བདེ་སྐྱིད་དབང་མོ། དཔེ་སྟོན་སློབ་གྲྭ། འཛིན་གྲྭ་༦ཀ རང་ལོ་༡༡
མདོ་སྨད་ས་ཡི་ཐིག་ལི།།
ཙོང་ཁའི་ཡུལ་ལུང་ཕྱུག་མོར།།
མཚན་དཔེ་མེ་ཏོག་མཛད་པའི།།
༸རྒྱལ་བ་ཡིད་བཞིན་ནོར་བུ།།
བྱམས་དང་བརྩེ་བ་སྣུམ་པོས།།
ཐུགས་རྒྱུད་ཡོངས་སུ་བརླན་པས།།
རིས་མེད་འགྲོ་བའི་སྙིང་ལ།།
ཆོས་ཀྱི་བདུད་རྩི་ཕབ་བྱུང།།
ཉིན་མཚན་དུས་དྲུག་ཀུན་ཏུ།།
སྐུ་ངལ་གསོ་ལོང་མེད་པར།།
ཀུན་ཕན་ཞི་བའི་ལམ་སྟོན།།
འཛམ་གླིང་ཞི་བའི་སྲོག་ཤིང།།
ཆོས་ལུགས་ཕན་ཚུན་བར་དུ།།
མཛའ་མཐུན་གསེར་གྱི་ཟམ་སྟེགས།།
འཕྲལ་ཡུན་དགེ་བར་བསྲིངས་པས།།
ཚད་མའི་སྟོན་པ་གཅིག་པོ།།
གནའ་བོའི་ནང་བསྟན་གཞུང་ལུགས།།
དེང་རབས་ཚན་རྩལ་རིག་པ།།
ཟུང་སྦྲེལ་མདུན་དུ་བསྐྱོད་པའི།།
གནའ་དེང་རིག་པའི་སྲོལ་འབྱེད།།
འགྲོ་བ་འདི་དང་ཕྱི་མའི།།
གཏན་གྱི་སྐྱབས་མགོན་གཅིག་པོ།།
ལན་གཅིག་མཆོད་པའི་དགེ་འདིར།།
ཐུགས་རྗེ་སྤྱན་གྱིས་གཟིགས་རོགས།།
གངས་ཅན་འགྲོ་བའི་ལྷ་གཅིག།།
མི་རིགས་རིག་གཞུང་བཅས་པའི།།
མཚོན་རྟགས་གསེར་གྱི་རིན་ཆེན།།
གཅེས་པའི་ཁྱད་ནོར་གཅིག་པོ།།
སྐྱེ་བའི་ཚེ་རབས་ཕྲེང་བར།།
ཐུགས་རྗེའི་ཞགས་པས་བཅིངས་ཏེ།།
གང་གི་བཀའ་འབངས་མཐའ་རུ།།
སྐྱེ་བའི་གསོལ་བ་འདེབས་སོ།།
ན་ཆུང་དཔེ་སྟོན་སློབ་ཕྲུག་ཚོ། མི་རིགས་ཀྱི་སྐད་ཡིག་སྐས་ཐེམ་ནས་ལྷུང་ལ་ཉེ་དུས་ཁྱེད་ཚོས་རེ་བའི་གསོན་ཤུགས་
སྦྱིན་པར་བསྔགས་བརྗོད་ཞུ།།