བོད་ཀྱི་ཆབ་སྲིད་བསྐྱར་ཞིབ་ཀྱི་རྩོམ་སྒྲིག་པའི་གཏམ།
ཚེ་རིང་དོན་གྲུབ་ནས་བསྒྱུར།
འོས་མི་ཞིག་གི་ལས་གནས་ལ་དཔྱད་པ་གཏོང་སྐབས། ཁོང་གི་ཉེ་ཆར་གྱི་ལས་གནས་དེས་ཁོའིི་ལྗིད་ཚད་འཇལ་ཐུབ། འོས་མི་དེ་ལ་ལས་གནས་མང་པོ་ཞིག་ཡོད་པའམ་ཡང་ན་ལས་གནས་གཅིག་མ་གཏོགས་མེད་ཀྱང་དེས་ཁོ་ཚད་འཛིན་བྱེད་ཐུབ་པ་ནི་དངོས་ཡོད་ཀྱི་གནད་དོན་ཞིག་ཡིན་པས། བོད་ཀྱི་ཆབ་སྲིད་བསྐྱར་ཞིབ་རྩོམ་སྒྲིག་པས་ཕྱི་གསལ་ནང་གསལ་ཐོག་བཀའ་ཁྲིའི་འོས་མི་གསུམ་གྱི་ད་ལྟའི་ལས་གནས་ཀྱི་འགན་འཁུར་ཚུལ་ལ་དབྱེ་ཞིབ་ཅིག་བྱས་ཡོད། ང་ཚོས་དབྱེ་ཞིབ་འདི་བརྒྱུད་ནས་འོས་བླུག་མཁན་ཚོར་འོས་མི་སུ་ཞིག་ང་ཚོའི་བཙན་བྱོལ་སྲིད་གཞུང་གི་ཆེས་མཐོའི་ཡིག་ཚང་ནང་དུ་སླེབས་པར་ཁྱད་ནུས་ཡོད་པ་ཤེས་རྟོགས་དང་ཕན་ཐོགས་ཡོང་བའི་རེ་བ་ཡོད། གཤམ་དུ་ང་ཚོས་འོས་མི་རེ་རེའི་ད་ལྟའི་ལས་གནས་ལ་དབྱེ་ཞིབ་བྱས་ཡོད།
བློ་བཟང་སེངྒེ།
ཧར་ཝཌ་(Harvard)མཐོ་སློབ་ཀྱི་དྲ་བའི་སྟེང་གི་གནས་ཚུལ་ལ་གཞིགས་པ་ཡིན་ན། བློ་བཟང་སེངྒེ་ལགས་ཀྱིས་ཉམས་ཞིབ་ལས་རོགས་(Research Fellow)ཀྱི་ལས་ཐོག་ཕྱག་འགན་བཞེས་ཀྱི་ཡོད་འདུག ཕྱི་ལོ་༢༠༡༠ལོའི་ཟླ་༨ནང་ཧར་ཝཌ་མཐོ་སློབ་ཀྱི་འཛིན་སྐྱོང་ལས་བྱེད་འཐུས་ཚོགས་ངོས་ནས་ཕུལ་བའི་ཡི་གེ་ཞིག་གི་ནང་ཕྱི་ལོ་༢༠༠༤་ལོར་མཐར་ཕྱིན་པ་ནས་བློ་བཟང་སེངྒེ་ལགས་ནི་ཉམས་ཞིབ་འབྲེལ་ཡོད་པ་(A Research Associate)ཞིག་ཡིན་ཚུལ་བརྗོད་འདུག ཡི་གེ་དང་དྲ་གནས་ཐོག་གནས་ཚུལ་རིམ་འགོད་བྱས་པར་གཞིགས་ན། ཕྱི་ལོ་༢༠༡༠ལོའི་ལོ་མཇུག་ཙམ་ནས་ཁོང་གི་ལས་གནས་ཉམས་ཞིབ་ལས་རོགས་ཀྱི་ངོ་བོར་འཕར་ཡོད་འདུག
ལས་གནས་སྐོར་འགྲེལ་བཤད།
ང་ཚོས་ཉམས་ཞིབ་འབྲེལ་ཡོད་པ་དང་ཉམས་ཞིབ་ལས་རོགས་གཉིས་ཀྱི་ཁྱད་པར་གསལ་པོ་མ་ཤེས་པས། ལས་གནས་འདི་གཉིས་ཀྱི་སྐོར་ཧར་ཝད་མཐོ་སློབ་ཀྱི་རྩ་འཛིན་ནང་འཁོད་པར་བལྟས་པ་ཡིན། དེ་ལས་ང་ཚོས་ཤེས་རྟོགས་བྱུང་བ་ལྟར་ན་དེ་གཉིས་ཀྱི་ཁྱད་པར་ནི་ཉམས་ཞིབ་ཐད་རང་དབང་ལྡན་མིན་རེད། ཉམས་ཞིབ་འབྲེལ་ཡོད་པ་ནི་སློབ་དཔོན་ཆེན་མོ་ཞིག་གི་སློབ་སྟོན་ལྟར་ཉམས་ཞིབ་ཀྱི་ལས་ལ་ཞུགས་དགོས་པ་ཞིག་ཡིན་འདུག་ལ། ཉམས་ཞིབ་ལས་རོགས་ནི་སྡེ་ཚན་ཁག་དང་ལྟེ་གནས་ཁག་གི་རྒྱབ་སྐྱོར་འོག་ཉམས་ཞིབ་ཀྱི་ལས་ལ་འཇུག་པར་རང་དབང་ཅུང་ཙམ་ལྡན་པ་ཞིག་ཡིན། འོན་ཀྱང་དེ་གཉིས་གང་ལའང་སློབ་ཁྲིད་བྱེད་པའི་འགན་དབང་མི་འདུག
ཁྱད་པར་འདི་འདྲ་ཞིག་ཕྱེས་པ་ན། བློ་ངོར་གསལ་ཆ་མེད་པའི་དོགས་གཞི་ཞིག་འཁོར་ཡོང་བ་ལ་ཁག་ཅི་ཡོད། དེ་ནི་ཕལ་ཆེར་བློ་བཟང་སེངྒེའི་ལས་གནས་དངོས་ཅི་ཞིག་ཡིན་པའི་ཐད་གོ་ནོར་ཐེབས་པས་ཡིན་པར་ངེས། དཔེར་ན། བོད་རྒྱལ་ཡོངས་དམངས་གཙོ་ཚོགས་པའི་ངོས་ནས་ངེས་གཏན་མེད་པར་རྒྱ་གར་ནང་གི་ས་གནས་ཁག་སོ་སོར་བཀའ་ཁྲིའི་འོས་བསྡུ་དང་འབྲེལ་བའི་གཏམ་བཤད་སྐབས་བློ་བཟང་སེངྒེ་ནི་སློབ་དཔོན་ཆེན་མོ་(Professor)ཞིག་ཡིན་པའི་འགྲེལ་བརྗོད་གནང་ཡོད་པ་དང་། བློ་བཟང་སེངྒེ་ཁོང་གི་ངོས་ནས་ཀྱང་དོགས་པ་ལངས་བཅུག་ཡོད་དེ། ཁོང་གིས་ངེས་གཏན་མེད་པར་ཕྱི་ལོ་༢༠༠༩ལོའི་ཕ་ཡུལ་དྲ་བའི་སྟེང་འཁོད་པའི་རྩོམ་ཡིག་ནང་དང་བཀའ་བློན་ཁྲི་བའི་འོས་བསྡུ་དང་འབྲེལ་བའི་དྲ་བ་སོགས་ཀྱི་སྟེང་ཁོང་ནི་ཉམས་ཞིབ་ལས་རོགས་རྒན་པའི་(Senior Fellow)མཚན་གནས་ཅན་ཞིག་ཡིན་ཚུལ་སོགས་བརྗོད་ཡོད། ཉམས་ཞིབ་ལས་རོགས་རྒན་པ་ནི་གོ་གནས་ཅུང་མཐོན་པོ་ཡོད་པ་ཞིག་ཡིན་པ་དང་། བློ་བཟང་སེངྒེ་ལགས་ཀྱིས་ཕྱག་ལས་གནང་སའི་སྡེ་ཚན་ནང་ཉམས་ཞིབ་ལས་རོགས་རྒན་པའི་མཚན་གནས་ཅན་གུའོ་ལུའོ་ཅི(Guo Luoji)ཟེར་བ་གཅིག་པུ་ལས་མི་འདུག
བློ་བཟང་སེངྒེ་ལགས་ཀྱི་ལས་གནས་སྐོར་ཤེས་རྟོགས་གསལ་པོ་བྱུང་རྗེས། ང་ཚོས་ཁོང་སློབ་མཐར་ཕྱིན་རྗེས་ཀྱི་ལོ་ངོ་དྲུག་གི་ནང་དཔྱད་བརྗོད་རྩོམ་ཡིག་གསུམ་ལས་མ་སྤེལ་བའི་རྒྱུ་མཚན་ཅི་ཡིན་ཡང་རོབ་ཙམ་ཤེས་རྟོགས་བྱུང་། (དེ་སྔ་ང་ཚོས་ཁོང་གིས་སྤེལ་བའི་དཔྱད་བརྗོད་རྩོམ་ཡིག་གསུམ་པོའི་སྐོར་ལའང་བསྐྱར་ཞིབ་བྱས་ཡོད)ཉེ་བའི་ཆར་མ་གཏོགས་བློ་བཟང་སེངྒེ་ལགས་ཀྱིས་སློབ་དཔོན་ཆེན་མོ་ཞིག་གི་ལམ་སྟོན་ལྟར་ཕྱག་ལས་གནང་དགོས་བྱུང་བས། ཁོང་གི་དུས་ཚོད་ཚང་མ་སློབ་དཔོན་ཆེན་མོའི་ཞིབ་འཇུག་རྩོམ་ཡིག་གི་ཁ་གསབ་རྒྱུ་ཆའི་ཆེད་གཏོང་དགོས་བྱུང་བས་ཡིན་པ་དང་། འདི་ནི་ང་ཚོས་ཤེས་རྟོགས་བྱུང་བའི་ཞིབ་འཇུག་འབྲེལ་ཡོད་པའི་ལས་འགན་སྐོར་ཡིན།
སློབ་དཔོན་ཆེན་མོ་ཝི་ལི་ཡམ་ཨལ་ཧྥོར་ཊ(Proffesor William Alford)མཆོག་དང་གཞན་དག་གི་མཛུབ་སྟོན་འོག་བློ་བཟང་སེངྒེ་ལགས་ཀྱི་ཕྱག་ལས་ནི་ཞིབ་འཇུག་ཙམ་མ་ཡིན་པར། ཧར་ཝཌ་མཐོ་སློབ་དུ་ཁོང་གིས་གཉེར་བའི་ཕྱག་ལས་གལ་ཆེ་ཤོས་ནི་བོད་རྒྱའི་གནད་དོན་སྐོར་གྲོས་མོལ་བྱེད་པའི་ཚོགས་འདུ་རབ་དང་རིམ་པ་སྐོང་འཚོགས་བྱས་པ་དེ་རེད། (བོད་ཀྱི་སྲིད་དོན་བསྐྱར་ཞིབ་ཀྱི་རྩོམ་སྒྲིག་པ་ངེད་གསུམ་ཡང་ཚོགས་འདུ་ཁག་ལ་ཞུགས་མྱོང་ཡོད།) ང་ཚོས་ཐད་གར་མཐོང་བའི་སྣང་ཚུལ་ནི། སློབ་དཔོན་ཆེན་མོ་ཨལ་ཧྥོར་ཊ་མཆོག་གིས་མཛད་སྒོའི་གསུང་བཤད་གནང་བ་དང་། ཚོགས་འདུར་ཞུགས་པའི་རྒྱ་ནག་གི་ཤེས་ཡོན་པ་ཚོ་སྙན་གྲགས་ཆེ་བའི་ཁྲིམས་ལུགས་སློབ་དཔོན་ཁོང་དང་མཉམ་དུ་འདྲ་པར་རྒྱག་རྒྱུར་བྲེལ་བ་ཆེན་པོ་བྱེད་ཀྱི་འདུག་ལ། བློ་བཟང་སེངྒེའི་ཕྱག་ལས་ནི་མཐུན་རྐྱེན་གོ་སྒྲིག་བྱ་རྒྱུ་དང་། སྡེ་ཚན་དབྱེ་བ་བྱ་རྒྱུ། གསུང་བཤད་གནང་མཁན་ཚོ་གདན་འདྲེན་ཞུ་རྒྱུ། གསུང་བཤད་གནང་མཁན་ཚོའི་གསུང་བཤད་ཡིག་ཆ་ཕྱོགས་བསྡུ་བྱ་རྒྱུ། ཕན་ཚུན་ཕྱོགས་སུ་མ་ལྷུང་བའི་མགྲོན་བདག་ཞིག་ལྟར་ཚོགས་འདུ་བདེ་ལེགས་ངང་ལམ་ལྷུང་ཡོང་བའི་འགན་ལེན་བྱེད་པ་ལྟ་བུ་ཞིག་ཏུ་མཐོང་སོང་།
ལས་གནས་ཀྱི་དུས་ཡུན་དང་དགོངས་ཞུའི་ངོ་བོ།
ཕྱི་ཟླ་༡ཚེས་༨ཉིན་མི་ནེ་སོ་ཌཱ་(Minnesota)ས་གནས་སུ་བློ་བཟང་སེངྒེ་ལགས་ཀྱིས་ཧར་ཝཌ་མཐོ་སློབ་ངོས་ནས་ཁོང་གིས་བཀའ་བློན་ཁྲི་པ་གནང་པའི་དུས་ཡུན་ལོ་ལྔའི་རིང་དགོངས་པ་གནང་རྒྱུར་ཞལ་བཞེས་ཐོབ་ཡོད་སྐོར་གསུངས་པ་དང་། དེ་མིན་ཁོང་གིས་སློབ་དཔོན་ཆེན་མོ་རོ་བྷེར་ཌོ་ཨན་གྷེར(Professor Roberto Unger)མཆོག་གིས་བྷེར་ཛིལ་སྲིད་གཞུང་ནང་སྲིད་བློན་གྱི་ཕྱག་ལས་གནང་དགོས་ཐུག་སྐབས་ཧར་ཝཌ་མཐོ་སློབ་ངོས་ནས་ལོ་ལྔའི་དགོངས་པ་གནང་ཡོད་ཚུལ་གསུངས་ཡོད་ལ། ད་དུང་ཁོང་གིས་སློབ་དཔོན་ཆེན་མོ་ཨན་གྷེར་གྱི་མིང་ཡིག་མཐའ་མའི་དག་ཆ་མི་དམངས་ཚོར་གསལ་འདོན་ཡང་བྱས་ཡོད།
ཕྱིས་སུ་ཁོང་གི་ལན་འདེབས་ནང་ཁོང་ལ་ཁག་ཐེག་གི་ལས་ཀ་མེད་ནའང་ཁོང་ཕྱིར་ཧར་ཝཌ་མཐོ་སློབ་ལ་སླེབས་རྗེས་བསྐྱར་ཏུ་ལས་ཞུགས་ཆེད་སྙན་ཞུ་ཕུལ་ན། ལས་ཀ་ལས་རྒྱུ་ཡོད་ངེས་རེད་ཅེས་དེ་སྔ་ཁོང་གིས་བཤད་པ་དང་ནང་འགལ་ཤོར་ཡོད་པ་ལྟ་བུ་ཞིག་གསུངས་འདུག་ལ། དེ་བཞིན་ཕྱི་ཟླ་༢ཚེས་༡༦ཉིན་ཧར་ཝཌ་མཐོ་སློབ་ཀྱི་གསར་ཤོག་སྟེང་”གལ་ཏེ་བློ་བཟང་སེངྒེ་འོས་འདེམས་བྱུང་ཚེ་ཁོང་གིས་ཁྲིམས་ལུགས་སློབ་གྲྭའི་ལས་གནས་ནས་རྩ་དགོངས་ཞུ་དགོས”ཞེས་འཁོད་འདུག ང་ཚོས་ལས་གནས་སུ་བསྐྱར་ཞུགས་བྱ་ཆེད་སྙན་ཞུ་བསྐྱར་ཏུ་འབུལ་དགོས་ཚེ་སློབ་དཔོན་ཆེན་མོ་ཨན་གྷེར་(ལས་གནས་གཏན་འཇགས་ཡོད་པའི་སློབ་དཔོན་ཆེན་མོ་ཞིག)དང་གཅིག་མཚུངས་ཀྱིས་དགོངས་འཁྲོལ་ཐོབ་སྟངས་ཅི་འདྲ་ཡིན་ནམ་སྙམ་གྱི་འདུག གནས་སྟངས་འདི་ང་ཚོའི་ངོས་ནས་བཤད་ན་རྩ་དགོངས་ཀྱི་ངོ་བོ་རང་ཡིན་པ་མ་གཏོགས་དགོངས་འཁྲོལ་ཐོབ་པའི་ངོ་བོ་ཞིག་ཏུ་མཐོང་གི་མི་འདུག གནད་དོན་འདིས་ང་ཚོར་དོན་དངོས་སུ་བློ་བཟང་སེངྒེའི་ལས་གནས་ཀྱི་ངོ་བོ་ཅི་ཞིག་ཡིན་སྐོར་ལ་བསམ་བློ་འཁོར་བཅུག་སོང་། ཁོང་གི་ལས་གནས་ནི་གཏན་འཇགས་ཀྱི་ལས་གནས་ཤིག་ཡིན་ནམ་ཡང་ན་གནས་སྐབས་ཀྱི་ལས་གནས་ཤིག་ཡིན་ནམ།
བློ་བཟང་སེངྒེས་མི་ནེ་སོ་ཌཱ་ས་གནས་སུ་ཧར་ཝཌ་མཐོ་སློབ་ནང་ཡོད་པའི་ཁོང་གི་ལས་གནས་སྐོར་བཤད་པར་གཞིགས་པ།
ཧར་ཝཌ་མཐོ་སློབ་ཀྱི་རྩ་འཛིན་ལ་གཞིགས་ཚེ། ཉམས་ཞིབ་ལས་རོགས་ཀྱི་ལས་གནས་ནི་དུས་ཡུན་ལོ་གཅིག་རེ་བཞིན་བསྐོ་འཇོག་བྱེད་པའི་ལས་གནས་ཤིག་རེད། ལས་གནས་འདི་ནི་ཧར་ཝཌ་མཐོ་སློབ་ཀྱིས་ཞིབ་འཇུག་བྱས་ཏེ་མང་ཤོས་ལོ་ལྔའི་རིང་ལོ་རེ་བཞིན་བསྐྱར་ཞུགས་བྱ་ཆོག་སའི་ལས་གནས་ཤིག་རེད། དེར་བརྟེན་བློ་བཟང་སེངྒེས་ཧར་ཝཌ་མཐོ་སློབ་ཏུ་ལོ་གཅིག་གི་དུས་ཡུན་ཅན་གྱི་ལས་གནས་ཤིག་གཉེར་བཞིན་པ་མངོན་ཡོང་གི་འདུག གལ་ཏེ་ཕྱི་ལོ་༢༠༡༠ལོར་ཁོང་ཉམས་ཞིབ་ལས་རོགས་སུ་བསྐོ་བཞག་བྱས་ཡོད་ཚེ། ཧར་ཝཌ་མཐོ་སློབ་ཀྱིས་མོས་མཐུན་བྱེད་མིན་ལ་གཞིགས་ཏེ་ཁོང་གིས་ལོ་རེ་བཞིན་བསྐྱར་ཞུགས་ཀྱི་ལམ་ནས་ཕྱི་ལོ་༢༠༡༥བར་ལས་གནས་དེ་གཉེར་ཆོག་པ་ཞིག་ཡིན་ངེས། དེ་ནི་ཁོང་ལ་གཏན་འཇགས་ཀྱི་ལས་གནས་ཤིག་ཁག་ཐེག་གིས་ཡོད་པ་མ་ཡིན་ཏེ། ཁོང་གིས་གསུངས་པའི་ལོ་ལྔའི་དགོངས་པ་ཞེས་པའི་དོན་ནི་ལོ་ལྔའི་དུས་ཡུན་ནང་ཁོང་གིས་ལས་གནས་ཆེད་སྙན་ཞུ་བསྐྱར་འབུལ་བྱ་ཆོག་པའི་དོན་ཡིན་པ་རེད།
དོན་དངོས་ཀྱི་གནས་ཚུལ་འདི་དག་ལས་བློ་བཟང་སེངྒེས་སློབ་དཔོན་ཆེན་མོ་ཨན་གྷེར་མཆོག་དཔེ་རུ་དྲངས་པ་ནི་འོས་འཚམས་ཤིག་མིན་པ་གསལ་བོ་ཆགས་ཡོད། སློབ་དཔོན་ཆེན་མོ་ཨན་གྷེར་མཆོག་གི་ལས་གནས་ནི་ལོ་རེ་བཞིན་སྐོ་འཇོག་བྱེད་ཀྱི་ཡོད་པའི་ལས་གནས་ཤིག་མ་རེད་ལ། གནས་སྐབས་ཀྱི་ལས་གནས་ཤིག་ཀྱང་མ་རེད། ཁོང་གི་ལས་གནས་ནི་ཁག་ཐེག་ཡོད་པའི་གཏན་འཇགས་ཀྱི་ལས་གནས་ཤིག་རེད། ཁོང་ཕྱིར་ལོག་སྟེ་སྔར་གྱི་སློབ་ཁྲིད་བྱེད་པའི་ལས་གནས་རང་འཇགས་བཟུང་ཡོད་པ་རེད། དེ་མིན་ད་དུང་སློབ་དཔོན་ཆེན་མོ་ཨན་གྷེར་མཆོག་ལ་ཧར་ཝཌ་མཐོ་སློབ་ངོས་ནས་གནང་པའི་དགོངས་པའི་དུས་ཡུན་ནི་བློ་བཟང་སེངྒེས་གསུངས་བ་ལྟར་ལོ་ལྔ་མ་ཡིན་པར་ལོ་གཉིས་ཡིན་པ་རེད། ལོ་གཉིས་ཀྱི་རྗེས་སུ་ཁོང་ལ་དགོངས་འཁྲོལ་མ་ཐོབ་པས་མི་འདོད་བཞིན་ཏུ་ཕྱིར་ལོག་དགོས་ཐུག་ཡོད།
གལ་ཏེ་བློ་བཟང་སེངྒེར་བཀའ་བློན་ཁྲི་པའི་འོས་འདེམས་ལས་རྒྱལ་ཁ་ཐོབ་ཚེ། མ་འོངས་པར་ཁོང་གིས་མི་དམངས་ཚོར་བཀའ་མོལ་གནས་སྟངས་ཐད་ཧ་ཅང་གཟབ་ནན་བྱ་དགོས་ངེས། དབུ་ཁྲིད་ཅིག་གི་ངོས་ནས་བཤད་ན། དངོས་དོན་དང་མི་འཚམ་པའི་གནས་ཚུལ་བསྒྲགས་ནས་རྒྱལ་སྤྱིའི་སྟེགས་བུ་རུ་ལངས་ཐབས་བྱེད་པའམ་ལམ་ལོག་ཏུ་སྣེ་ཁྲིད་བྱ་གཏན་ནས་མི་རུང་། གང་ལྟར་ཡང་དོན་དངོས་སུ་རྒྱལ་སྤྱིའི་སྲིད་དོན་ལས་རིགས་ནང་རྣམ་འགྱུར་སྟོན་སྟངས་ནི་ཧ་ཅང་གལ་ཆེན་པོ་རེད།
རོགས་དངུལ་ཡོང་ཁུངས།
ཕྱི་ལོ་༢༠༡༠ལོའི་ཟླ༨པའི་ཧར་ཝཌ་མཐོ་སློབ་ཀྱི་ཡི་གེའི་ནང་བློ་བཟང་སེངྒེའི་ལས་གནས་དང་འབྲེལ་བའི་རོགས་དངུལ་ཡོངས་ཁུངས་སྐོར་ཤེས་འདོད་ཡོད་པའི་གནས་ཚུལ་ཞིག་དྲངས་འདུག། ཡི་གེ་དེའི་ནང་”ཕྱོགས་སྐྱོད་ཀྱི་མཁས་དབང་ཚོ”(Visiting Scholars)དང་འབྲེལ་བའི་དཔྱད་གཞི་ཞིག་ཀྱང་འདུག དེ་ནི་གལ་ཏེ་བློ་བཟང་སེངྒེ་ཁོང་ཕྱོགས་སྐྱོད་མཁས་དབང་ལ་ངོས་འཛིན་བྱེད་པའི་ལས་གནས་སུ་ཡོད་ཚེ་འབྲེལ་བ་ཡོད་པ་ཞིག་རེད། དེ་ནི་ཁོང་ཧར་ཝཌ་མཐོ་སློབ་ཀྱི་དྲ་གནས་ཐོག་ཕྱོགས་སྐྱོད་མཁས་པའི་ལས་འཆར་གྱི་ཐོ་གཞུང་ནང་ཡོད་པས་རེད།
དོན་དངོས་མཐོང་བའི་རྒྱུ་མཚན་འདི་གལ་ཆེན་པོ་རེད། ཧར་ཝཌ་མཐོ་སློབ་ཀྱི་དྲ་གནས་ལ་གཞིགས་ན། ཕྱོགས་སྐྱོད་མཁས་དབང་ཚོར་ཧར་ཝཌ་མཐོ་སློབ་ངོས་ནས་ཕོགས་ཐོབ་འབུལ་གྱི་མི་འདུག ཕྱོགས་སྐྱོད་མཁས་དབང་ཚོས་རང་ངོས་ནས་འགྲོ་སོང་གཏོང་བའམ་ཡང་ན་ཕྱི་ལོག་(མཐོ་སློབ་ཀྱི་ཕྱི་ལོག)ནས་རོགས་དངུལ་འཚོལ་དགོས་ཀྱི་འདུག དོན་དངོས་སུ་ཕྱོགས་སྐྱོད་ཀྱི་མཁས་དབང་ཚོས་ཧར་ཝཌ་འཛིན་སྐྱོང་ལ་ཡོན་དོད་(Administrative Fee)དུ་ཟླ་རེར་ཨ་སྒོར༦༠༠འབུལ་དགོས་ཀྱི་འདུག དེ་ནི(ལོ་གཅིག་ལ་ཁྱོན་བསྡོམས་ཨ་སྒོར༧༢༠༠)རེད།
ཁུངས་ལྡན་གྱི་གནས་ཚུལ་འདི་ལ་གཞིགས་ཚེ། ཧར་ཝཌ་མཐོ་སློབ་ཀྱི་རྩ་འཛིན་ལྟར་ན་ཞིབ་འཇུག་འབྲེལ་ཡོད་པ་དང་ཉམས་ཞིབ་ལས་རོགས་གང་ཡིན་ཡང་ཧར་ཝཌ་མཐོ་སློབ་བརྒྱུད་ནས་ཕོགས་ཐོབ་སྤྲོད་ཀྱི་ཡོད་པ་ལས་ཧར་ཝཌ་མཐོ་སློབ་ངོས་ནས་ཕོགས་ཐོབ་གང་ཡང་སྤྲོད་ཀྱི་མེད་པ་རེད། དེའི་གོ་དོན་ནི་ཕྱིའི་རོགས་དངུལ་གྱི་ཡོང་ཁུངས་ཤིག་ནས་སློབ་ཡོན་འབུལ་དགོས་རྒྱུ་ཡོད་པ་དེ་རེད། ཕྱིའི་རོགས་དངུལ་དེས་མཁས་དབང་གང་དེའི་ཟླ་ཕོགས་སྤྲོད་ཐབས་ཡོང་བ་གཅིག་པུ་ཙམ་མ་ཡིན་པར། དེས་ད་དུང་ཁོང་གི་གཞུང་འབྲེལ་ཕྱོགས་སྐྱོད་ལྟ་བུའི་འབྲེལ་ཡོད་འགྲོ་སོང་ཚང་མ་འདང་དགོས་ཀྱི་ཡོད། མཐོ་སློབ་ངོས་ནས་ཕྱོགས་སྐྱོད་མཁས་དབང་གང་དེའི་ངོས་ནས་ལོ་གཅིག་གི་འཚོ་བའི་མཐུན་རྐྱེན་གྱི་འགྲོ་སོང་འདང་ངེས་བའི་ཕྱིའི་རོགས་དངུལ་གྲངས་ཉུང་མཐར་ཡང་ཨ་སྒོར་༢༥༠༠༠སྟོན་རྒྱུ་དགོས་པ་དང། རང་ཉིད་དང་མཉམ་དུ་ཡོད་པའི་ཁྱིམ་མི་རེ་རེའི་ལོ་རེའི་འགྲོ་སོང་དོད་ཨ་སྒོར་༦༠༠༠སྟོན་རྒྱུ་ཡོད་དགོས་པའི་ཆ་རྐྱེན་བཏོན་ཡོད།
ཧར་ཝཌ་མཐོ་སློབ་ཀྱི་ལས་རིགས་སྡེ་ཚན་ཞིག་གི་ངོས་ནས་བཤད་ན། མཉམ་ཞིབ་འབྲེལ་ཡོད་པ་ཞིག་གི་ཕོགས་ཐོབ་འབྲིང་ཙམ་ནི་ཨ་སྒོར་༥༣༠༠༠ཡིན་པ་དང་། ཆེས་ཉུས་ཤོས་ནི་ཨ་སྒོར་༢༨༠༠༠ཡིན་པ་རེད། དེ་ལྟར་ན་བསྡུར་ཚད་བརྒྱ་ཆའི་ཉི་ཤུ་རྩ་ལྔ་ཡི་ཆ་ནས་བརྩིས་པའི་ཕོགས་ཐོབ་ཨ་སྒོར་༤༠༥༠༠ཡི་ཁར་ཧར་ཝཌ་འཛིན་སྐྱོང་ཡོན་དོད་དང་། ཁྱིམ་མི་གསུམ་གྱི་འགྲོ་སོང་འཆར་དངུལ། ཚད་དམའ་བའི་ཕྱོགས་སྐྱོད་འགྲོ་སོང་ཨ་སྒོར་༡༥༠༠༠བཅས་བསྡོམས་པ་ཡིན་ན། ཧར་ཝཌ་མཐོ་སློབ་ཀྱི་ཕྱོགས་སྐྱོད་མཁས་དབང་གི་མཚན་འཛིན་རེའི་ངོས་ནས་ཉུང་མཐར་ཡང་ལོ་རེར་ཕྱིའི་རོགས་དངུལ་གྲངས་ཨ་སྒོར་༩༣༧༠༠ཡི་གྲ་སྒྲིག་ཡོད་དགོས། ང་ཚོས་བློ་བཟང་སེངྒེ་ལགས་ལ་ཁོང་གི་ལས་གནས་ཐད་རོགས་དངུལ་ཕྱི་ནས་ཐོབ་པ་ཡིན་མིན་དང་། གལ་ཏེ་ཡིན་ཚེ་འདས་པའི་ལོ་ངོ་དྲུག་རིང་གི་ཕྱིའི་རོགས་དངུལ་གྱི་ཁུངས་གསལ་བོར་འགྲེལ་བརྗོད་གནང་རེའི་འཕྲིན་ཡིག་བསྐུར་བ་ཡིན། འོན་ཀྱང་ང་ཚོར་ཡིག་ལན་གང་ཡང་འབྱོར་མ་བྱུང་། (བློ་བཟང་སེངྒེའི་ངོས་ནས་ང་ཚོས་གློག་འཕྲིན་བརྒྱུད་བྲིས་པའི་ཡི་གེ་གཞན་དག་ལའང་ལན་འདེབས་གནང་མ་སོང། དེར་བརྟེན་ང་ཚོས་མུ་མཐུད་ཁོང་གིས་ལན་འདེབས་བྱ་བར་རེ་སྒུག་བྱེད་ཐབས་མེད་པར་གྱུར) དེ་སྔ་བློ་བཟང་སེངྒེ་ལགས་ཀྱིས་ཁོང་འོས་འདེམས་ཆེད་གཏམ་བཤད་བྱ་བར་ཕྱོགས་སྐྱོད་བྱེད་པའི་འགྲོ་སོང་ཁག་ཅིག་ཧར་ཝཌ་མཐོ་སློབ་ངོས་ནས་བཏང་ཡོད་སྐོར་གསུངས་པས། འོས་འདེམས་ཆེད་བཏང་བའི་མ་དངུལ་གྱི་ངོ་བོ་ཕྱི་གསལ་ནང་གསལ་ཡོང་ཆེད་དྲི་བ་འདི་དག་ལ་ལན་འདེབས་བྱ་རྒྱུ་ནི་གལ་ཆེན་ཞིག་ཏུ་མཐོང་།
མཐའ་སྡོམ།
བཀའ་བློན་ཁྲི་པའི་འོས་མི་གསུམ་པོའི་ངོས་ནས་རང་ཉིད་ཀྱི་ལངས་ཕྱོགས་ལྟར་བོད་ཀྱི་རྩ་དོན་ཆེད་ཕྱག་ལས་གནང་གི་ཡོད་པ་རེད། ཁོང་ཚོ་གསུམ་གྱི་ནང་ནས་སུ་ལ་འོས་ཐོབ་ནའང་འོས་འཕེན་མཁན་མི་དམངས་ཀྱི་ངོས་ནས་ཁོང་ཚོར་ཐུན་མོང་གི་ཁྱད་ཆོས་འདི་ཡོད་པ་ཤེས་དགོས་ལ། ཁོང་ཚོར་མ་མཐར་ཡང་ཕྱོགས་གཉིས་ནས་མི་འདྲ་བའི་ཆ་ཕྱེ་རྒྱུ་ཡོད་པའང་ཤེས་དགོས།
དང་པོ། དབུ་ཁྲིད་ཀྱི་ཁྱད་ཆོས།
བཀྲས་ཐོང་དང་བཀྲ་ཤིས་དབང་འདུས་གཉིས་ཀྱིས་སོ་སོའི་རྩ་འཛུགས་ཁག་ནང་སྣེ་ཁྲིད་པ་དང་དོ་དམ་པའི་ཕྱག་ལས་གནང་གི་ཡོད། ལས་འགན་དེ་དག་གི་ཁྲོད་ཁོང་གཉིས་ཀྱིས་འཆར་དངུལ་བརྒྱུད་སྤྲོད་དང་། འཚོལ་སྒྲུབ། བཀོལ་སྤྱོད་སོགས་བྱས་ཏེ་གོ་སྒྲིག་དང་ལས་འགན་རིགས་ཁག་ཐེག་གསལ་བོ་བྱས་ཡོད། ད་དུང་གོང་རིམ་ནས་ལས་རིགས་སྤྱིའི་ཆ་ལ་གཟིགས་རྟོགས་དང་ལས་རིགས་བསྒྲུབ་ཕྱོགས་ཐད་དབྱེ་ཞིབ་བྱས་ཏེ། གཞི་རྒྱ་ཆེ་བའི་ཐོན་ཁུངས་བགོ་འགྲེམས་དང་རྙོག་འཛིང་ཆེ་བའི་མི་གཤིས་སྣ་ཚོགས་ལ་བསྟུན་ཐབས་སོགས་བྱ་གཞག་བསྒྲུབས་མྱོང་ཡོད་པ་དང་། བཀྲས་མཐོང་ལ་མཚོན་ན་རྩ་འཛུགས་དང་མཐུན་པའི་སྲིད་ཇུས་གཏན་འབེབས་ཐད་ཉམས་མྱོང་འཕར་མ་ཡོད་འདུག
དེ་ལས་ལྡོག་པ་ཞིག་ནི། བློ་སེང་ལ་མཚོན་ན་ལོ་ངོ་དྲུག་གི་རིང་སློབ་དཔོན་ཆེན་མོ་གཅིག་གི་བཀོད་ཁྱབ་མཛུབ་སྟོན་འོག་ཕྱག་ལས་གནང་བ་ཞིག་ཡིན་ལ། ཁོང་ལ་མཚོན་ན་ཐད་ཀར་སྣེ་ཁྲིད་དང་དོ་དམ་གྱི་འགན་ཁུར་བའི་ལས་དོན་བསྒྲུབས་མྱོང་མེད་པ་ལྟར་སྣང་མོད། བོད་རྒྱ་མཐུན་ལམ་གྱི་གྲོས་མོལ་ཚོགས་འདུ་ཁག་གོ་སྒྲིག་བྱ་རོགས་བྱས་པའི་ཆ་ནས་དེ་འདྲ་བྱས་མྱོང་ཡང་ཡོད་སྲིད།
གཉིས་པ། ལྟ་ཚུལ།
བཀྲ་ཤིས་དབང་འདུས་ཀྱིས་ཕྱག་ལས་གནང་བ་ཚང་མ་བཙན་བྱོལ་བོད་གཞུང་གི་ནང་ཁུལ་དང་འབྲེལ་བ་ཆགས་ཡོད་པ་ཞིག་ཏུ་སྣང་། ཁོང་གིས་འབྲེལ་འདྲེས་བྱ་ས་མང་ཆེ་བ་ནི་བོད་གཞུང་གི་ལས་བྱེད་ཁག་དང་། གཞུང་འཛིན་མི་སྣ་ཡིན་ལ། ཡོ་རོབ་ཀྱི་གཞུང་འབྲེལ་མི་སྣ་ཁག་ལའང་འབྲེལ་འདྲེས་བྱས་མྱོང་ཡོད། དེར་བརྟེན་བཀའ་ཁྲིའི་འོས་མི་གསུམ་གྱི་ནང་ནས་བཀྲ་ཤིས་དབང་འདུས་མཆོག་གི་ལྟ་ཚུལ་མང་ཆེ་བ་”དྷ་ས་གཙོ་བོར་བཟུང་བ་”ཞིག་ཡིན།
དེ་དང་མི་འདྲ་བ་ཞིག་ནི། བློ་སེང་དང་བཀྲས་མཐོང་གཉིས་ཀྱི་ལྟ་ཚུལ་ནི་འཛམ་གླིང་རང་བཞིན་གྱི་རྣམ་པ་ཤུགས་ཆེ་ལྡན་པ་ཞིག་ཡིན། ཁོང་གཉིས་ཀྱིས་རྒྱལ་སྤྱིའི་ཐོག་གསར་གཏོད་ཅན་གྱི་བསམ་བློ་བ་དང་སྲིད་དོན་པ་འབྱུང་ས་གཙོ་བོར་ངོས་འཛིན་བྱེད་པའི་གཙུག་ལག་མཐོ་སློབ་ཁག་ཏུ་ཕྱག་ལས་གནང་མྱོང་ཡོད། བཀྲས་མཐོང་ལ་མཚོན་ན་ནུབ་ཕྱོགས་ཀྱི་སྲིད་གཞུང་འཛིན་སྐྱོང་བྱེད་པའི་ལམ་ལུགས་འོག་ཁྲིམས་ལུགས་དང་མཐུན་པའི་སྒོ་ནས་རྩ་འཛུགས་ཁག་འཛིན་སྐྱོང་དོ་དམ་བྱས་མྱོང་ཡོད། བློ་སེང་ལ་མཚོན་ན་ནུབ་ཕྱོགས་པའི་ཉམས་ཞིབ་རིག་པའི་རྣམ་གཞག་མང་པོའི་ཐད་སྦྱོང་བརྡར་ཐོབ་ཡོད་པ་ཞིག་ཡིན། ད་དུང་དེའི་ཁར་བློ་སེང་ལ་མཚོན་ན། བོད་རྒྱ་མཐུན་ལམ་གྱི་གྲོས་མོལ་ཚོགས་འདུའི་ཐད་ཕྱག་ལས་གནང་བ་དེས་རྒྱ་རིགས་མཁས་པ་མང་པོ་ཞིག་ལ་འབྲེལ་འདྲེས་བྱེད་པའི་གོ་སྐབས་ཀྱང་ལྡན་ཡོད། བཀྲས་མཐོང་གི་ལས་ཐོག་ཕྱག་ལས་དེས་སྲིད་དོན་དབུ་འཁྲིད་མཁན་དང་། ནོ་བྷེལ་གཟེངས་རྟགས་ཐོབ་མཁན། གྲགས་ཅན་འཁྲབ་སྟོན་པ། མི་ཆེན་དཔོན་ཆེན་ཁག ཚོང་ལས་དཔལ་འབྱོར་གཉེར་མཁན། སྤྱི་དམངས་ཐོབ་ཐད་ཀྱི་དབུ་ཁྲིད་མཁན་སོགས་རྒྱབ་ལྗོངས་མི་འདྲ་བའི་མི་སྣ་མང་པོ་ཞིག་ལ་འབྲེལ་འདྲེས་བྱ་ཐུབ་པ་བྱུང་ཡོད།
གོང་གི་བསམ་ཚུལ་དེ་དག་ནི་བོད་ཀྱི་སྲིད་དོན་བསྐྱར་ཞིབ་རྩོམ་སྒྲིག་པའི་ངོས་ཀྱི་བསམ་ཚུལ་ཡིན། ང་ཚོའི་ངོས་ནས་རང་ནུས་གང་ཡོད་ཀྱིས་དོན་དངོས་ཐག་གཅོད་བྱ་བར་འབད་བརྩོན་བྱས་ཡོད་ལ། མཇུག་སྡོམ་བྱས་པར་ཡང་རྒྱུ་མཚན་ངེས་ཅན་ལྡན་པའི་ཡིད་ཆེས་བྱེད་ཀྱི་ཡོད། འདིར་ང་ཚོས་འཁོད་པ་མ་ཡིན་པའི་ལྟ་ཚུལ་གཞན་གྱི་ཁ་སྣོན་ཡོང་བར་ཡང་དགའ་བསུ་ཞུ་བཞིན་ཡོད་ལ། བཀའ་ཁྲིའི་འོས་མི་རྣམ་པས་ང་ཚོའི་ངོས་ནས་ཆད་སྐྱོན་ཤོར་བའི་གནས་ཚུལ་གཞན་མཁོ་འདོན་བྱ་རྒྱུ་ཡོད་ནའང་དགའ་བསུ་ཞུ་ངེས་ཡིན།
བོད་ཀྱི་ཆབ་སྲིད་ཉམས་ཞིབ་ཚོགས་པ་ཞེས་མིང་སྙནམོ་ཞིག་ཁྱེར་ནས་ཕྱོགས་ལྷུང་དང་རང་དོན་བསྒྲུབ་པ་ནི་ངུ་ཤོར་བ་ཞིག་རེད་། དོན་ལ་བློ་སེང་གི་ཞན་ཆ་ཁབ་ཀྱིས་འཚོའ་མཁན་ཞིག་རེད་། གཟབ་དགོས་།
བློ་སེང་གི་སྐྱོན་ཆ་རྐྱང་རྐྱང་བཤད་འདུག
དེ་དྲང་མོ་ཞིག་མཐོང་མ་སོང་།
ཁ་བྱང་དེ་དོན་ལ་མི་གནས་པ་ཞིག་ཏུ་མཐོང་སོང་།
བློ་སེང་གི་མཚང་འབྲུ་བ་ཞེས་ན་ཏག་ཏག་ཅིག་ཆགས་ས་རེད།
འབྲི་སྟངས་ལ་བལྟས་ན་ཁང་གསར་ལགས་ལོས་ཡིན་སྙམ་པ་ཞིག་འདུག
ཁ་བརྡ་དྲ་རྒྱ་རྩོམ་སྒྲིག་པར་གུས་པས་༼མ་འོངས་བོད་ཀྱི་ཐར་ལམ།༽ཟེར་བའི་བསམ་ཚུལ་ཞིག་དེ་རིང་ཉིན་གུང་སྐུར་ཡོད།
ཁ་བརྡ་དྲ་ཚིགས་སུ་གསལ་བསྒྲགས།
ད་ལྟ་བོད་ཀྱི་དུས་བབ་དྲ་རྒྱ་བལྟ་ཀློག་ཐུབ་ཀྱི་མི་འདུག དབྱིན་ཡིག་ནང་ཡི་གེ་འདི་འདྲ་ཞིག་ཤར་གྱི་འདུག NOTICE:This domain name expired on 03/16/2011 and is pending renewal or deletion. ཅེས་ཤར་འདུག དེང་སང་བོད་ཀྱི་དུས་བབ་ཀྱི་ལས་བྱེད་ཚོས་ཏག་ཏག་ཅིག་བྱེད་ཀྱི་མི་འདུག བློ་ཕམ་ཡོད། བོད་ཀྱི་དུས་བབ་ཀྱི་གསར་འགོད་པ་ཟུར་པ་འཇིགས་བྲལ་བསྟན་འཛིན་ནས།
གནས་ཚུལ་ཛ་དྲག་སླེབས་དུས་སུ་བོད་ཀྱི་དུས་བབ་དྲ་འདི་ཡང་ཡག་པོ་ཞིག་འགྲོ་རོགས་བྱས་མི་འདུག ག་རེ་བྱས་པ་ཡིན་ན་རེ་རིང་དུས་བབ་དྲ་བ་ནང་དུ་འཛུགས་ཐུབ་ཀྱི་མི་འདུག
དུས་བབ་ཚང་གིས་ཤུགས་རྒྱབ་རོགས།
ཉེ་སྔོན་བོད་གནས་བསྐྱར་ཞིབ་ཀྱིས་བློ་བཟང་སེང་གེའི་རྩོམ་ཡིག་གི་ཐོག་བློ་བཟང་སེང་གེ་མཁས་དབང་ཡིན་མིན་ལ་གླེང་བ་རེད། རྒྱུ་མཚན་ནི་བློ་བཟང་སེང་གེ་ཧ་ཝ་མཐོ་སློབ་ཀྱི་ཁྲིམས་ཀྱི་ཉམས་ཞིབ་པ་རྒན་པ་ཡིན་པ་དེ་རེད། ཁོང་གི་རྩོམ་ཡིག་གི་སྐོར་ལ་བསམ་ཚུལ་འདོན་ཆོག་པ་ཞིག་རེད། འདོན་འོས་པ་ཞིག་རེད། དེ་མཚུངས་ཨ་རི་སི་ཀྲེན་ཕོར་ཀྲི་གཙུག་ལག་སློབ་གྲྭ་ཆེན་མོའི་(Standford University)ཕྱོགས་ཕེབས་སློབ་དཔོན་(Visisting Professor)གྱི་མཚན་གནས་ཡོད་པར་བརྗོད་པའི་ཁྲི་ཟུར་བཀྲས་མཐོང་ལགས་ཀྱིས་རྩོམ་ཡིག་སྤེལ་ཡོད་མེད་དང་། རྩོམ་ཡིག་སྤེལ་མེད་ན་ག་རེ་བྱས་ནས་སྤེལ་མེད་པ། བརྗོད་སྟངས་གཞན་ཞིག་གི་ལམ་ནས་བརྗོད་ན་སྤེལ་ཐུབ་པའི་ཤེས་ཡོན་མེད་པས་ཡིན་ཅེས་ཀྱི་སྐོར་ལ་ག་རེ་བྱས་ནས་བསྐྱར་ཞིབ་བྱེད་ཀྱི་ཡོད་མ་རེད།
ངའི་གོ་ཐོས་ཡིན་ན་བོད་ཀྱི་ཆབ་སྲིད་ཉམས་ཞིབ་ཅེས་མིང་སྙན་མོ་ཞིག་ཁུར་ཡོད་པའི་དྲ་རྒྱ་དེའི་བདག་པོ་གཙོ་བོ་དང་ཡང་ན་མི་གསུམ་ཡོད་པ་དེ་ལས་མི་སྣ་གཙོ་བོ་གཅིག་ནི་ཞ་སྒབ་པའི་བུ་རེད་ཟེར་ལ། ཞ་སྒབ་པའི་བུ་ཡིས་སྲིད་དོན་རྒྱལ་རབས་བོད་གཞུང་ལ་མ་དངུལ་མ་བཏང་བར་པར་སློག་རྒྱག་ཏུ་མི་འཇུག་ཅེས་དཔེ་དེབ་དེའི་པར་དབང་ཁོང་ཚོར་ཡོད་པ་རེད་ཅེས་རྗེས་ནས་ཕྱི་རྒྱལ་གྱི་ཚོགས་པའི་ལག་ནས་མ་དངུལ་བླངས་ནས་དེབ་དེ་ཚོ་བཙོང་བ་ཡིན་པར་གསུངས་ཀྱིན་འདུག
ཞ་སྒབ་པའི་བུ་ནི་བཀྲས་མཐོང་གི་ནང་མི་དང་འདྲ་བའི་མི་ཞིག་ཡིན་པ་དང་། ང་ཚོས་ཆབ་སྲིད་དྲ་རྒྱ་དེའི་མགོ་ནས་མཇུག་བར་དུ་ལྟོས་དང་མིང་རྫིགས་པོ་ཞིག་གི་འོག་ནས་ཉམས་ཞིག་བྱ་ཁུལ་གྱིས་ཕྱོགས་རུས་དང་རང་ཕྱོགས་གསལ་སྟོན་བྱེད་པ་ཚད་མཐོ་བོར་སླེབས་འདུག
ད་དུང་ཞུ་རྒྱུ་ཞིག་ལ་ང་ཚོས་རང་གི་བཀའ་ཁྲིའི་འོས་མི་ཚོ་ཡིན་ན་འདྲ་ལ། སྤྱི་འཐུས་འོས་མི་ཚོ་ཡིན་ཡང་འདྲ། བཙོན་མ་དང་ཉེས་ཅན་གྱི་ལམ་ནས་ལྟ་མི་རུང་བར་། ང་ཚོས་་མགོ་ཁྲིད་དེ་ཡིས་ང་ཚོའི་བོད་དོན་འཐབ་རྩོད་འདི་མུ་མཐུད་རྒྱུན་གནས་བྱ་ཐུབ་པར་བོད་མི་ཚོར་རིག་པ་དྭངས་པོ་བཟོ་མཁན་ཞིག་དགོས་པ་དང་མི་མང་ཡར་སློང་བྱ་ཐུབ་མཁན་དང་མི་མང་གི་མགོ་ཁྲིད་ཐུབ་མཁན་ཞིག་ཡིན་དགོས།
ཉེས་ཅན་དང་བཙོན་མ་ལྟ་བུའི་ངང་ནས་ཁྲིམས་རྩོད་པས་ཁྲིམས་ཐོག་ནས་དཔྱད་པ་གཏོང་གིན་ཡིན་ན། བཀྲ་ཤིས་དབང་འདུས་ལགས་གཅིག་པུ་ད་ལྟ་བར་དུ་བོད་གཞུང་ལ་ཞབས་ཞུ་སྒྲུབ་པ་ལས་མི་གཙང་མ་ཞིག་ཡིན་པ་གསལ་བོ་བསྟན་ཡོད་པ་ལས། གཞན་བོད་གཞུང་ལ་ཞབས་ཞུ་སྒྲུབ་མཁན་གྱི་འོས་མི་འགའ་ཤས་ལ་བོད་གཞུང་གི་རྒྱུ་དངོས་དང་ལས་གནས་ཀྱི་དུས་ཡུན་མ་རྫོགས་པར་རང་གི་ཁེ་ཕན་ཆེད་སྐྱོད་པ་སོགས་སྒྲིག་སྲོལ་ཞིག་ལ་མཐོང་ཆུང་བྱེད་པའི་ཉེས་པ་སོགས་ཀྱང་ཡོད་མོད། བོད་ཀྱི་ཆབ་སྲིད་ཉམས་ཞིབ་དྲ་གནས་འདི་ཡིས་འདི་དག་གི་སྐོར་ལ་ངལ་བ་གདོང་ལ་བླངས་ནས་གང་ཡང་མི་བྱ་བར། ཕར་སོང་ནས་བློ་བཟང་སེང་གེ་ཡི་འདུག་ས་སྡོད་ས་ཟ་ས་འཐུང་ས་སོགས་བཙལ་ནས། ངས་ལྟོས་ན་འདི་མི་ཞིག་ལ་རང་འགར་མ་དགའ་བའི་བྱེད་སྟངས་མ་ཡིན་པའི་ཆབ་སྲིད་པ་ཚོས་རྒྱུད་སྐུལ་བྱེད་པའི་བྱེད་སྲོལ་རེད།
བོད་ཀྱི་ཆབ་སྲིད་དྲ་རྒྱ་གཙོ་སྒྲུབ་པ་འདི་རྣམས་ཕོ་ལོ་༣༠ཡན་རྐྱང་རྐྱང་ཡིན་ཡང་། ད་ལྟ་བར་དུ་ང་ཚོའི་བོད་མི་རིགས་ཀྱི་ཁ་སྣེ་མགོ་སྣེ་ལ་ལག་པ་མཆིང་ཙམ་ཡང་མ་བྱེད་པར། བཀའ་བློན་ཁྲི་པའི་སྐོར་ལ་ངར་ངར་རྫིགས་རྫིག་བྱེད་པ་དེ་སྤྱིའི་ཆ་ནས་ཆ་ཤས་བླངས་པར་ཡག་པོ་རེད་དེ། སྦྱོར་བ་དང་རྒྱབ་ལྗོངས་ ་དམིགས་ཡུལ་ལ་སོགས་པ་ཐེ་ཙོམ་གྱི་གནས་ལས་མ་འདས།
ལྷག་པར་དུ་ཞ་སྒབ་པའི་བུ་ལྟ་བུ་ལ་མཚོན་ན་སྒྲུང་མང་པོ་ཡོད་ཀྱང་ད་སྐབས་རང་དགའ་ཕྱོགས་ཞེན་གྱིས་བོད་མིའི་ནང་དུ་འཚང་ཁ་བྱེད་ན་མང་པོ་བཤད་རྒྱུ་མེད་དེ། དབྱིན་ཡིག་གི་ནང་འབྲི་མཁན་དང་བྲིས་པ་རྣམས་བོད་ཡིག་ལ་བསྒྱུར་གྱིན་པ་འདི་དག་ཚང་མ་ལ་ང་ཚོས་ཧང་སང་མདོག་མདོག་གིས་ཡིད་ཆེས་བཅོལ་དོན་མེད།
དེ་ནས་ཡང་བོད་གནས་བསྐྱར་ཞིབ་ལས་ཁུངས་ཀྱི་མིང་ཐོག་ནས་སླར་ཡང་འདི་ལྟར་བྱས་པ་རེད།
ཁྲི་ཟུར་བཀྲས་མཐོང་གིས་ཁོང་ཚོའི་བཅར་འདྲ་དྭངས་ལེན་ཞུས་སོང་ཚུལ་དང་། ཁོང་གི་ཆབ་སྲིད་ཐད་ཀྱི་བསམ་ཚུལ་ནི་ཤིན་ཏུ་འོས་འཚམས་ཡིན་ཚུལ་ཞིག་སྐྱོན་བརྗོད་བྱེད་ཀྱི་ཡོད་མདོག་བྱེད་བཞིན་བཏོན་པ་རེད། ཁོང་གི་དགོངས་ཚུལ་ལ་ང་ཚོས་བསམ་བློ་ཕྱོགས་གཞན་ཞིག་ནས་གཏོང་ཆོག་གི་རེད་ལ། གཏོང་གི་ཡོད། ཡིན་ནའང་བོད་གནས་བསྐྱར་ཞིབ་ལས་ཁུངས་ཀྱི་མིང་བེད་སྤྱོད་བྱས་ནས་བཀྲས་མཐོང་གི་ཆབ་སྲིད་ལངས་ཕྱོགས་ལ་རྒྱབ་སྐྱོར་བྱེད་རིན་ཡོད་ཚུལ་དང་། བློ་བཟང་སེང་གེ་ལ་དེ་ལྟར་བྱེད་རིན་མེད་པའི་བསམ་ཚུལ་ཞིག་ཟར་ཟུར་ཚང་མ་ནས་མངོན་ཐབས་བྱེད་བཞིན་ཡོད་པ་འདིས་བོད་གནས་བསྐྱར་ཞིབ་ལས་ཁུངས་འདི་སྒེར་གྱི་འོས་བསྡུ་དྲིལ་བསྒྲགས་ལྟེ་གནས་ཤིག་ཏུ་གྱུར་པ་དེ་རེད།
བློ་གཟུ་བོར་གནས་པའི་བསྐྱར་ཞིབ་བྱེད་ཀྱི་ཡོད་ན། མུ་མཐུད་སྤེལ་བའི་མཆན་འདི་དག་ཀློག་རོགས།
བོད་མི་ཚོ་བཙན་བྱོལ་དུ་བོད་གཞུང་ལ་བཀའ་ཁྲི་མང་པོ་བྱུང་བ་རེད། དགོངས་པ་ཞུ་མཁན་མང་པོ་བྱུང་ཡོད་ཀྱི་རེད་ལ། བཀའ་ཁྲི་ཟམ་གདོང་རིན་པོ་ཆེར་མཚོན་ན་དགོངས་པ་ཐེངས་གཉིས་ཞུས་ཡོད་པ་ང་ཚོས་ཤེས་ཀྱི་ཡོད། ཡིན་ནའང་༸གོང་ས་མཆོག་གིས་དགོངས་པ་གནང་མེད་པ་མ་ཟད་བཀའ་འདི་འདྲ་ཞིག་ཕེབས་ཡོད་པ་རེད། ཁྱོད་ཚོ་ཚང་མས་དགོངས་པ་ཞུས་ན། ང་སུ་ལ་དགོངས་པ་ཞུ་དགོས་པ་རེད་ཅེས་གསུངས་ཡོད་པ་རེད། ཡིན་ནའང་སྐུ་ངོ་བཀྲས་མཐོང་གིས་དགོངས་པ་ཞུས་པ་དང་དགོངས་པ་ག་རེ་བྱས་ནས་གནང་མིན་སྐོར་ལ་བོད་གནས་བསྐྱར་ཞིབ་ལས་ཁང་གིས་ག་རེ་བྱས་ནས་བསྐྱར་ཞིབ་མ་བྱས་པ་རེད།
འཇིགས་བྲལ་བསྟན་འཛིན་ལགས་ཀྱི་བསམ་ཚུལ་ལ་རྒྱབ་སྐྱོར་ཡོད། བཀྲ་ཤིས་དབང་འདུས་ཀྱིས་དབྱིན་ཡིག་གི་ནང་དུ་ཕྱག་རྩོམ་མང་དུ་མཛད་ཡོད་ལ། བཀྲ་ཤིས་དབང་འདུས་ནི་གསུངས་མོལ་གནང་དུས་ཚིག་ཁ་ནས་ཐོན་ཞིག་མིན་ཡང་། ཕྱག་རྩོམ་གནང་དུས་ཡག་པོ་རེད།
ཉམས་ཞིབ་ཀྱི་རྩོམ་ཡིག་ནི་དྲན་པ་ནས་འབྲི་བ་དང་ཡང་ན་ཉིན ཤས་ནང་ཤོག་བུ་ཁ་ཤས་བྲིས་ན་འགྲིག་འགྲོ་བ་མ་ཡིན་པར། མཚམས་རེར་ཞིབ་མཇུག་གི་ཚད་ལྡན་པའི་རྩོམ་ཡིག་ཅིག་ལ་ལོ་བཅུ་ཕྲག་ཀྱང་འགོར་གྱིན་ཡོད། བློ་བཟང་སེང་གེ་ཡིས་ཞིབ་མཇུག་གི་ཚད་མཐོ་མིན་མི་ཤེས་ཀྱང་རིང་པོ་མང་པོ་སྤེལ་ཡོད་ལ། སྤྱིར་བཏང་གི་རྩོམ་ཡིག་གང་གང་སྤེལ་མྱོང་བ་སྔོན་དུས་བབ་སོགས་ཀྱི་ནང་དུ་མཇལ་རྒྱུ་འདུག
ཡང་གཅིག་བཤད་ན། བཀྲས་མཐོང་ལ་དེ་འདྲ་ཡོད་དམ། བཀྲས་མཐོང་གིས་ག་རེ་བྱེད་ཀྱིན་ཡོད་པ་རེད། ངའི་གོ་ཐོས་ཡིན་ན་བཀྲས་མཐོང་གིས་གཙུག་ལག་སློབ་གྲྭ་ཆེན་མོ་ཞིག་ཏུ་སློབ་ཁྲིད་བྱེད་བཞིན་ཡོད་ཟུས་སོང་མོད། གནས་ཚུལ་འདི་ཡང་བདེན་པ་མ་ཡིན་པ་མང་པོ་བཤད་རྒྱུ་འདུག བཀྲས་མཐོང་ལ་བཀའ་བློན་ཁྲི་པ་བྱེད་ཀྱང་དུས་ཡུན་མ་རྫོགས་པར་ནང་མི་ཁྲིད་དེ་ཨ་རིར་ཡོང་བའི་ཉམས་མྱོང་དང་ཤེས་ཡོན་ལས། གཞན་ཅི་ཞིག་ཡོདདམ།
དེ་ནས་ད་དུང་ཁོང་ཚོའི་ལོ་ཚད་ལ་ལྟ་དགོས། མི་ཚེ་ཧྲིལ་བོའི་འབྲས་བུ་ཁྱེར་ཡོང་ནས་དེའི་ན་གཞོན་དར་ལ་བབས་པའི་འབྲས་བུ་གཉིས་བསྡུར་ན་གང་འདྲ་ཡིན་ནམ། ང་ཚོ་ལ་ཇ་ཁུ་ཡོད་པའི་ཇ་བཟོ་བྱེད་དགོས་པ་ལས་ཇ་ཙག་ཚར་རྗེས་ཀྱི་ཇ་རོ་དགོས་མ་རེད་བསམ་གྱིན་འདུག
བསྐྱར་བཅོས།
བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལགས་དཔལ་འབྱོར་བཀའ་བློན་གནང་བ་རེད། དེ་ནས་བཀའ་ཁྲི་གནང་བ་རེད། དུས་ཡུན་དེའི་ནང་དཔལ་འབྱོར་སྐོར་ལ་གླེང་རྙོག་མང་པོ་ཐོན་པ་རེད། བོད་མི་མང་སྤྱི་འཐུས་ལྷན་ཚོགས་སུ་རྙོག་གླེང་འདི་དག་རྩིས་ཁམས་གཙང་མའི་ལམ་ནས་གཙང་མ་བཟོས་མེད། གྲོས་ཚོགས་ཀྱིས་ཞིབ་འཇུག་ཚོགས་ཆུང་བཙུགས་པ་རེད། ཡིན་ནའང་ཞིབ་འཇུག་བྱེད་ཐུབ་མེད། སྐབས་དེར་སྤྱི་ཚོགས་ནང་སྐད་ཆ་མང་པོ་ལྷགས་པ་རེད། དེ་མཚམས་སྐུ་ངོའི་ནང་མི་ལ་དཀའ་ངལ་འཕྲད་དེ་ཨ་རིར་ཕེབས་པ་རེད། དེར་བརྟེན་ད་ལྟ་གྲོས་ཚོགས་ཀྱི་ལས་རིམ་བརྒྱུད་གཙང་མ་ཆགས་ཡོད་ཚུལ་ཙམ་ཡང་བརྗོད་ཐུབ་ཀྱི་མེད་པ་དེ་རེད། དེར་བརྟེན་སྐབས་དེར་དམངས་གཙོ་གསར་ཤོག་གིས་དངུལ་ལྐོག་ཟ་རུལ་སུང་གི་གནད་དོན་དང་འབྲེལ་ནས་གསར་འགྱུར་སྤེལ་བ་རེད། དམངས་གཙོ་གསར་ཤོག་གིས་གསར་འགྱུར་དེ་ལྟར་སྤེལ་བར་སྐབས་དེའི་བཀའ་ཁྲི་བསྟན་འཛིན་རྣམ་རྒྱལ་གྱིས་བོད་མིའི་རང་དབང་གསར་ཤོག་ཐོག་གསལ་བཤད་ཅིག་གནང་བ་རེད། དེ་ནི་རང་གིས་རང་ལ་གསལ་བཤད་རེད། བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལགས་ཀྱིས་རང་གི་འོག་ཏུ་ཡོད་པའི་བོད་མིའི་རང་དབང་ཐོག་གསལ་བཤད་གནང་བ་དེ་གཞི་ལ་བཞག་པའི་ཐོག་ནས་ད་ལྟའི་བཙན་བྱོལ་བོད་གཞུང་བཀའ་ཤག་གིས་སྐུ་ངོ་བཀྲས་མཐོང་གི་དངུལ་གྱི་རྙོག་གླེང་དེ་དག་ལ་གསལ་བཤད་བྱེད་ཐུག་པ་རེད། དི་གནད་དོན་གང་ལ་ཐུག་པ་རེད།
དེ་ནས་སྐུ་ངོ་ཨ་རིར་ཕེབས་ཆོག་ཡིན་དོན་ནི། དེ་སྔོན་དོན་གཅོད་གནང་སྐབས་ཨ་རིའི་མི་སེར་ཆགས་པ་རེད། དོན་གཅོད་ཀྱི་ལས་དོན་དང་མི་སེར་བཟོ་བའི་ལས་དོན་གཉིས་མཉམ་དུ་གནང་བ་རེད། འདི་ཆོག་པ་ཞིག་རེད་དམ།
བོད་གནས་བསྐྱར་ཞིབ་ཀྱིས་སྐུ་ངོ་བཀྲས་མཐོང་མཆོག་གི་མི་ཚེའི་གནད་དོན་དེ་ཚོ་ག་རེ་བྱས་ནས་བསྐྱར་ཞིབ་བྱེད་ཐུབ་ཀྱི་ཡོད་མ་རེད། བློ་བཟང་སེང་གེ་ཁོ་ན་གླེང་དགོས་དོན་གང་ལ་ཐུག་པ་རེད།
༄།།ཆ་གང་ནས་བལྟས་ཀྱང་བཀའ་ཁྲི་ལ་འོས་ཤོས་དེ་བཀྲས་མཐོང་ལགས་རེད་འདོད་དོ།།
ད་ལྟ་ང་ཚོའི་མིག་མདུན་དུ་དྲི་བ་མང་པོ་ཞིག་ལྷགས་ཡོད་པ་རེད།
བར་ལམ་སྤྱི་ཚོགས་ནང་བློ་བཟང་སེང་གེའི་བཟའ་ཟླ་བོད་པ་ཡིན་མིན་གླེང་བ་རེད། དེ་མཚུངས་སྐུ་ངོ་བཀྲས་མཐོང་གི་བཟའ་ཟླ་གང་ནས་ཡིན་པ་ད་ལྟ་ཡང་གླེང་ཡོད་པ་མ་རེད།
བར་ལམ་བློ་བཟང་སེང་གེས་དོལ་རྒྱལ་བསྟེན་གསོལ་བྱེད་ཚུལ་གླེང་བ་རེད། ཡིན་ནའང་ཆོས་བརྒྱུད་ཀྱི་འགྲོ་ལུགས་ལྟར་བྱས་ན་བློ་བཟང་སེང་གེ་དགེ་ལུགས་པ་གཙང་མ་ཞིག་མ་རེད། དེ་ཡང་ཁོང་གི་མ་བརྒྱུད་དེ་རྙིང་མའི་སྟག་ཤམ་ཆོས་བརྒྱུད་རེད། ཡིན་ནའང་མི་རབས་ནས་མི་རབས་བར་དགའ་ལྡན་ཕོ་བྲང་གི་སྲི་ཞུ་བ་ཤུགས་ཆེ་ཁག་ཕལ་ཆེ་བ་དགེ་ལུགས་པ་རེད། བཀྲས་མཐོང་ཁྱིམ་བརྒྱུད་དང་ཕ་བོང་ཁ་ཡབ་སྲས་བར་འབྲེལ་བ་ཡོད་མེད་དང་། ཡོད་ན་དེ་ནས་དོལ་རྒྱལ་བསྟེན་ཡོད་མེད་དང་། ཡོད་ན་ག་དུས་མཚམས་བཞག་ཡོད་མེད་སོགས་ཅི་ཡང་གླེང་ཡོད་པ་མ་རེད།
ད་བར་བཙན་བྱོལ་སྤྱི་ཚོགས་ནང་བཀའ་ཁྲིའི་བགྲོ་གླེང་མང་པོ་ཚོགས་པ་རེད། ཁྲི་ཟུར་བཀྲས་མཐོང་དང་། འབུམ་རམས་པ་བློ་བཟང་སེང་གེ་གཉིས་ཕལ་ཆེ་བར་ཞུགས་པ་རེད། དེ་བཞིན་བཀའ་ཟུར་བཀྲ་ཤིས་དབང་འདུས་ལགས་ཀྱང་རྗེས་སུ་མང་པོ་ཞིག་ལ་ཞུགས་པ་རེད། ཁོང་རྣམ་པ་གསུམ་སྒེར་གྱིས་གཏམ་བཤད་ཀྱང་མང་པོ་འཐེན་པ་རེད། དུས་སྐབས་དེ་དག་ཏུ་བཀའ་ཟུར་བཀྲ་ཤིས་དབང་འདུས་ལགས་དང་། བློ་བཟང་སེང་གེ་གཉིས་ནས་སོ་སོ་མ་ཡིན་པའི་འོས་མི་གཞན་པ་གཉིས་ལ་བརྩི་བཀུར་དགོས་པ་དང་། རྩ་དོན་ཐོག་ཕྱག་ལས་གནང་མཁན་ཡིན་ཚུལ་རབ་དང་རིམ་པ་བྱས་ནས་གསུངས་སོང་། ཡིན་ད་བར་སྐུ་ངོ་བཀྲས་མཐོང་ལགས་ནས་དེ་ལྟར་གསུངས་པ་གོ་ཐོས་མ་བྱུང་། དེའི་རྒྱུ་མཚན་དེ་ག་རེ་ཡིན་ནམ། ཁོང་གིས་དེ་ལྟར་མི་གསུངས་པ་འདིས་ཁོང་གི་རྒྱབ་སྐྱོར་བ་ཚོར་ག་རེ་བྱེད་དགོས་པར་སྐུལ་མ་གཏོང་བ་ལྟ་བུ་མི་འདུག་གམ།
འདི་དང་འདི་འདྲ་བའི་སྤྱི་ཚོགས་ཀྱི་ནང་དངོས་སུ་འགྲོ་བཞིན་པའི་དོན་དངོས་ཀྱི་འཕེལ་རིམ་འདི་ཚོ་ལ་བོད་གནས་བསྐྱར་ལས་ཁུངས་ནས་ག་རེ་བྱས་ནས་བསྐྱར་ཞིབ་མ་བྱས་པ་རེད།
རྡོ་རྗེ་ལགས།
བཀའ་ཁྲིར་སུ་འོས་མིན་དེ་ད་ལྟ་གླེང་གི་མེད། ཡིན་ནའང་མང་ཚོགས་ལ་མར་ཁ་འཁོར་ནས་བོད་ཀྱི་གནས་ཚུལ་བསྐྱར་ཞིབ་བྱེད་ཀྱི་ཡོད་ཚུལ་བརྗོད་མཁན་འདི་ཚོ་དྲང་པོ་འདུག་གམ་ཟེར་གྱི་ཡོད།
ཨ་རོགས་འཇིགས་བྲལ། བཀྲས་མཐོང་གིས་གཞུང་རྒྱུ་སྒེར་སྤྱོད་བྱས་པའི་དོན་མེད་གླེང་ལྷག་དང་། རྒྱུ་མཚན་གང་ཞིག་གི་ཐོག་ནས་བཀྲས་མཐོང་བཀའ་ཁྲིའི་སྐབས་དགོངས་པ་འཁྲོལ་བ་སོགས་ཀྱི་སྐོར་ལ་དོགས་པ་ཡོད་ན། ཁྱེད་རང་གི་དོགས་པ་དེ་སེལ་ཐུབ་མཁན་གྱི་མི་གཅིག་རང་ཡོད་པ་ནི་འཇུ་ཆེན་རེད། དེ་འདྲ་སོང་ཙང་ཁྱེདརང་གི་མགོན་སྐྱབས་འཇུ་ཆེན་ལ་དྲིས། དེ་ནས་ཁ་གསལ་གཏིང་གསལ་ཆགས་ཀྱི་རེད། འོན་ཀྱང་འཇུ་ཆེན་ནས་ཁྱེད་རང་ལ་དོན་དངོས་དྲང་པོ་བཤད་མིན་བཤད་ཚོད་མ་ཐིགས།
དགོངས་པ་འཁྲོལ་མཁན་དེ་འཇུ་ཆེན་རེད་ཟེར་གྱི་ཡོད་དམ། ༸གོང་ས་མཆོག་འཇུ་ཆེན་གྱིས་ཁ་ལོ་བསྒྱུར་གྱི་ཡོད་པ་རེད་ཟེར་གྱི་ཡོད། རིག་འཚོ་མ་ཟིན་པའི་ཧང་གཏམ་མ་ཤོད། ཧཧཧཧཧཧ།
གྲོས་ཚོགས་ལ་རྩིས་ཁམས་ཀྱི་ལམ་ནས་གཙང་མ་བཟོ་མ་ཐུབ་པ་དེ་འཇུ་ཆེན་གྱིས་གཙང་མ་ཡིན་པ་གང་འདྲ་བྱས་ནས་ཁུངས་སྐྱེལ་བྱེད་དགོས་རེད། ཧཧཧཧ་ཧཧཧ།
མ་གཞི་ནས་དོན་མེད་གླེང་ལྷག་ཟེར་བར་དཔང་རྟགས་ག་རེ་སྟོན་རྒྱུ་ཡོད།
བོད་ཀྱི་ཆབ་སྲིད་བསྐྱར་ཞིབ་པའི་ཉམས་ཞིབ་གནང་བ་དེ་ནི་དོན་དངོས་དང་མཐུན་པ་ཞིག་ཏུ་མཐོང་། དེ་ཡང་སྤྱི་ཚོགས་སྟེང་སྔར་ནས་ཁྱབ་ཚར་བའི་དངོས་པོ་ཞིག་ལ་སྐྱོན་ཡོན་གཉིས་ཀའི་ཆ་ཡོད་ཀྱང་དེ་ནི་མི་མང་ནས་ཡོངས་སུ་རྟོགས་ཐུབ་པ་ཞིག་ལ་བསྐྱར་ཞིབ་ཀྱིས་དགོས་པ་མེད། སྔར་མེད་གསར་དུ་ཐོན་པའི་དངོས་པོ་ཞིག་ལ་ཆ་མཚོན་ན་དངོས་པོ་དེའི་དགེ་མཚན་འམ་ཕན་གནོད་་ཇི་ཡོད་མི་མང་ལ་གསལ་སྟོན་བྱ་དགོས་པ་ནི་ཤེས་ཡོན་པ་ཚང་མི་གཡོལ་ཐབས་མེད་འོས་འགན་ཞིག་ལགས་པས་འཇིགས་བྲལ་ཐུགས་ཕམ་གནང་དགོས་མིན་འདུག་གོ་
གཟའ་ཟླ་བོད་ཡིན་མིན་གྱི་རྩོད་པ་འདི་ཆབ་སྲིད་པ་ཞིག་ངོས་ནས་གླེང་རྒྱུ་ཞིག་མ་རེད ། བཀྲས་མཐོང་གི་གཟའ་ཟླའི་ཐད་དོགས་འདྲི་ཞུས་མ་སོང་བ་ཟེར་བ་དེ ། འཇིགས་བྲལ་ནམ་ལང་ལང་བ་གཅིན་སྐྱག་ནང་དུ་བཏང་བ་དང་ཁྱད་མི་འདུག
བློ་སེང་ལ་རྒྱབ་སྐྱོར་བྱེད་ན་བྱེད་སྟངས་དེ་འདྲ་མ་རེད །
འཇིགས་བྲལ་བསྟན་འཛིན་ལ་ཆེད་ཞུ །
སྐུ་ཉིད་ཀྱིས་བློ་སེང་རྒྱབ་སྐྱོར་ཞེ་ཕུག་ཕྱིར་མངོན་ཆེད་བཀྲས་མཐོང་ལ་ངོ་རྒོལ་དང་འཚང་འདོགས་ཀྱི་བྱེད་ཐབས་སྦྱད་ན་བློ་སེང་ལ་རེ་ཕྲ་ནས་ཕྲ་ཙམ་གདའ ། དབུས་གཙང་མི་མང་གི་རང་བློ་གང་དུ་འཁོར་ཡོད་ན་དེ་བཀའ་ཁྲིར་སླེབས་ངེས་རེད ། བློ་སེང་ལ་རྒྱབ་སྐྱོར་འཚོལ་འདོད་ཀྱི་འདུན་པ་ཡོད་ན་ཆིག་སྒྲིལ་གྱིས་བྱེད་ཐབས་སྦྱད་དགོས ། འདི་ཆབ་སྲིད་ནང་གི་དམག་དོན་སྲིད་བྱུས་དང་འདྲེས་ཡོད ། འདི་ལ་སློབ་སྦྱོངས་འདི་ལ་བྱོས །
བོད་ཀྱི་ཆབ་སྲིད་བསྐྱར་ཞིབ་པས་ཉམས་ཞིབ་གནང་བ་དེ་ནི་དོན་ལ་གནས་པ་ཞིག་རེད། ཐུགས་རྗེ་ཆེ། དེས་མི་མང་པི་ཞིག་རྨོངས་གཉིད་ལས་སད་ངེས། བློ་སེང་ལགས་ཧ་ཝ་ཌ་མཐོ་སློབ་ཀྱི་ལས་གནས་དང་ཕོགས་ཐོབ་སོགས་གསལ་པོ་བཟོ་དགོས་པ་ཤིན་ཏུ་གལ་ཆེ། དེ་རྩིས་མི་མང་ནས་འོས་འཕེན་སྐབས་བསམ་བློ་གཏིང་ཟབ་གཏོང་གལ་ཆེའོ།
བཀྲས་མཐོང་བསྟན་རྣམ་དེ་སྔ་༡༩༩༡ལོར་དཔལ་འབྱོར་བཀའ་བློན་གནང་སྐབས་གྲོས་ཚོགས་སུ་སྔོན་རྩིས་གཏམ་བཤད་སྐབས་སྔོན་རྩིས་འགྲོ་གྲོན་ཁ་མ་དུམ་པའི་གནས་སྟངས་ཤིག་སྙན་སེང་ཞུས་ཡོད།འགྲོ་གྲོན་ཁ་མ་འདུམ་པའི་རྒྱུ་མཚན་གང་རེད་ཟེར་དྲིས་ན།པྱི་ལོ་༡༩༩༠་ནང་ཨུ་རུ་སུས་གཙོས་ཡོ་རོབ་ཤར་མའི་རྒྱལ་ཁབ་མང་ཆེ་བ་དམར་ཤོག་ནས་མང་གཙོའི་ལམ་སྲོལ་དུ་ཁ་བསྒྱུར་བའི་འགྱུར་བ་ཆེན་པོ་ཞིག་བྱུང་བར་བརྟེན་སྐབས་དེར་རྒྱ་ནག་ནང་དུ་འགྱུར་བ་ཡོང་རྒྱུར་རེ་བས་བོད་དོན་ཐོག་རྒྱལ་སྤྱིའི་ནང་རྒྱབ་སྐྱོར་ཤུགས་ཆེ་ཡང་རྒྱུར་དམིགས་ནས་པྱི་རྒྱལ་དོན་གཅོད་ལས་ཁུངས་ཁག་ལྔ་གསར་འཛུགས་བྱ་ཆེད་འགྲོ་གྲོན་སྤར་བ་དང་གོ་ཐོས་ལ་ཨ་རི་དང་ཡུ་རོབ་སོགས་ནས་དགོས་དངུལ་རོགས་རམ་ཡོད་ཚུལ་ཁས་ལེན་བྱུང་འདུག་ཀྱང་ཁ་འདུག་དེར་རོགས་དངུལ་མ༌རགས་སྟབས་གོང་གསལ་གྱི་སྔོན་རྩིས་ཁ་མ་དུམ་པའི་གནས་སྟངས་ཆགས་པ་རེད།རྗེས་སུ་སྐབས་དེའི་བཀའ་ཤག་ནས་ཁ་མ་དུམ་པའི་དངུལ་དེ་དག་ལས་ཁུངས་ཁག་གཅིག་ནས་བསྡུ་ལེན་བྱས་ཏེ་ཁ་འདུམ་པ་བཟོས་ཡོད།གལ་ཏེ་ཁ་མ་འདུམ་པའི་གནས་སྟངས་དེར་སྐྱོན་ཡོད་པར་རྩིས་ན་སྐབས་དེའི་ཕྱི་དྲིལ་བཀའ་བློན་བཀྲིསདབང་འདུད་ལགས་ཀྱི་གཙོས་པའི་བཀའ་བློན་བརྒྱད་ཡོད་པ་ཚང་མར་འགན་ཡོད་དགོས་གང་ཡིན་ཟེར་ན་བཀའ་ཤག་ནི་མཉམ་སྡེབ་ཀྱི་འགན་འཁུར་ཡིན་པ་ལས་མི་གང་ཟག་ལ་འགན་དཀྲི་རྒྱུ་ཡོད་མ་རེད་ལ་སྐབས་དེའི་བོད་མི་མང་སྤྱི་འཐུས་ལའང་སྔོན་རྩིས་གཏན་འབེབས་གནང་མཁན་ཡིན་དུས་འགན་ཚང་མར་ཡོད་དགོས།ཡིན་འང་ནན་བཤད་བྱེད་དགོས་པ་ཞིག་ལ་སྔོན་རྩིས་ཁ་མ་འདུམ་པ་དེ་རྒྱལ་ཁབ་མང་པོར་ཡོད་ཆོག་པ་ཡིན་སྟབས་སྐྱོན་མ་རེད་དེར་བརྟེན་སྐབས་དེའི་བཀའ་ཤག་ནས་གཞུང་འབྲེལ་གསར་ཤོག་བོད་མིའི་རང་དབང་བརྒྱུད་གསལ་བཤད་གནང་འདུག་པ་དང་ཉེ་ཆར་བཀའ་དྲུང་ཡིག་ཚང་ནས་ཀྱང་མཚན་འཁོད་ཡིག་གེ་གནང་འདུག་པ་དེ་ནས་གནས་ཚུལ་བདེན་པ་མིན་པ་གསལ་བཤད་བྱས་ཡོད་ཀྱང་གོང་གི་དྲ་གྲོགས་རེ་ཟུང་གིས་གཏམ་རྙིང་བསྐྱར་བཤད་བྱས་ལུགས་པ་ལྟས་ན་ཕལ་ཅེར་རང་ཉིད་ཀྱི་རྒྱབ་སྐྱོར་བྱས་པའི་བཀའ་ཁྲིའི་འོས་མི་བློསེངྒེ་དཀའ་ངལ་ཆེན་པོའི་ནང་གྱར་ཡོད་པར་བློས་མི་བཟོད་པ་འ་ཆད་འུ་ཐུག་ལ་གནས་ཡོད་པ་ཤེས་ཀྱི་འདུག་བློ་ཚབ་མ་བྱེད་ཞབས་རིམ་འདྲ་བསྒྲུབ་ན་རེ་བ་ཡོད་འགྲོ་ཞེས་སེམས་གསོ་གཏོང་རྒྱུ་ལས་མ་འདས།
ཆབ་སྲིད་པའི་གཡོ་འཕྲུལ་འོག་མགོ་མ་འཁོར།
ཨ་ཨ། ཁྱོད་ཚོ་ཕན་ཚུན་གོ་བརྡ་འཕྲོད་ཁག་སེ་ཡོད་པ་འདྲ། དོན་དངོས་གླེང་དགོས་པ་རེད། མ་འདོད་པ་མ་བྱེད། བཀྲས་མཐོང་གི་དངུལ་གྱི་སྐོར་ལ་བཀའ་ཤག་གིས་གསལ་བཤད་སྔོན་མའི་ཡིག་ཆ་མཉམ་སྦྱར་དེ་མཐོང་མ་སོང་ངམ། དེ་བཞིན་བློ་སེང་རྒྱ་ནག་ཏུ་སོང་སྐོར་ལའང་བཀའ་ཤག་གིས་གསལ་བཤད་བྱས་འདུག དེ་ཚོ་མ་མཐོང་ཁུལ་གྱིས་ཡང་ཡང་ཨུ་ཚུགས་མ་བྱེད་རོགས། འདི་ཡག་རྟགས་ཤིག་མ་རེད། ན་ཚ་ཞིག་རེད།