བོད་ཀྱི་ཆབ་སྲིད་བསྐྱར་ཞིབ་ཀྱི་རྩོམ་སྒྲིག་པའི་གཏམ། ཚེ་རིང་དོན་གྲུབ་ནས་བསྒྱུར།
བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལགས།
བཀྲས་མཐོང་ནི་སུ་དྲན་ཧྤར་དྲི་གཙུག་ལག་སློབ་གཉེར་ཁང་གི་(Stanford University) བོད་རིག་པའི་ཉམས་ཞིབ་ཁང་(Tibetan Studies Initiative)གི་ཚོགས་གཙོ་དང་སུ་དྲན་ཧྤར་དྲི་གཙུག་ལག་སློབ་གཉེར་ཁང་གི་གསོ་བ་རིག་པའི་སྡེ་ཚན་གྱི་སྙིང་རྗེ་གཞན་ཕན་ཞིབ་འཇུག་དང་སློབ་གཉེར་ལྟེ་གནས་ཁང་གི་ (Center for Compassion and Altruism Research and Education)ཆེས་མཐོང་ཆེ་བའི་ཞིབ་འཇུག་པ་ཡང་ཡིན། སུ་དྲན་ཧྤར་དྲི་གཙུག་ལག་སློབ་གཉེར་ཁང་དུ་སློབ་ཁྲིད་དང་། ༸གོང་ས་ཏཱ་ལའི་བླ་མའི་ཐེབས་རྩ་ཁང་གི་ཚོགས་གཙོ། ༡༠༠ཅན་གྱི་བོད་དོན་ལྷན་ཚོགས་ཀྱི་ངེས་སྟོན་པ་དང་ཚོགས་གཙོའི་ལས་གནས་འཁུར་ཀྱིན་ཡོད། འོན་ཀྱང་ལས་གནས་ཀྱི་མིང་ཙམ་ལས་དོན་དངོས་ཐོག་ལས་དོན་གང་ཡིན་གསལ་བརྗོད་མི་ཐུབ་པས་ང་ཚོས་་ཁོང་གིས་ཚོགས་སྡེ་འདི་དག་གི་སྣེ་འཁྲིད་པ་དང་ཡང་ན་ཁོང་འཛུལ་ཞུགས་ཐོག་ཕྱག་ལས་ཅི་ཞིག་སྒྲུབ་ཀྱིན་པ་དབྱེ་ཞིབ་ཅིག་་བྱས་ཡོད།
སུ་དྲན་ཧྤར་དྲི་གཙུག་ལག་སློབ་གཉེརཁང་།
བཀྲས་མཐོང་ནི་བོད་རིག་པའི་ཞིབ་འཇུག་ཁང་གི་ཚོགས་གཙོ་བྱས་ཏེ་སུ་དྲན་ཧྥར་དྲི་གཙུག་ལག་སློབ་གཉེར་ཁང་གི་སློབ་གཞིའི་སློབ་ཚན་ནང་བོད་དོན་དང་འབྲེལ་བའི་སློབ་གཞི་བཀོད་བསྒྲིགས་དང། བོད་རིག་པའི་ཞིབ་འཇུག་ཁང་དུ་བོད་དོན་དང་འབྲེལ་བའི་ལས་འགུལ་སྣ་ཚོགས་དང་གསུང་བཤད་སོགས་བཀོད་བསྒྲིགས་བྱེད་ཀྱིན་ཡོད། ཕྱི་ལོ༢༠༡༠ ཟླ་༡༠ ནང་༸གོང་ས་མཆོག་སུ་དྲན་ཧྤར་དྲི་གཙུག་སློབ་གཉེར་ཁང་དུ་གདན་འདྲེན་དང་། གསོ་རྒྱལ་རིན་པོ་ཆེ་དང་རྩོམ་པོ་མ་ཐེ་ཡུས་རི་ཅ་དྲི་བཅས་ཀྱི་གསུང་བཤད་བཀོད་བསྒྲིགས་བྱས་ཡོད། ད་དུང་བོད་ནང་དང། རྒྱ་གར། འབྲུག་ཡུལ། སོག་པོ་བཅས་ནས་ཕྱི་རྒྱལ་ཁག་ཏུ་སློབ་གཉེར་བར་སློབ་ཡོན་ལས་འཆར་སོགས་ཀྱི་ཕྱག་ལས་གནང་གི་འདུག
སུ་དྲན་ཧྤར་དྲི་གཙུག་ལག་སློབ་གཉེར་ཁང་གི་གསོ་བ་རིག་པའི་སྡེ་ཚན་ཁོངས་སྙིང་རྗེ་དང་གཞན་ཕན་ཞིབ་འཇུག་སློབ་གཉེར་ལྟེ་གནས་ཁང་གི་དྲ་གནས་ལ་གཞིགས་ན། ཚོགས་པའི་དམིགས་ཡུལ་ནི་ཞིབ་འཇུག་པ་དང་ཤེས་ཡོན་ཅན་གྱི་སྤྱི་ཚོགས་ཤིག་བསྐྲུན་རྒྱུ་དེ་དང་། སེམས་ཁམས་རིག་པ། རྩ་ཁམས་རིག་པ། སྙིང་རྗེ་དང་གཞན་ཕན་རིང་ལུགས་སོགས་ཀྱི་འབྲེལ་བར་སློབ་གཉེར་བྱེད་རྒྱུ། ལྟེ་གནས་ཁང་འདི་ནི་སུ་དྲན་ཧྥར་དྲི་གསོ་བ་རིག་པའི་དགེ་རྒན་ཆེན་མོ་གསུམ་དང་བཀྲས་མཐོང་། སྐུའི་གསུང་སྒྱུར་དགེ་བཤེས་ཐུབ་བསྟན་སྦྱིན་པ་བཅས་ཀྱིས་གསར་འཛུགས་བྱས་པ་དང་ང་ཚོས་ཁོང་ཚོ་སོ་སོས་ཕྱག་ལས་ཅི་ཞིག་གནང་གི་ཡོད་པ་ཁ་གསལ་ངང་ནས་བརྗོད་ཐུབ་མ་སོང་།
སུ་དྲན་ཧྤར་དྲི་གཙུག་ལག་སློབ་གཉེར་ཁང་གི་དྲ་གནས་ལ་གཞིགས་ན་བཀྲས་མཐོང་ལགས་ཀྱིས་བོད་ཀྱི་ལོ་རྒྱུས་དང་དེང་དུས་ཆབ་སྲིད་ཀྱི་རྒྱུད་རིམ་སློབ་ཁྲིད་གནང་གི་ཡོད་པ་དང་། སུ་དྲན་ཧྤར་དྲི་གཙུག་ལག་སློབ་གཉེར་ཁང་གི་ཉེ་ཆར་གྱི་སློབ་གཞིའི་རེའུ་མིག་ནང་བཀོད་དོན། ཁོང་གིས་བོད་དང་༸གོང་ས་ཏཱ་ལའི་བླ་མ་དང་། བོད་ཀྱི་ལོ་རྒྱུས། ཆབ་སྲིད་དང་མ་འོངས་བོད་ཅེས་པ་དང་དེང་དུས་ཆབ་སྲིད་ཀྱི་རྒྱུད་རིམ་སློབ་ཁྲིད་གནང་གི་ཡོད་པ་བཀོད་འདུག་ཀྱང་། ད་བར་ལོ་རྒྱུས་སྡེ་ཚན་གྱིས་་བཀྲས་མཐོང་གི་འཁྲིད་གཞི་གང་ཞིག་འཁྲིད་ཀྱིན་ཡོད་པ་བཀོད་མི་འདུག
༸གོང་ས་ཏ་ལའི་བླ་་མ་མཆོག་གི་ཐེབས་རྩ།
བཀྲས་མཐོང་ནི་༸གོང་ས་ཏཱ་ལའི་བླ་མ་མཆོག་གི་ཐེབས་རྩ་འི་ཚོགས་གཙོ་ཡིན་པ་དང་། ཐེབས་རྩ་ཁང་གི་དམིགས་ཡུལ་ནི་གཞི་རྩའི་ཤེས་ཡོན་ལ་དོ་འཁུར་དང་དམིགས་བསལ་གྱིས་ཕྱིའི་དངོས་པོ་ཡར་རྒྱས་ཀྱི་ཐོག་ནས་ཞི་བདེ་དང་ཀུན་སྤྱོད་གོང་འཕེལ་གཏོང་རྒྱུ་དེ་རེད་འདུག དཔེར་ན། ཐེབས་རྩ་་འདིས་གཞོན་སྐྱེས་ཚོའི་ཀུན་སྤྱོད་ལ་སྨིན་པའི་སླད་༸གོང་ས་མཆོག་གིས་ལྗགས་རྩོམ་གནང་བའི་ལོ་སྟོང་གསར་བའི་ཀུན་སྤྱོད་ཅེས་བའིཕྱག་དེབ་དེ་རྒྱ་ཡིག་གཙོས་སྐད་ཡིག་ལྔ་ནང་བསྒྱུར་འདུག ༸གོང་ས་ཏཱ་ལའི་བླ་མ་མཆོག་གི་ཐེབས་རྩ་ཚོགས་པས་ཚོགས་སྡེ་གཞན་ཁག་ལ་དངུལ་གྱིས་རོགས་སྐྱོར་དམིགས་བསལ་བྱེད་ཀྱིན་མི་འདུག འོན་ཀྱང་ཐེབས་རྩ་འདིས་བོད་དང་འབྲེལ་བའི་ཆབ་སྲིད་བཙོན་པ་ཚོ་དང་།་ བུད་མེད། དེང་རབས་ཀྱི་བོད་ཀྱི་་རི་མོའི་སྒྱུ་རྩལ། སེ་ར་དགོན་པ། ར་ཤི་ཡའི་ནང་དང་མཚོ་ན་མའི་ཆགས་སྒོ་(tsunami relief)ལ་རོགས་སྐྱོར་གནང་འདུག
ཐེབས་རྩ་་འདི་ནི་ཁེ་མེད་དགེ་རྩའི་ངོ་བོའི་ཐོག་ནས་དེབ་སྐྱེལ་བྱས་ཡོད་པས་ཨ་རིའི་དཔལ་འབྱོར་མཉམ་འབྲེལ་གྱིས་སྟངས་འཛིན་བྱེད་ཀྱིན་ཡོད་པ་དང་འགྲོ་གྲོན་ཕྱི་གསལ་ནང་གསལ་གྱི་ལམ་ལུགས་ཐོག་འཛིན་སྐྱོང་གནང་གི་འདུག ཕྱི་ལོ་༢༠༠༨ལོའི་དཔྱ་ཁྲལ་སྐབས་ཐེབས་རྩའི་ཡོང་འབབ་ཨ་སྒོར་༡༥༡,༨༩༢་ལས་༡༣༩,༠༡༠འགྲོ་སོང་བཏང་ཡོད་པ་ཐེབས་རྩའི་དྲ་གནས་ཐོག་ཕྱི་གསལ་ངང་བཀོད་འདུག དྲ་གནས་ནང་བཀོད་དོན། ཡོང་འབབ་གསུམ་ཆ་གཉིས་ཐེབས་རྩའི་ལས་འཆར་ལ་གཏོང་གི་ཡོད་པ་དང་གསུམ་ཆ་གཅིག་འཛིན་སྐྱོང་དང་ལས་འགུལ་གྱི་འགྲོ་གྲོན་ཐོག་གཏོང་གི་ཡོད། དེའི་ནང་ནས་ཨ་སྒོར་༣༦,༠༠༠ བཀྲས་མཐོང་ལགས་ལ་གསོལ་ཕོག་དང་། ཨ་སྒོར༡༢,༠༠༠དྲི་རིལ་ཤར་(Treasure)ལ་བཏང་འདུག
སྤྱིར་རང་དབང་དགེ་རྩའི་ཚད་འཛིན་ལམ་སྟོན་དྲ་གནས་ (independent rating website Charity Navigator)ལ་གཞིགས་ན་དགེ་རྩ་ཁག་བཅུ་ལས་དགུ་ཡིས་ཡོང་འབབ་བརྒྱ་ཆ་༣༠ དང་ཡང་ན་དེ་ལས་ཅུང་ཉུང་བ་ཞིག་འཛིན་སྐྱོང་ཐོག་ལ་གཏོང་གི་ཡོད་པ་དང་། ༸གོང་ས་ཏཱ་ལའི་བླ་མ་མཆོག་གི་ཐེབས་རྩས་ཀྱང་འགྲོ་གྲོན་གྱི་ཚད་འདི་ལྟར་ཡིན་ལ་ཡོང་འབབ་དང་འགྲོ་གྲོན་སོགས་སྤྱི་ཚོགས་རམ་འདེགས་ཀྱི་ཐེབས་རྩ་འི་རིགས་གཞན་དང་གཅིག་མཚུངས་རེད་འདུག གཞན་ཡང་བཀྲས་མཐོང་མཉམ་ཞུགས་ཐོག་གསར་འཛུགས་བྱས་པའི་སྒྲིགས་འཛུགས་ཆེ་ཁག་དག་དང་༸གོང་ས་ཏཱ་ལའི་བླ་མའི་ཐེབས་རྩར་ཞིབ་བསྡུར་སྟབས་བདེ་ཞིག་བྱས་ཏེ་བརྗོད་ན། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཚོགས་གཙོའི་གསོལ་ཕོག་ནི་ཨ་སྒོར་༡༠༤,༧༨༩་ཡིན་པ་དང་འགྲོ་གྲོན་མ་དངུལ་ཨ་སྒོར་ས་ཡ་༤,༢ ལས་བརྒྱ་ཆ་༢༥འཛིན་སྐྱོང་དང་ཡོང་འབབ་བསྡུ་བའིལས་འཆར་དང་། བོད་ཀྱི་ཐེབས་རྩ་ཚོགས་པས་ཀྱང་འཛིན་སྐྱོང་འགན་འཛིན་ལ་གསོལ་ཕོག་ཨ་སྒོར་༩༩,༢༣༨ དང་འགྲོ་གྲོན་མ་དངུལ་ཨ་སྒོར་ས་ཡ་༥,༨ལས་བརྒྱ་ཆ་བདུན་འཛིན་སྐྱོང་དང་ཡོང་འབབ་བསྡུ་བའི་ལས་འཆར་ཐོག་ལ་གཏོང་གི་འདུག ༸གོང་ས་ཏཱ་ལའི་བླ་མ་མཆོག་གི་ཐེབས་རྩས་ཕྱི་གསལ་ནང་གསལ་ངང་ཡོང་འབབ་གསལ་བསྒྲགས་བྱས་པར་གཞིགས་ན། ཕྱི་ལོ་༢༠༠༨ ལོའི་ཡོང་འབབ་ཨ་སྒོར་༡༥༡,༨༩༢ལས། མང་ཚོགས་ཀྱིས་ཨ་སྒོར་༡༡༡,༡༡༩དང།་ སྤྱི་མཐུན་ཚོགས་པ་ཁག་གིས་ཨ་སྒོར་༢༤,༣༨༣ཞལ་འདེབས་བྱུང་འདུག དངུལ་ཁང་ལ་བཅོལ་བའི་སྐྱེད་ཀ་དང་ཁེ་ཚོང་ལས་ཨ་སྒོར་༡༥,༥༡༠ཐོབ། ང་ཚོས་ཞལ་འདེབས་འབུལ་མཁན་དོ་བདག་སུ་ཡིན་ཤེས་ཐབས་ལ་འབད་པ་བྱས་ཀྱང་ངོས་འཛིན་མ་བྱུང་། འོན་ཀྱང་ང་ཚོས་ཐེབས་རྩ་ཚོགས་པ་གཞན་དག་ལ་དེའི་ཐད་ཞིབ་འཇུག་བྱས་ཀྱང་གཅིག་མཚུངས་ལྟར་ལག་སོན་མ་བྱུང་། ང་ཚོས་བཀྲས་མཐོང་ངམ་ཡང་ན་ཐེབས་རྩའི་རྒྱུན་ལས་འགན་འཛིན་ཚོར་གལ་ཆེའི་ཞལ་འདེབས་འབུལ་མཁན་དག་སུ་ཡིན་བརྗོད་པར་འདྲི་གཅོད་བྱས་མེད།
༸གོང་ས་མཆོག་གིས་གཙོ་འགན་འཁུར་བའི་སྒྲིགས་འཛུགས་དག་གི་མིང་བྱང་ང་ཚོས་ཤེས་འདོད་ཆེན་པོ་བྱུང་བས་འཚོལ་ཞིབ་བྱས་པར༸གོང་ས་ཏཱ་ལའི་བླ་མ་མཆོག་གི་་ཐེབས་རྩ་འི་དྲ་གནས་ནང་ཁོང་གི་ཕྱག་བྲིས་ཤིག་བཀོད་འདུག ཕྱག་བྲིས་ཀྱི་ནང་བརྗོད་གསལ་ལ་༸གོང་ས་མཆོག་གིས་ཐེབས་རྩ་གསར་འཛུགས་ཀྱི་ལས་དོན་ལ་ཐད་ཀར་ཕྱག་ལས་གནང་གི་མེད་པ་༸གོང་ས་མཆོག་གི་ཕྱག་བྲིས་ནང་བརྗོད་འདུག་ལ། ཁྱེད་ཚོས་དཀའ་ངལ་འཛེམས་མེད་ངང་ཞི་བདེ་ལ་སྨིན་པའི་འཆར་སྒོ་དག་ལྷག་བསམ་དང་སྙིང་སྟོབས་ལྡན་པའི་སྒོ་ནས་ལག་ལེན་བསྟར་བར་ངས་རྒྱབ་སྐྱོར་བྱེད་ཀྱི་ཡོད་ཅེས་བཀོད་འདུག རྒྱུ་མཚན་འདིས་དབང་གིས་༸གོང་ས་མཆོག་གིས་ཁོང་གི་མཚན་བེད་སྤྱོད་གཏོང་བར་ཆོག་མཆན་དང་མཚན་རྟགས་བཀོད་པར་ཐུགས་སྤྲོ་བའི་ངང་མོས་མཐུན་ཡོད་ཅེས་གསུང་པ་གསལ་པོ་རེད།
༸གོང་ས་ཏཱ་ལའི་བླ་མ་མཆོག་གི་ཐེབས་རྩའི་དྲ་གནས་ལ་གཞིགས་ན་བཀྲས་མཐོང་མ་ཡིན་པའི་གཞན་ཐེབས་རྩར་མ་དངུལ་འཇོག་མཁན་སེམས་ཀྱི་ཞི་བདེ་ཞེས་བའི་ཕྱག་དེབ་གོང་ས་མཆོག་དང་མཉམ་དུ་འབྲི་མཁན་མཁས་དབང་ཧོ་བར་དྲི་ཀིས་དྲར་(Dr. Howard Cutler)དང་། ཧ་བར་མཐོ་སློབ་ཀྱི་ཁྲིམས་རྩོད་ཕྱག་འཁྱེར་བཞེས་མཁན་དང་སློབ་ཟུར། སེམས་དང་ཚེ་སྲོག་ལྟེ་གནས་ཁང་གསར་འཛུགས་གནང་མཁན་ཨ་སྡམ་ཨིན་གལ (Adam Engle)དང་། རིལ་ཅ་དྲི་དགུ་རིལ། སློབ་དཔོན་བདྨ་རྒྱལ་པོ། རྒྱ་རི་བློ་གྲོས་རྒྱལ་མཚན། ཧ་བར་མཐོ་སློབ་ཀྱི་སློབ་དཔོན་ཇ་ནེ་དྲི་རྒྱ་མཚོ (Professor Janet Gyatso)སློབ་དཔོན་ཇེ་ཧྤུ་རེ་ཧོབ་ཀིན (Professor Jeffrey Hopkins)དགེ་ཤེས་ཐུབ་བསྟན་སྤྱིན་པ། སློབ་དཔོན་སྡོན་ལོ་པུ་ཚུ་(Professor Don Lopez)མངའ་རིས་རིན་པོ་ཆེ་དང་བོད་བཙན་བྱོལ་སྲིད་གཞུང་གི་ཁྲིམས་མཐུན་གྱི་སློབ་སྟོན་པ་མི་ཅལ་བན་བལ་དྲི་(Michael van Walt)བཅས་རེད་འདུག
༡༠༠ཅན་གྱི་བོད་དོན་ལྷན་ཚོགས།
བཀྲས་མཐོང་ནི་༡༠༠ཅན་གྱི་བོད་དོན་ལྷན་ཚོགས་ཀྱི་ཚོགས་གཙོ་དང་ངེས་སྟོན་པ་ཡིན། ཚོགས་པའི་དམིགས་ཡུལ་ནི་འཛམ་གླིང་མི་མང་དང་རྒྱལ་ཁབ་ཡོངས་ལ། བོད་དུ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་བཙན་འཛུལ་དང་བོད་མིའི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་། རང་དབང་དང་རང་ཐག་རང་གཅོད་ཀྱི་ཐོབ་ཐང་སོགས་རྡོག་རོལ་གཏོང་གི་ཡོད་པ་རྣམས་མཚམས་འཇོག་བྱེད་དགོས་པའི་རེ་འདུན་ཞུ་བཞིན་འདུག
ལྷན་ཚོགས་ཀྱི་ཚོགས་མིའི་ཁྲོད་ནོ་བྷེལ་གཟེངས་རྟགས་གཞེས་མཁན་གྱི་མི་སྣ་རླབས་ཆེན་ཁག་ཚུད་ཡོད། ཨར་ཀིས་སྦིས་ཞབ་སྒྲིལ་མོན་དྲི་དཀྲ་ཀྲོས་ (Archbishop Desmond Tutu)དང་།ནོ་བྷེལ་གསོ་བ་རིག་པ་དང་དཔལ་འབྱོར་གྱི་གཟེངས་རྟགས་གཞེས་མཁན་ཆབ་སྲིད་ཀྱི་དབུ་འཁྲིད་བལ་ཀུ་ལོ་ཧ་བལ (Vaclav Havel)དང་རྒྱ་གར་གྱི་བདེ་སྲུང་བློན་ཆེན་ཟུར་བ་ཇོར་ཆུ་ཧྤར་ནན་སྡིས་སུ་ (George Fernandes)ཨ་རིའི་རྒྱལ་ཡོངས་ཁྲིམས་རྩོད་ཆེན་མོ། པ་ཀྲ་སྒོ་ནི་ཡ་སྒྲིགས་འཛུགས་གསར་འཛུགས་གནང་མཁན་གྱི་ ལིས་ཅུ་ཏན་སུ་ཏིན་གྱི་རྒྱལ་སྲས་(Prince of Lichtenstein)མཁས་མཆོག་མར་དྲི་ལུས་ཐར་ཀིན་(Dr. Martin Luther King)གྱི་ལྕམ་དང་གཙོས་སློབ་དཔོན་ཆེན་མོ་སོགས་རེད་འདུག
ལྷན་ཚོགས་འདིས་ད་བར་དམིགས་སུ་བཟུང་ནས་དོ་འཁུར་བྱེད་ཀྱིན་ཡོད་པ་ནི་བོད་མིའི་རང་ཐག་རང་གཅོད་ཀྱི་ལས་གཞི་དང་། བོད་དོན་ཡིག་ཆ་ཕྱོགས་བསྒྲིགས། འབོར་བཞིན་པའི་ཞི་བདེ་ཞེས་བསྐོར་བསྐྱོད་འགྲེམས་སྟོན་ཏེ་སྒྱུ་རྩལ་བ་ཚོས་འབོར་བཞིན་པའི་ཞི་བདེ་ནི་༸གོང་ས་མཆོག་ཡིན་པར་ངོས་འཛིན་བྱེད་ཀྱིན་འདུག
དྲ་གྲོགས་ཚོར་ཞུ་རྒྱུ་ཞིག་ལ།
བོད་ཀྱི་ཆབ་སྲིད་བསྐྱར་ཞིབ། ཞེས་པ་འདི་ནི་ཆེད་དུ་མངགས་ནས་བློ་བཟང་སེང་གེ་ལ་ངན་དམད་ཇི་ཐུབ་བྱེད་ཆེད་དུ་བཙུགས་པའམ་ཡང་ན་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལགས་ལ་རྒྱབ་སྐྱོར་བྱེད་ཆེད་ཁོ་ནར་དམིགས་ནས་འཇམ་ནོར་གྱི་ཨབ་ཕྲུག་གསུམ་གྱིས་བཙུགས་བཞག་པའི་དབྱིན་ཡིག་དྲ་རྒྱ་ཞིག་རེད་འདུག
འདི་ལ་ཁུངས་དང་རྒྱུ་མཚན་དགོས་ན་ནི་ཁྱེད་ཅག་གིས་དྲ་རྒྱ་དེ་རང་ལ་ཞིབ་འཇུག་གནང་རོགས་ཞུ་རྒྱུ་ཡིན། གོ་བ་ཅན་ལ་བརྡ་སྟོན་ཟེར་བ་བཞིན་གནད་དོན་འདི་རིགས་ལ་རྒྱུ་མཚན་བཙལ་ཞིང་ར་སྤྲད་ནས་འཕྲོད་རྒྱུ་ཞིག་ཀྱང་མིན་པས་ང་རྩོད་གླེང་འདི་འདྲའི་ནང་དུ་ཞུགས་འདོད་མི་འདུག གོ་བ་ཅན་ཞིག་ཡིན་ན་ངས་བཤད་པའི་དོན་དེ་ལ་བདེན་པ་ཞིག་འདུག་སྙམ་པ་ཞིག་འབྱུང་ངེས། ཁས་ལེན་མི་འདོད་ན་དེ་ག་རང་ལས་རྩོད་གླེང་མི་བྱེད།
གོང་གི་འདི་བློ་སེང་གི་རྒྱབ་སྐྱོར་བ་ཚོར་ཞུས་པ་ཙམ་དུ་འཇོག་ཆོག
བཀའ་ཁྲིའི་འོས་མི་གསུམ་གྱི་ད་ལྟའི་ལས་གནས་ལ་དཔྱད་པ་ཞེས་ཀྱང་བཀའ་ཁྲི་འོས་མིང་བཀྲིས་མཐོང་ཁོ་ནའི་ལོ་རྒྱུས་མ་གཏོགས་བཀོད་མེད་པས་ཀྱང་ཕྱོགས་སུ་ལྷུང་བའི་རྟགས་གསལ་པོ་རེད། གང་ལྟར་འཇམ་དབྱངས་ནོར་བུས་སྐབས་རེ་དབུས་གཙང་ཡིན། སྐབས་རེ་ཁམས་པ་ཡིན་ཟེར་སྲོལ་ཡོངས་གྲགས་རེད། ཁོང་དང་ཁོང་གི་ཕྱོགས་ཚང་མ་དེ་རིང་གི་འོས་བསྡུ་ལས་ཕམ་པ་དང་། བློ་བཟང་སེང་གི་ནི་མ་འོངས་པའི་ཁོང་ཚོའི་བཀའ་བློན་ཁྲི་པ་ཆགས་རྒྱུ་རེད
བཀའ་བློན་ཁྲི་བར་སུ་ཐོབ་ས་རེད་ཚོད་རྩིས་ཤིག་རྒྱོབ་དང།
བཀའ་བློན་ཁྲི་པ་སུ་འཐོབ་ས༌རེད་ཟེར་དྲི་བ་སླེབས་པ་དེར་མི་མང་པོ་ཞིག་གིས་སོ་སོའི་མྱོང་བ་དང་ཤེས་ཡོན་སོགས་ལྟ་ཚུལ་འདྲ་མིན་གྱིས་སྔོན་དཔག་ཞིག་བྱེད་བཞིན་ཡོད་ཀྱང་དོན་དུ་ཚེས་༢༠་ཉིན་འོས་བླུགས་ཟིན་པའི་ཉིན་དེ་ནས་མར་གསལ་བསྒྲགས་མ་བྱས་ཀྱང་གང་ལྟར་སུ་སླེབས་ཐག་གཅོད་ཀྱི་རེད།སྔོན་འགྲོའི་འོས་གཞིའི་སྐྐབས་བློ་སེངྒ་ལ་འོས་གྲངས་མང་ཤོས་ཐོབ་ཡོད་སྟབས།མི་མང་པོ་ཞིག་གིས་བློ་སེངྒ་ལ་འཐོབ་ཤག་བྱེད་ཀྱི་ཡོད་པ་མ་ཟད།རྒྱབ་སྐྱོར་བ་ཁག་གཅིག་རང་སོ་སོའི་ཉི་མའི་རྨི་ལམ་མངོན་འགྱུར་ཡོང་རྒྱུར་ད་ལྟ་ནས་དངངས་ཚབ་ལངས་ནས་བསྡད་ཡོད་སྟབས་དངོས་གཞིའི་འོས་འཕེན་སྐབས་དཀོན་མཆོག་ལ་གསོལ་བ་བཏབ་ན་མ་གཏོགས་མི་མང་པོ་ཞིག་གི་བསམ༌བློར་འགྱུར་བ་པྱིན་ནས་འོས་གྲངས་ཁྲྲི་གཉིས་ལྷག་མ་གཏོགས་མ་འཐོབ་པར་སྔོན་འགྲོའི་འོས་བསྡུའི་སྐབས་འོས་ཤོག་གྲངས་ཀྲི་གཅིག་ཙམ་ཉུང་བ་ཡོད་པའི་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལ་མི་མང་པོ་ཞིག་གིས་ཁོང་གི་འདས་པའི་བྱས་རྗེས་དང་ཉམས་མྱོང་མ་འོངས་བྱ་འཆར་སོགས་ལ་ཡིད་རངས་བསྔགས་བརྗོད་ཀྱིས་ཕལ་ཆེར་མི་ཁྲི་གསུམ་ལྷག་གིས་འོས་འཕེན་རྒྱུ་ཡིན་ན་ད་ལྟའི་མི་ཚོས་བཙན་བྱོལ་བོད་གཞུང་གི་བསྟི་གནས་གངས་སྐྱིད་དུ་བཀའ་བློན་ཁྲི་པ་ལས་ཐོག་མཁས་དབང་ཟམ་གདོང་རིན་པོ་ཆེས་བཀའ་ཤག་གསར་པར་ཕུལ་བའི་ཕྱྱག་རྟགས་ཆེན་པོ་དེ་ཡང་མི་ཚོས་བར་སྐབས་མིང་བཏགས་པའི་《སེངྒེ་ཕོ་བྲང་》ཞེས་པ་དངོས་གཞིའི་འོས་བསྡུའི་རྗེས་སུ་བཀྲས་མཐོང་ཁང་གསལ་ལ་འགྱུར་གྱི་རེད་ཟེར་སྔོན་དཔག་བྱས་པ་ལྟར་ཡོང་བ་དང་།མི་བཟང་པོ་དང་ཡ་རབས་ཅན་བཀའ་ཟུར་བཀྲིས་དབང་འདུས་ལགས་སུ་ཕལ་ཆེར་མི་གྲངས་སྟོང་ཕྲག་ལྔ་དྲུག་ཙམ་གྱི་རྒྱབ་སྐྱོར་འཐོབ་ནས་བཀྲས་མཐོང་ལ་བཀྲིས་བདེ་ལེགས་ཞུ་རྒྱུ་རེད།དེ་ལྟར་ཆགས་མིན་འོས་བསྡུའི་རྗེས་ཀྱི་གསལ་བསྒྲགས་སྐབས་གསལ་པོ་ཡོང་རྒྱུ་ཡིན་ན་རིན་པོ་ཆེ་ལ་ཡིད་ཅེས་བྱོས།གལ་ཏེ་བློ་སེངྒ་ལ་འོས་འཐོབ་ན་རིན་པོ་ཆེ་མ་རེད་བླ་རྫུས་རེད་ཟེར་བཤད་ན་འགྲིགས།རྒྱུམཚན་གཞན་གཅིག་ག་རེ་ཡོད་ཟེརན།་འཇིག་རྟེན་ཁ་དཔེར་དང་པོ་ཕྲུ་གུ་དགའ་རུ་འཇུག་གཉིས་པ་ཕྲུ་གུ་ངུ་རུ་འཇུག་ཅེས་བཤད་པ་དེ་དངོས་དོན་ཐོག་ཏུ་ཡང་གནས་པའི་དཔེ་མང་པོ་ཡོད།
མགྱོགས་པ་བྲིས་ཙང་བདག་ཆ་རེ་གཉིས་ནོར་འདུག་དཔེར་ན་བཀྲས་མཐོང་མཐོང་ཁང་གསལ་ཞེས་པ་ཁང་གསར་དུ་ནོར་བཅོས་ཡོང་བ་ཞུ།བཀའ་ཁྲྲིའི་འོས་མི་གསུམ་ཀ་མང་མོས་རྒྱབ་སྐྱོར་ཐོབ་པའི་མི་ཡིན་དུས་བཀའ་ཁྲིར་འཁོད་མིན་ལ་མ་ལྟོས་པར་གུས་ཞབས་ཡོད།འོས་སུལ་ལ་བླུགས་མིན་རང་སོ་སོའི་ལེགས་ཉེས་རྣམ་དཔྱོད་ལ་གཞིགས་ནས་འདོད་པ་ལྟར་འགྲོ་རྒྱུ་ལས་བཙན་སྐུལ་བྱ་ཐབས་མེད།
བཀའ་ཁྲི་འཚོལ་བའི་རྒྱུད་རིམ།
འདས་པའི་ཟླ་བ་མང་པོའི་སྔོན་ནས་དྲ་རྒྱ་ཁག་དང་ཚགས་ཤོག་ཁག་བཅས་ལ་དོ་སྣང་ཤུགས་ཆེན་བྱས་ནས་བཀའ་ཁྲི་འོས་བཞིན་མཚམས་པ་ཞིག་སྩལ་བའི་རྒྱུད་རིམ་ནང་གི་བསམ་ཚུལ་འགའ་ཤོད་འདོད་བྱུང་། དེ་སྔོན་བཀའ་ཟུར་བཀྲས་མཐོང་ལ་གཞུང་རྒྱུ་ལྐོག་བཟའ་བྱས་པའི་གནས་ཚུལ་མང་པོ་ཞིག་དྲ་ལམ་ཁག་ཏུ་དོན་ཀྱང་དེ་དག་ནི་བདེན་པ་མ་ཡིན་པ་སྐབས་དེ་དུས་ཕྱག་ལས་མཉམ་དུ་གནང་བའི་བཀའ་ཟུར་བསོད་ནམས་སྟོབས་རྒྱས་དང་།
བཀའ་ཟུར་སྐལ་བཟང་དབང་འདུས་སོགས་ནས་དག་སེལ་གནང་ཡོད་པ་མ་ཟད་བཀྲས་མཐོང་ཁོང་རང་ནས་ཀྱང་གསལ་པོ་གསུང་ནས་གཙང་མ་གཙང་ཀྱང་ཆགས་སོང་སྙམ་པ་དང་། དེ་མིན་བལ་ཡུལ་གནས་སྡོད་འབྱོར་ལྡན་༼མཚན་མ་ཤེས་༽ཞིག་ནས་ཀྱང་སྐུ་ངོ་བཀྲས་མཐོང་ལ་དངུལ་གྱི་བཀའ་རྙོག་ཡོད་པའི་དངོས་བདེན་གྱི་དཔང་རྟགས་གནང་རྒྱུ་ཡོད་ན་ཁོང་གིས་སྒོར་འབུམ་གཅིག་བྱ་དགའ་སྤྲོད་ཡིན་པའི་གསལ་སྒྲགས་གནང་ཀྱང་བྱ་དགའ་ལེན་མཁན་བྱུང་མིན་འདུག་དེར་ཞིག་དེ་ནི་མི་དཀར་ལ་ཞྭ་ནག་གཡོ་བ་ཞིག་ཡིན་པ་ས་རི་ཐང་གསལ་རེད་འདུག དེ་དག་གི་ནུས་པ་མ་མཐོན་པ་སྐུ་དྲག་རིང་ལུགས་ཞེས་པའི་ཐ་སྙད་ཀྱིས་འོག་སྐུ་ངོ་བཀྲས་མཐོང་ས་འོག་རིམ་པ་དགུའི་ནང་དབྱུག་རྒྱུས་ཇུས་ངན་གཤམ་ཀྱང་དེས་འང་ནུས་པ་མ་ཐོན་པ་རེད། དེ་ནས་གཞོན་སྐྱེས་ཞེས་པའི་ཐ་སྙད་རྐམ་པོ་ཞིག་གིས་འོག་ནས་བློ་སེང་གིས་རྒྱབ་བསྐྱོར་བ་ཚོས་འུར་སྒྲོགས་བྱས་ཏེ་གཞོན་སྐྱེས་བསམ་མེད་མང་པོ་ཞིག་གི་རྒྱབ་བསྐྱོར་དང་ས་འོག་དག་ཐག་བཀྲམ་ཏེ་འོས་བསྡུ་སྐབས་ཚུལ་མིན་གྱིས་བྱ་སྤྱོད་མང་པོ་རྒྱུད་བློ་སེང་ལ་སྔོན་འགྲོའི་འོས་ཤོག་མང་པོ་ཞིག་ཐོབ་ཡོད་པ་ཡིན།
འོན་ཀྱང་ད་ལྟའི་འཆར་བློ་སེང་གི་ལོ་རྒྱུས་དངོས་དང་ཁོང་གི་མི་སྤྱོད་སོགས་གང་ལ་ཞིགས་ཀྱང་ཁོང་གི་རྒྱབ་རི་གང་ཞིག་ལ་རྟེན་ཡོད་མེད་གསལ་ཏུ་གསལ་ཏུ་འགྲོ་བཞིན་པ་ནི་མཐོང་ཆོས་ལགས། ང་ཚོས་བཀའ་ཁྲི་ནི་སྐྱོན་ཀུན་ཟད་དང་ཡོན་ཏན་ཀུན་རྫོགས་ཞིག་ཡོངས་རྒྱུ་མོད་མེད་ཀྱང་། བོད་མི་རིགས་ཀྱི་རིག་གནས་ཀྱི་ཤེས་ཚད་མི་དམན་ཞིག་དང་། བོད་མི་རིགས་ཀྱི་ཡ་རབ་གོམས་གཤིས་། ཚད་ལྡན་གྱི་མི་གཤིས་དང་ལྡན་པ་ཞིག་དགོས་པ་ནི་མ་མཐའི་ཚད་ཡིན་པས་དེ་དག་མ་ཚང་ན་བོད་ཀྱི་བདེ་སྡུག་གི་འགན་དེ་ཐེག་ཐབས་མེད་པ་ཞིག་ཡིན། དེང་དྲ་བ་ཁག་ཏུ་བོད་གནས་ཆབ་སྲིད་བསྐྱར་ཞིབ་པས་གནས་ཚུལ་གནད་ཡོད་མང་པོ་ཞིག་སྤེལ་བའི་ནང་བློ་སེང་ནས་ཧར་ཝར་ཌིར་སློབ་ཡོན་ལོ་རེ་ཨ་སྒོར་༩༣༧༠༠འབུལ་དགོས་ཡོད་པ་དང་དེ་དག་རྒྱལ་ཁབ་གམ་ཚོགས་པ་མི་སྒེར་སུའི་རོགས་རམ་བྱས་ཡོད་མེད་བློ་སེང་ལ་ཡིག་འབྲེལ་ལམ་ནས་དྲི་བ་བྱས་ཀྱང་དེ་དག་ལ་བློ་སེང་ནས་ལན་འདེབས་མ་བྱས་པ་ནི་ཤོད་མི་ནུས་པའི་དཔལ་འབྱོར་གྱི་རྒྱབ་རྟེན་ཞིག་ཡིན་པ་དངོས་གསལ་རེད་ཞེས་ཚིག་ཐག་བཅོད་ཐུབ་པ་ཡིན་གང་ལ་ཞེ་ན་ཁོང་ཉིད་ནས་ལན་འདེབས་མི་གནང་བའི་རྒྱུ་མཚན་ངེས་ཅན་ཞིག་ཡོད་པས་སོ།
ཉེ་སྔོན་བོད་གནས་བསྐྱར་ཞིབ་ཀྱིས་བློ་བཟང་སེང་གེའི་རྩོམ་ཡིག་གི་ཐོག་བློ་བཟང་སེང་གེ་མཁས་དབང་ཡིན་མིན་ལ་གླེང་བ་རེད། རྒྱུ་མཚན་ནི་བློ་བཟང་སེང་གེ་ཧ་ཝ་མཐོ་སློབ་ཀྱི་ཁྲིམས་ཀྱི་ཉམས་ཞིབ་པ་རྒན་པ་ཡིན་པ་དེ་རེད། ཁོང་གི་རྩོམ་ཡིག་གི་སྐོར་ལ་བསམ་ཚུལ་འདོན་ཆོག་པ་ཞིག་རེད། འདོན་འོས་པ་ཞིག་རེད། དེ་མཚུངས་ཨ་རི་སི་ཀྲེན་ཕོར་ཀྲི་གཙུག་ལག་སློབ་གྲྭ་ཆེན་མོའི་(Standford University)ཕྱོགས་ཕེབས་སློབ་དཔོན་(Visisting Professor)གྱི་མཚན་གནས་ཡོད་པར་བརྗོད་པའི་ཁྲི་ཟུར་བཀྲས་མཐོང་ལགས་ཀྱིས་རྩོམ་ཡིག་སྤེལ་ཡོད་མེད་དང་། རྩོམ་ཡིག་སྤེལ་མེད་ན་ག་རེ་བྱས་ནས་སྤེལ་མེད་པ། བརྗོད་སྟངས་གཞན་ཞིག་གི་ལམ་ནས་བརྗོད་ན་སྤེལ་ཐུབ་པའི་ཤེས་ཡོན་མེད་པས་ཡིན་ཅེས་ཀྱི་སྐོར་ལ་ག་རེ་བྱས་ནས་བསྐྱར་ཞིབ་བྱེད་ཀྱི་ཡོད་མ་རེད།
རྒྱལ་ཁབ་ཀྱི་བདག་དབང་ཞེས་ཡང་ཡང་སྒྲོག་མཁན་ཞིག་གིས། དེ་རིང་བཀའ་ཁྲི་རྒྱལ་ཁབ་ཀྱི་བདག་དབང་རྩོད་མཁན་དང་། བདག་དབང་བཙོིང་མཁན་ཞིག རྒྱ་མིའི་མི་སེར་གྱི་པ་སེ་ལེན་མཁན་ཞིག་དང་མི་ལེན་མཁན་ཞིག སྐྱག་རྫུན་ཤོད་མཁན་ཞིག་དང་མི་ཤོད་མཁན་ཞིག་ལ་ཐུག་དུས། བདག་དབང་མི་རྩོད་མཁན་དང་རྒྱ་མིའི་པ་སེ་ལེན་མཁན། སྐྱག་རྫུན་ཤོད་མཁན་ཞིག་གི་རྒྱབ་ཏུ་ལངས་པ་འདི་ལ་རྒྱུ་མཚན་གཅིག་རང་ཡོད་པ་རེད། དེ་ནི་སོ་སོ་དང་ཕ་ཡུལ་གཅིག་པ་ཡིན་པ་དེ་ཁོ་ན་རེད། དེ་ལས་གཞན་ཅི་ཡང་མེད། མི་འདི་ཚོར་སྤྱི་འཐུས་ཀྱི་འོས་ཐོབ་མ་སོང་ལ། མ་ཐོབ་པ་དེ་བཀྲ་ཤིས་གཏམ་བཟང་རང་རེད། མུ་མཐུད་འདི་ལྟར་གྱིས་དང་། རང་མདོག་རིམ་གྱིས་མཐོང་ཡོང་། དངོས་གནས་ཨ་རིག་དགེ་མཐོང་གིས། རང་ཚུགས་གཏན་ནས་མེད་པ་ཟེར་བ་དེ་དོན་ལ་གནས་སོང་།
བཀྲས་མཐོང་དང་བཀྲས་དབང་གིས་སོ་སོ་མཁས་དབང་ཡིན་པར་ནམ་ཡང་བསྒྲགས་མེད་ལ་རྩོམ་ཡིག་འདི་དང་གན་བྲིས་བ་ཡིན་ཞེས་བཤད་མྱོང་མེད། མེད་པ་ཞིག་ལ་ཞིབ་འཇུག་བྱ་རྒྱུ་ཅི་ཡོད།
བཀྲས་མཐོང་བསྟན་རྣམ་གྱིས་རང་ཉིད་མཁས་དབང་ཡིན་ཟེར་བརྗོད་མྱོང་མེད་ལ་རང་གི་དངོས་ཡོད་ཀྱི་ལག་རྗེས་རྣམས་མིས་ཨ་ན་ཨུ་ཚུགས་ཀྱི་དྲིས་ན་མ་གཏོགས་བཤད་ཀྱི་མི་འདུག་བློསེང་ནས་སྔོན་འགྲོའི་འོས་བསྡུ་མ་བྱས་གོང་དུ་བོད་གཞུང་ཟློས་གར་ཚོགས་ཁང་ནང་རང་ཉིད་རང་གིས་རྒྱལ་སྤྱིའི་ཁྲིམས་ལུགས་མཁས་དབང་ཡིན་ཟེར་ཐེངས་༢༡་བཤད་སོང་ཞེས་དང་ཡང་ཁོང་རང་ཉིད་ཨ་རིའི་སྲིད་འཛིན་ཨོ་བྷ་མ་ལས་འཛིན་གྲ་རྒན་པ་དང་རྒྱ་ནག་གི་ཨོ་བ་མ་བྱེད་འདོད་ཡོད་སྐོར་མགྲིན་པ་མཐོན་པོས་བཤད་པ་མ་ཟད།ད་དུང་ཧ་ཝ་ཌི་གཙུག་ལག་སློབ་གཉེར་ཁང་གི་བསླབ་པ་རྒན་པའི་ཉམས་ཞིབ་པ་ཡིན་ཚུལ་རྒྱ་ཀྱབ་དྲིལ་བསྒྲགས་བྱས་ཡོད་པ་གསར་འགྱུར་བརྒྱུད་ལམ་གང་ས་ནས་ལྟ་ཐུབ་པ་ཡོད་ཀྱང་དོན་དམ་དུ་བློ་སེངྒེ་ཡིག་ཆ་འཚོལ་མཁན་དང་ཚོགས་འདུ་གོ་སྒྲིག་བྱེད་མཁན་གྱི་ཉམས་ཞིབ་ལས་རོགས་ཙམ་ལས་མིན་པ་གོང་གི་བསྒྱུར་རྩོམ་ནང་ནས་ཁུང་བསྐྱེལ་བྱས་འདུག་ན་དོན་གནད་འདི་གཅིག་པུའི་ཐོག་ནས་བློསེངྒེ་ནས་རང་གི་དངོས་ཡོད་གནས་ཚུལ་དྲང་པོ་མི་ཤོད་པར་འོས་འཔེན་རྣམས་ལ་མགོ་སྐོར་བཏང་ཡོད་པ་དེའི་ཐོག་ནས་མི་དྲང་པོ་དང་བཟང་སྤྱོད་ལྡན་པ་ཞིག་མིན་པ་ར་འཕྲོད་བྱས་འདུག་ན་བཀའ་ཁྲིའི་འོས་ཆོད་ཚང་མེད་སྟབས་ཁོང་ལ་རྒྱབ་སྐྱོར་བ་ཚོས་རྨོངས་གཉིད་བསད་པའི་དུས་ལ་སླེབ་འདུག་མ་གཏོགས་ཨ་ན་ཨུ་ཚུགས་བྱས་ཏེ་མུ་མཐུད་གླེན་རྟགས་བསྟན་ན་མཐའ་མ་རང་ཉིད་མ་ཚད་ལྟ་ཚང་ཕུངས་ཀྱི་རེད་དའོ།།
ཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧ
མགོ་བརྗོད་དེ་དང་ནང་དོན་དེ་གཅིག་བསྡུར་དང་། དངོས་གནས་གད་མོ་ཤོར་ཡ་རང་རེད། ཧཧཧཧཧཧཧཧཧཧ