ཤར་ཕྱོགས་རྒྱལ་ཆེན་གྱིས་།
————–
ཉེ་ཆར་རྒྱ་གར་ལྷོ་ཕྱོགས་མོན་གོ་ཌི་འབྲས་སྤུངས་ཆོས་སྒར་ནས་མདོ་སྨད་སྤྱི་ཟུར་སྐུ་ཞབས་བསྟན་པ་ལགས་ཀྱིས་བཀའ་ཁྲིའི་འོས་གཞི་ཁག་ཅིག་འདོན་སྤེལ་གནང་འདུག་པའི་ཐད་ཀྱི་བསམ་ཚུལ་ཐུང་ཙམ་ཞུ་རྒྱུ། སྐུ་ཉིད་མི་ལྷག་བསམ་ཅན་སྤྱི་དོན་ཐུགས་འགན་འཁུར་བཞེས་མཁན་ཞིག་ཡིན་པ་ཤེས་རྟོགས་བྱུང་།དེ་བཞིན་བཀའ་ཁྲི་འོས་འདེམས་ཞུ་སྒོ་འདིར་མཚོན་ནའང་།ད་ལྟའི་བོད་དང་བོད་མིའི་ཛ་དྲག་གི་གནས་སྟངས་དང་རྒྱ་མིའི་བྱེད་བབ་གང་ཐད་ནས་གཟབ་གཟབ་གནང་དགོས་པ་ཞིག་ཡིན་པ་སྨོས་མེད་རེད་།འོས་མིའི་དམིགས་སྒོའི་ཁོངས་སུ་ཨ་རིའི་དོན་གཅོད་ལས་ཐོག་བློ་བཟང་སྙན་གྲགས་དང་།སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་གཉིས་ལ་མཚོན་ན།རྒྱུན་ལྡན་ཁོང་གཉིས་ལ་ལྐོག་ཟ་རུལ་སུངས་དང་ཀུན་སྤྱོད་ཐད་ལ་ལབ་གླེང་མང་ཙམ་ཡོད་པ་མ་ཟད།བློ་བཟང་སྙན་གྲགས་དཔལ་འབྱོར་བཀའ་བློན་གྱི་ལས་ཁུར་སྐབས་གཞུང་གི་ས་ཁང་དང་བཟོ་གྲྭ་སོགས་ཚོང་བསྒྱུར་གྱི་འགན་གཙོ་ཡིན་སྟབས་ལྐོག་ངན་ཁྱོན་ཆེན་བར་ཟས་བྱས་པའི་གླེང་ཚུལ་ཡོད་མུས་ཁར་།ལས་བྱེད་བུ་མོ་རེ་ཟུང་ལ་འོས་སུ་མ་ཆོས་པའི་ངན་སྤྱོད་ལག་བསྟར་བྱས་ལུགས་གླེང་སློང་ཤུགས་ཆེ་་བྱུང་སྟེ་དེའི་སྐོར་བཀའ་ཁྲི་ཟམ་གདོང་རང་ཉིད་ནས་སྐབས་དེའི་འབྲེལ་ཆགས་ལས་དོན་དྲུང་ཆེར་ངེས་བདེན་ཡིན་མིན་འདྲི་བརྩད་སྐབས་།བདེ་དོན་དྲུང་ཆེ་ལྷག་པ་ཚོ་ཁོ་ནས་དེ་དོན་ངེས་བདེན་ཡིན་ལུགས་ཁུངས་སྐྱེལ་ཡོད་ཅེས་ཞུས་འདུག དེ་བཞིན་སྤེན་པ་ཚེ་རིང་ལ་མཚོན་ནའང་། དེ་སྔོན་ཁོ་རང་སྤོན་ཊོ་ཅ་རེ་ཀ་ཐག་སྤྲུལ་སྐུའི་བཟོ་གྲྭའི་ལས་གཡོག་བྱེད་སྐབས་།ཀ་ཐག་སྤྲུལ་སྐུའི་བཟའ་ཟླ་པདྨ་དང་གབ་མཐུན་བྱས་པ་ཡོངས་གྲགས་ཁར་།མཚམས་དེ་ཞིག་ནས་རྒྱུ་རྐྱེན་འདི་ཡིན་མེད་པར་ཀ་ཐག་སྤྲུལ་སྐུ་གློ་བུར་འདས་སྐྱོན་བྱུང་པ་དང་། དེ་ནས་བཟུང་ཀ་ཏག་སྤྲུལ་སྐུའི་བཟོ་གྲྭ་དང་བཟའ་ཟླ་བཅས་ཡོད་ཚད་བདག་ཏུ་བཟུང་སྟེ་མཉམ་སྡོད་བྱས་ཤིང་། དེའི་རྗེས་སུ་སྤེན་པ་ཚེ་རིང་བོད་མི་དམངས་སྤྱི་འཐུས་ཁོངས་སུ་འདེབས་ཐོན་བྱུང་པ་རེད། སྤེན་པ་ཚེ་རིང་ནས་སླར་ཡང་བུ་མོ་གཞན་ཞིག་དང་མཉམ་དུ་ལྐོག་འབྲེལ་བྱེད་བཞིན་ཡོད་པ་ཁོང་གི་བཟའ་ཟླ་པདྨས་ཤེས་ཚོར་བྱུང་བ་མ་ཟད་།དངུལ་འབོར་ཆེན་ཞིག་གི་ཐོག་ནས་རྩོད་རྙོག་བྱུང་བ་བཅས་ལ་བརྟེན་ནས་ཁོང་ཁྲོ་ཆེན་པོ་ལངས་སྟེ་།པདྨས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ལ་སྔ་ཕྱིའི་གནས་ལུགས་རྣམས་གསལ་བར་འཁོད་པའི་གཏུག་བཤེར་སྙན་ཞུ་བྲིས་ཏེ་།གཏུག་བཤེར་བྱེད་ལ་ཉེ་བའི་དུས་སུ་།་སྤྱི་འཐུས་ཚོགས་གཞོན་ཐུབ་བསྟན་ལུང་རིགས་དང་མདོ་སྨད་གནད་ཡོད་མི་སྣ་ཁ་ཤས་བཅས་ཀྱིས་པདྨ་ལ་སྤྱི་འཐུས་ལྷན་ཚོགས་ལ་གཏུག་བཤེར་བྱེད་པ་ཕྱིར་འཐེན་ཡོང་བ་ཞེས་ཨུ་ཚུགས་མཐར་བསྐྱེད་ཀྱིས་ཕྱིར་འཐེན་ཐུབ་ཙམ་བྱུང་བ་རེད་།སྤེན་པ་ཚེ་རིང་དང་བློ་བཟང་སྙན་གྲགས་ལ་མཚོན་ན་ཟམ་གདོང་སྤྲུལ་སྐུའི་ཕྱག་གཡས་གཡོན་ལྟ་བུའི་རྟེན་གཞི་མེད་དུ་མི་རུང་བ་ཞིག་ཡིན་སྟབས་།དེ་སྔོན་བཀའ་བློན་འོས་གཞིའི་ཁོངས་སུ་བཅུག་འདུག་པ་དེ་ལྟར་ཡང་སྤྱི་འཐུས་ལྷན་ཁང་ནང་སྤྱི་འཐུས་ཁག་ཅིག་གིས་སྤེན་པ་ཚེ་རིང་བླ་མ་གསོད་མཁན་ཡིན་ཚུལ་སྐོར་སོགས་གང་ལྟར་སྤེན་པ་ཚེ་རིང་དང་བློ་བཟང་སྙན་གྲགས་གཉིས་ཀྱི་སྐོར་ལ་རྙོག་གླེང་ཤུགས་ཆེ་བྱུང་སྟེ་བཀའ་བློན་དུ་འདེམས་ཐོན་མ་བྱུང་བ་ཚང་མས་ཤེས་གསལ་རེད་།མདོ་དོན་།བཀའ་བློན་དུ་འདེམས་མ་བྱུང་བའི་སྐྱེས་བོ་གང་ཞིག་བཀའ་ཁྲིར་ཇི་ལྟར་འོས་བབ་ཡོད་མེད་དགོངས་པ་གཟབ་བཞེས་གནང་གལ།བཀའ་ཁྲི་འདི་བཞིན་ལོ་ན་མཚམས་ཤིང་རྒྱལ་སྤྱིའི་ཆབ་སྲིད་དང་ཆབ་སྲིད་ཀྱི་རིག་པའི་གཞུང་ལུགས་ཐོག་མཐོང་མྱོང་འདྲེས་གསུམ་ལྡན་པ་།གཞིས་བྱེས་བོད་མིའི་ནུས་ཤུགས་གཅིག་ཏུ་སྒྲིལ་ཐུབ་མཁན་།དེ་གཞིན་བོད་ཀྱི་ཆོས་དང་རིག་གཞུང་ཆབ་སྲིད་དཔལ་འབྱོར་།ཚན་རིག་ལག་རྩལ་།སྤྱི་ཚོགས་བདེ་དོན་སོགས་དུས་བསྟུན་ཡར་རྒྱས་གཏོང་ཐུབ་མཁན་།གཙོ་ཆེའི་རྒྱལ་བ་དོན་གྱི་བདག་པོས་དགོངས་གཞི་གཞིར་བཟུང་བོད་དོན་སྒྲུབ་པའི་ནུས་སྟོབས་ཡོད་མཁན་།འཇོན་ཐང་དང་སྙིང་སྟོབས་ཅན་ཞིག་འོས་སྒྲིག་ཡོང་བར་རེ་སྐུལ་ནན་མོ་ཞུ་རྒྱུ་བཅས་།
ཤར་ཕྱོགས་རྒྱལ་ཆེན་གྱིས་།
སྤྱི་ལོ་༢༠༠༠༩ལོའི་སྤྱི་ཟླ་དྲུག་པའི་ཚེས་༢༨ཉིན་བྲིས་།
རྒྱལ་ཆེན་ལགས། ང་ཚོའི་མི་སྣ་འདི་དག་བཀའ་ཁྲིར་འོས་གཞི་ལ་མ་སྟོན་ན་སུ་སྟོན་དགོས། ཁྱེད་ཀྱི་འབྱུངས་འགྱུར་གྱི་བཀའ་ཁྲིར་འོས་ཆོས་ཡོད་ན་སྟོན་རོགས་གནང་ང་ཚོ་ཕན་ཚུན་བགྲོ་གླེང་བྱེད་ཆོག་གི་རེད།
ཁྱེད་རང་གི་བསམ་ཚུལ་བྲིས་པ་འདི་ཡག་པོ་རེད་ ཁྱེད་ཀྱི་བྲིས་པ་དེ་ཚོ་མི་མང་པོ་ཞིག་གི་ཧ་གོ་ཡི་མ་རེད། བདེན་པ་དང་ཁོང་ཡོད་པ་འབྲི་དགོས་། གང་ཟག་ལ་དགའ་མིའི་ཐོག་ནས་འབྲི་མི་འོས། ཤར་ཕྱོགས་ལགས་ཁྱེད་རང་ལ་བཀའ་ཁྲིར་འོས་གཞི་འདོན་སྤེལ་འདྲ་ཞུ་རྒྱུ་ཡོད་དམ། ཡོད་ན་འདིར་སྟོན་རོགས་གནང་།
འབྱུང་འགྱུར་གྱི་བཀའ་ཁྲི་ལ་༸གོང་ས་མཆོག་ལས་གཞན་མེད།
རྔ་བ་བློ་བཟང་ཆོས་འཕེལ།
འདིར་བཀའ་བློན་ཁྲི་བའི་འོས་གཞིར་ཚོགས་པ་དང་གང་ཟག་སྒེར་ཁག་ཅིག་གིས་རང་རང་གི་འདོད་ཕྱོགས་རེ་གླེང་བཞིན་པ་དེ་ལྟར་ཡང། འདི་དག་གི་ཁྲོད་ནས་མང་ཆེ་བ་ནི་རྨོངས་ཞེན་གྱི་བསམ་བློའི་བཀག་རྒྱ་ལས་མ་ཐར་ཞིང། རང་འདོད་ཀྱིས་བརྗོད་པའི་མི་སྣ་ཤ་སྟག་ལས་མ་འདས་པར་མཐོང། འདིར་བཀའ་ཁྲི་གསར་བའི་འོས་གཞིར་བསམ་གཞིགས་གནང་ཚེ། ངེས་པར་དུ་ཡིད་ལ་དྲན་དགོས་པ་ནི། མི་དེ་མ་འོང་བོད་མི་རིགས་ཀྱི་ཕུགས་འདུན་བཅོལ་ས་འོས་མིན་གྱི་གནད་དོན་ཞིག་ལ་ཐུག་ཡོད་པས། འདི་རང་བཞིན་གྱིས་ལས་སླ་བོ་ཞིག་གཏན་ནས་མིན། དེས་ན་འབྱུང་འགྱུར་གྱི་བཀའ་ཁྲིར་ངེས་པར་དུ་ཚང་དགོས་པའི་ཆ་རྐྱེན་གསུམ་ཙམམ་བརྗོད་ན།
དང་པོ། རང་ཉིད་དུས་རྟག་ཏུ་རྒྱལ་ཁབ་དང་མི་རིགས་ཀྱི་ཆེད་དུ་བློས་གཏོང་ཐུབ་པའི་སྙིང་སྟོབས་དང་། འགྱུར་མེད་ཀྱི་ལྷག་བསམ་བརྟན་པོར་གནས་ཐུབ་པ།
གཉིས་པ། ལས་རིགས་ཀྱི་སྡེ་ཁག་རིམ་པར་བརྒྱུད་དེ་རང་གི་རྒྱལ་ཁབ་དང་མི་རིགས་ཀྱི་ཆེད་དུ་རང་རེའི་སྤྱི་ཚོགས་ནང་ཤེས་ཡོན་དང་དཔལ་འབྱོར་མཁོ་སྒྲུབ་ཀྱིས་མཚོན་པའི་མི་རིགས་བརྟན་ལྷང་གི་ཕྱིར་གྲུབ་འབྲས་རླབས་པོ་ཆེ་མངོན་དུ་གྲྱུར་བ།
གསུམ་པ། གྲུབ་འབྲས་དེ་ལྟར་ཐོབ་པའི་ནུས་པ་ལྡན་ཞིང་མི་རིགས་ཀྱི་ཕུགས་འདུན་བསྒྲུབ་པར་དེང་རབས་སྤྱི་ཚོགས་ཀྱི་འགྲོས་དང་མཐུན་པའི་རླབས་ཆེན་གྱི་འགོ་ཁྲིད་ཞིག་ཏུ་འགྱུར་ངེས་རེད་བསམ་པའི་འདུ་ཤེས་སམ་བག་ཆགས་ཟབ་མོ་ཞིག་གཞིས་བྱེས་གཉིས་སུ་གནས་པའི་རྒྱ་ཆེའི་མི་མང་གི་སེམས་ཁམས་སུ་མངོན་པར་གསལ་བ་ཞིག་ངེས་པར་དུ་དགོས་པ།
ཁྱད་ཆོས་དེ་དག་ཡོངས་སུ་ལྡན་པའི་མི་སྣ་ཞིག་བཙལ་ཚེ། ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཁོ་ན་ལས་མ་མཆིས་པས། འབྱུང་འགྱུར་གྱི་ལོ་བཅུའི་ནང་རང་རེའི་རྩ་དོན་ཐད་དམིགས་བསལ་གྱི་གྲུབ་འབྲས་ཤིག་ཐོབ་དགོས་ན་བཀའ་ཁྲིའི་ལས་འགན་དེ་མང་གཙོའི་བརྒྱུད་རིམ་གྱི་ཐོག་ནས་༸གོང་ས་མཆོག་ལ་ཕུལ་དགོས་པའི་དུས་ལ་སླེབས་ཡོད་པར་སྙམ། གཞན་ཡང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཁོར་ཡུག་དང། ལྷག་པར་དུ་རྒྱ་ནག་གཞུང་གིས་༸གོང་ས་མཆོག་ལ་བོད་མི་རིགས་ཀྱི་འགྲིན་ཚབ་བྱེད་པའི་ཐོབ་ཐང་མེད་པའི་དྲིལ་བསྒྲགས་བྱེད་པ་སོགས་ཕྱོགས་མང་པོ་ཞིག་ལ་བལྟས་ཚེ། འབྱུང་འགྱུར་གྱི་བཀའ་ཁྲིའི་ལས་འགན་དེ་༸གོང་ས་མཆོག་ལ་ངེས་པར་དུ་ཕུལ་དགོས་པ་ལས། དེ་མིན་བཀའ་ཁྲི་དང་བཀའ་ཁྲིའི་འོས་གཞིར་མི་སྣ་གང་བྱུང་མང་པོ་ཞིག་སླེབས་ཚེ། གཞིས་ལུས་རྒྱ་ཆེའི་མི་མང་གིས་བཙན་བྱོལ་གཞུང་དང་མི་མང་ལ་ཡིད་ཆེས་དང་གདེངས་འཇོག་ཡང་བརླགས་འགྲོ་བའི་རྒྱུར་མཐོང་གི་འདུག་ན། གཟུར་གནས་རྒྱ་ཆེའི་མི་མང་གིས་གང་ཅིའི་ཐད་གཟབ་ནན་གྱིས་དགོངས་བཞེས་གནང་པར་འཚལ།
རྔ་བ་བློ་ཆོས་ཀྱི་བསམ་ཚུལ་འདི་ཚ་བོ་རེད་འདུག
༸གོང་ས་མཆོག་ལོ་གཅིག་གི་རིང་དུ་ཆོས་ཕྱོགས་ཀྱི་བྱ་བ་གཅིག་ཀྱང་མ་བྱེད་པར་གངས་སྐྱིད་དུ་བཞུགས་ནས་ཆབ་སྲིད་རྐྱང་པའི་ཕྱག་ལས་ལོ་གཅིག་གནང་ན་བཙན་བྱོལ་བོད་གཞུང་ལ་ཡར་རྒྱས་མིག་ལམ་དུ་འཆར་རྒྱུ་ཡོད་པ་ཞིག་ཡོང་ངེས་རེད་སྙམ།
ལོ་གཅིག་རང་གཅིག་ཞུ་གི་ཡོད་དཱ།
རྔ་བ་བློ་བཟང་གི་དེ་ཆོ་མི་འདུག། ༸གོང་ས་མཆོག་གི་སྐུ་ཚེ་ཧྲིལ་པོ་བོད་དོན་ཐོག་བཏང་གནང་བ་རེད། བཀའ་བློན་ཁྲི་པ་ནི་རྟག་ཏུ་སྤྱི་འཐུས་ཚོ་དང་རྩོད་པ་རྒྱག་དགོས་རེད། ཡོང་ཡག་མེད་པའི་གཏམ་རེད་ཤག།
དེ་ལས་ངས་བྱས་ན་མི་གཅིག་འདུག།
ཝ་ཎའི་སློབ་དཔོན་ཆེན་པོ་མཁས་དབང་དགེ་བཤེས་ཡེ་ཤེས་ཐབས་མཁས་ལགས།
བོད་པ་ཚང་ལ་མི་ཚར་བ་ཡིན་ས་རེད། ཆ་རྐྱེན་འདོན་མཁན་ལས་མི་འཁྲིད་ཡོང་མཁན་དང་དང་བླངས་བྱེད་མཁན་ནི་མཐོང་རྒྱུ་མི་འདུག
བློ་བཟང་ཆོས་འཕེལ་ལགས་ཀྱིས་༧གོང་ས་མཆོག་བཀའ་བློན་ཁྲི་བ་འདེམས་ཟེར་བ་ནི་ཅི་འདྲའི་དགོང་དྲོ་བའི་གཏམ་ཞིག ཅིག་བྱས་ན་ལྡོག་ཕྱོགས་ཡིན་སྲིད།
གོང་ས་མཆོག་བཀའ་བློན་ཁྲི་བར་འདེམ་སྟེ་བསམ་བཞིན་དུ་གོང་ས་མཆོག་ལ་རྩོད་པ་རྒྱག་གི་ཡིན་ནམ། གོང་ས་མཆོག་གི་སྐུ་ཚེ་ཧྲིལ་བོར་བོད་དོན་ཆེད་དུ་ཕྱག་ལས་གནང་གནང་བ་རེད། བཀའ་བློན་ཁྲི་བ་ལ་འདེམ་ནས་ཡོང་རྒྱུ་ལྷག་མ་ཞིག་གཏད་ནས་ཡོད་རྒྱུ་མ་རེད་སྙམ།
མ་འོངས་བཀའ་བློན་དེ་གནད་འགག་ཆེན་པོ་དང་དེ་ལ་མི་ཚད་ལྡན།
ཁྱད་ཆོས་སྣ་ཚོགས་ལྡན་པའི་མི་ཞིག་དགོས་པ་ཚང་མས་མཁྱེན་གསལ་རེད། གོང་དུ་ཤར་ཕྱོགས་རྒྱལ་ཆེན་དང་རྔ་བ་བློ་ཆོས་གཉིས་ནས་གསུངས་པ་ལྟར་ལགས་ཤིང་། ཆ་རྐྱེན་འདོན་རྒྱུ་གལ་ཆེན་མ་ཡིན་པར་དེ་ལྟ་བུའི་ཆ་རྐྱེན་ཚང་བའི་མི་ཞིག་སྟོན་དགོས་པ་གལ་ཆེན་རེད་སྙམ། ཆ་རྐྱེན་འདོན་དགོས་ན་འཛམ་གླིང་ན་དེ་འདྲའི་མི་ཞིག་རགས་ཨེ་ཡོང་བསམ་པའི་ཆ་རྐྱེན་འདོན་ཆོག་གི་རེད།
ང་ཚོས་མ་འོངས་བཀའ་བློན་ཁྲི་པའི་འོས་གཞིར་འོས་པའི་མི་སུ་ཞིག་ཡོད་དམ་ཞེས་ཡང་ནས་ཡང་དུ་བཏོན་གྱི་ཡོད། འོན་ཏེ་བཏོན་ཟིན་པ་རྣམས་ལ་ཡོངས་རྫོགས་ལ་སྐྱོན་ཡོད་པའི་འུར་སྒྲ་་ཁོ་ན་བཤད་དེ་ཧ་ལམ་བཙན་་བྱོལ་སྤྱི་ཚོགས་ཁྲོད་མི་་རྫོགས་པའི་སྡུག་སྐད་རྒྱག་གི་ཡོད། ངས་བལྟས་ན་སྡུག་སྐད་རྒྱག་མཁན་དེ་དག་ལ་བཙན་བྱོལ་སྤྱི་ཚོགས་ཁྲོད་ཀྱི་མི་སྣ་ཤེས་འཇོན་མཐའ་དག་ད་དུང་རྒྱུས་མངའ་་ལོན་མེད་པར་སྲང་ལམ་གྱི་ཅ་ཅོ་མང་པོར་མགོ་འཁོར་ནས་འབྲི་གི་ཡོད་པའི་བཟོ་འདུག མི་སུ་ ཞིག་ཡིན་ནའང་སྐྱོན་དང་ཡོན་ཏན་གཉིས་ཀ་ཡོད་སྲིད་པ་ཞིག་རེད། ཕོ་མོའི་གབ་མཐུན་གྱི་འབྲེལ་བ་ལྟ་་བུ་ནི་མི་སྒེར་གྱི་སྤྱོད་ལམ་གྱི་ཞན་ཆ་ཞིག་རེད། དེར་གདོང་་ལེན་དང་ཚོད་འཛིན་བྱེད་ཐུབ་པ་་ཞིག་རེད། འོན་ཏེ་བྱ་སྤྱོད་མཐའ་དག་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལས་འགལ་གཞིར་གྱུར་གྱི་མེད་ཚེ་སྐྱོན་ཤས་ཆུང་རྩག་རིགས་སློབ་གསོ་དང་ཉེན་བརྡ་སྤྲད་དེ་དག་སེལ་བྱ་རྒྱུའི་ལམ་ཁ་ཡོད་པ་ཞིག་རེད། བཙན་བྱོལ་སྤྱི་ཚོགས་དེ་ལོ་ངོ་ལྔ་བཅུའི་འཛམ་གླིང་དང་གཞན་དང་མི་འདྲ་བར་རྩ་་བ་ནས་མེད་པ་ནས་ཡོད་པ་དང་ཡོད་པ་ནས་ཡར་རྒྱས་ཕྱིན་པའི་ཕྱོགས་སུ་བསམ་བློ་གཏོང་དགོས་ཀྱི་འདུག ཡར་རྒྱས་དང་ཆིག་སྒྲིལ་བྱུང་བའི་ལོ་ངོ་དེ་དག་ནང་གཙོ་ཆེ་༸གོང་ས་མཆོག་གི་དབུ་ཁྲིད་པའི་གཞུང་མང་གཉིས་ཀས་གོང་་བུའི་ནུས་པ་གཅིག་ཏུ་སྤུངས་ཏེ་ཐོབ་པའི་གྲུབ་འབྲས་ལ་གདེངས་འཇོག་ཞུ་དགོས་རྒྱུ་གལ་ཆེན་པོ་ཡིན། རང་ཉིད་ཀྱི་སྤྱི་ཚོགས་གྲོས་ཚོགས་སྟེང་བཤད་པའི་སྐད་ཆ་རེ་གཉིས་དང་སྲང་་ལམ་གྱི་སྐད་ཆ་ཐ་ཐོར་ཞིག་ལག་ཆར་འཇུས་ཏེ་བཙན་བྱོལ་གཞུང་ལ་ཁ་ཞེ་གཉིས་མེད་ཀྱི་ཞབས་འདེགས་ཞུ་མཁན་ཁག་ཅིག་རྡུང་རྡེག་གཏོང་རྒྱུའི་ལག་ཆར་བེད་སྤྱོད་བྱེད་པ་དེ་ནི་ཧ་ཅང་ཐབས་སྐྱོ་བའི་གནས་སྟངས་ཤིག་རེད། གཅིག་བྱས་ན་བསམ་འཆར་དེ་ཚོ་འབྲི་མཁན་དེ་དག་ཀྱང་མི་གང་འདྲ་ཞིག་ཡིན་མིན་ལ་ཐེ་་ཚོམ་ཟ་དགོས་པ་ཞིག་ཡོད་སྲིད་པ་རེད། ང་ཚོར་མི་ཡོད་པ་མ་ཟད། ནུས་་པ་དང་འདེམས་ཁ་མང་བའི་མི་སྣ་ཡོད་པས་འཚབ་འཚུབ་བྱེད་མི་ཉན། དུས་ཚོད་རན་མཚམས་ཤིག་ཏུ་ང་ཚོས་ཁོང་ཚོའི་རྒྱབ་ལྗོངས་ཀྱི་ལོ་རྒྱུས་དང་བཅས་པ་ཆ་ཚང་དྲ་གནས་དེ་གའི་ཐོག་བཏོན་འཆར་ཡོད། དེ་འདྲ་བྱུང་ཚེ་དགག་པ་རྒྱག་མཁན་དང་རྒྱབ་སྐྱོར་བྱ་མཁན་ ཚོས་དངོས་ཡོད་གནས་སྟངས་ཤེས་ཏེ་གཞི་ནས་གདམས་ཀ་བྱ་རྒྱུའི་ལམ་ཁ་ཞིག་ཆགས་སྲིད་པ་རེད། དེ་་མིན་ད་ལྟ་དྲ་རྒྱའི་སྟེང་དུས་ཚོད་མ་འཁྱོལ་བར་འཛུལ་མཁན་ཁག་ཅིག་ནས་སྲང་ལམ་གྱི་ཅ་ཅོ་མཐའ་དག་ཡར་སྒྲུག་ནས་དེའི་སྟེང་མཆན་བཀོད་བྱས་ཚེ་དེ་ནི་ཆེས་མ་འོས་པ་ཞིག་མཐོང་གི་འདུག་ དགོངས་པ་མ་འཚོམ། དེ་ངའི་བསམ་ཚུལ་ཡིན།།
མི་སྐྱོན་མེད་འཛམ་བུ་གླིང་ན་མེད། ཤིང་འཛེར་མེད་རྒྱ་རྫོངས་གནག་ན་མེད། ཟེར་བ་ལྟར་བདེན་དུ་སྣང་ཡང། བཙན་བྱོལ་སྤྱི་ཚོགས་ཁྲོད་བཀའ་ཁྲི་འོས་བའི་མི་མི་འདུག་ཟེར་བ་ནི་ཇི་འདྲའི་དགོད་གཏམ་ལ། དཔེར་ན་དམིགས་བསལ་སྐུ་ཚབ་རྒྱ་རི་རིན་པོ་ཆེ། སྐུ་སྒེར་དྲུང་ཆེ་ཚེ་རྒྱམ། བདེ་སྲུང་བཀའ་བློན་འབྲོང་ཆུང་དངོས་གྲུབ་ལྟ་བུ་ས་ལ་འོས་ཆོས་ཚང་གི་མི་འདུག
དེང་དུས་ཚ་ཚ་འུར་འུར་དུ་གླེང་བཞིན་པ་ནི་འབྱུང་འགྱུར་གྱི་བཀའ་བློན་ཁྲི་པའི་སྐོར་རེད། གླེང་མཁན་དག་ནི་གསར་བུ་སྐྱལ་སྟོང་ཕྱོགས་རིས་ཀྱིས་བརླམས་པའི་འཁྱམས་ཉུལ་བ་སྟེ་ཟ་ལེ་རྒྱ་ཁག་གཅིག་རེད་འདུག ཁོ་ཚོས་བཏོན་པའི་འོས་མི་ཡང་ཁོང་ཅག་གི་གནས་བབ་ལས་མ་འདས་པས་རྒྱ་ཆེན་མང་ཚོགས་ཀྱིས་འདོད་བློ་ཁེང་པ་ཞིག་གང་ནས་ཡོང། དེས་ན་ངས་བསམ་གཞིག་ནན་པོས་ཡང་ཡང་བརྟག་ཏེ་འདས་པའི་ལོ་རྒྱུས་དང་གནས་སྟང་ལ་སྐྱར་ཞིབ་བྱས་ན་བཀའ་བློན་ཁྲི་པ་ལ་འོས་བབ་དང་དགོས་མཁོའི་རང་བཞིན་ཅན་ནི་༧སྐུ་ངོ་ཁྲི་ཟུར་འགྱུར་ཆེན་ཐུབ་བསྟན་རྣམ་རྒྱལ་དང་སྤྱི་མཐུས་སྤྲུལ་སྐུ་ཨོ་རྒྱན་སྟོབས་གཉིས་རེད་འདུག་སྙམ། ད་དུང་དགོས་ན་བསོད་ནམས་སྟོབས་རྒྱལ་ཡང་འཚམས་པོ་འདུག་ལགས
ངས་དྲ་གྲོགས་ཚང་མར་བཀའ་ཁྲིའི་འོས་མི་གསུམ་མཚམས་སྦྱོར་བྱེད་ཡ།
གཅིག བདེ་སྲུང་བཀའ་བློན་འབྲོང་ཆུང་དངོས་གྲུབ་ལགས།
གཉིས། སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་ལགས།
གསུམ། གཞོན་ནུའི་ཚོགས་གཙོ་ཟུར་བ་སྒོ་དྲུག་སྐལ་བཟང་ཕུན་ཚོགས་ལགས།
འདི་གསུམ་ནི་ལོ་ན་གཞོན་ཞིང་ཤེས་རྒྱ་ཆེ་བ། བློ་རིག་རྒོད་ཅིང་ལས་འཇོན་ཆེ་བ།
ཁ་བཤད་དང་ལག་ལེན་གཉིས་ཀ་དོ་མཉམ་པའི་བུ་རེ་བ་ཅན་གསུམ་ཡིན་ན་དྲ་གྲོགས་ཡོངས་ནས་ལྷག་བསམ་དག་པས་བགྲོ་གླེང་ཡོང་བའི་རེ་བ་ཞུ།
ཁྱེད་ཚོའི་འོས་གཞི་དེ་འདྲ་སྟོན་ན། ང་ལའང་ཁྱེད་ཚཽའི་མི་འདྲ་པོ་ཁ་ཤས་ཤིག་གཅིག་ཡོད་པ་ནི།
༸སྐུ་ངོ་སྐྱག་པ་ལགས་དང་། ༸སྐུ་ངོ་རྐུབ་ལགས་གཉིས་རེད་འདུག། ཁོང་གཉིས་ཧ་ཅང་མཚམས་པོ་འདུག
ང་ཚོའི་དཀའ་བློན་ཁྲི་པ་དེ་རྐུ་མ་རྐུ་མཁས་པོ་དང་། སྐྱག་རྫུན་བཤད་མཁས་པོ་དང་། དཔུང་སྒྲིལ་མཁས་པོ་ཞིག་དགོས་ན། ལ་ལུ་པར་སཊ། དང་། ཇོར་ཇེ་བྷུ་ཤེ། བྷིན་ལ་ཏིན་བཅས་ཀྱང་ཡག་པོ་མི་འདུག་གས།
ངས་ཀྱང་བཀའ་ཁྲིའི་འོས་གཞི་ཁ་ཤས་ཤིག་འདོན་ན།
1་ སྤྱི་འཐུས་ཚོགས་ཟུར་ཀརྨ་ཆོས་འཕེལ།
2་ མཁས་དབང་བློ་བཟང་སེངྒེ།
2་ རྔ་བ་ཚེ་རྒྱམ་ལགས།
4་ ད་ལྟའི་དཔལ་འབྱོར་བཀའ་བློན་ལས་ཐོགས་པ། མཚན་ཤེས་མ་སོང༌།
ཁོང་རྣམས་ལས་འོས་པ་ཞིག་མི་འདུག་བསམ་གྱི་འདུག་ན་མཁྱེན་ལྡན་རྣམ་པས་མི་མཐུད་ནས་བཀའ་ཁྲིའི་སྐོར་དེ་བགྲོ་གླེང་མང་ཙམ་གནང་རོགས།
སྐུ་ངོ་ཤར་ཕྱོགས་རྒྱལ་ཆེན་ལགས་ནས་འཇོན་ཐང་ཅན་གྱི་གཞོན་སྐྱེས་གཉིས་བཀའ་ཁྲིའི་འོས་གཞིའི་ཁོངས་སུ་མཚམས་སྦྱོར་གནང་འདུག་པ་དགའ་སྤོབས་སྐྱེ་དགོས་པའི་གནས་རེད། ཕྱི་ལོ་་༢༠༡༡ ལོའི་བཀའ་ཁྲི་འདེམས་པར་ད་དུང་དུས་ཡུན་གང་འཚམ་འདུག་ནའང་ད་ལྟ་སྤྱི་ཚོགས་དང་གཞོན་སྐྱེས་ཁྲོད་གླེང་བཞིན་པ་ནི་ཕལ་ཆེན་ཁོང་གཉིས་རེད་འདུག ཁྱེད་ཀྱི་མཚན་ལ་ཤར་ཕྱོགས་རྒྱལ་ཆེན་བཏགས་པ་དོན་ལ་གནས་འདུག རྒྱལ་ཆེན་དེས་འདས་དང་ད་ལྟའི་བོད་ཀྱི་ལོ་རྒྱུས་ནང་རྒྱལ་ཁམས་དཀྲུགས་པ་དང་མི་གསོད་པ། མེ་རྒྱག་པ་སོགས་བྱས་པ་ཅན་གྱི་ལས་ཀ་མང་པོ་གནང་མྱོང་ཡོད་པ་རེད། འབད་པ་གྱིས་ཤིག་ཨ་མའི་བུ། ཤར་ཕྱོགས་མ་ཧ་ཙི་ནཱའི་བུ། རྒྱལ་ཁམས་དཀྲུགས་ལ་རྔམས་པའི་བུ།
གོང་དུ་ཨང་༡༢ ཐོག་བྱ་རྒོད་རྒྱལ་པོ་ནས་ཆན་དཀོད་པ་ ངོས་ཀྱི་བལྟ་ཚུལ་དུ་དངོས་ནས་ཀྱི་ཆོ་དེ་ལ་མིན་འདུག་བསམ་ ཚིག་དེ་དག་ནི་རང་ཉིད་ཀྱི་མདོག་གམ་ཆོ་ཡོད་མེད་དཔུས་ཚད་མཐོང་བའི་མེ་ལོང་ཞིག་ཀྱང་རེད་ལ་ ན་གཞོན་ཚར་ལོངས་བྱེད་བཞིན་པ་ཚོའི་མིག་ལམ་དུ་མིག་དཔེ་ངན་པ་ཞིག་ཀྱང་རེད་ ཐབས་སྡུག་འདི་འདྲ་རང་བྱེད་དགོས་དོན་ཨེ་ཡོད་བྱ་རྒྱལ་ལགས་
ད་ངས་གཅིག་བཤད། དེ་སྔོན་བྱས་པ་ཅན་གྱི་མི་རྣམས་ནི་ཁྱེད་ཡེ་མི་འགྲིག་མེ་མི་འགྲིག་ཟེར་སོང་།
བྱས་ན།
༡༽བྱ་རྒོད་རྒྱལ་པོ
༢༽བཀྲ་ཤིས་ཚེ་རིང་།
༣༽མིའུ་ཕྲུག
༤༽མེ་སྒྱོགས།
༥༽བློ་བཟང་ཆོས་འཕེལ་སོགས་ཡིན།
གང་འདྲ་འདུག
དངོས་གནས་བཤད་ན་ཤར་ཕྱོགས་པས་འགན་ཁྱེར་ཐུབ་པ་དང་། ཁུངས་འཕེལ་ཅན་གྱིས་གླེང་བསླང་འདུག་དགའ་བོ་བྱུང་།
ངས་བསམ་ན།
༡༽ ཨ་ཀྱ་རིན་པོ་ཆེ།
༢༽ཁྲི་ཟུར་འཇུ་ཆེན་ཐུབ་བསྟན།
༣༽རྔ་བ་ཚེ་རྒྱམ།
༤༽བཀའ་ཟུར་པད་མ་ཆོས་འབྱོར།
༥༽སྨ་ཁམས་བསོད་ནམས་སྟོབས་རྒྱལ།
༦༽ཐུབ་བསྟན་ལུང་རིགས།
བཅས་ཡིན། དེའི་ནང་ནས་ཨ་ཀྱ་རིན་པོ་མཁྱེན་ཡོན་སོགས་ཧ་ཅང་མཚམས་ཀྱང་ཁོང་སེར་མོ་བ་ཞིག་ཡིན་དུས་ང་ལ་འགག་རྡོ་ཆེན་པོ་བཟོ་གིན་འདུག
ཨོ་ད་རུང་ལུས་འདུག
རྡོ་རྗེ་མཚོ།
ཧ་ཧ་ཧ་ཧ
ང་ཚོའི་བོད་པ་མང་པོ་ཞིག་ཐབས་ཟད་ནས་བོད་མིའི་རྩ་ཁྲིམས་ཀྱི་དགོངས་དོན་དང་མི་མཐུན་བཞིན་དུ་ཡང་སྐྱར་་བླ་རྒན་ལ་རེ་བ་ཡོད་ཚུལ་བཤད་པ་ནི་སོ་སོའི་འགན་མ་ཁུར་བ་འདྲ་བོ་མཐོང་།
ཡིན་ན་ཡང་མཆན་བུ་འདིའི་ནང་དེ་ལྟར་གསུང་མཁན་མེད་པས་ཡག་པོ་རེད། ༧གོང་ས་མཆོག་གིས་དུས་རྒྱུན་གསུང་བ་བཞིན་མི་རེ་ངོ་རེ་འགན་ཞིག་ཡོད་པ་དེ་དུས་ནམ་མ་བརྗེདཔ་་བྱ་དགོས་གསུང་བ་བཞིན་ངས་ཀྱང་འདི་ནས་འོས་མི་ཁག་གཅིག་འདེམས་འདོད་བྱུང་།
༡ བཀའ་ཟུར་བཀྲ་ཤིས་དབང་འདུས་་་་་་་ཁོང་ནི་བཀའ་བློན་དང་ལྡི་ལི་དོན་གཅོད་དང་ཨ་རིའི་དོན་གཅོད་་ད་ལྟ་ཡོ་རོབ་དུ་གཞུང་གི་ཕྱག་ལས་གནང་བཞིན་པ་རེད
༢ བཀའ་ཟུར་བཀྲས་མཐོང་བསྟན་འཛིན་ནམ་རྒྱལ
༣ བཀའ་ཟུར་བསོད་ནམ་སྟོབ་རྒྱལ
༤ སྐུ་ངོ་སྐལ་བཟང་རྒྱལ་མཚན
༥བཀའ་བློན་ཐུབ་བསྟན་ལུང་རིགས
དེ་མིན་སྔོན་ཐེ་ཝན་དོན་གཅོད་བྱས་མྱོང་བ་རྔ་བ་ཚེ་རྒྱམ་དང་ཨ་རིར་གནས་བཞུགས་བློ་བཟང་སངྒེ་སོགས་དེང་དུས་ཤེས་ཡོན་ཅན་གྱི་གཞོན་སྐྱེ་ཁག་གཅིག་བཀའ་ཁྲིའི་ལས་རོགས་བཀའ་བློན་དུ་བྱུང་ན་དགེ་མཚན་ཆེ་བར་མཐོང་།
གཞན་རྡ་སར་ལྟ་སྐོར་ཙམ་ལས་བོད་གཞུང་གི་ལས་ཀ་སྣ་གཅིག་བྱས་མ་མྱོང་བའི་གུང་ཁྲན་གི་ལས་བཤོལ་བ་ཨ་ཀྱ་ཟེར་བ་དེ་ག་རེ་ཡིན་ཟེར་ནས་འདེམས་དགོས་རེད།
བཀའ་བློན་ཁྲི་བ་དེ་ཆོས་དང་སྲིད། SEX བཅས་ཚང་འཛོམས་ཞིག་དགོས་ན་སྨན་རྩིས་ཁང་གི་འགན་འཛིདན་ཟླ་བ་ལགས་གང་དྲ་འདུག རྒྱ་མོ་ལག་པའི་ཁྱོག་ཙམ་ཞིག་རིལ་ཐུབ་ས་ལ་བོད་པའི་བོུ་ཐེབ་ཆུང་དེ་ཚོ་ལས་གླ་པོའི་ཐོག་ནས་རིལ་ཐུབ་པ་འདུག
གསུང་དང་དྲ་གྲོགས་ཚོ།
བཀའ་བློན་ཁྲི་བ་ལ་ལོ་ཆུང་ཆུང་ཡིན་དགོས་པ་གང་ཡིན་ནམ། བཀའ་བློན་ཁྲི་བ་དེ་ཚོས་བུ་མོ་མང་པོ་ལ་ངེས་པར་དུ་རྒྱོ་རྒྱག་དགོས་ན་ངོ་ནས་ལོ་ཆུང་བཞག་ན་མ་གཏོགས་འཇོན་གྱི་མ་རེད། དེ་མིན་ལོ་ཆུང་ག་ལ་དགོས། དྲག་ཤོས་དེ་བཀྲ་ཤིས་དབང་འདུས་རེད། ངས་ཁོང་ལ་འོས་ཤོག་༥༠༠ བཙལ་གི་ཡིན། །།
ང་རང་ངོས་ནས་ཐེངས་རྗེས་མའི་བཀའ་བློན་ཁྲི་པ་དེ་བཀའ་ཟུར་བཀྲ་ཤིས་དབང་འདུས་དང༌། དཔལ་འབྱོར་དྲུང་ཆེ་འཁོར་ལྷ་ཚང་བསོད་ནམས་སྟོབས་རྒྱལ་གཉིས་གང་རུང་འཚམས་ཤོས་མཐོང་གི་འདུག
དྲ་གྲོགས་ཚོས། མི་མང་པོ་ཞིག་གི་མིང་སྟོན་གནང་འདུག་དེ་དག་ཧ་ཅང་གི་ཡག་པོ་རེད་སྙམ། ་ མི་རེ་རེ་ལ་བསམ་བློ་རེ་རེ་ཡོད་པ་རེད། མཐུན་ཕྱོགས་དང་མི་མཐུན་ཕྱོགས་མང་དག་ཞིག་ཡོད་པར་ངེས། ང་རང་ངོས་ནས་རེ་བ་དང་ནམ་རྒྱུན་སེམས་ལ་འཁོར་བ་ནི་ དེ་སྔོན་བཀའ་བློན་་གནང་མ་མྱོང་མཁན་ཞིག་སླེབས་ན་སྙམ་
ལོ་ན་ཆེ་པོ་མ་ཡིན་མཁན་ཤེས་འཇོན་གཉིས་ལྡན་གྱི་མི་སྣ་ཞིག་སླེབས་ན་དགེ་མཚན་ཆེ་བར་མཐོང་། ངས་མི་སྣ་ཁག་ཤས་ཀྱི་མིང་སྟོན་ན༎ བོད་མི་བདེ་སྡུག་གི་འཐབས་རྩོད་པ་ འཇམ་དབྱངས་ནོར་བུ། ཁྲིམས་དོན་མཁས་པ་ བློ་བཟང་སེང་གེ་ སྤྱི་འཐུས་ཚོགས་གཙོ་ཟུར་པ་ ཀརྨ་ཆོས་འཕེལ། སྐུ་སྒར་དྲུང་ཆེ་ ལྔ་བ་ཚེ་རྒྱམ།
ངེས་པར་དུ་དེ་སྔོན་བཀའ་བློན་བྱེད་མྱོང་མཁན་དགོས་ན། བཀྲིས་དབང་འདུས་དང་ བློ་བཟང་སྙན་གྲགས་གཉིས་འོས་ཤོས་སུ་མཐོང་།
་ཁ་སང་དགོང་དྲོ་བཀའ་བློན་ཁྲི་ཟུར་བཀྲས་མཐོང་བསྟན་འཛིན་ནམ་རྒྱལ་མཆོག་ལ། ཨ་རིའི་བོད་སྐད་རླུང་འཕྲིན་བརྒྱུད་མ་འོངས་བཀའ་ཁྲི་འདེམས་ཐེངསགསུམ་པའི་ནང་དུ་བཞུགས་འདོད་ཡོད་མེད་དྲི་བ་འགའ་བྱུང་བའི་ལན་དུ་ཁོང་གིས་བཞུགསའདོད་ཡོད་པའི་བཀའ་ལན་ཞིག་གནང་སོང་བས། ཁོང་འདེམས་པར་དགའ་བསུ་ཡོད། ཁོང་ནི་ངོ་ནས་ཤེས་འཇོན་གཉིས་ལྡན་དང་ལྷག་བསམ་རྣམ་དག་ཡིན་པ་སོགས་གཟུར་གནས་ཤེས་ལྡན་དག་གིས་མཁྱེན་གསལ་ལྟར་རེད། ཡིན་ན་ཡང་བཀའ་ཟུར་བཀྲ་ཤིས་དབང་འདུས་ལ་རྒྱབ་སྐྱོར་ཨང་དང་པོ་བྱེད་རྒྱུར་རེ་བ་ཡོད།
གཞན་ཞུ་རྒྱུ་ཞིག་ནི་བོད་བསྟན་སྲིད་མི་རིགས་དང་བཅས་བར་འབྲེལ་བ་ཡོད་པའི་མ་འོངས་བཀའ་ཁྲིའི་སྐོར་གྱི་བཆན་ལས་གཞུང་དང་མི་སྒེར་སོ་སོར་སྐྱོན་བརྗོད་ཀྱི་མཆན་མང་བ་ནི་བློ་བདེ་མོ་ཞིག་མི་འདུག
ཚེ་རིང་ལགས་ཀྱི་གསུང་པ་བདེན་ནོ༎ བསྟན་འཛིན་རྣམ་རྒྱལ་ལགས་ལ་ཤེས་ཡོན་དང་འཇོན་ཐང་ཡོད་པར་སྙམ། ཁོང་ནི་ལོ་མང་རང་བོད་མི་སྤྱི་ཚོགས་ནང་ཞབས་ཞུ་གནང་ཟིན་པ་རེད་ བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལ་ཤེས་ཡོན་དང་འཇོན་ཐང་ལྷག་བསམ་ཡོད་མེད་བོད་མི་ཚང་མས་མཁྱེན་གསལ་རེད། བསྟན་འཛིན་རྣམ་རྒྱལ་ནི་བོད་མི་སྤྱི་ཚོགས་ནང་བསྙོགས་འཛིན་ཅན་གྱི་མི་སྣ་ཞིག་རེད་ལྷག་བསམ་ཡོད་ མེད་ཀུན་གྱི་མཁྱེན་གྱིེ་རེད། དེ་སྔོན་བཀའ་བློན་གནང་དུ་དཔལ་འབྱོར་གྱི་བསྙོགས་གྲ་ཞིག་ཡོད་པ་རེད། ཁོང་ལ་ཤེས་ཡོན་ཡོད་པ་ངས་ངོས་འཛིན་གྱིས་ཡོད་ ལྷག་བསམ་རྣམ་དག་ཡིན་མིན་ངས་མི་ཤེས། རྐུ་མ་ཞིག་སླར་ཡང་བཀའ་ཁྲིར་འདེབས་པ་ཡིན་ན་ཇི་འདྲ་ཡོང་སྲིད། ངེས་པར་དུ་དེ་སྔོན་བཀའ་བློན་བྱེད་མྱོང་མཁན་ཞིག་དགོས་ན་ བཀའ་ཟུར་བཀྲིས་དབང་འདུས་དང་ བཀའ་ཟུར་ བློ་དབང་སྙན་གྲགས་གཉིས་འོས་ཤོས་སུ་མཐོང་། ངས་པར་དུ་ང་ཚོས་བསམ་བློ་གཏོང་དགོས་ བགྲོ་གླེང་བྱེད་ན་ཡག་པོ་ཞིག་གཐོང༌།
བཀྲས་མཐོང་རིགས་ཀྱི་བོད་པ་ཚང་ལ་ཞབས་ཞུ་བསྒྲུབ་ཡོད་དེ་ཚོ་ང་ཚོས་ཤེས་དགོས་ ད་ལྟའི་སྐབས་ལ་བཀྲས་མཐོང་རིགས་བཀའ་བློ་སུ་མི་འོས།
ད་ལྟ་ང་བྲེལ་བ་ཅུང་ཙམ་ཡོད་སྟབས། ཞིབ་ཚགས་ཤིག་འབྲི་མ་ཐུབ་ན་ཡང། ད་ཆ་རང་རེའི་བཀའ་ཁྲིའི་འོས་གཞི་ཡག་ཤོས་ཤིག་ནི། བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལགས་ལས་འོས་པ་ཞིག་གང་ནས་ཡོད།
དེས་ན་བོད་མི་ལྷག་བསམ་ཅན་ཚོས་སྐྱེས་བུ་འདིའི་ཐད་བསམ་གཞིགས་ཡག་པོ་ཞིག་གཏོང་རོགས་ཞུ།
དཔེ་ཚོང་ཁང་ཞིག་ཏུ་དཔེ་ཆ་བཙོང་རྒྱུ་ཅི་ཡོད་ཀྱི་ཐོ་ཞིག་ཀློག་པ་ལྟ་བུའི་ཉམས་ཚོར་བྱུང་། དཔེ་ཚོང་ཁང་ཞིག་གི་དཔེ་ཆའི་ཐོ་ཡིག་ཅིག་དང་བསྡུར་ན་ཞན་ཆ་ཞིག་ཡོད་པ་ནི། ཀློག་ཡུན་རིང་པོ་དགོས་པ། དཔར་སྐྲུན་བྱེད་མཁན། དཔར་སྐྲུན་བྱས་པའི་ལོ་ཟླ་ཚེས་གྲངས། དཔེ་ཆ་རེའི་རིན་གོང་སོགས་བྲིས་མེད་པ་དེ་རེད།
ཡང་དཔེ་ཆའི་ཐོ་ཡིག་ཞིག་དང་མ་འདྲ་བ་ཞིག་ཡོད་པ་ནི་བརྩམས་དཔེ་མང་པོ་ཞིག་གི་སྐོར་རྩོམ་པ་པོ་རང་ཉིད་ཀྱི་ངོས་ནས་ལྟ་ཚུལ་རེའང་གླེང་བཞིན་ཕྱིན་འདུག
ཆུ་སྒང་ལོ་རྒྱུས་དང་འདི་གཉིས་ཀར་གཅིག་མཚུངས་ཀྱི་ཁྱད་ཆོས་ཤིག་ཡོད་པ་ནི་ཆུ་སྒང་ནང་མིའི་མིང་ཐོ་ཞིག་མར་བསྣར་ཡོད་པ་དང་འདིར་དེབ་མིང་རྐྱང་རྐྱང་མར་བསྣར་འདུག
མཐའ་མཇུག་ངས་འདི་ལྟར་བསམས་བྱུང་། དེབ་མིང་དང་རྩོམ་མིང་གི་ཐོ་ལོ་ཟླ་ཚེས་གྲངས་ཀྱི་རིམ་པ་ལྟར་ལོགས་སུ་རེའུ་མིག་ཅིག་བཟོས། རྩོམ་རིག་གི་དཔྱད་བརྗོད་ལོགས་སུ་བྲིས་པ་ཡིན་ན་ཅི་འདྲའི་ཉུང་ཞིང་གནད་བསྡུས་པ་ཞིག་མིན་ནམ་བསམས་བྱུང་། དེ་ལྟར་བྱུང་ཡོད་ན་ངས་འགོམ་ཡུག་བྱས་ནས་ཀློག་ཡོང་མེད་པར་ཕལ་ཆེར་ཆ་ཚང་ཀློག་ཡོད་རྒྱུ་རེད་སྙམ།
ངེད་ཚོ་ཀློག་རྒྱུར་དགའ་མཁན་ཚོས་རང་རང་གི་བསམ་ཚུལ་བརྗོད་ཐུབ་ན་ཁྱེད་ཚོ་འབྲི་རྒྱུར་དགའ་མཁན་ཚོར་ཕན་རེའང་ཐོགས་ན་ཐང་། མ་གཞི་ཁྱེད་ཚོ་འབྲི་མཁན་ཚོས་ངེད་ཚོ་ཀློག་མཁན་ཚོའི་ཆེད་དུ་འབྲི་གི་ཡོད་པ་ལོས་ཡིན།
མཆན་འབྲི་ས་ནོར་འདུག
བཀའ་ཟུར་བཀྲས་མཐོང་བསྟན་འཛིན་ནམ་རྒྱལ་ལགས་ལ་མ་མཉེས་ཁ་བྱུང་བ་སྔོན་མ་ནས་གཙང་བསེལ་དང་གསལ་བཤད་བྱས་ཏེ་ཚགས་པར་སོགས་སུ་བཀོད་ཟིན་ཡོད། ཏེར་རྟེན་གསལ་བོ་གྱུར་བ་རེད་བསམ་གི བཀའ་ཟུར་བློ་བཟང་སྙན་གྲགས་ལགས་སུ་དེ་ལས་སྡུག་པའི་དཔལ་འབྱོར་དང་ཆགས་སྲིད་ཀྱི་སྐོར་སོགས་འདྲ་མིན་མང་བོ་ཞིག་བརྗོད་ཀྱི་ཡོད་ཀྱང་ཡིད་མི་ཆེ། ཡིན་ན་ཡང་སྐབས་གཉིས་པའི་བཀའ་ཁྲིའི་ལས་རོགས་ལ་སྤྱི་མཐུས་རྣམས་པས་རྒྱབ་སྐྱོར་མ་ཐོབ་པ་གསལ་བོ་རེད། མི་ཁ་ཤས་ཀྱིས་བཀའ་ཁྲི་མཆོ་གིས་ཁོ་འགེབ་སྲུང་བྱས་ཏེ་ད་ལྟ་ཨ་རིའི་དོན་དུ་ཁང་དུ་འཛུལ་ཡོད་བ་རེད་ཟེར། དེ་འདྲ་ཡིན་མིན་གསལ་བོ་མི་ཤེས། གང་ལྟར་སྐྱོན་ཅུང་ཙམ་མེད་པ་ཞིག་རྙེད་ཁག་པོ་རེད་གཙོ་བོ་ཆེ་ས་ལ་ལྟོས་ན་བཟང་གི་རེད་བསམ་གི
དྲ་གྲོགས་ལྷན་རྒྱས་ལ་ཞུ་རྒྱུ། མི་ལ་སྐྱོན་མེད་པ་སུ་གང་ཡོད་མ་རེད་དེ་དངོས་ནས་བདེན་པ་རེད། བཀྲིས་ཀྱི་བཀའ་ཟུར་བློ་བཟང་སྙན་གྲགས་ལ་དཔལ་འབྱོར་གྱི་བསྙོགས་དྲ་བྱུང་པ་རེད་དེ་བདེན་པ་མིན་པ་ར་སྤྲོད་བྱུང་བ་རེད། སྤྱི་འཐུས་ནས་ཡང་བསྐྱར་བཀའ་བློན་ལ་འོས་མ་ཐོབ་དེ་བདེན་པ་རེད། སྤྱི་འཐུས་ནང་ཕྱོགས་ལྷུང་དང་ཕྱོགས་རེ་ཡི་ཁངས་ཡོད་པར་མི་དྲང་པོ་དེ་ཚོ་ལ་འོས་ཐོབ་པར་ཧ་ཅང་གི་དཀའ་ཚིག་ཆེ་པོ་ཡོད་རེད། བློ་བཟང་སྙན་གྲགས་བདེན་པ་ར་སྤྲོད་བྱུང་ནས་ལམ་སང་ཨ་རི་སྐུ་ཚབ་དུ་བཀོད་བཞགས་གནང་པར་བོད་མི་ཀུན་གྱི་མཁྱེན་གསལ་རེད། བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ བསྙོགས་དྲ་བྱུང་ནས་ལོ་ངོ་བཅུ་ལྷག་གཞུང་གི་ལས་སྣེ་ཞིག་དུ་ཞབས་ཞུ་མ་ཞུས་པར་ག་པར་ཕྱིན་པ་རེད་་མི་འདི་ཚོ་རིགས་ལ་ཁ་སྙན་པོ་བཤད་རྒྱུ་ཡོད་རེད་། བཀྲས་མཐོང་བསྟན་འཛིན་ནི་ བོད་པའི་སྤྱི་ཚོགས་ནང་དཀྲུགས་མཁན་ཞིག་རེད་ལྷག་པར་རྐུ་མ་རྐུར་མཁས་པ་ཞིག་རེད་ཁོང་གི་ལོ་རྒྱུས་ལ་ལྟོས་དང་ཤེས་ཀྱི་རེད། ཁྱེད་རང་གི་གསུང་པ་ལྟར་ང་ཚོ་ཚང་མས་རྒྱ་ཆེ་ས་ལ་བསམ་བློ་གཏོང་དགོས། གོང་དུ་བཤད་ཟིན་ཀྱང་སླར་ཡང་ཞུ་རྒྱུ་ཞིག་ལ་ མི་རབས་རྒན་པ་དེ་སྔོན་བཀའ་བློན་གནང་མྱོང་ཞིག་འདེམས་དགོས་ན་ ད་ལྟའི་ཆ་ལ་བཀའ་ཟུར་བཀྲིས་འདུས་དང་དབང་བློ་བཟང་སྙན་གྲགས་གཉིས་འོས་ཤོས་རེད། ཁོང་གཉིས་ཀྱི་ལོ་རྒྱུས་ལ་གཟིགས་དང་ཤེས་ཀྱི་རེད། དེ་སྔོན་བཀའ་བློན་གནང་མ་མྱོང་མཁན་ཞིག་འདེམས་ན་དགེ་མཚན་ཆེ་བར་མཐོང་། འོས་མི་ཁག་གཅིག་མིང་། ཚོགས་ཟུར་ ཀརྨ་ཆོས་འཕེལ་ སྐུ་སྒར་དྲུང་ཆེ་ལྔ་བ་ཚེ་རྒྱམ། ཁྲིམས་དོན་མཁས་པ་ བློ་བཟང་སེང་གེ་ བཅས་བཀའ་ཁྲིར་འོས་ཤོས་སུ་མཐོང་།
བཀའ་ཟུར་རྣམས་པར་ ཀླད་པ་དཀྲུགས་རྒྱུ་ཡོད་ཚད་དཀྲུགས་ ནུས་པ་འདོན་རྒྱུ་ཡོད་ཚད་འདོན་པའི་བཀའ་བློན་གྱི་གོ་སྐབས་གཅིག་ཐོབ་ཟིན་པ་རེད་དེ་བོད་དོན་ཐབས་རྩོད་གྱི་གནས་སྟངས་ད་དུང་ཡང་དེ་མུར་ལྷག་ཡོད་ ད་ཡང་སྐྱར་བཀའ་ཟུར་དེ་དག་རང་འཇགས་འདེམས་ན་ གཙུག་ལག་ཁང་ལ་སྐོར་བ་རྒྱགས་པ་བཞིན་ བོད་དོན་ཛ་དྲག་གི་ལས་དོན་དེ་ཡང་བསྔར་གྱི་སྒྲུབས་འབྲས་ཐོན་རྒྱུ་མེད་པའི་ལམ་ལུགས་རྙིང་པ་དེ་རང་ཐོག་སྐོར་བ་རྒྱབ་བསྡད་ན་སླར་ཡང་ལོ་ལྔ་ང་ཚོས་དུས་འགྱངས་གཏོང་མི་ཉན་།
ད་ནི་སྲིད་དབང་རྗེ་སྒྱུར་བྱས་ཏེ་མི་རབས་གསར་པའི་ནང་དེང་དུས་ཀྱི་ཤེས་ཡོན་དང་ བསམ་བློ་གསར་པ་ ཐབས་ལམ་གསར་པ་ཅན་གྱི་བཀའ་ཁྲིའི་འོག་བོད་དོན་གྱི་ཐབས་རྩོད་དེ་བཞིན་ཁ་ཕྱོགས་གསར་པ་ཞིག་དུ་འཁྲིད་ཐུབ་པའི་འབད་རྩོན་གྲ་སྒྲིགས་བྱ་རེན་ཐག་ཆོད་ཞག་ བཀའ་ཁྲིའི་གཙོས་ ༢༠༡༡ ལོའི་བཀའ་ཤག་ཡོངས་རྫོགས་དེ་སྔོན་བཀའ་བློན་བྱེད་མ་མྱོང་ཁན་མི་གསར་པ་ཤ་ཏགས་བྱུང་ན་རང་རེའི་ཐབས་རྩོད་ཀྱི་ལམ་ཕྱོགས་ཀྱང་གསར་པ་ཞིག་དུ་འགྲོ་ཐུབ་པའི་རེ་པ་ཡོད་པ་ཡིན་།
ངོས་ཀྱི་བཀའ་ཁྲིའི་འོས་དམིགས་ནི་ ཤེས་ཡོན་དང་ ལྗོན་ཐང་ ལྷགས་བསམ་ རང་རྒྱལ་ཁབ་དང་མི་རིགས་ཀྱི་རྩ་དོན་ཐོག་སེམས་ཁུར་ཆེ་བ་ ཆབ་སྲིད་ཀྱི་གོ་རྟོགས་ རྒྱལ་སྤྱིའི་འབྲེལ་ལམ་ ལོ་ཚོད་ མི་བབས་ སྐད་རིགས་སྣེ་མང་ཐོག་འཆད་རྩོད་རྩོམ་གསུམ་ལ་ཐོག་པ་མེད་ཅིང་ དེང་དུས་ཀྱི་ཕྲུལ་ཆས་ཀློག་ལས་བེད་གཏོང་མཁས་པའི་ཤེས་ཡོན་གྱི་རྒྱན་པ་ འགོ་ཁྲིད་ཀྱི་རྗིད་ཉམས་ལྡན་པ་ ལྟ་སྤྱོད་བཟང་ལ་ ཞོན་སྐྱེས་སོགས་སྤྱི་ཚོགས་ནང་རྩི་མཐོང་དང་དགའ་མོས་ཀྱི་མིག་དཔེ་དང་ རེ་བ་བྱེད་ཡུལ་ མཁའ་དབྱིངས་ནས་ཤར་བཞིན་པའི་མི་རབས་གསར་པའི་འགོ་འཁྲིད་ནི་མཁས་དབང་བློ་བཟང་སེངྒེ་ལགས་མངོན་ཞིང་ ཁོང་ནི་གང་ཐད་ནས་ཆ་རྐྱེན་ཚང་བའི་བཀའ་ཁྲིར་འོས་ཤོས་སུ་མཐོང་གི་འདུག་ དེ་དཞིན་ཤིན་དུ་བཀའ་བློན་གསར་པའི་འོས་དམིགས་སུ་ཡང་གཤམ་གསལ་ཁག་འོས་ཞིང་མཚམས་པར་མཐོང་།
རྔ་པ་ཚེ་རྒྱམ་ལགས་ སྐུ་སྒེར་ཡིག་ཚང་
ཨ་རྒྱ་རིན་པོ་ཆེ་ ཨ་རི་ ཨིན་དྲི་ཡ་ན་
ཐུབ་སྟན་བསམ་འགྲུབ་ལགས་ ཀྲོ་རོན་ཀྲོ་ ཁེ་ན་དྲ་
ཚེ་བརྟན་དབང་ཕྱུག་ལགས་ ཨེ་ཤི་ཡ་རང་དབང་རླུང་ཕྲིན་ཁང་
བུ་མོ་ཚེ་རིང་ལགས་ བེུད་ཚོགས་ཟུར་
སྒྲོལ་མ་རྒྱ་རི་ལགས་ སྤྱིནའཐུས་ཚོགས་གཞོན་
པདྨ་བདེ་ཆེན་ལགས་ སྤྱི་ཟུར་
གྲོང་ཆུང་དངོས་གྲུབས་ལགས་
པདྨ་འབྱུང་གནས་ལགས་ ཚོགས་ཟུར་
སྟན་འཛིན་ཆོས་ལྡན་ལགས་ ཨ་རི་སྤྱི་འཐུས་ བཅས་ཀྱང་འདུག་
དྲ་གྲོགས་ཁྱེད་རྣམས་ནས་རང་གི་མོས་པའི་འོས་མི་འདོན་འདོད་དམ་ རྒྱབས་སྐྱོར་གནང་འདོད་ཡོད་ན་ད་དྲ་རྒྱ་ (Kalontripa.org) འདིར་ཕེབས་ཏེ་མཚན་འདོན་རེན་འདུག་གོ།
དྲ་གྲོགས་ལྷ་རླུང་ལགས་ཀྱི་དགོངས་ཚུལ་གསུང་དངོས་ནས་བདེན་པ་རེད། ངས་ཀྱང་དེ་སྔོན་བཀའ་བློན་གནང་མྱོང་མཁན་མིན་པ་ཞིག་ཕེབས་ཐུབ་ན་བསམ་ནས་རེ་བ་བཅང་གི་ཡོད། དེ་ཕར་ཆར་ཁག་པོ་རེད་བསམ་གྱི་འདུག ་ ལྷ་རླུང་ལགས་དགོངས་ཚུལ་ཡག་པོ་གསུང་འདུག ད་དུང་མུ་མཐུན་ནས་ཕེབས་ཤོག་བགྲོ་གླེང་བྱེད་ན་ལེགས།
མཁས་དབང་བློ་བཟང་སངྒེ་ལགས་དཀའ་བློན་དུ་འོས་ཤོས་རེད།