་ཐད་ལ་ཕྱག་མོ་རྒྱག་གི་ཡོད་ས་རེད་པ།
དྲ་གྲོགས་ཚོ་བཀའ་ཁྲི་མཆོག་གིས་ཕྲེང་བ་འདྲེན་པ་དང་ཁ་འདོན་བྱེད་པ་ལ་སྐྱོན་བརྗོད་རྒྱུ་ཅང་མི་འདུག་སྙམ། གཙོ་བོ་དེ་བོད་སྤྱི་བའི་ལས་དོན་འཐུས་ཤོར་ལ་མ་གཏང་ན་འགྲིགས། སྤྱིར་བཏང་ད་ལྟ་ཁོང་ལ་བོད་པ་ཚང་མས་རྒྱབ་སྐྱོར་གནང་རྒྱུ་དེ་གལ་ཆེན་པོ་རེད། བོད་ལ་ལྷག་བསམ་ཡོད་མཁན་དང་ཤེས་ཡོན་ཡོད་མཁན་དངོས་སུ་ལས་དོན་ནང་ཞུགས་དུས་གང་ཐུབ་ཐུབ་ཀྱིས་ཁ་བརྡུང་བཏང་ན་དེ་ལེགས་པོ་ཞིག་གཏན་ནས་མ་མཐོང་། གང་ལྟར་ཁོང་བཙན་བྱོད་དུ་ཡོད་པའི་བོད་མི་རིགས་ཀྱིས་གདམས་ཐོན་བྱུང་བའི་བཀའ་ཁྲི་གཞོན་སྐྱེས་ཞིག་ཁྲི་ཐོག་ཏུ་སླེབས་པ་ཐོག་མ་རེད། ད་བར་དུ་བོད་པའི་སྤྱི་ཚོགས་ནང་གཞོན་སྐྱེས་དགོས་ཚུལ་དང་། བླ་གྲྭའི་དབུ་ཁྲིད་མི་དགོས་པའི་སྐད་ཆ་བྱུང་དང་འབྱུང་བཞིན་པ་རེད། ད་དངོས་སུ་རེ་འདོད་དེ་མངོན་གྱུར་བྱང་བ་རེད། ང་ཚོ་བཙན་བྱོལ་བ་འདི་ལ་མཚོན་ན་ལོ་རྒྱུས་ཀྱི་དཀྱོགས་མཚམས་གལ་ཆེན་ཞིག་ཏུ་སླེབས་པ་རེད། ཚང་མས་བློ་རྩེ་སྒྲིམ་དགོས་པའི་དུས་ལ་སླེབ་འདུག་པ་ལས། ནང་ཁུལ་ལ་ཤག་འགྱེད་རེས་དང་། སྐྱོན་བརྗོད་ཀྱི་རྩོམ་ཡིག་འབྲི་བའི་དུས་ཚོད་ཅིག་གཏན་ནས་མ་རེད། ཁ་དང་ལག་པར་ཟ་འཁྲུག་ལངས་ན། དགྲ་བོ་རྒྱ་དམར་ལ་ཁ་གཏད་ཀྱི་རྩོམ་ཡིག་བྲིས་ནས་རྒྱལ་སྤྱིའི་ཐོག་བརྒྱུད་བསྒྲག་བྱས་ན་མི་ལེགས་སམ།
རང་རང་འཇོན་ནུས་ཀྱིས་བོད་དོན་བསྒྲུབ་རྒྱུ་གལ་ཆེ་བ་ལས། བཀའ་ཁྲི་བློ་སེང་ལ་བློ་བཀལ་ནས་མ་སྡོད། བཀའ་ཁྲིས་ཚབ་ཆེའི་ལམ་ནོར་ཐེབས་ཁར་ཁ་བཙུམ་ནས་མ་སྡོད་པར་ལམ་ནོར་ཟློག་ཤེས་འོང་བ་གྱིས། བཀའ་ཁྲི་འདི་པའི་བཀའ་སློབ་ཚང་མ་ནམ་མཁའི་འཇའ་ཚོན་དང་གཅིག་མཚུངས་རེད། འཇའ་ཁ་དོག་ལེགས་ཀྱང་སྟོང་པ་རེད། དེར་བྱིས་པ་རྣམས་དགའ་ནས་མཆོངས་ལྡིང་བྱེད། སྔར་ཁས་བླངས་པའི་གསར་འབྱོར་གྱི་བཀའ་བློན་དེ་དབྱིན་ཇི་མི་ཤེས་པའི་རྒྱུ་མཚན་ལ་བརྟེན་ནས་བདམས་མེད། ཆོས་བརྒྱུད་མང་བས་མཐོང་ཚུལ་བྱུང་དོགས་ཆོས་ལུགས་ཀྱི་བཀའ་བློན་བདམས་མེད། ཆོས་ལུགས་རིས་མེད་ཅེས་པ་ཐོབ་ཐང་གཅིག་མཚུངས་སྤྲོད་པའི་དོན་མིན། ཞེས་ནམ་མཁའི་འཇའ་ཚོན་ང་ཚོའི་མིག་སྔ་ནས་ཕར་ཕར་འགྲོ་བཞིན་འདུག བཀའ་ཁྲིའི་བོད་ཡིག་གི་ཤེས་ཚད་ལས་ལེགས་པའི་དབྱིན་ཡིག་གི་ཤེས་ཚད་ལྡན་པའི་གསར་འབྱོར་བ་གང་མང་ཡོད། གྲོས་ཚོགས་དང་མི་མང་མདུན་དུ་དངོས་གསལ་གྱིས་རང་གིས་ཁས་བླངས་རང་གིས་མི་འཁྱོལ་བའི་བཀའ་ཁྲི་ལ་དོགས་པ་ཞིག་མི་སྐྱེ་བར་ག་ལ་སྲིད།
ཞལ་འདོན་འདོན་དགོས་པ་དེ་བོད་གཞུང་གི་ལས་ཁུངས་ཁག་གི་སྒྲིག་གཞི་རེད། ནང་པ་ཚང་མ་དེ་ལ་མཉམ་ཞུགས་བྱེད་གི་རེད། ཁ་ཆེ་འདྲ་ཡིན་ན་ལས་ཁུངས་ཀྱི་ཞལ་འདོན་སྐབས་སུ་ཕྱི་ལོགས་སུ་ཐོན་ནས་མེ་ཏོག་སྟེང་དུ་ཆུ་བླུག་དགོས་ཀྱི་རེད། དེ་བོད་གཞུང་གི་སྒྲིག་ཁྲིམས་རེད། དེ་ལ་བཀའ་ཁྲི་ཡིན་ན་ཡང་མི་ཉན་ཟེར་ས་ཡོད་པ་མ་རེད།
བཀའ་ཁྲི་མ་ཚད་བཀའ་བློན་ཚོའི་ནང་ལ་ཆོས་ཤེས་མཁན་ཞིག་མི་འདུག་བཀའ་ཁྲིས་གྲོས་ཚོགས་པ་མ་ཎི་སྐྱོར་ནས་ལྷོད་ལཧaོད་བྱ་བ་ནི་བཀའ་མི་ཤེས་པའོ་མགོ་ཚུགས་ཡོང་བ་རེད།
ངོ་མ་ལན་པོ་ཞིག་གཏན་ནས་མིན་འདུག འདི་ནི་འཁྲབ་སྟོན་ཙམ་རེད། ཟམ་གདོང་རིན་པོ་ཆེ་བཀའ་བློན་ཁྲི་པའི་ལས་འགན་འཁུར་སྐབས་མ་ཎི་བགྲང་བསྡད་པ་སྔར་ནས་མ་མཐོང་། འོན་ཀྱང་ཁོང་ལ་ཆོས་དད་མེད་པ་ག་བ་ཡིན། དེ་གནད་འགག་དེ་ཙམ་མིན། ངོས་རང་གིས་མཐོང་སྣང་མི་འགྲིག་པ་ནི་ཁོང་གི་ལན་བཏབ་ཚུལ་ལ་ཡིན། བྱས་ཙང་ག་ལེར་ཉམས་མྱོང་བསགས་ཡོང་གིན་རེད། གས་ཡོད་མ་རེད། འདི་ནི་ཁོང་གི་ཀ་རྟགས་ཅན་གྱི་དྲི་བ་ཐོག་མ་ཆགས་ཡོད། ད་དུང་དྲི་བ་གཏོང་མཁན་དེ་ལས་ངར་པ་དེ་འདྲ་ཡོང་རྒྱུ་རེད། བྱས་ཙང་གྲ་འགྲིག་བྱོས་ཤིག
བཀའ་ཁྲི་འདོད་པ་ཅན་ལབ་འདུག ངས་པདྨ་ཆོས་འབྱོར་གྱི་བཀོད་མངགས་ལྟར་བློ་བཟང་སེང་གེས་སྒྲོལ་མ་རྒྱ་རི་དང་བདེ་དབྱངས་གང་རུང་ལ་ཅིག་བྱས་པ་མིན་འགྲོ་བསམས་སོང་སྟེ། དེ་འདྲ་རེད་མི་འདུག པར་གཅིག་པུ་ལས་མི་འདུག ཆབ་སྲིད་པ་ཡིན་ཟེར་གྱི་ཡོད་ས་རེད།
བཀའ་ཁྲི་མཆོག་གིས་གྲོས་ཚོགས་སུ་ཕྲེང་བ་ཕྱག་ཏུ་བསྣམས་པ་ནི། དམིགས་བཀར་གྱིས་རལ་གྲི་ནང་དུ་གཏོད་པའི་ཅོལ་ཆུང་རིགས་ལ་རང་ཉིད་མཐོང་དགོས་པའི་ཉེན་བརྡ་བཏང་བ་དང་། ཡང་ན། བཀའ་ཁྲི་དམའ་ཕབ་འདོད་མཁན་ར་བཟི་པ་དང་། མགོ་གཉིས་ཅན། བྱོལ་སོང་རྣམས་ཞི་བའི་སྒོ་ནས་འདུལ་ངེས་པའི་སྔོན་བརྡ་བཏང་བ་ཞིག་རེད།
གཞན་ཡང་། ཞལ་ལ་ཁྲོ་བའི་ཉམས་སྟོན་པ་ནི། ཆབ་སྲིད་ཤ་ཟན་ཅན་དང་། གཡོ་སྒྱུ་རྩྭ་ཟན་ཅན་རྣམས་ཁྲོ་བའི་ཉམས་ཀྱིས་ཟིལ་གྱིས་མནན་པ་ལ་བག་ཚ་བ་ཅི་ཡང་མེད་པའི་བརྟན་བརླིང་གི་གཟི་བརྗིད་མངོན་པ་ཡིན་པས།
དོན་དུ་མཚན་ལ‘བློ་བཟང’དང་ ‘སེང་གེ’ཟེར་བའི་རྒྱུ་མཚན་ཡོད་གསུང་གིན་ཡོད་པ་རེད།
ཨོ་ཞི་ལི་ཆོས་དད་ཅན་ཟེར་ནོ་རེད་ཡ། ཚོགས་འདུ་འཚོགས་སར་ཡང་ཞལ་འདོན་རྒྱུན་མི་ཆད་པར་བཞུགས་བསྡད་འདུག ཡིན་ན་ཡང་ཞལ་རས་ནག་རོག་ཀེར་བཞུགས་འདུག ཕལ་ཆེར་གྲོད་ཁོག་ན་བཞིན་ཡོད་པ་འདྲ་བོ་འདུག བཞལ་སྨན་ཟ་ཡ་མང་དྲག་པ་མིན་འགྲོ
རེ་བ་དཀའ་ས་རེད། བཟང་རྟགས་ཤིག་མ་རེད།
མགོ་ནག་སྲིད་སྐྱོང་།
གོས་ནག་གྱོན་ནས།
ཕྲེང་ནག་བསྣམ་ནས།
དྲག་སྔགས་འདོན་པས།
རྒྱ་གཞུང་འཇིགས་འདུག
མགོ་ནག་བོད་མིའི་སྲིད་སྐྱོང་། །
གོས་ནག་བོད་ཆས་གྱོན་ཅིང་། །
ཕྲེང་ནག་ཕྱག་ཏུ་བཞེས་ནས། །
གཟུངས་སྔགས་གང་ཤེས་འདོན་བགྱིད། །
མང་པོས་བཀུར་བའི་རྒྱལ་བུས།།ཆ་ལུགས་འདི་ཡིས་འོག་ནས།།
བོད་དང་བོད་ཡིག་ཞེན་པའི།།མི་དྲག་མང་པོ་བསླུས་སོང་།།
ཧ་ཧ་ཟེར་ནས་དགོདཅིག། མི་འདུག་ཟེར་ནས་དམོད་ཅིག།
མི་རྟག་འཆི་བ་དྲན་དྲག་ནས། །ཕྲེང་བ་མི་འཁྱེར་དཀའ་མེད་རེད། །ཨོཾ་མ་ཎི་པདྨའི་ཧྰུྃ། ཨོཾ་མ་ཎི་པདྨའི་ཧྰུྃ། ཨོཾ་མ་ཎི་པདྨའི་ཧྰུྃ། ཨོཾ་མ་ཎི་པདྨའི་ཧྰུྃ། ཨོཾ་མ་ཎི་པདྨའི་ཧྰུྃ། ཨོཾ་མ་ཎི་པདྨའི་ཧྰུྃ། ཨོཾ་མ་ཎི་པདྨའི་ཧྰུྃ། ཨོཾ་མ་ཎི་པདྨའི་ཧྰུྃ། ཨོཾ་མ་ཎི་པདྨའི་ཧྰུྃ། ཨོ་ད་་་་་་་་་་་་་་རེ་བའི་ཕྲེང་བ་བགྲང་དྲག་ན། །ཕྲེང་ལུང་ཆད་ན་ངོ་ཚ་རེད། ། བསྐུད་པ་གསར་པ་ཞིག་ཉོ་དགོས།
མི་རྟག་འཆི་བ་དྲན་དྲག་ནས། །ཕྲེང་བ་མི་འཁྱེར་དཀའ་མེད་རེད། །ཨོཾ་མ་ཎི་པདྨའི་ཧྰུྃ། ཨོཾ་མ་ཎི་པདྨའི་ཧྰུྃ། ཨོཾ་མ་ཎི་པདྨའི་ཧྰུྃ། ཨོཾ་མ་ཎི་པདྨའི་ཧྰུྃ། ཨོཾ་མ་ཎི་པདྨའི་ཧྰུྃ། ཨོཾ་མ་ཎི་པདྨའི་ཧྰུྃ། ཨོཾ་མ་ཎི་པདྨའི་ཧྰུྃ། ཨོཾ་མ་ཎི་པདྨའི་ཧྰུྃ། ཨོཾ་མ་ཎི་པདྨའི་ཧྰུྃ། ཨོ་ད་་་་་་་་་་་་་་རེ་བའི་ཕྲེང་བ་བགྲང་དྲག་ནས། །ཕྲེང་ལུང་ཆད་ན་ངོ་ཚ་རེད། ། བསྐུད་པ་གསར་པ་ཞིག་ཉོ་དགོས།
ཇུས་མེད་ཇུས་གཏོགས་ཀྱི་ལག་ལ་ཁེ་གྲི་བཟུང་ནས།།
ར་མ་རྒྱ་མོ་ཡི་སྨ་ར་དུམ་སེར་གཅོད་ཀི།
བློ་བཟང་སེང་གེ་ཡི་ལག་ལ་ཕྲེང་བ་བཟུང་ནས།།
ཚང་འཛོམས་གྲོས་ཀྱི་སྲིད་ལ་ལན་འདེབས་གནང་སོང་།།
མ་ཎི་འདོན་ཞོར་ལ་འཐུས་མིའི་གྲོས་གཞིར་ཉན་ནས།།
ཐར་བའི་ས་བོན་དེ་ཞར་དང་ཞོར་ལ་གསོག་གི།
སྲིད་སྐྱོང་ཆོས་པ་ཞིག་ང་ཚོར་ལས་ཀྱིས་བསྐོས་པ།།
འདས་པའི་དཔའ་བོ་ཚོ་ཞིང་ལ་འདྲེན་དོན་མིན་འགྲོ།
དགྲ་བོའི་མེ་སྒྱོགས་ཀྱི་ཁ་གཏད་ཕྲེང་བས་གཅོག་པའི།།
ཨ་མཚར་དགུ་སྐོར་གྱི་གཏམ་རྒྱུད་འདི་ལྟར་བྱུང་ཚེ།།
དཔའ་བོ་དཔའ་མོ་ཚོའི་ཟུངས་ཁྲག་ལྷོག་ལྷོག་བཞུར་ཏེ།།
བོད་དོན་འཐབ་རྩོད་ཀྱི་གཡུལ་ས་ངོ་མ་དྲན་བྱུང་།།
ཆབ་སྲིད་སྣེ་མོར་ཞུགས་པའི་བཀའ་ཁྲི་ཡིས།།
རང་གི་དོན་དུ་བརྫ་གུ་རུ་འདོན།།
གཞན་གྱི་དོན་དུ་དྲང་བདེན་ལམ་བུ་སྐྱོང་།།
རང་གཞན་དོན་ཆེན་བསྒྲུབ་ན་དེ་ལྷག་ཅི།།
ས་གཞིར་རྡུལ་གྱིས་དཀྲུགས་པའི་འཚུབ་རླུང་གིས།།
མིག་གཉིས་རབ་རུབ་གྱུར་བའི་ཟུར་ཁ་ནས།།
སྙིང་སྟོབས་དཔུང་བས་འདེགས་པ་ཨ་མའི་བུ།།
ཁྱུག་ཙམ་ཞིག་གིས་མགོ་བོ་ཡར་ལ་དགྱེ།།
བལ་ཡུལ་གྱི་མི་དམངས་དང་བོད་པའི་མི་དམངས་གཉིས་དཔེ་འདྲ་པོ་འདུག དང་པོར་འགོ་ཁྲིད་ཅིག་སོ་སོས་འོ་ཤོག་བླུགས་ནས་ཡར་བསྐོས། དེ་མ་ཐག་དེ་ལ་ངོ་རྒོལ་རྒྱག་ཡག་མགོ་བཙུགས་ཚར་བ་དེ་འདྲ་བྱས་ན་འགྲིག་གི་རེད་བས། དམངས་གཙོའི་ལམ་ཁ་ཡང་དག་པ་ཞིག་ལ་སོང་བ་ཡིན་ན་མཐོ་དམན་དྲག་ཞན་སུ་ཡིན་ནའང་མི་དམངས་ཀྱིས་འདེམས་བསྐོ་བྱས་བཞག་པའི་འགོ་ཁྲིད་དེ་ལ་གུས་བསྐུར་དང་སྲུང་བརྩི་ཞུ་དགོས་པ་དང་འགོ་ཁྲིད་ཀྱིས་ཀྱང་ཁ་ཞེ་གཉིས་མེད་ཀྱི་ཐོག་ནས་མི་དམངས་ཀྱི་ཕན་ཐོག་བསྒྲུབ་དགོས་པ་དེ་དམངས་གཙོའི་ལམ་ཁའི་གཙོ་བོ་ཞིག་ཡིན་གྱི་རེད་བསམ་གྱིན་ཡོད། ངའི་བསམ་པ་ལ་བོད་པ་དང་ནེ་པ་ལི་གཉིས་དམངས་གཙོ་ཡང་དག་པ་ཞིག་འགྱུར་ཡག་ལ་ད་དུང་མ་མཐའ་ལོ་ལྔ་བཅུ་འགོར་ས་འདུག སྟོན་པ་བཅོམ་ལྡན་འདས་ཀྱིས། བདག་ཉིད་བདག་གི་མགོན་ཡིན་ཏེ། བདག་ཉིད་བདག་གི་དགྲ་ཡིན་ནོ། ལེགས་དང་ཉེས་པར་བྱེད་པ་ཀུན། བདག་ཉིད་བདག་གི་དཔང་པོའོ། ཞེས་གསུངས་ཡོད། ཁོང་གིས་དམངས་གཙོ་ཡང་དག་པའི་ལམ་ཁ་དེ་དེ་འདྲ་ཞིག་ལ་གསུངས་ཡོད། དམངས་གཙོ་ཡང་དག་པ་ཟེར་བ་དེ་རང་སྣང་གང་ཤར་ལ་ཟེར་བ་མིན། རང་གི་འགན་འཁྲི་ཆ་ཚང་རང་གི་ཁུར་ཐུབ་པ། གཞན་གྱི་བཙན་དབང་གི་ཁྲིམས་ལ་ལྟོས་མི་དགོས་པ། མ་ནུས་པ་དང་ཉམས་ཆུང་འདུག་ན་རོགས་སྐྱོར་གང་ཐུབ་བྱེད་ཡག་དང་དེ་དག་གི་བདེ་སྡུག་ལ་སེམས་ཁུར་བྱེད་པ་དེ་ལ་ཟེར་བ་ཡིན། རང་གཞན་ཚང་མས་དེའི་ཚུལ་ལ་འབད་འབུང་གནང་གང་ཐུབ་བྱེད་དགོས་པ་གལ་ཆེན་ཡིན།
མང་མོས་ཀྱིས་ཐག་ཆོད་བྱུང་བ་དེ་ལ་དམངས་གཙོ་ཟེར་བ་བདེན་མོད། ནམ་རྒྱུན་གཞན་ཟུར་གྱི་སྣེ་མོ་ནས་སྐྱོན་ཞིག་འཚོལ་འདོད་ཀྱི་ཀུན་སློང་དེ་ཡག་རྟགས་ཤིག་མ་རེད། རང་གི་མགོ་ཁྲིད་ལ་རང་གིས་བརྩི་འཇོག་མི་བྱེད་པའི་བོད་པ་ཚང་གི་ལས་ངན་འདི་སུ་ཞིག་གིས་བཟློག་ནུས།
དྲ་གྲོགས་ཚོའི་བཤད་རྒྱུ་རྫོགས་་ནས་ཨུ་ཐུབ་ན་གང་ཤེས་མ་ཏོགས་བཀའ་ཁྲིའི་འཕྲིང་བ་འགྲིམ་པ་རྩོད་དགོས་གང་ཡང་མ་མཐོང་ཨ་ཁ་ཁ་
རྒྱེས་ལུས་ནང་གི་ཡང་ལུས་རང་རེད་དགོས་པའི་གྲོས་ཚོགས་ནང་གི་ཕྱོགས་ཞེན་ཆེ་བའི་མི་ངན་ཚོའི་མྱོག་གླེང་ལ་བགྲོ་གླེང་མི་གནང་ནས་བཀའ་ཁྲི་ལ་སྐྱོན་བརྗོད་གང་ཡོད་རྩལ་ནས་སྡོད་པ་ཧ་ཅང་བློ་ཕམ་རེད་།
ད་དུང་དེ་འདྲ་
འདི་ངོ་མ་ཁྱེད་མཚར་ཞིག་རེད་་་ཡིན་ཡང་་གོང་དུ་བོད་གོང་བ་ཅན་དང་ཕྲང་བ་ཅན་ཟེར་བ་བདེན་པ་རེད། ལག་ལ་ཕྲངབ་བཟུང་བ་ཙམ་གྱིས་ཅིག་བསགས་ཀྱིན་འདུག་ཟེར་ན་འབྲེལམེད་རེད་བསམ་སོང་།
བཀའ་ཁྲིའི་འདོན་པ་དེ་ཁོང་གི་ཐོབ་ཐང་།། ཁྱོད་ཀྱི་བསམ་ཚུལ་ཡང་ཁྱོད་ཀྱི་ཐོབ་ཐང་།། ཐོབ་ཐང་འདྲ་མཉམ་གྱི་སྡ་སའི་འཁོར་ཡུག། ཅི་བཤད་ཆོག་ས་ཡི་ཆབ་སྲིད་ལྟེ་གནས།།
བོད་ཡིག་མ་མཁྱེན་འདོན་པ་བྱང་བ་ཅན། །
སྐྱབས་འགྲོ་མགོ་མཇུག་ལྡོག་ནས་འདོན་ཡང་སྲིད། །
དྲན་འཕྲུལ་སྐྱེན་པའི་སྲིད་སྐྱོང་མགོ་གྲུང་པོ།།
གསར་འབྱོར་གླེན་པའི་གཤེད་དུ་མ་ར་ཡ།།
ཕྱི་ནས་བལྟས་ན་རྩམ་ཟན་དཔའ་རྒོད་ཚུལ། །
ནང་སྙིང་ཞི་མིའི་རྗེས་སུ་ཞུགས་པ་ཁོང། །
སྤོ་མཐོ་རྒྱ་རིའི་བྲག་ལ་འགྱིངས་པ་ཡི། །
སྟག་མོ་སྒྲོལ་མའི་མདུན་དུ་ཧུྂ་ཕཊ་འགྱེལ། །
ད་དུང་གསོག་ཅིག་མག་མུག་ལམ་ཁྱེར་དང་།།
བྱད་ཁ་གཡུལ་བཟློག་ཁྲམ་གྱི་རྒྱུན་ཁྱེར་སོགས། །
ཐུགས་དམ་མཐིལ་དུ་མཛོད་ལ་གངས་སྐྱིད་དུ།།
འཕྲུལ་གྱི་འཁོར་ལོ་བསྐོར་མཛོད་སྲིད་སྐྱོང་ལགས། །
གང་ལྟར་ཡང་མང་མོས་ཀྱིས་ཁྲི་ལ་འཁོད་པའི་སྲིད་སྐྱོང་ངམ་བཀའ་ཁྲི་ཡིན་པས།
གནད་ལ་འཁེལ་བའི་དྲི་བ་དང་བསམ་ཚུལ་འདོན་པལས་དོན་མེད་ཀྱི་དམའ་འབེབས་དང་ཁྱད་གསོད་བྱེད་མི་
རུང་།
ཡིན་ན་ཡང་བློ་ཕམ་པ་ཞིག་ནི།
ཕྱག་ལས་ཐོག་མ་དེ་ཁ་བདེན་ཚིག་ལ་མ་གནས་པ་དེ་ཡིན་པས་དེ་ལས་ཁོང་གི་དགོངས་པའི་རྒྱབ་ལྗོངས་རག་
ཙམ་དཔོགས་ནུས་པ་ཡིན།
རྒྱལ་ཚབ་མི་ཕམ་མགོན་པོའི་༼མདོ་སྡེ་རྒྱན་༽ལས།
དམ་པ་མང་པོ་ཁས་ཆེ་མི་བྱ་ཞིང་།།
གལ་ཏེ་དཀའ་ལ་བརྩེ་བས་བླང་གྱུར་ན།།
རྡོ་ལ་རི་མོ་བྲིས་པ་ལྟ་བུར་ནི།།
ཤི་ཡང་གཞན་དུ་བྱེད་པ་མི་འགྷགྱུར་རོ།།
ཞེས་ཇི་སྐད་གསུངས་པ་ལ་མཁས་དབང་གི་མཚན་དོན་མཚུངས་ཀྱི་ཡོད་ན་དགོངས་པ་ཅུང་ཟད
དྲྭ་གྲོགས་ཚོ་ད་ལྟར་ནས་ཁ་བརྡུང་མ་གཏོང་རོག་།གོང་དུ་གྲགས་པ་དང་གང་སེང་གཉིས་གིས་བརྗོད་པ་དེ་ཧ་ཅང་་བདེན་པ་རེད་།
རང་མི་རང་གིས་མ་བཀུར་ན་རྒྱ་མོས་ནམ་ཡང་བཀུར་གི་མ་རེད། ཅོལ་ཆུང་རང་ཁ་མི་སོས་མཁན་ཁྱེད་ཚོ་སྙིང་རྗེ་ཡ་རེད། དམངས་གཙོ་དམངས་གཙོ་ལབ་ནས་ཡིན་མདོག་མདོག་དང་ཤེས་མདོག་མདོག་བྱེད་དེ། དམངས་གཙོའི་ལམ་ལུགས་ངོ་ཤེས་ཀྱིན་མི་འདུག སུ་ཞིག་མང་མོས་འོས་ཐོབ་ན་དེ་ལ་མི་ཚང་མས་བཀུར་དགོས་པ་རེད། མཐའ་མའི་བརྩི་བཀུར་དེ་བྱ་དགོས་རེད། ད་ལྟོས་དང། རྒྱུག་ཁྱི་ལྟ་བིུ་མྱི་རུལ་ཁྱེད་ཚོས་རང་མི་མཐོང་ཆུང་བྱ་རྒྱུ་ལས་གང་ཡང་མི་ཉན་གི།
བོད་ཡིག་དེ་ཙམ་མ་མཁས་ན་སྐྱོན་མེད་བོད་དོན་ལ་ཐབས་མཁས་ན་དེ་གས་ཆོག་སྲིད་དོན་ལ་
གྲོལ་ཐབས་འཚོལ་ཐུབ་ན་ལེགས།
ཞི་ལི་ཡ་རབས་ཟེར་ནོ་རེད་ཡ།
ཞལ་མི་དལ་མ་ཎི་ཡིག་དྲུག་འདོན། །
ལག་མི་དལ་རག་ཤའི་ཕྲེང་བ་འདྲེན། །
ཐུགས་མི་དལ་བོད་མིའི་སྐྱིད་སྡུག་དགོངས། །
བུ་ཁྱོད་ཚོའི་རླུང་རྟ་ཡར་ལ་བསྟོད། །
ཨོཾ་སྭ་སྟི། །བདེན་པའི་མི་འདི་ཉིད་རྒྱལ་བར་གྱུར་ཅིག ། ཡ་གྲོགས་པོ་ཚོ། ཁ་མ་ཎི་དང་ལག་ཕྲེང་བ་བྱས་ན་སྐྱོན་ནི་མ་རེད་དོ། དཀོན་མཆོག་གསུམ་གྱི་སྒྲ་ཙམ་ཐོས་ན་འཇིགས་པའི་དུས་འདིར། གངས་ཅན་བོད་ཀྱི་སྲིད་བློན་ཆེན་པོས་ཀྱང་བོད་གོང་བ་ཅན་དང་ཕྲེང་ཅན་ཞེས་པའི་ལ་རྒྱ་མ་དོར་བ་ལ་བདག་གིས་ནི་ཡིད་སྨོན་དང་ཡི་རང་ཡོད། རང་ས་རྒྱ་ལག་ཏུ་ཤོར་བས་ཞལ་ངོ་ལ་འཛུམ་གྱི་ལི་ལི་མ་སྟོན་རུང་དམ་པའི་ཆོས་བརྗེད་མེད་པའི་རྟགས་ཤིག་རེད་ལགས། ། བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན།
དྲ་གྲོགས་ཚོ་སེམས་ཐོག་ན་མེད་པ་འདྲ་འཕྲེང་བ་ཡང་འཛིན་མི་ཆོག་ཟེར་གི་ཡོད་པ་འདྲ།
སྐྱབས་གསུམ་ལྷ་ལ་དད་པའི།།
སྲིད་སྐྱོང་སེང་གེ་ལོ་ལོ།།
ཁས་ལེན་དམ་བཅའ་གསུམ་པོ།།
ཁ་འདོན་ཅིག་གིས་ཅི་ཕན།།
བོད་གོང་ང་ཅན་དང་ཕྲན་ང་ཅན་ཟེར་བའི་ནི་མི་རེ་ཟུང་གིས་ཞེ་འདོད་བཞིན་རང་བཟོ་འམ་མཐོང་རྒྱ་ཉུང་བའི་སྐྱོན་ལས་རྒྱུ་མཚན་དཀའ་སྟེ། གནའ་བོའི་མཛམ་གླིང་གི་གྱོན་ཆས་ཕལ་ཆེར་གོང་ང་མེད་མཁན་མེད་ལ་དེང་དུས་ཀྱི་གྱོན་གསར་མང་དག་ཅིག་ལ་དེ་ལྟར་ཡོད་པ་མཐོང་གསལ་རེད། ཕྲེང་ང་ཐོགས་མཁན་བོད་པ་གཅིག་པ་མ་ཡིན་པ་ཡེ་ཤེ་ཆོས་པ་ཚོས་ཐོག་བཞིན་འདུག
བོད་གོང་ང་ཅན་དང་ཕྲན་ང་ ཅན་ཟེར་བའི་ནི་མི་རེ་ཟུང་གིས་ཞེ་འདོད་བཞིན་རང་བཟོ་འམ་མཐོང་རྒྱ་ཉུང་བའི་ སྐྱོན་ལས་རྒྱུ་མཚན་དཀའ་སྟེ། གནའ་བོའི་མཛམ་གླིང་གི་གྱོན་ཆས་ཕལ་ཆེར་གོང་ང་མེད་མཁན་མེད་ལ་དེང་དུས་ཀྱི་ གྱོན་གསར་མང་དག་ཅིག་ལ་དེ་ལྟར་ཡོད་པ་མཐོང་གསལ་རེད། ཕྲེང་ང་ཐོགས་མཁན་བོད་པ་གཅིག་པུ་མ་ཡིན་པ་ཡེ་ཤེ་ཆོས་པ་ཚོས་ཐོག་བཞིན་འདུག
ཅོལ་ཆུང་རང་ཁ་མི་སོས་མཁན་གོང་བ་དང་ཕྲེང་བས་གྲོས་ཚོགས་ནང་བགྲོ་གླེང་གནང་ནས་སྡོད་པ་ཧ་ཅང་བློ་ཕམ་རེད་།
བཀའ་ཁྲི་འདོན་པ་གསུམ་འཛོམས་ནི། །
ཆིག་སྒྲིལ་དགོས་ཞེས་འབུར་ཚུགས་བལྟས། །
རང་ཁ་རང་གསོའི་ཕྱག་ཕྲེང་བསྣམས། །
གསར་གཏོད་བོད་ཆས་གསར་པ་གྱོན། །
ཁས་བླངས་གསུམ་འཇོམས་སྲིད་སྐྱོང་ལགས། །
བོད་དང་བོད་རིགས་རྒྱལ་འགྱུར་ཅིག །
ཁ་བཤད་ཆུ་ཡི་ལྦུ་བ། །ལག་ལེན་གསེར་གྱི་ཐིགས་པ། །ཞེས་པའི་དཔེ་ལྟར། ཁོའི་རྣམ་འགྱུར་ལ་བལྟས་ནི་འགྲིག་གི་མི་འདུག་ཅེས་སྐྱོན་བརྗོད་བྱེད་པ་དེ་སྔ་དྲག་པ་རེད་བསམ་གྱི་འདུག ཁོང་སྲིད་དོན་གྱི་ཕྱག་ལས་འགོ་བཙུགས་མ་ཐག་རེད། འཕྲལ་དུ་སྐྱོན་བཙལ་བ་དེ་ཡག་པོ་མ་རེད། རྩ་བའི་སྐྱོན་ཡོན་གཉིས་ལ་བལྟ་རྒྱུ་དང་། སྐྱོན་ཆ་མང་ན་དངོས་ཡོད་གནས་ཚུལ་གྱི་སྐྱོན་བརྗོད་བྱེད་དགོས། ལེགས་པའི་ཆ་མང་ན་ང་ཚོས་རྒྱབ་སྐྱོར་བྱེད་དགོས། ཁོང་ང་ཚོས་འདེམས་པ་རེད། སོ་སོས་བཟོས་པའི་ཆང་དེ། བྲོ་བ་མེད་ཀྱང་བཏུང་དགོས་ནི་རེད།
དང་པོ་ཆིག་སྒྲིལ་ཡིན་ཟེར། །
འུར་སྒྲས་ལུང་པ་བརྒྱངས་སོང་།
གཉིས་པ་གསར་གཏོད་ཡིན་ཟེར། །
རྒན་གཞོན་ཁ་བྲལ་བཏང་སོང། །
གསུམ་པ་རང་ཁ་རང་གསོས། །
གསར་འབྱོར་འཐོམ་རུ་བཅུག་ཤག །
མཐའ་མ་ཞལ་འདོན་གནང་ནས། །
གྲོས་ཚོགས་འཆམ་ལ་ཕབ་སོང་། །
ཅི་མཛད་གནས་པ་མཁས་པའི། །
སྲིད་སྐྱོང་ག་བཏང་གོ་ཆོད། །
གསར་འབྱོར་དགའ་འབོད་ཀི་སྒྲར། །
ཀི་ལན་ད་ལྟར་ཁྱེར་ཤོག །
བློ་སེང་སྔགས་འཆང་མཐུ་ཅན་ཞིག་ཡིན་ནི་རེད།།
རྩ་གསུམ་ལྷ་དང་རྒྱལ་བ་རྒྱ་མཚོ་ཡིས།
མཐུ་དང་རྟོགས་པ་ནུས་པའི་བྱིན་མཐུ་ཡིས།
དཔལ་ལྡན་ཐུ་མིའི་བརྡ་སྤྲོད་གཞུང་ལུགས་ཀུན།
མ་སྦྱངས་པ་ཡང་བདེ་བླག་ཤེས་པར་ཤོག
གཡོ་སྒྱུའི་མཁན་པོ་པདྨ་ཆོས་འབྱོར་དང་།
ཁ་དབང་ཆེ་བའི་རྒྱ་རི་སྒྲོལ་མ་ཡི།
བར་དུ་ཚུད་པའི་བློ་སེང་ནུས་མེད་ལ།
མཐུ་རྩལ་ནུས་པ་སྟོན་པའི་དུས་ལ་འབབ།
ཉམས་མྱོང་མེད་པའི་འཕྲོན་བསྟེན་བཀའ་བློན་དང་།
ཆོས་རིག་མི་ཤེས་ཆོས་དོན་བཀའ་བློན་གཉིས།
མགོན་ཁྱོད་ཐུགས་རྗེ་ཕྱག་གིས་ཉེར་བཟུང་ནས།
འགོ་སྟོན་འཚོ་སྐྱོང་བྱེད་པའི་དུས་ལ་འབབ།
དྲ་གྲོགས་སྐྱུར་རྩི་སྐྱུར་དད་ཆེས་དྲགས་ནས།།
ལྷ་དང་བཀའ་ཁྲི་ཟུང་དུ་འཕྲིན་བཅོལ་བའི།།
སྡེབ་ལེགས་ཚིག་གི་མེ་ཏོག་འཛུམ་རྒྱས་ཤིང་།།
བརྗོད་དོན་འབྲས་བུ་ཟབ་པའི་སྐྱུར་རྩོམ་མ།།
ངའི་སྙིང་དབུས་ནས་ནམ་ཡང་ཡེ་མི་སྲིད་པའི་མགོན་མཆོག་དམ་པ་ལགས།
དྲ་གྲོགས་ཚོ། བཀའ་ཁྲི་བོད་མི་ཞིག་གིས་ལག་ཏུ་ཕྲེང་བ་བཟུང་བ་ལ་ཧང་སང་དགོས་ཨེ་ཡོད་ན།
འདི་ཐམས་ཅད་ཀུན་རྟོག་ཕྲག་དོག་གིས་གཟིར་བས་ལེན་སྙམ།
དེ་ལས་རང་སོ་སོའི་ཕྲེང་བ་ཁུར་ཡོད་མེད་དང་། སྙིང་དོན་ཅི་འདུག་ལ་ལྟོས།
བོད་ཀྱི་ཨོ་བྷ་མ་དབུ་འཕང་དམའ་བའི་མགོ་ཚུགས་ཟིན་འདུག
ཨ་རིའི་ཨོ་བྷ་མ་དམངས་ཁྲོད་ཀྱི་ནང་དུ་སྙན་གྲགས་ཀྱི་གཟི་བརྗིད་ཉམས་ཟིན་འདུག
ལོ་རྗེས་མར་ཁོང་ལ་འོས་ཐོབ་རྒྱུ་ཁག་པོ་རེད།
མ་གཞི་ནས་དེང་སང་གི་དུས་ཚོད་ལ། གཏམ་བཤད་རྫིག་པོ་འདྲ་བྱེད་པ་ལས། ལག་ལེན་འགེལ་མཁན་ཤིན་ཏུ་ནས་དཀོན།
ངས་སྔོན་མ་ཟིན་བྲིས་འདེབ་མཁན་རྣམ་པ་ལ་མཁས་པ་རང་མཐོང་གིས་ཡོད་ ་ང་རང་ལ་ཆག་བཞག་ན་དག་ཡིག་མི་ཤེས་གཅོ་བོ་བསམ་གིས་ཡོད་ ད་ཡིན་ན་རྩོམ་པ་པོ་ཚོ་ལ་མིང་ཞིག་ཕུལ་ན་བསམ་བྱུང་ མིང་ལ་ཁྱི་འཆམ་ཚོགས་པ་ཞེས་ལབ་ན་ག་འདྲ་འདུག་ ཁྱི་འཆམ་ཅིག་ཟུག་བརྒྱབ་ན་ཐམ་ཅད་ཟུག་གིས་ མིག་གིས་མཐོང་ཚད་ལ་ཟུག་བརྒྱབ་གིས་ཁ་ནས་ལྕག་དྲི་ཕ་ལེར་ཟུག་གིས་འདུག་ ང་ཚོའི་མགོ་ཁྲིད་སངས་རྒྱས་པའི་བརྗེས་འབྲངས་ཡིན་དུས་གོང་ས་མཆོག་གིས་མོད་མི་རྒན་གཞོན་བར་གསུམ་ནས་མ་ཎི་འདོན་མི་ཤེས་མཁན་མེད་པས་བོད་མའི་ཁྱེད་ཆོས་ཡི་གསུང་ན་ འཕྲེང་བ་ལོས་བཟུང་ མ་ཎི་ལོས་འདོན ་བཀའ་བློན་མཆོག་ཞུ་རྒྱུ་ལ་སེམས་ཀྱིས་དཀོན་མཆོག་མ་བརྗེད་ ཡིད་ཀྱིས་ཕན་སེམས་མ་བོར་ ཁ་ནས་བསྙེན་པ་མ་བོར་ ལག་ནས་འཕྲེང་བ་མ་ཤོར་ བསམ་དོན་ལྷུན་གྱིས་འགྲུབ་ཡོངས་ ད་ལྟའི་དྲྭ་ལམ་ནང་ནས་ བདུད་རྒན་མ་འོ་རྒྱས་འབྲང་ མ་ཎི་འདོན་ན་་དུག་མཐོང་ འཕྲེང་བ་བཟུང་ན་སྙིང་གཟེར་ ནང་ཆོས་བཀུན་ལ་བཅོན་བརྗོད་ བླ་མ་མཐོང་དུས་སྙིང་གཟེར་ སྨོན་ལོག་བདུད་སྤྲུལ་འདི་ཚོ་ བསྒྲལ་བའི་ཞིང་བཅུ་ཚོང་འདུག་ ཞི་བའི་དབྱིང་ལ་མ་བཞུག་ ཁྲག་མཐུང་ཁྲོ་བོའི་ཚོགས་ནས་་ མ་རུང་བདུད་པོ་བསྒྲོལ་ཞིག་ མ་ར་ཡ་ཕཊ་
སྤྱང་ཀི་ཤ་གཟན་རི་བོང་རྩྭ་གཟན་གཉིས།།
ཟས་ཀྱི་དོན་དུ་གྲོས་ཁ་བསྡུར་བ་ལས།།
རེ་ཞིག་རང་རིགས་མཐུན་པའི་འཁོར་ནང་དུ།།
རང་རང་སོ་སོའི་སྤྱོད་པ་བསྐྱང་ན་ལེགས།།
དགེ་ཆོས།
མང་མོས་བཀའ་ཁྲི་མཆོག་ནས། །
ཕྱག་ཟུང་ཕྲེང་བ་བགྲངས་ཞོར། །
རྒྱལ་གཅེས་དཔའ་བོ་དཔའ་མོར། །
བསྔོ་བའི་སྨོན་འདུན་སྐྱོང་ཡོད། །
ཆོལ་གསུམ་བོད་རིགས་སྤུན་ཟླ། །
མི་རིགས་བདེ་སྡུག་ཆེད་དུ། །
ལག་ཟུང་དམ་དུ་འབྲེལ་ནས། །
ཆིག་སྒྲིག་ལམ་དུ་བསྐྱོད་རོགས། །
དོན་མེད་ངན་འཚོང་མ་བརྗོད། །
བོད་འབངས་བན་བོན་ཆོས་གཤིས། །
ལག་ཟུང་ཕྲེང་བ་ཁྱེར་ནས། །
བསྡད་ཞོར་འགྲོ་ཞོར་དགེ་བསགས། །
གངས་ཅན་བོད་པའི་གཤིས་ཀ །
དེ་ལ་ཡ་མཚན་མི་དགོས། །
ང་ཚོ་མགོ་ནག་རྩམ་ཟན། །ཤ་དང་ཟུངས་ཁྲག་གཅིག་པ། །
སྐད་དང་ཡི་གེ་གཅིག་པ། །བསྒྲུབ་བྱའི་རྩ་དོན་གཅིག་པ། །
རང་སེམས་རང་ལ་དབང་བ། །རང་དབང་ལོངས་སུ་སྤྱད་དེ། །
རང་དབང་སླར་གསོའི་ཆེད་དུ། །བཀའ་ཁྲི་འོས་འདེམས་བྱས་རེད། །
སོ་སོའི་བསྐོས་བའི་བཀའ་ཁྲིས། །ཕྱག་ལས་གནང་འགོ་བཙུགས་ནི། །
ཟླ་གཉིས་མ་ཟིན་གོང་ནས། །སྐྱོན་བརྗོད་ཆར་བ་འབབ་འབབ། །
རྒྱུ་མཚན་གང་ལ་བསམ་ཀྱང་། །དུས་་ཚོད་ཕྲན་བུ་སྤྲད་དེ། །
ལེགས་ཉེས་དབྱེ་འབྱེད་བྱས་ན། །དངོས་ཡོད་རྒྱུ་མཚན་ལྡན་པ། །
མཆན་འགོད་དྲ་གྲོགས་འགའ་རེའི། །གསར་རྙིང་བར་ལ་དཀྲུག་གི །
ཆོལ་ཁའི་བར་ན་དཀྲུག་གི །ཆོས་ལུགས་བར་ལ་དཀྲུག་གི །
བློ་ཕམ་སྐྱེ་བཞི་ཞིག་ལས། །དགོས་པ་རྒྱུ་མཚན་མི་འདུག །
རྡོག་རྩ་གཅིག་སྒྲིལ་བྱས་ནི། །ནུས་པ་མཉམ་དུ་འདོན་གལ། །
༄་། སྲིད་ཀྱང་བཀའ་ཁྲི་རྣམ་པར་བརྒྱལ་བ་པོ་། བློ་རིགས་བཟང་བས་མཁས་དབང་ཐོག་པ་པོ་།
སིངྒེས་སིངྒའི་རྒྱ་དར་བསྒྲིངས་པ་པོ་། མེ་དབོན་གསུམ་གྱིས་གསེར་ཁྲི་འཛིན་པ་པོ་། བོད་མི་ཡངས་ཀྱིས་འོས་ཤོག་ཐོབ་པ་པོ་། རྒྱ་བ་རིན་པོས་རྒྱལ་ཐོབས་སྐོས་པ་པོ་། བསྟེན་འཛི་རྒྱ་མཚོས་བསྟོད་ར་ཐོབ་པ་པོ་། བློ་བཟང་བློ་འདོད་བཀའ་བློན་གདམ་པ་རྣམ་། སྤྱི་འཐུས་རྣམ་པས་སྤྱི་མོས་ཐོབ་པ་པོ་། རྒྱ་མའི་རྒྱུན ་དུ་རྫུན་བསྒྲིགས་བྱེས་པ་རྣམ་། སྒྱ་རབས་ལོ་རྒྱུས་བརྒྱས་བཤད་བྱེས་པ་པོ། ཕྱི་ནང་བོད་མའི་རེ་འདོད་གང་ཡོད་རྣམ་། ཞུམ་པ་མེད་པའི་བསྒྲུབས་འདོད་ཡོད་པ་པོ་། ལུས་ལ་ཆུ་བ་ནག་པོ་གནབ་པ་དེས་། དམ་བཅའི་ཚོས་བཞི་འགྱུར་བ་མེད་པ་པོ་། ཕྱག་ལ་འཕྲིང་བ་བསྒྲོངས་ཤིང་བཞུགས་པ་དེ་། རྒྱུ་འབྲས་ཆོས་ལ་ཞིབས་རྩིས་བྱས་པ་པོ་། ཞལ་ནས་ཡི་དྲུག་མ་ཎི་བསྒྲོང་བ་དེ་། བོད་མི་ཉམས་ཐག་སྙིང་རྗེའི་གཟིག་པ་པོ་། ཞལ་རས་ཅུང་བྱེད་ཁྲོ་ཉམས་དོད་པ་དེ་། ལོགས་སྨྲ་ཅན་དག་ཚར་ནི་བཅོད་པ་པོ་། རྒྱ་བོད་ཆིང་འགྲིག་ཞི་བདེ་ཡུང་བ་པོ། རྒྱ་བ་རིན་པོ་རང་རྒྱལ་གདན་འགྲེན་པོ་། བོད་མི་རང་སྲིད་རང་བསྐྱང་ཐོབས་པ་པོ་། ཀི་ཀི་བསྭོོ་བསྭོ་ལྷ་རྒྱལ་ལོ་། མངྒ་ལཾ་།ེ
༄་། སྲིད་ཀྱང་བཀའ་ཁྲི་རྣམ་པར་བརྒྱལ་བ་པོ་། བློ་རིགས་བཟང་བས་མཁས་དབང་ཐོག་པ་པོ་།
སིངྒེས་སིངྒའི་རྒྱ་དར་བསྒྲིངས་པ་པོ་། མེ་དབོན་གསུམ་གྱིས་གསེར་ཁྲི་འཛིན་པ་པོ་། བོད་མི་ཡངས་ཀྱིས་འོས་ཤོག་ཐོབ་པ་པོ་། རྒྱ་བ་རིན་པོས་རྒྱལ་ཐོབས་སྐོས་པ་པོ་། བསྟེན་འཛི་རྒྱ་མཚོས་བསྟོད་ར་ཐོབ་པ་པོ་། བློ་བཟང་བློ་འདོད་བཀའ་བློན་གདམ་པ་རྣམ་། སྤྱི་འཐུས་རྣམ་པས་སྤྱི་མོས་ཐོབ་པ་པོ་། རྒྱ་མའི་རྒྱུན ་དུ་རྫུན་བསྒྲིགས་བྱེས་པ་རྣམ་། སྒྱ་རབས་ལོ་རྒྱུས་བརྒྱས་བཤད་བྱེས་པ་པོ། ཕྱི་ནང་བོད་མའི་རེ་འདོད་གང་ཡོད་རྣམ་། ཞུམ་པ་མེད་པའི་བསྒྲུབས་འདོད་ཡོད་པ་པོ་། སྟོད་ལ་སྟོད་ཐུ་དཀར་པོ་གོན་པ་དེ་། བློ་དཀར་སེམ་དཀར་ལས་དོན་བསྒྲུབས་པ་པོ་། ལུས་ལ་ཆུ་བ་ནག་པོ་གནབ་པ་དེས་། དམ་བཅའི་ཚོས་བཞི་འགྱུར་བ་མེད་པ་པོ་། ཕྱག་ལ་འཕྲིང་བ་བསྒྲོངས་ཤིང་བཞུགས་པ་དེ་། རྒྱུ་འབྲས་ཆོས་ལ་ཞིབས་རྩིས་བྱས་པ་པོ་། ཞལ་ནས་ཡི་དྲུག་མ་ཎི་བསྒྲོང་བ་དེ་། བོད་མི་ཉམས་ཐག་སྙིང་རྗེའི་གཟིག་པ་པོ་། ཞལ་རས་ཅུང་བྱེད་ཁྲོ་ཉམས་དོད་པ་དེ་། ལོགས་སྨྲ་ཅན་དག་ཚར་ནི་བཅོད་པ་པོ་། རྒྱ་བོད་ཆིང་འགྲིག་ཞི་བདེ་ཡུང་བ་པོ། རྒྱ་བ་རིན་པོ་རང་རྒྱལ་གདན་འགྲེན་པོ་། བོད་མི་རང་སྲིད་རང་བསྐྱང་ཐོབས་པ་པོ་། ཀི་ཀི་བསྭོོ་བསྭོ་ལྷ་རྒྱལ་ལོ་། མངྒ་ལཾ་།ེ
ཕྲེང་བ་ཞིག་བཟུང་པ་ལ་ཡང་འདི་ལྟར་སྐྱོན་བརྗོད་བྱེད་ཀྱིན་འདུག ད་དྲ་འབུ་དག་གི་ཁ་ཡ་སུས་ཀྱང་ཡོང་ས་མ་རེད།
༄།། བློ་གྲོས་བཟང་པོ་ངན་གྱིས་བསླུ་བ་པོ།།
རྒྱ་ཁྱི་སྣ་ལེབ་སེང་གེའི་མིང་ཅན་པོ།།
མཁས་དབང་མིང་ཅན་སྟོན་ཁའི་འབྲུག་སྒྲ་པོ།།
མེས་དབོན་གསེར་ཁྲི་ལྕགས་ཁྲིར་སྒྱུར་བ་པོ།།
བཀའ་ཁྲིའི་འོས་ཤོག་ཁྲི་གཉིས་ཐོབ་པ་པོ།།
རྒྱལ་བ་རིན་པོ་ཆེའི་དགོངས་བཞེད་སྟོང་པ་པོ།།
གསར་འབྱོར་གྲྭ་པར་མགོ་བསྐོར་གཏོང་བ་པོ།།
སྤྱི་འཐུས་རྣམ་པས་རྔུལ་ནག་འདོན་པ་པོ།།
རྒྱ་མིར་འུར་གྱིས་ཁ་གཏད་གཅོག་པ་པོ།།
རང་གི་རྒྱལ་རབས་ལོ་རྒྱུས་མི་ཤེས་པོ།།
ཕྱི་ནང་བོད་མིའི་རེ་འདོད་སྐྱུར་བ་པོ།།
ཞུམ་པ་མེད་པའི་སྐྱག་རྫུན་ཤོད་པ་པོ།།
ཚ་གེ་ཚི་གེས་ཕྱག་ཕྲེང་འཛིན་པ་པོ།།
དཀར་ནག་ལས་འབྲས་ཤེས་ཐབས་བྲལ་བ་པོ།།
ཞལ་ནས་བོད་ཡིག་ལྡབ་ལྡིབ་སྨྲ་བ་པོ།།
རང་གི་རིག་གཞུང་རྩ་བརླགས་གཏོང་འདོད་པོ།།
རྒྱ་བོད་ཆིངས་འགྲིག་རྒྱང་དུ་གཏོང་བ་པོ།།
རྒྱལ་བ་རང་ཡུལ་བཞུགས་སུ་བཅུག་པ་པོ།།
རང་བཙན་རང་སྲིད་དབྱེ་བ་མི་ཆོད་པོ།།
སེམས་ནང་ཆབ་སྲིད་ལངས་ཕྱོགས་མེད་པ་པོ།།
ཕྱིར་སྡོད་རྒྱ་ཡི་མི་སེར་ཡིན་པ་པོ།།
རྐུབ་ལ་རྩམ་བྱུགས་རྒོ་བ་ཡིན་འདོད་པོ།།
མགོ་ལ་མཚེར་བཙུགས་ཤྭ་བ་ཡིན་འདོད་པོ།།
ཧོབ་སྟེ་བཀའ་བློན་ཁྲི་ལ་སླེབས་པ་པོ།།
བོད་འབངས་འཕུངས་པའི་སྔ་ལྟས་འཛུགས་པ་པོ།།
ཀི་ཀི་བསྭོོ་བསྭོ་བོད་རྒྱལ་ལོ།། ས་རྦ་ཤུ་བཾ།། ཀམ་ཀ་ནེ་ཡ་རྒྱ་རྒྱ།།
རྒྱ་ནག་ཨོ་བྷ་མ་ཕྲེང་བ་ཕྱག་ཟུང་ སརྦ ཤུ བཾ ཀམ ཀནཡ རྒྱ
ཡ་སྒང་བ་བོད་པ་ཚང་ད་དུང་ཡུན་གྱི་ལྟ་དགོས་་་་་་་སོ་སོས་བཙོས་པའི་ཆང་དེ།ཞིམ་པོ་མེད་ཀྱང་བཏུང་དགོས་ཞེས་པའི་དཔེ་ལྟར་་རང་ཉིད་ཀྱི་འདམ་ཀ་བྱས་པའི་མི་དེ་གང་ཐུབ་ཅི་ཐུབ་ཀྱི་རྒྱབ་སྐྱོར་བྱེད་དགོས་་་་་་་ད་དུང་ཁོ་ལ་ནུས་པ་མེད་ན་ཡང་བསྐྱར་ང་ཚོའི་འདམ་ཀ་བྱེད་རྒྱུར་ལྷག་ཡོད།
ཕྱག་ཟུང་ཕྲེང་ནག་སྐོར་བ།
སྐྱབས་དང་མོ་ལུང་མིན་དེ།
གཞུང་གྲོན་ལྐོག་ཟ་བྱེད་མཁན།
ཕྲེང་རྩིས་སྐྱོན་ནས་བཞུགས་འདུག