བོད་ཀྱི་སྲིད་དོན་བསྐྱར་ཞིབ་དྲ་བ།
ཚེ་རིང་དོན་གྲུབ་ཀྱིས་བསྒྱུར།
བཀའ་ཁྲིའི་དངོས་གཞིའི་འོས་བསྡུ་ལ་བདུན་ཕྲག་གཉིས་དང་ཉིན་ཁ་ཤས་ཞིག་ལས་མེད་པ་དང་། ད་བར་འོས་བླུག་མཁན་ཚོ་ལ་གདམས་ཀ་བྱེད་ཡུལ་འོས་མི་གསུམ་ཡོད་པ་སྟེ་བློ་བཟང་སེང་གེ་དང་། བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ། བཀྲིས་དབང་འདུས་བཅས་རེད། བློ་བཟང་སེང་གེ་དང་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་གཉིས་ཀྱི་སྐོར་ལ་སོ་སོའི་རྒྱབ་སྐྱོར་བ་ཚོ་དང་བཙན་བྱོལ་ནང་གི་གསར་འགྱུར་བརྒྱུད་ལམ་ཁག་གིས་འབྲི་བརྗོད་གཉིས་ཀྱི་སྒོ་ནས་འགྲེལ་བརྗོད་མི་ཉུང་བ་ཞིག་བྱས་ཟིན། དབང་འདུས་ཀྱིས་ཀྱང་ཁུ་སུམ་གྱི་སྒོ་ནས་རང་ཉིད་ཀྱི་བག་ཆགས་ཟབ་པའི་བྱས་རྗེས་དང་བཙན་བྱོལ་སྲིད་གཞུང་ལ་ཡུན་རིང་སྲི་ཞུུ་བསྒྲུབ་པ་དེ་དག་མ་བརྗོད་པར་རྐང་སྟེགས་བརྟན་པོ་ཞིག་སྐྲུན་ཡོད་པས་ཁོང་ནི་ཕམ་པར་སླ་བའི་བཀའ་ཁྲིའི་འོས་མི་ཞིག་མིན།
བཀའ་ཁྲིའི་སྔོན་འགྲོའི་འོས་བསྡུའི་སྐབས་འོས་བླུགས་པ་ཚོས་ཇི་ལྟར་འོས་ཤོག་ཕངས་ཡོད་པ་ནི་ང་ཚོ་ཚང་མས་མཐོང་ཆོས་སུ་གྱུར་ཡོད། སྐབས་དེར་དབང་འདུས་ཀྱིས་ཚུལ་ལྡན་དང་ལུགས་མཐུན་གྱི་སྒོ་ནས་བཀའ་ཁྲིའི་འོས་མིར་ཞུགས་རྒྱུའི་གསལ་བསྒྲགས་དངོས་སུ་བསྐྱངས་ཡོད་པས་མི་མང་མི་ཉུང་བ་ཞིག་གིས་ཁོང་ལ་འོས་བླུགས་ཡོད་པ་ནི་ཕལ་ཆེར་བརྗོད་ཐུབ་པ་ཞིག་རེད། སྤྱིར་བཀའ་ཁྲིའི་སྔོན་འགྲོའི་འོས་བསྡུ་མ་སླེབས་བར་དུ་ཁོང་གིས་བདག་བཀའ་ཁྲིའི་འོས་མིར་ཞུགས་རྒྱུ་མིན། འོན་ཀྱང་། གལ་སྲིད་མི་མང་གིས་ང་ལ་འོས་ཤོག་འཕེན་པ་ཡིན་ན་ཁོང་ཚོའི་རེ་བ་དང་ལེན་དང་བཀའ་ཁྲིའི་རམ་འདེགས་ཞུ་རྒྱུའི་འདུན་པ་ཡོད་ཅེས་བརྗོད། འདི་ལྟ་བུའི་ཐེ་ཚོམ་དང་བློ་རྩེ་གཉིས་ཀྱི་རྣམ་པ་དེས་གཅིག་བྱས་ན་ཁོང་གི་ཉམས་ཆུང་བའི་གཤིས་རྒྱུད་དེའི་ཁྱད་ཆོས་བསྟན་ཡོད་སྲིད་ཀྱང་། གང་ལྟར་ད་སྐབས་ཁོང་ལུགས་མཐུན་གྱི་ངང་ནས་བཀའ་ཁྲིའི་འགྲན་བསྡུར་གྱི་འཐབ་རའི་ནང་སླེབས་ཡོད་པ་དེ་ལ། ང་ཚོས་རྗེས་སུ་སླེབས་པ་ནི་གཏན་ནས་མ་སླེབས་པ་ལས་བཟང་ཞེས་ཁོང་ལ་བསྔགས་བརྗོད་བྱེད་ཀྱིན་ཡོད།
འོས་བླུགས་མཁན་ཁ་ཤས་ཤིག་གིས་དབང་འདུས་ལགས་ནི་བཀའ་ཁྲིའིའོས་བསྡུའི་རྒྱལ་ཁ་འཐོབ་པར་ཁ་ཐག་ཅུང་རིང་བར་དགོངས་ཀྱི་ཡོད། འོན་ཀྱང་ཁོང་ནི་འོས་ཤིང་འཚམས་པའི་བཀའ་ཁྲིའི་འོས་མི་ཞིག་རེད་ཅེས་བརྗོད་ན་ཆ་མ་ཚང་བའི་སྐད་ཆ་ཁྱད་མཚར་ཞིག་ཡིན་པར་འདོད་སྲིད་ཀྱང་། ཁོང་གི་གཏིང་ཟབ་ཅིང་ངང་རྒྱུན་རིང་བའི་བཙན་བྱོལ་སྲིད་གཞུང་གི་ཉམས་མྱོང་གི་དབུགས་རིང་དེ་ནི་ཁོང་གི་ལེགས་ཆ་ཡག་ཤོས་དེ་ཡིན་པ་དང་། འོས་བླུགས་མཁན་ཚོས་བཀའ་ཁྲིའི་འོས་མི་ཚོའི་ལེགས་ཆ་དག་འཇལ་སྐབས་ཁོང་གི་བྱས་རྗེས་དེ་དག་ངེས་པར་དུ་དྲན་པའམ་བརྩི་དགོས་བའི་གནད་དོན་ཞིག་ཏུ་གྱུར་ཡོད།
ཁོང་གི་ངང་རྒྱུན་རིང་ཞིང་ཁྱད་དུ་འཕགས་པའི་བོད་བཙན་བྱོལ་སྲིད་གཞུང་ལ་སྲི་ཞུ་བསྒྲུབས་པ་དེ་ལོ་ངོ་བཞི་བཅུ་ལྷག་བརྒལ་ཀྱིན་ཡོད་པ་སྟེ། ཕྱི་ལོ་༡༩༦༦ ལོ་ནས་ཞབས་ཞུ་བསྒྲུབས་འགོ་བཙུགས་སྟེ་ཆོས་རིག་ལྷན་ཁང་དང། ནང་སྲིད་ལྷན་ཁང་། ཤེས་རིག་ལྷན་ཁང་། ཕྱི་དྲིལ་ལྷན་ཁང་། བདེ་སྲུང་ལྷན་ཁང་དང་འཕྲོད་བསྟེན་ལྷན་ཁང་བཅས་ལྷན་ཁང་ཕལ་ཆེ་བའི་བཀའ་བློན་གནང་ཡོད་། ད་དུང་ཁོང་གིས་ལྡི་ལི། ཨ་རི་དང་བྷི་རུུས་སིལ་ སྐྱཔྱསྤྱཔྲཔྲྟརྡཔྲ བཅས་ཀྱི་དོན་གཅོད་ཀྱི་ཞབས་ཞུ་ཡང་རྒྱུན་རིང་གནང་ཡོད།
ཁོང་ལ་བཅར་འདྲི་གནང་བ་ཁག་དང་ཉེ་ཆར་གྱི་བཀའ་ཁྲིའི་བགྲོ་གླེང་ཁག་ལ་ཞུགས་པའི་ཁོང་གི་གནང་ཕྱོགས་ལ་ང་ཚོས་དཔྱད་ཞིབ་བྱས་པའི་འབྲས་བུ་ནི། ཁོང་ཉམས་མྱོང་དང་སྒྲིག་འཛུགས་ཀྱི་གོ་རྟོགགས་ཕུན་གསུམ་ཚོགས་པ་ལྡན་མཁན་ཞིག་དང་། ད་དུང་བཙན་བྱོལ་སྲིད་གཞུང་ལ་མུ་མཐུད་དུ་རམ་འདེགས་ཞུ་འདོད་ཀྱི་འདུན་པ་ཡོད་པ་ནི་ཐེ་ཚོམ་ཟ་མི་དགོས་བ་ཞིག་རེད། ད་སྐབས་ཁོང་གི་འདུན་པ་ནི་བཀའ་བློན་ཁྲི་བའི་སྐོར་བྱེད་འཁོར་ལོ་དེ་ཡིན།
བཀའ་ཁྲིའི་ལས་གནས་དེ་ཡག་པོ་ཞིག་བསྒྲུབ་པ་ལྟ་བ་དང་ལེགས་བཅོས་ཀྱི་སྙིང་སྟོབས་བཅས་ཚང་དགོས་བ་ཞིག་ཡིན་པས། གལ་ཆེན་གྱི་དྲི་བ་ཞིག་ནི་དབང་འདུས་ལ་འདི་ལྟ་བུའི་འགོ་ཁྲིད་ཀྱི་གཤིས་རྒྱུད་དེ་དག་ལྡན་ཡོད་དམ་མེད་ཅེས་བ་འདི་ཡིན། སྐབས་གསུམ་པའི་བཀའ་ཁྲིའི་དུས་འདི་ཧ་ཅང་འཕོ་འགྱུར་ཆེ་བའི་དུས་ཤིག་ཡིན་སྲིད་པ་དང་། བཀའ་ཁྲིས་རང་ཉིད་ཀྱི་ནུས་ཤུགས་ཡོད་ཚད་བཏོན་ཏེ་སྣེ་ཁྲིད་དགོས་བ་དང་ཁོང་ལ་དབང་བའི་དབང་ཚད་ཆ་ཚང་བེད་སྤྱད་དེ་རྒྱལ་ཁབ་ཀྱི་གྲུ་གཟིངས་དེ་གཏོང་དགོས་བ་མ་ཟད། ཁོང་གིས་ངེས་པར་དུ་གྲུ་གཟིངས་དེ་གྲུ་ལོག་ཐེབས་སྐབས་ཀྱང་སྐོར་བྱེད་འཁོར་བོ་ལ་འཇུ་ཐུབ་མཁན་ཞིག་ཡིན་དགོས།
གལ་སྲིད་ཞིབ་འཇུག་པ་ཞིག་གིས་དབང་འདུས་ལགས་ཀྱི་བོད་བཙན་བྱོལ་སྲིད་གཞུང་གི་གོ་གནས་ལ་ཞིབ་འཇུག་བྱས་པ་ཡིན་ན་དབང་འདུས་ཀྱིས་འཛིན་སྐྱོང་སྲིད་ཇུས་ལག་ལེན་བསྟར་ཡོད་པ་མཐོང་ཐུབ། དཔེར་ན། ཁོང་གིས་བཙན་བྱོལ་སྲིད་གཞུང་ལ་ཞབས་ཞུ་བསྒྲུབས་པའི་དུས་ཚོད་མང་ཤོས་ནི་ལྡི་ལེ་དོན་གཅོད་གནང་ཡོད་པ་དང་། གངས་ཅན་སྐྱིད་ཤོད་དང་བར་ཐག་རིང་བས་ཁོང་གིས་སྲིད་ཇུས་སམ་ལས་དོན་ཕལ་མོ་ཆེ་གྲོས་བསྡུར་བྱས་ཏེ་ཐག་གཅོད་གནང་གི་ཡོད། ད་དུང་ཞིབ་འཇུག་པ་དེས་ཁོང་ནི་ཕྱོགས་ལྷུང་མེད་པའི་གཞུང་ཞབས་པ་ཞིག་ཡིན་པ་ཡང་རྟོགས་ཐུབ་པས་ཁོང་ལ་བསྔགས་བརྗོད་བྱ་འོས་བ་ཞིག་རེད། འོན་ཀྱང་བཀའ་ཁྲིའི་ལས་གནས་དེ་ནི་ཧ་ཅང་གིས་གལ་གནད་ཆེ་བའི་ལས་གནས་ཞིག་ཡིན་པ་དང་ཕ་ཤུལ་བུ་འཛིན་ལྟ་བུའི་ལས་འགན་མང་བ་མ་ཟད། གལ་གནད་ཅན་གྱི་ལས་དོན་མང་པོ་ཞིག་ཐག་གཅོད་གནང་དགོས་བ་དང་གདོང་ལེན་ཡང་བྱེད་དགོས། གལ་སྲིད་སྐབས་གསུམ་པའི་བཀའ་བློན་ཁྲི་བའི་འཛིན་སྐྱོང་དེ་ད་སྐབས་ཀྱི་འཛིན་སྐྱོང་ལས་གནས་སྟངས་བཟང་བ་ཞིག་དགོས་ན་དེ་བས་ཀྱང་གལ་ཆེན་ཞིག་གྱུར་ཡོད།
གལ་སྲིད་དབང་འདུས་ལགས་ལ་བཀའ་ཁྲིའི་འོས་ཤོག་འཐོབ་དགོས་ན་ཁོང་གིས་འོས་བླུགས་པ་ཚོར་རང་ཉིད་དོན་གཅོད་ལས་གནས་ནས་དགོངས་པ་ཞུས་ཏེ་འགོ་ཁྲིད་ཅིག་བྱེད་པར་གྲ་བསྒྲིགས་ཡོད་པ་གསལ་བཤད་གནང་དགོས་བ་དང་། ངེས་པར་ཁོང་གི་འགོ་ཁྲིད་ཀྱི་གཤིས་རྒྱུད་དེས་རྒྱལ་ཁབ་ཅིག་མདུན་བསྐྱོད་བྱ་རྒྱུའི་བློ་སྤོབས་སྤེལ་ནུས་བ། འཆར་གཞི་ལྡན་པའི་སྲིད་ཇུས་ཀྱི་འཆར་གཞི་ལག་ལེན་བསྟར་ནུས་བ། གལ་གནད་ཆེ་བའི་ལས་དོན་དག་ཆ་སྙོམས་ཀྱི་སྒོ་ནས་སྒྲུབ་ཐུབ་པ་དང་། བཙན་བྱོལ་སྤྱི་ཚོགས་འདི་ཆིག་སྒྲིལ་གྱི་སྒོ་ནས་སྤྱི་བའི་དམིགས་འདུན་ལ་དོ་འཁུར་བྱེད་པར་སྐུལ་སློང་བྱ་ཐུབ་པའི་ནུས་བ་སོགས་ཡོད་པ་གསལ་བཤད་གནང་དགོས།
ད་དུང་ཁོང་གིས་ངེས་པར་དུ་ད་སྐབས་དཀའ་ངལ་འཕྲད་བཞིན་པའི་བོད་ཀྱི་གནད་དོན་ཁག་ལ་ཇི་ལྟར་གདོང་ལེན་བྱེད་ཀྱིན་ཡོད་པ་ཡང་གསལ་བཤད་བྱེད་དགོས། དེ་དང་ཆབས་གཅིག་ཁོ་བོར་བོད་བཙན་བྱོལ་སྲིད་གཞུང་གི་བཀའ་ཁྲི་གནང་སྟེ་བོད་ཀྱི་གནད་དོན་ཁག་རྒྱལ་སྤྱིའི་གར་སྟེགས་སྟེང་དུ་འཁྲིད་ཐུབ་པའི་ནུས་སྟོབས་དེ་དག་ཡོད་མེད་མི་མང་ལ་བལྟ་རུ་འཇུག་དགོས།
ང་ཚོས་ད་དུང་ཁོང་གིས་འོས་བླུགས་པ་ཚོར་གནད་དོན་འདི་དག་གསལ་བཤད་བྱེད་པའི་དུས་ཚོད་ཡོད་པའི་ཡིད་ཆེས་བྱེད་ཀྱིན་ཡོད། ཆབ་སྲིད་ཀྱི་ཁྲོམ་རའི་ནང་དུ་མི་དམངས་ལ་གདམ་ཀ་མང་པོ་ཡོད་པ་དེ་ནི་མང་གཙོའི་ལེགས་ཆ་ཞིག་ཡིན་པས་ཁོང་བཀའ་ཁྲིའི་འོས་བཞུགས་འགྲན་བསྡུར་ནང་ཞུགས་པ་དེ་ནི་བོད་ཀྱི་གསར་སྐྱེས་ཀྱི་མང་གཙོའི་ལེགས་ཆའི་ཡར་རྒྱས་ཀྱི་རྣམ་པ་ཞིག་རེད། འོས་བླུགས་པ་ཚོས་ཁོང་གི་ཁྱད་དུ་འཕགས་པའི་བོད་བཙན་བྱོལ་སྲིད་གཞུང་ལ་ཞབས་ཞུ་བསྒྲུབས་པ་དེ་དང་དོན་གཅོད་ཀྱི་ལས་གནས་འཁུར་བ་དེ་དག་རྟོགས་ཐུབ། འོ་ན་ད་ནི་འོས་བླུགས་པ་ཚོས་ངེས་པར་དུ་ཅི་ཞིག་རྟོགས་དགོས་ཞེ་ན། ཁོང་ལ་བཀའ་ཁྲི་བྱས་ཏེ་མི་མང་སྣེ་ཁྲིད་པའི་བླ་ན་མེད་པའི་དབུ་འཁྲིད་ཀྱི་འཇོན་ཐང་ཡོད་པའི་གཤིས་རྒྱུད་ཡོད་མེད་དེ་རེད།
མཐའ་དོན། ཁོང་གིས་འདས་བའི་བྱས་རྗེས་ལ་སྐྱབས་བཅོལ་ཏེ་བྱས་རྗེས་དེ་དག་གིས་མི་དམངས་ལ་གསལ་བཤད་བྱེད་པའི་རེ་བ་བྱས་ནས་མི་བཞུགས་པར། བཀའ་ཁྲི་འོས་མི་གཞན་གཉིས་དང་ལྷན་དུ་མི་མང་ཁྲོད་བགྲོ་གླེང་དུ་བཞུགས་པ་དང་། བཅར་འདྲི་དག་བརྒྱུད་ནས་འོས་བླུགས་པ་ཚོར་རང་ཉིད་བཀའ་ཁྲིའི་འོས་མིར་བཞེངས་བའི་དམིགས་འདུན་སོགས་གསལ་བཤད་གནང་བའི་དྲན་བསྐུལ་བྱེད་ཀྱིན་ཡོད།
བཀའ་ཁྲི་ གསུམ་པར་ བཀའ་ཁྲི་ འོས་མི་ གསུམ་པ་ སྲས་སྐུ་ བཀྲ་ཤིས་ དབང་འདུས་ལགས་ བཀའ་ཁྲིར་ ཐོབ་པའི་ རེ་བ་དང་ རེ་བསྐུལ་དང་ ཐོབ་པའི་ སྨོན་འདུན་ བཅས།
བཀྲིས་བདེ་ལེགས།
དང་པོ་རྩོམ་ཡིག་གི་དུམ་བུ་གཉིས་པའི་ནང་བཀའ་ཟུར་བཀྲིས་དབང་འདུས་ཀྱིས་ད་ཐེངས་ཀྱི་འོས་བསྡུར་ཞུགས་སྟངས་དེ་ལུགས་མཐུན་ཡིན་ལུགས་ཡང་སྐོར་བསྐྱར་སྐོར་བརྗོད་འདུག་ཀྱང་།ཁོང་གིས་བཀའ་ཁྲིའི་འོས་མིར་ཚུལ་མཐུན་ལུགས་ངང་བཞེངས་མེད་པ་ནི་ས་རིས་ཐང་གསལ་ཡོངས་བསྒྲགས་ཀྱི་གནས་ཚུལ་ཞིག་ཆགས་ཡོད་པས་ཁྱེད་ཚོས་མཁྱེན་པ་ཅི་ལ་སྲིད།
ཁོང་ནི་བོད་མི་ཡག་པོ་ཞིག་ཡིན་ཀྱང་བཀའ་ཁྲི་ཡག་པོ་མིན་པའི་རྒྱུ་མཚན་འགའ་ཤས་དྲངས་རྒྱུ་ཡིན།
༡༽ཁྱེད་ཚོས་བྲིས་པ་བཞིན་ཁོང་གི་ཉམས་ཆུང་གི་བསམ་བློ་དེས་རང་ཚུགས་བརྟན་པོ་མེད་པ།
༢༽བཀའ་བློན་ལོ་བཅུ་བདུན་བྱས་ཀྱང་བཀའ་ཁྲིར་འདེམས་མཁན་བྱུང་མེད་པས་བཀའ་ཁྲིའི་ནུས་པ་མེད་པར་མཚོན་པ།
༣༽འདས་པའི་ངོ་བཞི་བཅུའི་རིང་དམིགྶ་བཀར་གྱི་བྱས་རྗེས་དང་།གྲུབ་འབྲས།གསར་གཏོད་ཀྱི་བྱ་བ་མཐོང་རྒྱུ་མེད།
༤༽ཁོང་གིས་གལ་ཆེ་བའི་གནད་དོན་རིགས་ལ་རེད་དམ་བརྗོད་ན་རེད་དང་།མ་རེད་དམ་བརྗོད་ན་མ་རེད་ཅེས་བརྗོད་ནས་ཁོང་ལ་ཐག་གཅོད་རང་བཞིན་གྱི་བསམ་བློ་མེད།
༥༽ཁོང་ལ་ད་ཐེངས་ཀྱི་བཀའ་ཁྲིར་ལངས་རྒྱུའི་གྲྭ་སྒྲིག་མེད་བཞིན་དུ་མི་གཞན་གྱིས་བརྒྱུད་བསྐུལ་དང་ལག་རྩེད་འོག་གློ་བུར་དུ་ལངས་པ་ཞིག་ཡིན་པས་བཀའ་ཁྲིའི་ཆ་རྐྱེན་གལ་ཆེ་ཤོས་ཤིག་ཚང་མེད།
༦༽བཀའ་ཁྲིའི་འོས་མིའི་བགྲོ་གླེང་རིམ་པའི་ནང་ཆབ་སྲིད་ལྟ་བ་དང་།ལངས་ཕྱོགས།སྲིད་བྱུས།འཛིན་སྐྱོང་།བོད་དོན་བཅས་ལ་གཏམ་བཤད་བྱེད་དུས་གནས་ཚུལ་གསར་པ་དང།འཆར་གཞི་གསར་པ་བཅས་གསུང་རྒྱུ་མེད་མི་འདུགཁོང་ལ་དྲི་བ་དྲིས་དུས་ལན་གང་ཞིག་བརྒྱབ་མིན་ཧ་ལམ་ཚོད་དཔག་ཐུབ་པ་ཞིག་རེད།
༧༽ཁོང་ལ་རྒྱབ་སྐྱོར་བྱེད་མཁན་ཚོས་ཁོང་མི་སྙོམ་ཆུང་རེད།ཡག་པ་རེད་ཟེར་བ་ཙམ་ལས་བཀའ་ཁྲིར་འོས་པའི་རྒྱུ་མཚན་གཞན་གང་ཡང་དྲངས་རྒྱུ་མི་འདུག་མི་ཡག་པོ་དང་སྙོམ་ཆུང་ཞིག་གིས་བཀའ་ཁྲིར་བྱེད་ཐུབ་དཀའ།བཀའ་ཁྲིར་ངེས་པར་དུ་མི་ངན་པ་ཞིག་དང་བློ་ཤོག་ཆེན་པོ་ཞིག་དགོས་པ་རེད།
༨༽ད་ཐེངས་ཁོང་ལ་འོས་ཤོག་ཐོབ་ཀྱི་མེད་པ་ཤེས་བཞིན་དུ་ལངས་པ་དེ་ནི་བཀའ་ཁྲི་སུ་ལ་ཐོབ་མིན་རྩིས་ལོག་ཅིག་བརྒྱབ་ནས་མ་འོངས་བཀའ་ཁྲི་གསར་པའི་དྲུང་ནས་དོན་གཅོད་ཀྱི་ལས་གནས་དེ་བརྟན་སྲུང་ཆེད་ཡིན་པ་གསལ་པོ་རེད།
ཞུས་དག་བྱེད་ཁོམ་མ་བྱུང་བས་དག་ནོར་དང་དོན་ནོར་ཡོད་ན་དགོངས་འགལ་མེད་པ་ཞུ།
ད་ཆ་ག་ཚོད་བཤད་ཀྱང་ཕྱིས་དྲག་པ་དང་ཡིད་ཆེས་རྩ་བ་ནས་མེད། དེ་སྔ་རྒྱལ་ཡོངས་དམངསགཙོ་ཚོགས་པ་དང་། དབུས་གཙང་ཆོལ་ཁས་ཁོང་ལ་བཀའ་ཁྲིའི་འོས་མིར་བཞེངས་རོགས་ཟེར་དུས། ལན་དུ། ང་ན་རྒས་རྫི་རྡིབ། དབང་པོ་མི་གསལ། ལུས་སེམས་ཀྱི་ནུས་པས་ལྕོགས་ཀྱི་མི་འདུག་ཅེས་ཁས་ལེན་རྩ་བ་ནས་གནང་མེད། འོན་ཀྱང་སྔོན་འགྲོའི་འོས་ཤོག་འཕེན་རྒྱུའི་ཉིན་ཉི་ཤུ་ཏག་ཏག་གི་གོང་དེར་ཁོང་ནས། ད་ཆ་ང་བཀའ་ཁྲིའི་འོས་མིར་ལངས་རྒྱུ་ཡིན་ཞེས་གསལ་བསྒྲགས་བྱས། ཁོང་གིས་བརྗོད་དོན། ད་ཆ་ངའི་སྨན་པས་ངའི་སྙིང་ཐང་ཐང་དང་། མཆིན་པ་ཐང་ཐང་། དེ་བཞིན་དོན་ལྔ་སྣོད་དྲུག་ཚང་མ་ཐང་ཐང་རེད་འདུག་བརྗོད་ཀྱི་འདུག་ན་བཀའ་ཁྲིའི་ལས་འགན་ཁུར་ཐུབ་ཅེས་བཤད་ཡོད་པ་རེད། ལྟོས་དང་གནས་ཚུལ་འདི་ཡ་མཚན་ཅན་ཞིག་མི་འདུག་གམ། གནས་ཚུལ་འདི་དག་ལ་བརྟེན་ནས་ཁོང་ལ་རེ་བ་རྒྱག་མཁན་རྣམས་ཁོང་ཁྲོ་ཟ་བ་ད་ང། ཡིད་ཐང་ཆད་པ། གློ་བུར་དུ་གནམ་ས་བླ་འོག་བསྒྱུར་བ་ལྟ་བུའི་འགྱུར་ལྡོག་འདིའི་རྒྱབ་ན་དོན་དངོས་གང་ཞིག་སྦས་ཡོད་དམ་སྙམ་དུ་ཐེ་ཚོམ་ཟ་བ། ཁོང་གི་ན་རྒས་རྫི་རྡིབ་ཀྱི་ལུས་སེམས་རྙིང་པར་འཛད་མཐའ་མེད་པའི་སྟོབས་ཤུགས་གསར་པ་འདི་གང་ལས་བྱུང་བ་ཡིན་ནམ་སྙམ་དུ་བསམ་བློ་དྲུག་གསུམ་བཅོ་བརྒྱད་མ་གཏོང་རང་གཏོང་ཆགས་པ་རེད། ཁོང་ལ་རེ་བ་རྒྱག་མཁན་རྣམས་ཀྱི་ཐོག་མའི་ཡིད་ཆེས་དེ་ཁོ་པས་བློ་ཕམ་དང་ཡིད་ཐང་ཆད་པའི་ངོ་བོར་བསྒྱུར་བ་དང་། དེ་ནས་ཡིད་ཐང་ཆད་པའི་བློ་དེ་ཉིད་ཁོང་ཁྲོ་དང་། དེ་ནས་ཐེ་ཚོམ་གྱི་ངོ་བོར་བསྒྱུར་ཡོད། དེ་ནས་ཐེ་ཚོམ་གྱི་བློ་དེ་ཞེ་སྡང་གི་ངོ་བོར་གྱུར་ཡོད། སྐབས་དེ་ཤེད་ནས་བཀྲ་ཤིས་དབང་འདུས་དང་བློ་སེང་མཉམ་རུབ་ཀྱིས་རང་ཉིད་དཀར་འདོན་ཡོང་ཆེད་དང་། མི་དམངས་ཀྱི་བླ་ོསྣ་འབྲིད་ཆེད་སྐུ་ངོ་འཇུ་ཆེན་ནག་པོ་ནག་རྐྱང་བཟོ་འགོ་ཚུགས་ཡོད། ཁོང་གཉིས་ཀྱིས་རང་ཉིད་ཀྱི་ཆེད་གང་ཡང་བསམ་ཕོད་པ་དང་། ཤོད་ཕོད་པ་འདིས་ཁོང་གཉིས་ལ་དབུ་ཁྲིད་བྱེད་ཡས་ཀྱི་ཆ་རྐྱེན་གཙོ་བོ་དེ་ཚང་མི་འདུག་སྙམ། ཁོང་རྣམ་གཉིས་ལ་དཀྱེལ་ཆེ་བའི་དབུ་འཁྲིད་ཀྱི་བློ་རྒྱ་དེ་མི་འདུག རང་ཉིད་ལ་བག་ཆགས་བཟང་པོ་ཞིག་ཡོང་ཆེད་གཞན་གྱི་གཏམ་སྙན་གྲགས་ལ་ལྟོས་མེད་འདི་ཡག་པོ་ཞིག་རེད་དམ། བློ་སེང་གིས་ཕྱི་ལོ་ཉིས་སྟོང་ཐམ་པ་ལོར་རང་ཉིད་ཀྱི་ཆེད་རྩོམ་བྲི་སྐབས་གཞུང་གི་ལོ་རྒྱུས་བཅའ་འདྲིའི་ཆེད་སྐུ་ངོ་འཇུ་ཆེན་ལ་ཐེངས་གཉིས་རང་ཐུག་འཕྲད་བྱས་པ་ལས་དེ་ནས་བཟུང་ཡིག་ངག་གཉིས་ཐོག་ནས་འབྲེལ་བ་རྩ་བ་ནས་མེད་ཅེས་སྒྲོལ་མ་གླིང་དུ་བགྲོ་གླེང་བྱེད་སྐབས་བཤད་སོང་། གལ་ཏེ་ཁོ་པས་སྐུ་ངོ་འཇུ་ཆེན་ལ་འབྲེལ་བ་བྱས་པའི་གློག་འཕྲིན་ཁ་བྱང་ངམ་། དངུལ་ཁང་གི་དངུལ་འཛིན་གྱི་འདྲ་བཤུས། ཁ་པར་གྱི་ཨང་གྲངས་སོགས་དཔང་རྟགས་སྟོན་རྒྱ་ཡོད་ན་འཁྱེར་ཤོག ཅེས་ཉེན་ཁ་ཆེ་མདོག་ཁ་པོས་བཤད་སོང་། ད་འདི་དངོས་གནས་ནག་ཅན་ལ་ཁྲིམས་ཁང་ནས་འདྲི་བརྩད་བྱེད་ཀྱི་ཡོད་པའི་བཟོ་འདྲ་པོ་ཞིག་མི་འདུག་གམ ། དེ་བཞིན་བཀྲད་དབང་གིས་ཀྱང་འཇུ་ཆེན་ལ་འབྲེལ་བ་མེད་པའི་རྒྱུ་མཚན་མང་དག་ཅིག་ས་གནས་མང་པོར་བཤད་ཡོད། ངས་ཁོང་གཉིས་ལ་འདྲི་རྒྱུར། སྐུ་ངོ་འཇུ་ཆེན་ལ་འབྲེལ་བ་ཡོད་ན་ནག་ཉེས་ག་རེ་ཡོད་དམ། འཇུ་ཆེན་ལ་འབྲེལ་བ་ཡོད་ན་ལུགས་དང་མི་མཐུན་པ་ག་རེ་ཡོད་པ་རས། མི་གཞན་གྱིས་རང་ཉིད་ཀྱི་བཀའ་ཁྲིའི་འོས་མིར་འབོད་སྐུལ་བྱེད་ཆོག་སར་སྐུ་ངོ་འཇུ་ཆེན་གྱིས་རང་ཉིད་ཀྱི་བཀའ་ཁྲིའི་འོས་མི་ཞིག་གདམས་ཏེ་ཁྱེད་རང་ངའི་བཀའ་ཁྲི་ཡིན། འོས་མིར་ལངས་རོགས་ཞེས་རེ་བ་འདོན་མི་ཆོག་པ་གང་ཡིན། སྐུ་ངོ་འཇུ་ཆེན་ནས་ཁོང་རང་གི་འདོད་པ་ལྟར་གྱི་བཀའ་ཁྲི་ཁྱེད་གཉིས་གང་རུང་ཞིག་ལ་རེ་བ་བརྒྱབ་སྟེ་བཀའ་ཁྲིའི་འོས་མིར་ལངས་རོགས་ཞེས་བརྗོད་མི་ཆོག་པ་གང་ཡིན། ཁྱེད་གཉིས་ཀས་འཇུ་ཆེན་གྱིས་ཁྱེད་གཉིས་ཀ་ལ་འབོད་སྐུལ་ལྟ་ཞོག འབྲེལ་བ་ཙམ་ཡང་མེད་ཟེར། གལ་ཏེ་བཀའ་ཁྲིར་ལངས་རོགས་ཞེས་ཁྱེད་གཉིས་ལ་འབོད་སྐུལ་བྱས་པའི་དབང་དུ་བཏང་ཀྱང་། འདི་ཁྲ྄ིམས་མཐུན་དང་ལུགས་མཐུན་ཡིན་པ་ལས་མི་འཚམ་པའི་རྒྱུ་མཚན་གང་ཡོད། ངས་བལྟས་ན་ཁྱེད་གཉིས་ནས་བཤད་པའི་སྐད་ཆ་ལ་སྐུ་ངོ་འཇུ་ཆེན་ནག་པོ་ཡིན་པ་བཟོ་ཆེད་ཙམ་ལས་གཞན་གྱི་རྒྱུ་མཚན་ཏིལ་ཙམ་ཡང་མི་འདུག སྐུ་འཇུ་ཆེན་ལ་འབྲེལ་བ་ཡོད་ན་རྒྱ་དམར་སྲིད་གཞུང་ངམ་དོལ་རྒྱལ་ཚོགས་པ་ལྟ་བུར་འབྲེལ་བ་ཡོད་པ་ནང་བཞིན་གསང་བ་དང་ཞེད་སྣང་བྱེད་དགོས་དོན་གང་ཡིན། ཁྱེད་རྣམ་གཉིས་ཀྱི་བསམ་བློ་དང་སྐད་ཆ་ཧ་ཅང་ཐལ་དྲགས་འདུག བཀྲས་དབང་ལགས་བསྐོར་བསྐྱོད་སྐབས་བཀའ་ཁྲིར་ལངས་དགོས་ཚུལ་དང་མ་འོངས་ལས་འཆར་སོསག་ཀྱི་སྐོར་ཤོད་རྒྱུ་ལས་ལྡོག་སྟེ་རང་ཉིད་ཀྱི་རྒྱབ་ཏུ་འཇུ་ཆེན་སོགསས་མི་གཞན་མེད་ཚུལ་ལས་བརྩམས་ཏེ་རང་ཉིད་ལ་དག་སེལ་ཁོ་ནའི་ཆེད་དུས་ཚོད་གཏོང་གི་འདུག གནས་ཚུལ་འདིས་གང་ཞིག་མཚོན་གྱི་ཡོད་ཅེ་ན། རང་ཉིད་བཀའ་ཁྲིར་ལངས་པ་དེ་ནོར་བ་དང་། བཀའ་ཁྲི་འཐོབ་ཡས་ཀྱི་རེ་བ་མེད་པ་དེ་ཤེས་ཀྱི་ཡོད་པ་མ་ཟད། རང་ཉིད་ཀྱིས་མི་ཚེ་གཅིག་རིང་སྤྱི་དོན་དུ་བཀའ་ལས་བརྒྱྱབ་སྟེ་དམངས་ཁྲོད་བག་ཆགས་བཟང་པོ་ཞིག་བཞག་ཡོད་པ་དེ་གོམ་པ་སྤོ་སྟངས་ཐེངས་གཅིག་ནོར་བའི་དབང་གིས་གཏམ་དོན་གཉིས་མེད་ཆགས་པ་དེ་ཤེས་པས་བྱས་པ་རེད། མ་ཟད་བཀྲས་དབང་གིས་རང་ཉིད་ལ་བཀའ་ཁྲིའི་ཞབསསྟེགས་ཐོབ་རྒྱུ་མེད་པ་གསལ་པོར་ཤེས་བཞིན་དུ་ཁྱི་ཁ་རུས་བཟུང་གིས་ཕྱིར་འཐེན་མི་བྱེད་པར་ཨུ་ཚུགས་འདི་ལྟར་རྒྱག་པའི་དམིགས་ཡུལ་ངེས་ཅན་ཞིག་ཡོད་པ་ཐག་བཅད་ཆོག བཀའ་ཁྲིའི་འོས་མི་བཀྲས་མཐོང་དང་བློ་སེང་གཉིས་ནས་གཅིག་རྒྱལ་རྒྱུ་དང་གཅིག་ཕམ་རྒྱུ་ཡིན་པ་དེ་བཀྲས་དབང་གིས་གསལ་པོ་ཤེས་པ་ཙམ་དུ་མ་ཟད། རང་ཉིད་བཀའ་ཁྲིའི་འོས་མིར་ལངས་པ་འདིས་རང་ཉིད་ལ་རེ་བ་རྩ་བ་ནས་མེད་ཀྱང་ཁ་གཏད་གཞན་གཉིས་ནས་གཅིག་ལ་ཕན་ཐོགས་ཆེན་པོ་དང་གཅིག་ལ་གནོད་ཆེན་པོ་སྐྱེལ་ཐུབ་རྒྱུ་ཡིན་པའི་གནས་ལུགས་འདི་བཀྲས་དབང་གིས་གསལ་ཐག་ཆོད་ཤེས་ཀྱི་ཡོད་པ་མ་ཟད། བཀའ་ཁྲིའི་འོས་མིར་ལངས་དགོས་ཀྱི་ཉིང་དགོས་དེ་ཡང་འདི་ཡིན་སྲིད། གང་ལྟར་ད་ལན་ཁོ་པས་ཨུ་ཚུགས་མཐར་སྐྱེལ་བྱེད་པའི་རྒྱབ་ཏུ་གནད་དོན་ངེས་ཅན་ཞིག་ཡོད་པ་གསལ་པོ་ཡིན། འོན་ཀྱང་བློ་ཕམ་པ་ཞིག་ལ་ད་ཆ་མི་དམངས་ཁྲོད་བཀྲས་དབང་གི་མཚན་མཐོང་ནམ་མཁའི་འཇའ་ལྟར་ཡལ་ཚར་འདུག །
བཀའ་ཟུར་བཀྲ་ཤིས་དབང་འདུས་ལ་རྒྱབ་སྐྱོར་གྱི་ཚུལ་དུ་བསམ་ཚུལ་དེ་འདྲ་སྤེལ་བ་ལས་དོན་དུ་བློ་སེང་ལ་རྒྱབ་སྐྱོར་བྱེད་མཁན་ཞིག་གི་བསམ་ཚུལ་འདིར་རྒྱབ་སྐྱོར་རྩ་བ་ནས་མེད། དེང་སང་ཡང་བློ་སེང་གི་རྒྱབ་སྐྱོར་བ་འགའ་ཤས་ནས་བློ་སེང་གི་རྫུན་རྐུབ་བརྡོལ་བཞིན་པ་དང་། བཀྲས་མཐོང་ལ་གུས་བཀུར་ཞུ་མཁན་ཇེ་མང་ལ་བྱེད་ཐབས་བྲལ་བ་སྟེ་འུ་ཐུག་ཐབས་ཟད་ཀྱིས་བཀྲ་ཤིས་དབང་འདུས་བེད་སྤྱོད་བྱེད་ཀྱི་འདུག དེ་ཡང་དགེ་བཤེས་དགེ་འདུན་རྒྱ་མཚོ་ཟེར་བ་ཞིག་ནས་ཁ་གཉིས་མེད་ཀྱི་བློ་སེང་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་ཀྱང་། སྤྱི་ཚོགས་ཁྲོད་བཀྲ་ཤིས་དབང་འདུས་ལ་རྒྱབ་སྐྱོར་ཡོད་ཚུལ་གྱི་མི་མང་ལ་མགོ་སྐོར་བྱེད་པ་ནི་ཆེས་ཐབས་སྡུག་གི་བྱེད་སྟངས་རེད། ད་དུང་ཤེས་གསལ་ལྟར་ན་ཁོ་རང་གི་ནང་མི་སྤུན་མཆེད་ཚོར་འོས་དེ་བློ་སེང་ལ་འཕེན་དགོས་པའི་སྐུལ་མ་བྱེད་པ་དང་། སྤྱི་ཚོགས་ནང་བློ་སེང་ལ་རྒྱབ་སྐྱོར་མེད་མདོག་གིས་བཀྲ་ཤིས་དབང་འདུས་ཡིན་མདོག་བྱེད་པར་ཁོ་རང་གི་ཉེ་འབྲེལ་ཚོ་ཡང་ཧང་སང་ཏ་ཡོད་འདུག་ལ་ཁོང་གི་བྱེད་སྟངས་ལ་སྐྱོན་འཇོན་བྱེད་མཁན་ཡང་འདུག དགེ་བཤེས་ཞིག་གི་བྱེད་སྟངས་དེ་འདྲ་རེད་པས། ཆོས་པའི་ཞབས་འདྲེན་པ་དགེ་བཤེས་དགེ་འདུན་རྒྱ་མཚོ།
ཨ་ཧོ། །ཡང་གྲ་བག་གྲོ་རྗེས་མཐུན་པ་གཞན་ཞིག་ཡོད་ས་རེད། ད་འདིས་བག་གྲོའི་ཆོས་རིག་བཀའ་བློན་གྱི་གཉིད་སྐྱིད་པོ་དེ་དཀྲོག་ངེས་རེད་སྙམ། གནམ་སའི་བར་ན་དགེས་བཤེས་དགེ་འདུན་རྒྱ་མཚོ་ཞེས་པ་ཆེས་མང་པོ་ཡོད། འདི་ལས་གསལ་ཙམ་དང་། འདི་ལས་རྒྱ་ཆེ་ཙམ་གྱི་ཐོག་ནས་འབྲེལ་བཤད་རྒྱག་རོགས། བཀྲས་དབང་ཁ་རུ་ཁྱེར་ནས་བློ་སེང་སྐྱོར་བ་འདི་དངོས་གནས་དགེ་བཤེས་ཀྱི་ལས་ཀ་མ་རེད་སྙམ། ཟམ་གདོང་ཚང་འུ་ཐུག་ནས་ལྷོ་ཨེ་ཤ་ཡའི་མཁའ་དབྱིངས་ནས་སེར་མོའི་སྡེ་ལ་དམིགས་པའི་སྨྲེ་ངག་ལན་གཉིས་འཆོར་བ་ཁག་ཆེར་མི་འདུག་སྙམ། ད་དགེ་བཤེས་འདི་པས་དམག་དཔོན་དང་དགའ་ཉེ་སྤུན་མཆེད་དམག་དཔུང་ལ་བརྩིས་ཏེ་བསམ་བློའི་ཐོག་ནས་དམག་གྲ་ཆེན་པོ་ཞིག་བསྒྲིགས་ཚར་འདུག སྔོན་གྱི་ལུང་བསྟན་ཁག་ཏུ། དགེ་བཤེས་དམག་དཔོན་བྱེད་པའི་དུས། ཞེས་གསུངས་པ་འདི་ལྟ་བུ་ལ་ཟེར་བ་མིན་ནམ་སྙམ། དོན་དངོས་དགེ་བཤེས་ཀྱིས་རང་གི་ཁེ་ཕན་གྱི་ཆེད་བློ་སེང་ལ་རྒྱབ་སྐྱོར་བྱེད་པ་འདི་དགེ་བཤེས་རང་གང་དགའ་ཅི་དགར་མཛོད། འོན་ཀྱང་བོད་ཀྱི་བསྟན་འགྲོའི་བདེ་ཐབས་ཀྱི་སྐོར་ནས་བཤད་ན་དགེ་བཤེས་འདི་པ་བྱུར་གྱི་སྣ་འདྲེན་ཞིག་ཏུ་འགྱུར་ངེས། བློ་སེང་གི་རྒྱབ་བདག་སེར་མོའི་སྡེ་རེད་ཅེས་སྲང་མདོའི་གླེང་གཞིར་གྱུར་པ་འདི་ལ་རྒྱུ་མཚན་ངེས་ཅན་ཞིག་ལྡན་འདུག ད་སེར་མོ་བ་འདི་ཚོས་གང་བསམ་གྱི་ཡོད་དམ། ཐར་པ་དང་ཐམས་ཅད་མཁྱེན་པ། བྱམས་དང་སྙིང་རྗེ། བདག་འཛིནམ་དང་བདག་མེད། སྟོང་ཉིད་དང་བདེན་གྲུབ། རྟག་པ་དང་མི་རྟག་པ་ཟེར་བའི་ཆོས་སྐད་འདི་ཚོ་སེར་མོའི་སྡེ་དང་རྒྱང་ཐག་ཆུང་རིང་བའི་ཚོར་བ་ཞིག་སྟེར་གྱིན་འདུག ད་ང་ལ་དུས་ཚོད་མི་འདུག་པས་རྒྱུ་མཚན་རྒྱས་པ་རྗེས་སུ་འགོད་ཆོག་ལ་དགེ་བཤེས་ཀྱི་ལོ་རྒྱུས་ལའང་དཔྱད་དགོས་གལ་ཆེ་སྙམ།
ད་ངོ་མ་ཧྲག་གི འུ་ཚང་གི་དགེ་བཤེས་འདི་ཚོ་དགོས་པའི་ཆོས་འཁོར་མི་བསྐོར་བར་མི་དགོས་སྲིད་ཀྱི་འཁོར་ལོར་འཐམས་འཞིན་འདུག ངོ་མ་ཡིད་སྐྱོ་ནི་རེད་ཡ། དགེ་བཤེས་དང་ཨ་ལགས་ཚོས་མི་བྱེད་པའི་སྣ་མི་འདུག ད་བསྟན་པའི་སྤྱི་གེགས་ཟེར་ལེ་འདི་འདྲ་པོ་ལ་ཟེ་རབ་མིན་ནམ།
ད་ངོ་མ་ཧྲག་གི འུ་ཚང་གི་དགེ་བཤེས་འདི་ཚོ་དགོས་པའི་ཆོས་འཁོར་མི་བསྐོར་བར་མི་དགོས་སྲིད་ཀྱི་འཁོར་ལོར་འཐམས་བཞིན་འདུག ངོ་མ་ཡིད་སྐྱོ་ནི་རེད་ཡ། དགེ་བཤེས་དང་ཨ་ལགས་ཚོས་མི་བྱེད་པའི་སྣ་མི་འདུག ད་བསྟན་པའི་སྤྱི་གེགས་ཟེར་ལེ་འདི་འདྲ་པོ་ལ་ཟེར་བ་མིན་ནམ།
ད་ངོ་མ་སྐྱོ་སོང་། མི་སྐྱས་ཆོས་བཤད། སེར་མོ་བས་སྲིད་བསྐྱངས། མགོ་འཇུག་ལྡོག་འདུག
བློ་བཟང་སེང་གེས་ཕྱི་རྒྱལ་མཐོ་སློབ་ཅིག་ནས་མཁས་དབང་ལག་ཁྱེར་ཐོབ་པ་དེ་ཙམ་གྱིས། དེ་སྔོན་དམིགས་བསལ་བོད་ཀྱི་སྲིད་བསྐྱངས་ལུགས་ལ་ཉམས་མྱོང་ཆེར་མེད་པར་བློན་ཆེན་གྱི་གོ་སར་འགྲོ་བ་འདི་གད་མོ་ཤོར་རྒྱུ་ཙམ་རེད། རང་རེ་བོད་པའི་ཁྲོད་དུ་མཁས་དབང་མཚན་ཉིད་དང་ལྡན་པ་ཡོད་ཀྱང་དེ་དག་ལག་ཁྱེར་འཐོབ་དཀའ་བ་འདི་མི་རིགས་ཀྱི་འགྲོ་ཚུལ་ལ་འགྱུར་བ་ཆེར་མ་སོང་བའི་རྟགས་རེད། ཕྱི་རྒྱལ་ཁབ་རེ་རེར་ཡང་མཐོ་སློབ་ཁག་ནས་མཁས་དབང་གིས་ལག་ཁྱེར་ཐོབ་མཁན་ལོ་རེར་ཁྲི་མང་པོ་ཡོད་ཀྱང་། དེ་ཙམ་ངོ་མཚར་དང་ཡིད་ཆེས་མི་བྱེད། འོན་ཀྱང་ང་ཚོར་བོད་པར་་་་་་་་་་་་་་་ཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧ སྔོན་མར་དགའ་ལྡན་གསར་ཁྲིའི་འགྲིག་རྒྱུ་བྱས་ནས་ཐག་བཅད་པ་རེད། དེང་སྐབས་ཕྱི་རྒྱལ་མཐོ་སློབ་ཅིག་གི་ལག་ཁྱེར་ཤུགས་དེ་ཙམ། ཀླད་རྙིང་ཀླད་གསར་གྱུར་པ་དེ། །ཀླད་གསར་བརྒྱ་ཡིས་དོ་ཟླ་མིན། །ཟེར་བ་ཕྱོགས་མཚུངས་པར་འདུག
བློ་བཟང་སེང་གེས་ཕྱི་རྒྱལ་མཐོ་སློབ་ཅིག་ནས་མཁས་དབང་ལག་ཁྱེར་ཐོབ་པ་དེ་ཙམ་གྱིས། དེ་སྔོན་དམིགས་བསལ་བོད་ཀྱི་སྲིད་བསྐྱངས་ལུགས་ལ་ཉམས་མྱོང་ཆེར་མེད་པར་བློན་ཆེན་གྱི་གོ་སར་འགྲོ་བ་འདི་གད་མོ་ཤོར་རྒྱུ་ཙམ་རེད། རང་རེ་བོད་པའི་ཁྲོད་དུ་མཁས་དབང་མཚན་ཉིད་དང་ལྡན་པ་ཡོད་ཀྱང་དེ་དག་ལག་ཁྱེར་འཐོབ་དཀའ་བ་འདི་མི་རིགས་ཀྱི་འགྲོ་ཚུལ་ལ་འགྱུར་བ་ཆེར་མ་སོང་བའི་རྟགས་རེད། ཕྱིའི་རྒྱལ་ཁབ་རེ་རེར་ཡང་མཐོ་སློབ་ཁག་ནས་མཁས་དབང་གིས་ལག་ཁྱེར་ཐོབ་མཁན་ལོ་རེར་ཁྲི་ཕྲག་མང་པོ་ཡོད་ཀྱང་། དེ་ཙམ་ངོ་མཚར་དང་ཡིད་ཆེས་མི་བྱེད། འོན་ཀྱང་ང་ཚོར་བོད་པར་་་་་་་་་་་་་་་ཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧ སྔོན་མ་དགའ་ལྡན་གསེར་ཁྲིས་འགྲིག་རྒྱུ་བྱས་ནས་རྒྱལ་སྤྱིའི་རྐུབ་སྟེགས་ཡང་མི་དགོས་པར་ཐག་བཅད་པ་རེད། དེང་སྐབས་ཕྱི་རྒྱལ་མཐོ་སློབ་ཅིག་གི་ལག་ཁྱེར་ལ་ནུས་ཤུགས་དེ་ཙམ་སྤྲད་བྱུང་། ཀླད་རྙིང་ཀླད་གསར་གྱུར་པ་དེ། །ཀླད་གསར་བརྒྱ་ཡིས་དོ་ཟླ་མིན། །ཟེར་བ་དང་ཕྱོགས་མཚུངས་པར་འདུག
ཡང་བལྟས་ངན་དེ་འདྲ་ཞིག་མཐོན་བྱུང་། ངོ་མ་བོད་ཀྱི་ལས་དབང་ལ་བསམ་ཤེས་མེད་མཁན་རང་རེད། བསྟན་པའི་སྤྱི་དགྲ་བོད་པའི་རྐང་འདྲེན་དེ་འདྲའི་དགེ་བཤེས་ཡོད་པ་ལས་མེད་པ་ལེགས་པ་མ་ཟད་དེ་རིགས་ཆོས་སྐྱོངས་སྲུང་མས་སྤྱན་གཟིགས་གནང་བའི་ལས་ལ་བབ་པ་རེད།
ལི་ཐང་རྒྱ་མཚོ་ལགས། དགེ་བཤས་ཚང་གང་ནས་ཕེབས་མིན་གསལ་ཁ་གཏོད་རོགས། དགེ་བཤེས་ཚང་མ་ནག་པོ་བཟོ་མི་ཉན། གཅིག་བྱས་དགེ་བཤེས་འདི་རང་བྱུང་དགེ་བཤེས་ལགསས་ཡིན་སྲིད། ངོ་མ་འཇིགས་ནི་རེད། ད་དགེ་བཤེས་ཀྱི་ཆོས་ཀྱི་གདུལ་བྱ་རྫོགས་ནས་སྲིད་ཀྱི་གདུལ་བྱ་ྐྱོང་འདོད་པ་ཡིན་འདོད་ཀི། དེ་ནས། དེ་ནས། བསྐྱེད་རིམ། དེ་ནས་རྫོགས་རིམ།་དེ་ནས་ཁ་སྦྱོར། གང་ལྟར་ཟུང་འཇུག་འདོད་པ་ཡིན་རྒྱུ་རེད།
ལི་ཐང་རྒྱ་མཚོ་ལགས། དགེ་བཤེས་ཚང་གང་ནས་ཕེབས་མིན་གསལ་ཁ་གཏོད་རོགས། དགེ་བཤེས་ཚང་མ་ནག་པོ་བཟོ་མི་ཉན། གཅིག་བྱས་དགེ་བཤེས་འདི་རང་བྱུང་དགེ་བཤེས་ལགས་ཡིན་སྲིད། ངོ་མ་འཇིགས་ནི་རེད། ད་དགེ་བཤེས་ཀྱི་ཆོས་ཀྱི་གདུལ་བྱ་རྫོགས་ནས་སྲིད་ཀྱི་གདུལ་བྱ་སྐྱོང་འདོད་པ་ཡིན་འདོད་ཀི། དེ་ནས། དེ་ནས། དེ་ནས་བསྐྱེད་རིམ། དེ་ནས་རྫོགས་རིམ། དེ་ནས་ཁ་སྦྱོར། གང་ལྟར་ཟུང་འཇུག་འདོད་པ་ཡིན་རྒྱུ་རེད།
རང་གྲོལ་ལགས་ནས་ཞིབ་ཆ་གནང་བར་བཀའ་དྲིན་ཆེ། ཞུ་འདོད་པ་ནི་ངས་དགེ་བཤེས་བྱེ་བྲག་པ་ཞིག་གི་མིང་སྨོས་ཡོད་པ་ལས་དགེ་བཤེས་སྤྱིའི་མཚན་མཐོང་ལ་གུས་བརྩི་མ་ཞུས་པ་དང་། དོན་མེད་ངན་ལབ་བྱས་བཞག་པ་གང་ཡང་མེད་བསམ། ད་དུང་དགེ་བཤེས་ཚང་མ་ནག་པོ་བཟོ་བའི་ཤེས་འཇོན་གང་ཡང་མེད། གུས་པ་གནས་འདིར་ཡོང་དགོས་པ་ནི་མི་ངན་འགའ་ཤས་ཀྱི་ངན་འཚང་དྲ་གྲོགས་རྣམས་པར་སྤྱན་འབུལ་གྱིས་དྲ་གྲོགས་རྣམས་པས་གཟིགས་ཞིབ་དང་གྲོས་བསྡུར་ཡོང་རེ་ཞུ་རྒྱུ་དང་། བསྟན་སྲིད་གང་ལ་ཡང་ཕན་མ་ཐོགས་ན་ཡང་སྣོད་མི་སྐྱེལ་བའི་ལངས་པྱོགས་ཞིག་ཡོད་ན་དགེ་བཤེས་ནག་པོ་བཟོ་དགོས་པའི་དགོས་པ་རྒྱུ་མཚན་ཡང་ཅང་མ་མཆིས་བསམ།
ཨ་རོགས་ལི་ཐང་བ། ངས་བཤད་པར་འགན་ལྗི་པོ་དེ་ཙམ་བྱེད་དགོས་པ་མ་རེད། ངས་བཤད་པ་ནི་དགེ་བཤེས་དགེ་རྒྱམ་ཞེས་པ་འདིའི་དགོན་པ་དང་། ཆོས་ལུགས་སོགས་གང་ཡིན་ཞེས་དྲིས་པ་ཡིན། གོ་བ་ལོག་སྒྲུབ་མ་བྱེད། དགེ་བཤེས་དགེ་རྒྱམ་ཞེས་པ་འདི་བློ་སེང་གིས་ཁས་བླངས་པའི་བཀའ་བློན་ཕྱག་རོགས་བཅུ་དྲུག་གི་ཁོངས་ནས་གཅིག་ཡིན་གྱི་ནི་མ་རེད་སྙམ། གལ་ཏེ་ཡིན་ན་ཁག་མེད། བློ་སེང་ཆེད་དུ་དཀའ་ལས་རྒྱག་དང་རྒྲག དཔེར་ན། གྲ་བག་གྲོ་བཞིན་ནོ། །གྲ་བག་གྲོ་ལ་བློ་སེང་གི་ཕུལ་བའི་མཚན་གནས་ནི་༼ཐབ་འཕྱིས་ལགས།༽ཞེས་པ་དེ་རེད། ད་ཆོས་པ་འདི་ཚོ་འཁྲུག་ཐག་ཆོད་འདུག མ་ཟད་དེང་གི་དགེ་བཤེས་ལ་ཧ་ལས་ཡས་རྩ་བ་ནས་མེད། དཔེ་ཆ་རྩ་བ་ནས་མི་ཤེས་མཁན་གྱི་དགེ་བཤེས་ཡང་འདུག འདི་ཚོ་དངོས་གནས་བློ་སེང་གི་མགོ་བསྐོར་འོག་ཚུད་ནས་སེར་མོའི་སྡེ་ལ་ཁྱིམ་པའི་དམོད་མོ་ཟུག་འདུག་ཟེར། ཡ་ད་ཁྱོད་རྒྱུགས། དགེ་བཤེས་དགེ་རྒྱམ་དང་བློ་སེང་གི་གམ་དུ་སོང་། བཏང་ཡོད། བང་ཆེན་བཏང་ཡོད། བློ་སེང་ཕམ་ཁར་སེམས་གསོར་གཏང་ཡོད།
ལེགས་སོ། དགེ་བཤེས་དགེ་རྒྱམ་ཟེར་བ་དེ་ཆོས་དང་དེང་དུས་ཤེས་ཡོན་མེད་པ་མ་ཟད་། ད་བར་སྤྱི་ཚོགས་ནང་མདུན་བསྐྱོད་ཀྱིས་ཆབས་སྲིད་ལ་དོ་སྣང་ཡོད་པའི་བོད་ཞེན་པ་ཞིག་རྩ་བ་ནས་མིན་པའི་གདན་སའི་དགེ་བཤེས་ཞིག་རེད་འདུག་པས་དམིགས་ཡུལ་ག་འདྲ་ཞིག་གཞིར་བཞག་ནས་ཆོས་གཟུགས་ཀྱིས་སྲིད་འབག་གྱོན་གྱི་ཡོད་པར་ཞིབ་དཔྱད་ཞུ་བཞིན་ཡོད། སང་ཉིན་ལས་མ་གྱངས་པར་ཁ་གསལ་ལ་གོ་བདེ་བའི་ལན་ཞིག་འབུལ་རྒྱུའི་གྲབ་ཡོད། ཨ་རོགས་རང་གྲོལ་བ།