འདབ་པ་ཚེ་དབང་མགོན་པོ།
དེ་སྔོན་འགྲོ་མགོན་བཀའ་བརྒྱུད་པའི་གྲུབ་མཐའ་དང་། དཔལ་ལྡན་ས་སྐྱ་པའི་གྲུབ་མཐའ་གཉིས་ཀྱི་དབར་རྩོད་གླེང་བྱུང་དགོས་པའི་གཞི་ངོ་མ་དེ་ནི། ཁམས་པ་དགེ་བཤེས་ཕག་གྲུ་རྡོ་རྗེ་རྒྱལ་པོའི་ཆེད་དུ་བྱུང་བ་ཞིག་ཡིན་ལ། དེ་ཡང་། ཕག་གྲུ་རྡོ་རྗེ་རྒྱལ་པོ་ཁོང་གིས་རྗེ་བཙུན་ས་སྐྱ་གོང་མ་རྣམ་ལྔའི་གཙོ་བོ་ས་ཆེན་ཀུན་དགའ་སྙིང་པོའི་ཞབས་ལ་གཏུགས་ཏེ། ལམ་འབྲས་སོགས་གཙོས་པའི་གདམས་པའི་དམ་ཆོས་མང་དུ་གསན་པ་དང་། དེ་དག་ལོ་ངོ་བདུན་ཙམ་གྱི་རིང་ལ་སྒོམ་པ་བྱས་ཕྱིར། ཁོང་གི་རྒྱུད་ལ་མཐོང་ལམ་སྐྱེས་ཡོད་ཚུལ་ས་ཆེན་ཀུན་དགའ་སྙིང་པོ་རང་གིས་གསུངས་ཡོད་ལུགས་དང་། མདོ་རྒྱུད་ཉམས་མྱོང་ཐམས་ཅད་ཀྱིས་གྲུབ་ལུགས་སོགས་ཉམས་མེད་དྭགས་པོ་ལྷ་རྗེ་བསོད་ནམས་རིན་ཆེན་ཞལ་མཇལ་བའི་སྐབས་དེར་ཞུས་ཕྱིར། དྭགས་པོ་རིན་པོ་ཆེས་ཁྱེད་རང་གི་རྒྱུད་ལ་མཐོང་ལམ་དེ་ལས། ངའི་ཟན་ཆངས་རྡོག་པོ་འདི་ཟོས་ན་དགའ་བ་རེད་ཅེས་གསུངས་ཏེ། ཟན་ཆངས་དེ་ཕག་གྲུ་ལ་གནང་བ་དང་། དེའི་རྗེས་སུ་དྭགས་པོ་རིན་པོ་ཆེ་རང་གིས་ཕག་གྲུ་རྡོ་རྗེ་རྒྱལ་པོར་ཕྱག་རྒྱ་ཆེན་པོའི་སེམས་ཀྱི་གནས་ལུགས་གཤིས་མ་དེ་ངོ་སྤྲོད་བྱས་པ་དང་། ཁོང་གིས་དེ་དག་བསྒོམས་ཏེ་ད་གཟོད་གཞི་ནས་རྒྱུད་ལ་མཐོང་ལམ་གསར་དུ་སྐྱེས་པ་ཡིན་ཕྱིར། ས་སྐྱ་པའི་ཀུན་དགའ་སྙིང་པོ་དང་། ཁོང་གི་ལྟ་གྲུབ་དང་ཉམས་རྟོགས་སོགས་ལ་དམའ་འབེབས་པ་དང་། སྐྱོན་དུ་བབས་པ་ལྟ་བུར་འགྱུར་བའི་ཕྱིར་ན། ཕྱིས་སུ་ས་པཎ་ཆེན་སོགས་ཀྱིས་ཚུར་མཐོང་གི་ངོས་ལ་འཁོན་ལན་གྱི་ལམ་དུ་སྙེགས་པ་ལྟ་བུས། བཀའ་བརྒྱུད་པ་དང་། རྗེ་བཙུན་མི་ལ་སོགས་ལ་དགག་པ་བརྒྱབ་དགོས་པའི་རྩ་བ་ཡང་ངོ་མ་བཤད་ན་དེ་དག་ཉིད་དོ།
འོན་ཀྱང་དེང་སང་ལོ་རྒྱུས་ཉམས་ཞིབ་པ་ཡིན་མདོག་བྱེད་མཁན་རྣམས་དང་། རྩོམ་པ་པོ་ཡིན་མདོག་བྱེད་མཁན་སོགས་ཀྱིས་དོན་དེ་དག་ཇི་བཞིན་དུ་མ་རྟོགས་པར་གཡམ་རྒྱུགས་ཀྱི་གཏམ་མང་དུ་སྤེལ་བ་ལས། གནད་ལ་འཁེལ་པའི་བཤད་པ་བྱས་པར་ཅི་ཡང་མི་སྣང་ལ། ད་དུང་ས་སྐྱ་པ་དང་། བཀའ་བརྒྱུད་པ་གཉིས་ཀྱི་དབར་གནས་ཚུལ་ཅུང་ཟད་མ་འགྲིགས་པ་ཧ་ཅང་མང་ཡང་། རང་ཉིད་ལས་བྲེལ་གྱིས་དུས་ཚོད་མ་ཁོམ་པའི་ཕྱིར་ན། འདི་ཙམ་གྱིས་འཐུས་པར་ཞུའོ།
མ་ཟད་འདི་ནི་བན་ཤུལ་དཔལ་འཁོར་རྒྱལ་གྱིས་ལྷ་སའི་སློབ་མ་རྣམས་ལ་ལོ་རྒྱུས་འཆད་ཁྲིད་ཀྱི་སྐབས་སུ་བཤད་པའི་དོན་རྣམས། བོད་ཀྱི་ལོ་རྒྱུས་གསར་བརྗེ་ཟེར་བའི་དེབ་ཅིག་བསྒྲིགས་ཡོད་པ་དེར། དུས་ཚོད་མ་ཆོད་པའི་ངང་གིས་ལྟ་ཀློག་ཅིག་བྱེད་པའི་སྐབས་དེར། སི་ཏུ་པཎ་ཆེན་གྱིས། འཕན་ཟེལ་རིན་ཆེན་ལ་བལྟ་ཡི། མགལ་དུམ་ལ་ནི་སུ་ཞིག་དཔྱོད། །ཅེས་པ་གསུངས་པ་ལྟར། རྩོམ་ཡིག་འདིར་ཡིད་རྟོན་རུང་བ་དང་ཆ་འཇོག་བྱེད་པའི་དོན་མེད་ནའང་། བསམ་ཚུལ་དང་རང་ཐག་བཅད་པའི་གཏམ་མང་བ་མ་ཟད། ལོག་བཤད་ཀྱིས་བཅིངས་པའི་ལབ་གླེང་སྣ་ཚོགས་ཤིག་སྨོས་ཡོད་པ་སོགས་ཀྱང་། སྤྱིར་བཏང་ལོ་རྒྱུས་ཀྱི་གཞི་རྩའི་གནད་མ་ཆོད་པ་དང་། རྩོམ་པ་པོ་ཁོང་གང་དྲན་གྱི་སྨྲ་བ་ལ་མོས་པ་ཡོད་མཁན་ཞིག་འདུག་པས་ན། འཆད་ཁྲིད་དང་འབྲེལ་བའི་དེབ་འདིའི་ནང་དོན་ཡང་སྤོམ་བཤད་འབའ་ཞིག་ཏུ་བྱས་པ་ཙམ་དུ་གདའོ། དེ་བས་བོད་ཀྱི་ལོ་རྒྱུས་གསར་བརྗེ་ཟེར་བའི་དེབ་འདིའི་བརྗོད་དོན་རྣམས་ལ་ལེགས་པར་གཞིགས་ནའང་། སྔར་མཁས་པ་རྣམས་ཀྱིས་མ་བཤད་པ་དང་། བཤད་ཟིན་པ་སོགས་ལ་དགག་སྒྲུབ་ཀྱི་རིག་པས་སྤྲོས་པ་བགྱིས་ནས་ལེགས་བཤད་འགྲན་དུ་མེད་པ་ཞིག་བྱ་བར་འདོད་ན་ཡང་། རྩ་བའི་མི་ཚང་དབུལ་པོ་ཞིག་གིས་འབྱོར་ལྡན་ལོངས་སྤྱོད་ཡོད་པའི་ཕྱག་བདག་ཚོས་འཚོ་བ་སྐྱེལ་སྟངས་ལས་ཀྱང་། ཆེས་ཤིན་ཏུ་ནས་རྒྱས་སྤྲོས་ཤིག་བྱ་འདོད་ན་ཡང་དོན་ལ་དབུལ་པོའི་ཁ་ཐབས་དེ། ལུས་ཀྱི་དྲི་མ་བཞིན་དུ་ལྡོག་ཏུ་མེད་པའི་སྤྲང་པོའི་ཆོས་ཉིད་ལྡན་ཕྱིར་བྱེད་ཐབས་ཟད་པ་མེད་པ་བཞིན་དུ་གནད་ལ་འཁེལ་བའི་དོན་སྙིང་ཅི་ཡང་མི་སྣང་ངོ་།
འདབ་པ་ཚེ་དབང་མགོན་པོས། དབྱིན་ཇིའི་རྒྱལ་ས་ལམ་ཌོན་གྲོང་ཁྱེར་དུ༢༠༡༦/ ༥/༢༢ ཉིན་སྤེལ་བའོ།
ས་སྐྱ་དང་བཀའ་བརྒྱུད་པ་མ་འཆམ་པའི་རྒྱུ་མཚན་མེད། ས་པཎ་གྱི་སྡོམ་གསུམ་རབ་དབྱེར་བཀའ་བརྒྱུད་པར་དགག་པ་ཅུང་ཟད་མཛད་ཡོད། དེ་མིན་མི་ཤེས། ཡིན་ནའང་ས་སྐྱ་དང་འབྲི་གུང་བཀའ་བརྒྱུད་གཉིས་ཀྱི་དམག་རྒྱབ་པའི་ལོ་རྒྱུས་གོ་རྒྱུ་མང་།
བརྩེ་ཆེན་ས་སྐྱ་དང་འགྲོ་མགོན་བཀའ་བརྒྱུད་བར་སངས་རྒྱས་ཆོས་ལུགས་ཀྱི་ལྟ་གྲུབ་བར་ལ་དགག་བཞག་ཅུང་ཟད་བྱས་རིགས་ལ་མ་མཐུན་པ་ཞིག་མཐོང་བ་དེ་ནི་དཔྱོད་ལྡན་གྱི་བློ་མིག་མེད་པ་རང་རེད། ཡིན་ན་ཡང་། བོད་ས་སྐྱའི་སྲིད་གཞུང་དང་དབུས་སྟོད་འབྲི་གུང་ཁྲི་སྐོར་བར་ཁྲལ་དང་འུ་ལག་སོགས་སྲིད་དོན་ཀྱི་འགལ་བ་ཆེ་ཆུང་རིག་བྱུང་བ་དངོས་བདེན་རེད།
ས་སྐྱ་པ་དང་འབྲི་གུང་པའི་བར་གྱི་འཐབ་རྩོད་དེ་ནི་དཔོན་ཁག་བར་གྱི་འཐབ་རྩོད་ཅིག་ཡིན་པ་མ་གཏོགས་གྲུབ་མཐའི་བར་གྱི་འཐབ་རྩོད་མ་ཡིན་པ་ཤེས་དགོས་པར་འདུག ས་སྐྱ་པར་འབྲི་གུང་པའི་ལྟ་གྲུབ་ཡག་དག་མ་ཡིན་པར་བཤད་པ་དང་འབྲི་གུང་པས་ས་སྐྱའི་ལྟ་གྲུབ་ཡང་དག་མ་ཡིན་པར་བཤད་ནས་དམག་འཁྲུགས་བྱུང་བ་མ་རེད། ས་སྐྱ་དང་འབྲི་གུང་ཟེར་བ་ལྟ་བུའི་མིང་ཚིག་དེ་རྣམས་ཀྱང་མཚམས་མཚམས་སུ་ས་མིང་ལ་འཇུག་པ་དང་། མཚམས་མཚམས་ལ་དཔོན་ཁག་གི་མིང་ལ་འཇུག་པ། མཚམས་མཚམས་ལ་ཆོས་ལུགས་ཆོས་བརྒྱུད་ལ་འཇུག་པ་སོགས་སྐབས་ཐོབ་ཀྱི་གོ་བ་ལེན་ཤེས་དགོས་པ་མ་གཏོགས་ས་སྐྱ་པ་དང་འབྲི་གུང་པ་ཟེར་བ་ཞིག་ཡོད་ཚད་ཚང་མ་ཆོས་ལུགས་ཆོས་བརྒྱུད་ལ་འགྲེལ་ན་འགྲིགས་གི་མི་འདུག
གལ་སྲིད་གྲུབ་མཐའདང་ཆོས་བརྒྱུད་ཕན་ཚུན་གྱི་བར་དགག་བཞག་དང་། བརྒལ་ལན་རིགས་པ་དང་ལྡན་ག་ཚོད་ཡོད་ནའང་། ཀུན་སློང་རྣམ་པར་དག་པའི་སྒོ་ནས་བསམ་ཚུལ་བརྗེ་རེས་བྱས་ན་མི་འགྲིག་པ་དང་།
མ་འཚམས་པ་གང་ཡང་མེད། འོན་ཀྱང་བརྒལ་ལན་དང་དགག་བཞག་གི་བརྒྱུད་རིམ་དེ་དག་གི་ཁྲོད་དུ།
སྲིད་དོན་གྱི་དམིགས་ཡུལ་ངེས་ཅན་ཞིག་རྩ་བར་བཞག་ནས་རང་རྒྱལ་གཞན་ཕམ་གྱི་ཐོབ་བྱ་གཙོ་བོར་བཟུང་ན།
ཆོས་ལ་བརྟེན་པའི་སྡིག་ལས་ཚབས་པོ་ཆེ་ཞིག་ཡིན་པས། ཆོས་ཀྱིས་ངན་སོང་སྒྲུབ་པའི་བྱ་བ་ལས་མ་འདས་སོ།
དེ་མིན། འཇམ་མགོན་ས་པཎ་མཆོག་གི་ཞལ་སྔ་ནས།
བསྟན་བཅོས་འཁྲུལ་དང་མ་འཁྲུལ་བ། །
སྐྱེ་བ་གཏན་གྱི་གྲོས་ཡིན་པས། །
དེ་ཡི་ལེགས་ཉེས་བརྗོད་པ་ལ། །
སྡང་ཞེས་སྨྲ་ན་རང་སྐྱོན་ཡིན། །
ཞེས་གསུངས་པར་གཞིགས་ན། ཀུན་སློང་རྣམ་པར་དག་པའི་སྒོ་ནས་བློ་གཟུ་བོར་གནས་ཏེ། རིགས་པ་དང་ལྡན་པའི་གསང་ཚིག་དང་། སྡེབས་སྦྱོར་གང་འདྲ་ཞིག་བེད་སྤྱོད་བཏང་ན་ཡང་། དེ་ནི་ཕྱོགས་ཀར་ཕན་པ་ཙམ་ལས་གནོད་པར་འགྱུར་བའི་ཉེས་པ་གང་ཡང་མེད་སྙམ།
འོན་ཀྱང་། དེང་དུས་རང་ཕྱོགས་དང་ལྟ་བ་མི་མཐུན་པའི་ལྟ་གྲུབ་ཅུང་ཙམ་ཞིག་རྣ་ལམ་དང་། འདྲེན་བྱེད་ཀྱི་ཡུལ་དུ་ཤར་བ་ན། ཅུང་ཙམ་ཡང་མི་བཟོད་པའི་ང་རོ་ཆེས་ཆེར་སྒྲོག་པ་ནི།
རང་ཉིད་ཀྱི་སེམས་ཁོངས་སུ་གཞན་གྱི་ལེགས་ཆ་ལེན་འདོད་མེད་པའམ། དམ་པའི་ཆོས་ཀྱི་བྱིན་རླབས་ངོ་མ་དེ། ད་དུང་ཡང་རང་ཉིད་ཀྱི་སེམས་ཁོངས་ན་ཞུགས་མེད་པའི་དན་རྟགས་གསལ་ཤོས་ཉག་གཅིག ད་གཟོད་སེམས་ཀྱི་ཕྱི་རོལ་དུ་མངོན་པ་ཞིག་རང་རེད་སྙམ་མོ།
ས་འབྲི་འཁྲུགས་པས་བསྟན་པའི་གཞི་ཆ་ཉམས། ཞེས་ཁ་རྒྱུན་ལ་ཡོད་རེད། འདི་ནི་ཆོས་ལུགས་ནང་ཁུལ་གྱི་དམག་རེད་དོ། སྤོབས་པ་ལགས། ཡིན་ནའང་༧གོང་ས་ལྔ་པའི་ཀམ་ཚང་དང་ཇོ་ནང་གཏོར་བ་དེ་ནོར་འཁྲུལ་རེད། གང་ཡིན་ཟེར་ན་སྐབས་དེའི་དགྲ་ནི་གཙང་པ་རྒྱལ་པོ་ཀརྨ་བསྟན་སྐྱོང་དབང་པོ་ཡབ་སྲས་རེད་མ་གཏོགས་ཆོས་བརྒྱུདཀམ་ཚང་དང་ཇོ་ནང་་མ་རེད། ཁོ་རང་གི་རྩ་བའི་བླ་མ་ཀརྨ་པ་དང་ཇོ་ནང་ཏཱ་ར་ན་ཐ་རེད།
རྒྱལ་དབང་ལྔ་བ་དང་བཀའ་ཇོའི་འབྲེལ་བ་ཤེས་འདོད་ན་དགའ་ལྡན་ཕོ་བྲང་གི་ཕྱག་མཛོད་བསོད་ནམས་རབ་བརྟན་གྱི་ལོ་རྒྱུས་ཤེས་པ་སྔོན་དུ་འགྲོ་དགོས། དེ་མིན་དུ་བ་དང་རླངས་པ་ནོར་ཉན་ཡོད་ལ་ནོར་སོའང་མང་པོ་ཡོད་དོ།
འདས་པའི་ནོར་འཁྲུལ་ཤེས་པ་ལས། མ་འོངས་པའི་ཡར་རྒྱས་ལ་བརྩོན་དགོས།
ད་ལྟའི་འཕོ་སྒྱྲར་གྱི་འགྲོས་ལ་བལྟས་ན། བོད་དང་བོད་ཀྱི་མི་རིགས་ལོ་ངོ་བརྒྱའི་ནང་ལ་སྟོང་རྒྱུ་ཐག་ཆོད་པ་རེད། བྱས་ཙང་། སྔོན་མ་བོད་པ་ནང་ཁུལ་བརྡུང་རེས་དང་གསོད་རེས་བྱེད་པ་དེ་ཚོ་ཡང་བསྐལ་བ་བཟང་པོ་རེད་སྙམ། ད་ཕྱིན་ཆད་བོད་ཟེར་བའི་མིང་སྐམ་པོ་དེ་ཡང་ཕལ་ཆེར་ལྷག་ས་མ་རེད།
ད་སྐྱིད་པོ་གཏོང་། སྡུག་སྐད་མ་རྒྱབ།
འཚུབ་མ་རྒོད་པོ་ཁྱོད་བདེན། ད་དུང་དེ་ལས་མང་བ་ཤེས་འདོད་ན། འཇམ་བཞད་སྐུ་ཕྲེང་དང་པོ་དང་སྡེ་སྲིད་སངས་རྒྱས་གཉིས་ཀྱི་སྒེར་གྱི་འགལ་ཟླས་སྡེ་སྲིད་བཀྲོངས་སྟངས་། ཡང་འཇམ་བཞད་ཀྱིས་ལྷ་བཟང་ཁང་རྗེ་ཙོང་ཁ་པའི་སྤྲུལ་པ་ཡིན་ཚུལ་བསྒྲགས་པ་དང་། རྒྱལ་བ་ཚངས་དབྱངས་རྒྱ་མཚོ་ལ་དཀའ་སྡུག་ཚོད་མེད་བཏང་སྟེ་མཐར་སྐུ་ཚེ་མ་ཟིན་པར་བཟོས་པའི་ལོ་རྒྱུས། དྲུག་པ་རྫུན་མ་པད་དཀར་འཛིན་པ་གསེར་ཁྲིར་མངའ་གསོལ་བྱས་པ་དང་། ཕྱིས་སུ་འཇམ་བཞད་གཉིས་པ་དཀོན་མཆོག་འཇིག་མེད་དབང་པོས་རང་གི་སྐྱེ་ཕྲེང་དང་པོའི་རྣམ་ཐར་འདྲ་ཆགས་རྫུན་བསྒྲིགས་སྐྱར་བཅོས་གནང་སྟངས་སོགས་ལ་ཞིབ་མོར་ལྟོས་དང་དེ་སྐབས་ཀྱི་དགའ་ལྡན་ཕོ་བྲང་ཀྱི་སྲིད་ལུགས་ལ་དྲི་ངན་སེམས་ཁམས་སྨྱོ་བྱེད་དུ་མ་འདུག་པར་རྣམ་ཐར་ཀེ་ཏ་ཀ་དང་། སྐལ་བཟང་འཇུག་ངོགས་གཉིས་ལ་མཇལ་རྒྱུ་འདུག་གོ།
༄༅། ། བོད་ལ་ཆོས་ལུགས་ཀྱི་དམག་འཁྲུགས་ནམ་ཡང་བྱུང་མྱོང་མེད།
དྲ་གྲོགས་རྣམས་སྐུ་ཁམས་བཟང་།
མཁས་དགེ་འདུན་ཆོས་འཕེལ་ཀྱིས།
བླུན་པོ་རང་གི་རྗེས་སུ་མི་འབྲང་ཡང་། །
རང་ཉིད་བླུན་པོའི་རྗེས་སུ་མི་འབྲང་པ། །
འདི་ནི་མཁས་པའི་དམ་ཚིག་དང་པོ་སྟེ། །
སྲོག་ལ་བབ་ཀྱང་འབད་པས་སྲུང་བར་འཚལ། །ཅེས་པས་ཐོག་མའི་སྙན་གསལ་བྱས་ཏེ། ཞུ་བ་ནི།
ཆོས་ལུགས་ཀྱི་དམག་འཁྲུགས་དང་ཆོས་པའི་བར་གྱི་དམག་འཁྲུགས་གཉིས་དབྱེ་འབྱེད་ཐུབ་དགོས། ཆོས་རྒྱུན་གྱི་དམག་འཁྲུགས་ཟེར་བ་དེ་བོད་ལ་ནམ་ཡང་བྱུང་མྱོང་མེད།
༡༽ཆོས་ལུགས་དམག་འཁྲུགས་ནི། བཀའ་བདེན་རྫུན། ཚིག་འགྲེལ་སྟངས། ཆོས་ལུགས་དག་མ་དག་གི་གནད་དོན་གཙོ་བོར་བཟུང་ནས་དམག་འཁྲུགས་བྱས་པ་ལ་ཟེར། ཁ་ཆེ། ཡེ་ཤི། རྒྱ་ནག་གི་ནང་ཆོས་བར་དོན་གནད་འདི་ལན་མང་བྱུང་ཡོད།
༢༽ཆོས་པའི་དམག་འཁྲུགས་ནི། རང་ཉིད་ལ་ཆོས་ལུགས་གང་རུང་ལ་དད་པ་གཞིར་བཞག དམིགས་ཡུལ་གཙོ་བོ་ཐོབ་ཐང་། མངའ་རིས། རྙེད་བཀུར། སྙན་གྲགས། སྦྱིན་བདག དཔལ་འབྱོར་སོགས་དུ་གཉེར་བས། ཚིག་གི་བརྗོད་པ། ལུས་ཀྱི་རྣམ་འགྱུར་སོགས་ཡིད་དུ་མི་འོངས་པའི་བྱ་བ་ཞིག་ལ་བརྟེན། ཆོས་ལུགས། ཤོག་ཁག། ལུང་ཚན། སྡེ་དཔུང་། མི་རིགས། ལས་རིགས་མཐུན་པ་སོགས་ཐབས་ཤེས་ཡོད་དགུས་རྒྱབ་རྩར་ཁྲིད་ནས། ཁག་ཁག་གང་ལ་དཀྲི་དགོས་ཡང་འདྲ། དོན་དུ་ཕ་རོལ་པོ་ཕམ་པར་བྱེད་པའི་སྦྱོར་བ་བརྩམས་ཏེ་དམག་འཁྲུགས་བྱེད་པ་ལ་ཟེར།
༣༽ས་འབྲིའི་གནད་དོན། ༡་འབྲི་དབོན་རྡོ་རྗེ་དཔལ་གཙང་གི་དབོན་བྱེད་དུས། ས་པན་གྱི་ཆོས་གྲྭ་ལ་རྟ་བརྒྱུགས། ཟངས་མོ་ཆེ་ལ་རྟ་ཆུ་བླུད། སྦྱིལ་བུ་བཤིགས་ནས་རྒྱ་སྲང་བཅོས་པ་སོགས་ཀྱིས་བྱུང་། ༢ ས་སྐྱའི་འཁོན་རིགས་དབོན་ཆེན་རྒྱལ་བ་བཟང་དང་། དཔོན་ཆེན་དབང་རྩོན་བར་དབང་ཆའི་འཐབ་རྩོད་བྱུང་། དབོན་ཆེན་རྒྱལ་བ་བཟང་ལ་ཕག་གྲུ་དང་འབྲི་གུང་གིས་རྒྱབ་སྐྱོར་བྱས་ནས་དམག་འཁྲུགས་བྱུང་ནས་ས་སྐྱ་བཅོམ་པ་བྱུང་། ༣ ཕྱི་པོ་1290་ལོར་ས་སྐྱའི་དཔོན་ཆེན་ཨང་ལེན་གྱིས་ཕྲ་མ་བྱས། སོག་རྒྱལ་སྲས་ཐུ་མུར་ཐོ་ཁས་གཙང་དམག་དང་བསྡོང་སྟེ་འབྲི་གུང་བཅོམ་པ་སོགས་བྱུང་བ་ལོ་རྒྱུས་ཐམས་ཅད་དབང་ཆའི་འཐབ་རྩོད་ཡིན། ཆོས་ལུགས་ལ་དགག་བཞག་གིས་དམག་བརྒྱབ་པ་ནི་གཏན་ནས་མེད་པས། འདི་འདྲའི་བཤད་མཁན་ཚང་མས་ལོ་རྒྱུས་འཁྱོགས་བཤད་དང་། ལཏ་གྲུབ་ལ་དགག་བཞག་བྱས་འདུག་པས་འཁྲུགས་པ་བྱུང་སྙམ་པའི་ངན་རྟོག་ནི་རང་ཉིད་ཚད་མ་རིགས་པའི་རྩོད་གྲྭ་འགྲིམ་མ་མྱོང་ཟེར་བའི་ནང་རྟགས་ཕྱི་ལ་བསྟན་པ་ཙམ་མོ། ། གྲོགས་པོ་དག བདེན་པ་ནི་རྒྱུ་ནོར། དབང་ཐང་། ཁེ་ཕན། ངོ་འཛིན་གྱི་ཆེད་དུ་མི་བཙོང་བར་ལོ་རྒྱུས་གསོང་བོར་སྨྲ་བའི་སྤོབས་པ་བསྐྱེད་དུ་གསོལ། དྲི་མེད་ལྷག་བསམ་གྱིས་ཕུལ།
ད་ལན་དྲི་མེད་ལགས་ཀྱིས་མཆན་ཁེ་མཚར་ཅིག་བཏབ་སོང། ཐོག་མར་བན་བོན་གཉིས་དབར་ལ་དམག་འཁྲུགས་བརྒྱབ་འདུག དེ་ནས་རིམ་གྱིས་བཀའ་དགེ་གཉིས་དང་དེ་བཞིན་དགེ་ལུགས་ཀྱིས་ཇོ་ནང་བཅོམ་པ་སོགས་ཇི་ལྟར་བྱས་མེད་དམ། ཆོས་བྱེད་མི་སྣས་ཆོས་ལུགས་ཀྱི་ཆགས་སྡང་དབང་གིས་དམག་འཁྲུགས་བརྒྱབ་པ་དེ་ལ་ཆོས་དམག་ཟེར། ད་དུང་འབྲི་ཁོམས་མི་འདུག་མ་གཏོགས་མང་པོ་ཡོད་རེད།
བོན་པོས་ལྟ་གྲུབ་ཀྱི་དོན་ལ་དམག་བརྒྱབ་ཡོད་མེད་ནི་མི་ཤེས། སྲོད་ཆགས་ནི་མང་ཐག་ཆོད་ཅིག་བསད་ནས་དམར་མཆོད་བཏང་ཡོད་འདུག དེ་མ་ཡིན་པ་བོད་ཀྱི་ཆོས་བརྒྱུད་ཁག་གིས་ལྟ་གྲུབ་ཀྱི་དོན་ལ་མི་ཞིག་གསོད་པ་ཕར་ཞོག ར་ཕྲུག་ཅིག་ལ་སྣ་ཁྲག་ཙམ་ཡང་ཕུད་ཡོད་མྱོང་མི་འདུག དེ་མ་ཡིན་པར། རང་རང་གི་ལྟོ་གོས་གཏམ་གསུམ་གྱི་དོན་ལ་ཤི་བསད་ཁྲག་གི་འཁོར་ལོ་བསྐོར་ཡོད་པ་ནི་བསྙོན་དུ་མི་ནུས། ཁ་དང་ཁ་སྤུ་དབྱེ་བ་ཕྱེས་མ་ཤེས་ན་ཐབས་སྡུག་པོ་རེད།
མཆན་༡༢ བྲིས་མཁན་ཁྱེད་ཀྱིས་བན་དེ་བ་ལྷ་བླ་མ་ཡེ་ཤེས་འོད་ཀྱིས་ར་ཕྲུག་གསད་འདུག་གམ་བོད་ཕྲུག་བོན་པོ་གསད་འདུག་མངའ་རིས་རྒྱལ་རབས་ནང་དུ་ལྟོས། བན་དེ་བས་རྒྱལ་རོང་རྒྱལ་པོ་བོན་རྒྱལ་སྲིན་བལ་ནང་དུ་བཏུམས་ནས་གསད་པ་དེ་ར་ཕྲུག་བསད་པ་རེད་དམ་བོད་རྒྱལ་བསད་འདུག་ལྟོས། བན་དེ་བའི་མཁན་པོ་ལྷ་ལུང་དཔལ་རྡོར་གྱིས་བོད་རྒྱལ་དར་མ་གསད་པ་རེད་དམ་ར་ཕྲུག་གསད་པ་རེད་རྒྱལ་རབས་ཀུན་ལ་ལྟོས། རྭ་ལོས་ས་ཐོབ་སེམས་དཔའ་བཅུ་ཕྲག་གསད་པ་དེ་ར་ཕྲུག་གསད་དམ་མི་ཕྲུག་གསད་འདུག་དེའི་རྣམ་ཐར་དུ་ལྟོས། ད་དུང་ཡོད་ད། ཁས་མི་ལེན་ན་ཡིག་ཆ་དང་ཤོག་གྲངས་ཀྱི་ཨང་གི་དང་བཅས་པ་བསྐུར་ཡོང།
ལྷ་བླ་མ་ཡེ་ཤེས་འོད་ཀྱིས་བོན་པོ་ཐམས་ཅད་ཁང་པམགཅིག་གི་ནང་དུ་བསྡུས་ནས་མེར་སྲེགས་བཏང་བ་དེ་བན་བོན་དབར་གྱི་ལྟ་གྲུབ་ཀྱི་དོན་ལ་མི་བསད་པ་རེད་དམ་ར་ཕྲུག་བསད་པ་རེད་ཡང་ན་དེ་ཚོ་སེམས་ཅན་གྱི་གྲལ་དུ་མེད་པ་རེད། ལྕང་སྐྱས་རྒྱ་ནག་དང་མཉམ་སྦྲེལ་གྱིས་རྒྱལ་རོང་བོན་རྒྱལ་སྲིན་བལ་སྣུམ་ཅན་ནང་དུ་བཅུགས་ཏེ་གསོན་སྲེགས་བྱས་པ་དེ་བན་བོན་ལྟ་གྲུབ་ཀྱིས་མི་བསད་པ་རེད་དམ་ར་ཕྲུག་བསད་པ
རེད། དགེ་ལུགས་པས་དབུས་ཀྱི་ཇོ་ནང་བསྟན་པ་བསྣུབ་སྐབས་ཞི་བདེའི་ངང་ནས་བསྣུབས་པ་རེད་དམ་མི་གསོད་ཁྲག་སྦྱོར་གྱིས་སྒོ
ནས་བསྣུབས་ཡོད། ར་ལོ་ཙ་བས་སྐྱོ་འདུལ་འཛིན་བསད་པ་དེ་མི་བསད་པ་རེད་དམ་ར་ཕྲུག་བསད་པ་རེད། དེ་ཚོ་ནི་ལོ་རྒྱུས་སུ་བྲིས་པའི་དཔེ་མཚོན་ཙམ་ཞིག་རེད་ད་དུང་ག་ཚད་དགོས་དགོས་འདུག
རང་བརྒྱུད་སྔ་མ་སྔ་མིས་བྱས་ཉེས་ལས་ཉེས་ཡོད་ཚད་པོ་ཐུགས་ལ་ཁྲ་ལམ་མེར་ཤར་ཡོང་དུས། དེང་སང་གི་གྲྭ་རྒན་བླ་རྒན་ཀུ་ཅོ་ཅན་འདི་ཚོ་བློ་ཡོངས་སུ་མ་བདེ་ནས་དབུགས་རིང་དང་ལྷན་དུ་རང་སྐྱོན་རི་བོའི་གཏོས་དང་འདྲ་བ་རྣམས་ལི་ལི་དྲན་ཚོར་སྐྱེན་པོས་དྲི་ངན་ཐལ་ཕུང་ནང་སྦས་སྦས་གནང་མ་ཡོང་ཨ། །
ད་ལྟའི་རང་ཉིད་ཀྱི་མི་ཐོག་འདིར་རྒྱ་ནག་གིས་རང་གི་མི་རིགས་དང་རིག་གཞུང་། ཆོས་བརྒྱུད་དགོན་སྡེ་རྩ་མེད་བཟོ་བཞིན་ཡོད་པ་མཐོང་བཞིན་དུ་ཁ་གྲགས་མི་ཐུབ་པ་དང་། ཆོས་བརྒྱུད་སླད་དུ་རྒྱ་ནག་ལ་སྐྱོན་བརྫོད་ཡིག་ཕྲེང་གཅིག་ཀྱང་བྲིས་མ་མྱོང་བ་དག་གིས་འདས་པའི་ལོ་རྒྱུས་ཀྱི་ནག་ཁུང་ནང་ནས་གསེར་གྱི་བྱེ་མ་རྙེད་པའི་དཀའ་ཚོར་བྱེད་པ་ནི་བྱིས་པའི་ངང་ཚུལ་ལས་མ་འདས་སོ།།
མིག་མཐོང་ལག་ཟིན་རྒྱ་ཡི་བྱ་སྤྱོད་ལ།།
མ་མཐོང་མ་ཐོས་མིག་རྣ་བཀབ་ནས་བཞུགས།།
ནང་འཁྲུག་ཀུན་སློང་ངན་པས་དུས་རྟག་ཏུ།།
ཀུ་ཅོ་རྣར་གཟན་གླིང་ཀུན་བསྒྲོགས་པ་མཚར།།
བན་དེ་ལེགས། དོགས་སློང་གནང་པར་ཐུགས་རྗེ་ཆེ། ཉིད་ཀྱིས་གསུང་ལ་དག་ལ་ལན་མདོར་བསྡུས་ཞུ་ན།
༡༽ལྷ་བླ་མ་ཡེ་ཤེས་འོད་ཀྱི་གནད་དོན། སྤུན་སོ་སོའི་དབར་ཕྱོགས་ཁག་དབང་ཆ་འཐབ་རྩོད་ཡོད་པ་ཡོངས་གྲགས་རེད། གུ་གེའི་གསང་བ་ཟེར་བ། ད་དུང་བདེན་པའི་གནས་ལུགས་གསལ་བོ་ཞིག་ཐག་གཅོད་ཐུབ་མེད་པས་ཕྱོགས་གཅིག་གིས་བཤད་ཐབས་སྒྲུབ་ཐབས་མི་འདུག
༢༽ ལྕང་སྐྱས་རྒྱ་ནག་དང་མཉམ་སྦྲེལ་གྱིས་རྒྱལ་རོང་ལ་དམག་བརྒྱབ་པ་ཆབ་སྲིད་དང་དབང་བསྒྱུར་ཁོ་ནའི་དོན་ཡིན་པ། གོང་མ་ཆིང་ལུང་གི་ལོ་རྒྱུས། སྐབས་དེའི་དམག་དཔོན་རྣམས་ཀྱི་གནས་ཚུལ་ལས་གསལ་བོར་ཤེས་ཐུབ། སྐབས་དེའི་ཆོས་ལུགས་ལག་ཆ་ཙམ་རེད
༣༽དགེ་ལུགས་པས་དབུས་ཀྱི་ཇོ་ནང་བསྟན་པ་བསྣུབ་པར་གནད་དོན་གསུམ་ཡོད། གཅིག་ཇོ་ནང་ཡུལ་དེའི་དཔོན་རིགས་དབར་འགལ་བ་ཡོད་པ། གཉིས་སྔོན་འགྲོ་པཎ་ཆེན་གྱི་སྒེར་འཁོན། གསུམ་ཇོ་ནང་ཀར་སྲིད་ཀྱི་ཕྱོགས་སུ་ལང་པ་བཅས། ཆབ་སྲིད་དང་མི་རབས་བར་ཀྱི་འཐབ་རྩོད་ཅིག་ཡིན་པ། དོལ་པོ་པ། གྲོལ་མཆོག ཏཱ་ར་ནཱ་ཐའི་རྣམ་ཐར་མ་བཅོས་ལྷུག་པ་བཅས་ན་གསལ་བོ་ཡོད།
༤༽ར་ལོ་ཙས་རྡོ་རྗེ་འཛིན་པ་བཅུ་གསུམ་བསད་པ་དེ། ཁོང་ལ་གུས་ཞབས་མ་བྱས་པ། རྙེད་བཀུར་ལ་གནོད་པས་བྱུང་བ་ཡིན་པ་ཁོ་རང་གི་རྣམ་ཐར་ན་གསལ། རྣམ་ཐར་ནང་དུ་ལང་ལབ་བསད་པའི་ལོ་རྒྱུས་སོགས་རྫུན་མ་ཡིན་པ་ལོ་རྒྱུས་གཞན་གྱིས་ཁོང་རྟོལ་ཐུབ་པས་རྣམ་ཐར་ལ་འཁོད་ཚད་བདེན་པ་དག་། དངོས་བྱུང་ཡིན་མི་དགོས། ཕྲན་གྱིས་སྨྲས་པ་འདི་དག་བོད་ཀྱི་ལོ་རྒྱུས་པོད་བརྒྱ་ཙམ་ལ་བལྟས་ཤིང་། དཔྱད་དེ་བཤད་པ་ཡིན། ཕྱོགས་གཅིག་ཁོ་ན་ལ་ཞེན་པ་མེད་སྙམ།
༥༽ད་ལྟའི་གནས་སྐབས་ཀྱི་ཀླུ་མཁར་བྱམས་ཀྱི་རྩོད་པ་ནི་ཚིག་གི་འགྲེལ་ཚུལ་གྱིས་ལས་བྱུང་བས། གལ་ཏེ་དམག་འཁྲུགས་བྱུང་ན་ཆོས་ལུགས་ཀྱི་དམག་འཁྲུགས་ཟེར་སྲིད་པ་རེད། དེ་ཡང་དོན་དུ་རང་བཙན་དང་དབུ་མའི་ཕྱོགས་གཉིས་བར་ཀྱི་འགལ་བ་སྟེ། ལོ་རྒྱུས་མགོ་མཇུག་ཤེས་མཁན་ཞིག་ཡིན་ཚེ་ཆབ་སྲིད་ཀྱི་འགལ་བ་ཞིག་ཏུ་ཐག་བཅད་དེ་བཤད་ཆོག ལོ་རྒྱུས་ཀྱི་གནས་ཚུལ་ཚང་མ་འདི་འདྲ་རེད། ཕྱོགས་ཡོང་ནས་མ་བསྡུར། རྒྱབ་ལྗོངས་མ་ཤེས་པར་རང་འདོད་ཁོལ་ཕྱུང་། ཚིག་ནག་ཐལ་ཆོད་ཀྱིས་འགྲེལ་བ་བྱས་ན་དེ་འདྲའི་ལོག་རྟོག་འབྱུང་སྲིད་ལེགས། ། ངས་མ་ཤེས་མ་གོ་པ་གང་ཡོད་ལ་མཛུབ་མོས་རི་སྟོན་གནང་བར་ཞུ། ། ཕྲན་དྲི་མེད་པས།
མཁྱེན་ལྡན་དྲི་མེད་ལགས་ཁྱེད་རང་ལ་དག་སྣང་དང་མཐུན་ཕྱོགས་ཀྱི་ལྟ་བ་ཡོད་པར་ངོས་ནས་རྗེས་སུ་ཡི་རངས་དང་བསྔགས་བརྗོད་ཡོད། འོན་ཀྱང་ལོ་རྒྱུས་རང་དུ་གསལ་བ་ནི། ཆོས་ལུགས་ཀྱི་ཆགས་སྡང་དབད་གིས་ཡིན་པར་གསལ་པོར་ཡོད། ལྕང་སྐྱ་ནི་ཆབ་སྲིད་པ་མ་རེད། ཁོང་གིས་རྒྱ་ནག་དང་ལག་སྦྲེལ་གྱིས་རྒྱལ་རོང་བོན་རྒྱལ་གྱིས་གཙོས་པའི་རྒྱལ་རོང་གི་བོན་དགོན་དགེ་ལུགས་སུ་བསྒྱུར་བ་དང་བོན་པོ་རྣམས་དབང་དུ་བསྡུས་པ་སོགས་བྱས་པ་ནི་ལོ་རྒྱུས་ལས་གསལ། གཞན་ཡང་ལྕང་སྐྱས་རྒྱ་ནག་གོང་མ་ལ་ཡི་གེ་བཏང་གནས་སུ་རྒྱལ་མོ་རོང་འདིར་ལྟ་ལོག་གི་ཆོས་ལུགས་འདུག་པས་འདི་དག་རྩ་མེད་བཟོ་རོགས་ཟེར་ནས་གསལ་པོར་ལོ་རྒྱུས་སུ་འཁོད་ཡོད། དེ་བཞིན་ལྷ་བླ་མ་ཡེ་ཤེས་འོད་ཀྱི་རྣམ་ཐར་དང་དེའི་སྐབས་སུ་ཁོང་རང་ཉིད་ཀྱིས་བྲིས་པའི་ཆོས་ལུགས་ཀྱི་ཁྲིམས་ཡིག་ནང་དུ་མངའ་རིས་སྟོད་ཀྱི་བོན་པོ་རྣམས་ཕྱོགས་གཅིག་ཏུ་བསྡུས་ནས་ཁང་པ་གཅིག་གི་ནང་དུ་མེར་སྲེགས་བྱས་པར་གསལ་པོར་འཁོད་ཡོད། འདི་ཚོ་ནི་ཆབ་སྲིད་ཡིན་རུང་གང་ལྟར་ཆོས་ལུགས་གྲུབ་མཐའི་ཆགས་སྡང་གིས་ཆོས་དམག་བརྒྱབ་པར་ངོས་འཛིན་བྱེད་དགོས་པ་རེད། དཔེར་ན་དེང་སང་ཁ་ཆེའི་ཆོས་དམག་ཅེས་པ་ལྟ་བུ་གཅིག་མཚུངས་རེད། ད་དུང་མང་པོ་ཞུ་རྒྱུ་ཡོད་མོད་མཚན་གཞི་ཙམ་དུ་ཕུལ།
འགའ་ཞིག་གིས་རང་གི་ཆོས་ལུགས་རྩ་མེད་དུ་གཏོང་མཁན་རྒྱ་ནག་ལ་སྐྱོན་བརྗོད་ཀྱི་ཡི་གེ་མི་འབྲི་བར། ནང་ཁུལ་གྱི་འདས་པའི་ལོ་རྒྱུས་ལ་འབྲི་སྟངས་འདི་ཚོར་མ་འོས་ཚུལ་བཤད་ཡོང་གི་འདུག རྒྱ་ནག་གིས་བོད་ཀྱི་སྣོད་བཅུད་ཡོང་རྫོགས་ལ་འདྲ་མཉམ་གྱིས་གཏོར་བཅོམ་བྱས་པ་རེད། དེ་ནི་ཡུལ་ལུང་ཀོར་ཙེ་བར་སྲིད་པ་ཆགས་འཇིག་བྱུང་བ་རེད་དམིགས་ཀྱིས་ཆོས་ལུགས་ཀྱིས་ཆགས་སྡང་དབང་གིས་བྱས་པ་མ་རེད། འོན་ཀྱང་རྒྱ་ནག་ལ་བོད་མི་སྤྱི་བོ་གནམ་བསྟན་ཡོངས་ཀྱིས་ཕར་རྒོལ་ནུས་ཚད་བྱས་ཡོད། འོན་ཀྱང་བོད་མི་རིགས་ནང་ཁུལ་སྤུན་ཟླ་ཡིན་མདོག་བཤད་རུང་ནང་ཁུལ་གྱི་ཆགས་སྡང་ནི་རྒྱ་ནག་ལས་ཀྱང་སྡུག་པོར་བརྩི་བཞིན་ཡོད། དེ་ཡིས་བོད་མི་རིགས་གཅིག་བསྒྲིལ་མི་ཡོང་བ་དང་མི་རིགས་ལ་ཞེན་ཁོག་དང་ལ་རྒྱ་མི་འབྱུང་བའི་རྒྱུ་མཚན་གཙོ་བོ་ཞིག་ཏུ་གྱུར་ཡོད། བོད་མིས་བོད་མི་བསད་པ་དང་རྒྱ་ནག་གིས་བོད་མི་བསད་པ་གཉིས་མི་མཚུངས། བོད་མིས་བོད་མིའི་ཆོས་དང་རིག་གཞུང་རྩ་མེད་གཏོང་རྩིས་དང་ཕྱི་མི་རྒྱ་མིས་བོད་ཀྱི་ཆོས་རིག་རྩ་མེད་གཏོང་རྩིས་བྱེད་པ་གཉིས་ལ་ཁྱད་པར་ཆེན་པོ་ཡོད།
ལེགས་སོ། ལྕང་སྐྱ་དང་ཀརྨ་པ་གཉིས་ཀྱིས་བོད་མི་རིགས་བཙོང་ཞིང་དེའི་གཟི་བརྗིད་རྒྱ་ཐོབ་ཀྱིས་བོད་མགོ་མནན་པའི་ལོ་རྒྱུས་རྣམས་ནི་ཞུ་ཕོད་མི་འདུག །རྒྱ་ནག་གི་ལོ་རྒྱུས་མང་པོར་ཤིན་ཏུ་གསལ་པོ་ཡོད། ཀློག་ན་སེམས་སྐྱོ་བ་མང་པོ་བྲིས་འདུག དེ་གཉིས་ཀས་ཆོས་དོན་མ་རེད། རང་གི་ཐོབ་རྩོད་བྱས་པ་རེད། ཡང་བོད་ཀྱི་དཔོན་རིགས་དང་བླ་མས་རྒྱ་སོག་གི་ཐོབ་བླང་ནས་བོད་དོན་ཤ་སྟག་སྒྲུབ་ནས་ཡོད་མཁན་ཡང་ཡོད། དཔེར་ན་འགྲོ་མགོན་ཆོས་རྒྱལ་འཕགས་པ། རྒྱལ་དབང་ལྔ་བ། སྡེ་སྲིད་སངས་རྒྱས་རྒྱ་མཚོ། མི་དབང་ཕོ་ལྷ་བ་ཡབ་སྲས་ལྟ་བུ་རེད། ཕྱི་ནས་བསྟུན་ཅི་ཐུབ་དང་། ནང་ནས་རང་སྲིད་སྲ་བརྟན་ཡོང་ཐབས་ལ་འབད་འདུག
རྒྱལ་རོང་གི་ལོ་རྒྱུས་ཆབ་སྲིད་ཁོ་ན་རེད་ཅེས་ཐག་བཅད་དེ་ཞུ་ཆོག གོ་སྐབས་དེ་དང་བསྟུན་ལྕང་སྐྱས་བོན་དྲག་པོས་སྒོ་ནས་བསྣུབ་པ་དངོས་ཡོད་རེད། མཉམ་དུ་རྙིང་པ་རྣམས་ཀྱང་མེད་པ་བཏང་འདུག དམག་འཁྲུགས་འདིའི་ཆེད་དུ། དང་པོ་གསང་ཉུལ་པ། དེ་ནས་རྒྱ་རོང་རྒྱལ་ཁག་གི་བར་དུ་དབྱེན་བྱེད་མཁན་། དེའི་སྐུ་རིམ་དུ་དཔལ་ལྡན་ལྷ་མོའི་སྦྱིན་བསྲེག་གནང་པ་ཚང་མ་ཁོང་གི་འཆར་གཞི་རེད། མ་ཟད་རྗེས་སུ་བྱ་དགའ་ཡང་ཁོང་གིས་བླང་འདུག འདིའི་ལོ་རྒྱུས་ཤེས་པར་འདོད་།
(大小金川之乱平定)ཞེས་པའི་སྐོར་ལ་ཡིག་ཆ་མང་པོ་ཡོད་པས་བསྡུར་ན་ཤེས་ཐུབ།
དྲི་མེད་ལགས། རྒྱལ་དབང་ལྔ་བས་བོད་དོན་ཤ་སྟག་བསྒྲུབ་ཟེར་ན་རྫུན་རེད། ཡིན་ངོ་མ་དགེ་ལུགས་པའི་དོན་ཤ་སྟག་བསྒྲུབ་པ་རེད།
ལྕང་སྐྱས་མན་ཇུའི་ངོ་སྲུང ཆེད་དུ་མཐུ་གཏད་སོགས་བྱེད་ཁུལ་བྱས་འདུག དོན་དུ་དགེ་ལུགས་པ་ལ་མཐུ་ནུས་པ་ཟེར་བ་ཞིག་མེད་པ་ཡོངས་གྲགས་ཡིན་པས་དེས་ནུས་པ་ཅི་ཡང་ཐོན་ཡོད་ཀྱི་མ་རེད། རྒྱལ་རོང་གི་རྙིང་མ་པ་དང་བོན་པོ་སོགས་བསྣུབས་འདུག་དེ་ནི་ཆབ་སྲིད་ཀྱི་རྩོད་རྙོགས་དང་འབྲེལ་ནས་བྱུང་བ་ཞིག་ལས་ཐོག་མའི་ཀུན་སློང་ཅི་ཡང་མ་རེད།
དམར་མཆོད་གཏོང་བར་གོམས་བསྡད་ཡོད་མཁན་ཚོས་ནམ་ཡིན་ཡང་ཆོས་ལུགས་ཟེར་བ་ཞིག་གླེང་ཡོང་དུས་བསད་རབས་གཏུབ་རབས་ཤ་སྟག་སེམས་ལ་དྲན་ཡོང་གི་ཡོད་ངེས་རེད།
བསྣུབ་བཤིག་གཏོར་གསུམ་ལ་གོམས་ཁ་བཟང་བའི་ཆོས་ལུགས་པ་ཚོ་ག་དུས་ཡིན་ནའང་བསྣུབ་རྒྱུ་ཞིག་གང་ན་འདུག་ལྟ་བསྡད་ཡོད་ངེས་རེད། ཀུ་ཅོ་དང་ཆོ་ངེ་འདེབས་ནས་སྨོན་ལམ་ཡང་ཅིག་ཅིག་བསྣུབ་མག་མག་བཤིག་གང་གང་གཏོར་ཟེར་ནས་ལུང་པ་སྐད་ངན་གྱིས་བསྐངས་ནས་བསྡད་ཡོད་མུས་རེད། བསྣུབ་བཤིག་གཏོར་གསུམ་དེ་ཚོ་རང་ཉིད་ཀྱི་ཐོག་ལ་བབས་པའི་དུས་ཤིག་ཚེས་ན་ག་འདྲ་ཡོང་མིན་བློ་རྒྱ་ཁྱི་རྐུབ་འདྲ་བ་དེས་བསམ་བློ་ཡག་པོ་གཏོང་དགོས་པ་རེད་ད། །
དྲ་གྲོགས་རྣམ་པས་བསམ་ཚུལ་མང་པོ་བཤད་གདའ། འོན་ཀྱང་དེ་སྔ་ལོ་རྒྱུས་རྣམས་སུ་ཁ་གསལ་མེད་པ་རྣམས་གཙོ་འདོན་བྱས་ནས་བཤད་པ་ཡོད། གཞན་འབྲི་གུང་དང་ས་སྐྱ་གཉིས་བར་འཁྲུགས་རྩོད་དང་། ཕག་གྲུ་དང་ས་སྐྱ་གཉིས་བར་འཁྲུགས་རྩོད་དེ་དག་བཤད་མེད། ཅི་ཡིན་ཞེ་ན་དེ་ཚོ་ཡོངས་གྲགས་རེད། ངས་ནམ་རྒྱུན་རྩོམ་ཡིག་འབྲི་དུས་ལོ་རྒྱུས་སྤྱི་ཁོག་ནང་ལ་མ་གསལ་བ་རྣམས་གཙོ་འདོན་བྱེད་ཀྱིན་ཡོད།
བོད་ལ་རྒྱ་གར་གྱི་བྱ་སྤུ་མགོ་དེ་ཡོང་བ་ནས་བཟུང་ཆོས་པ་བཤན་པར་གྱུར་བ་རེད། ལུས་ལ་ཆོས་གོས་གྱོན། ལག་ཏུ་བཤན་གྲི་བཟུང་། ཡུལ་མཁར་མེ་ལ་བསྲེག བཙུན་པའི་མགོ་སྐེ་བྲེག ད་དུང་བསྟན་པ་སྤེལ་ཚུལ་བཤད། བླ་མ་བཟང་ལུགས་བཤད། སངས་རྒྱས་ཆོས་ལུགས་འདི་རྒྱ་གར་ནས་དམག་འཁྲུག་འགོག་བྱེད་རེད། བོད་ནས་དམག་སྣ་འདྲེན་བྱེད་རེད། དངོས་གནས་ཡིད་སྐྱོ་བ་ཞིག་རེད།
རང་ཉིད་ཀྱིས་དགེ་སློང་དང་བཙུན་པ་གདང་ལ་བཏགས་ནས་སྡེབ་གསོད་བྱས་པ་ཕར་བཞག་ནས་ཆོས་ལུགས་ག་གེ་མོས་སེམས་ཅན་དམར་མཆོད་བྱེད་ཟེར་ནས་སྣ་གཉེར་གཉེར་འདྲ་བྱེད། ཡ་ང་བ་རང་རེད།
མི་དམར་མཆོད་བྱེད་པར་གོམས་བསྡད་མཁན་ཚོས་དུས་རབས་ཉེར་གཅིག་པ་འདིའི་ནང་དུ་ད་དུང་ཡང་གོམ་སྲོལ་ངན་པ་དེ་དོར་མི་འདུག དགེ་སློང་བསད། དགེ་ཚུལ་བསད། གཞན་དག་སྨྲོས་ཅི་དགོས།
ཧ་ཧ།
ང་བོད་ནས་རྒྱ་གར་ལ་འོངས་ནས། སློབ་གྲྭར་སྡོད་དུས། རྒྱ་གར་ལུང་པ་ཆེར་དྲགས་པས། ལུགས་འདི་དང་འདི་ཞེས་བཤད་མཁན་མེད་པར་ཞི་བ་འདུག་བསམས་ཀྱང་། ད་ལྟ་དུས་ལུང་པ་ཆེ་བ་ཙམ་རེད་མི་འདུག་ རང་བཞིན་གྱིས་མི་རིགས་ལ་གནོད་འཚེ་མེད་པ་དེ། རྒྱ་གར་གྱི་ལུགས་སྲོལ་ཡིན་འདུག་པས། བོད་མིར་མ་ཟད་འཇིག་རྟེན་མི་རིགས་ཡོངས་ཀྱིས་གཞན་ལ་འཚེ་བ་དེ་སྤང་ན། འཇིག་རྟེན་དུ་ཞི་བ་འབྱུང་། སྔོན་རྒྱ་གར་དུ། རྩོད་པ་རྒྱབ་རེས་ཀྱིས་གཞན་ལུགས་ཚར་བཅད་པ་མང་དུ་བཤད་ཡོད་ཀྱང་། མི་མངས་ཕལ་གྱིས་ཆོས་ལུགས་ཚང་མ་ལ་རྩི་བ་ནི།
་
རྟག་ཏུ་ལྟ་བ་སྣ་ཚོགས་ཀྱིས།
ཁྱིམ་པས་ལྟ་བ་སྦྱང་བར་དཀའ།
གཞན་ལ་འཚོ་བ་རག་ལུས་པའི།
དགེ་སློང་གིས་ནི་འཚོ་བར་དཀའ།།
་
མཛེས་དགའ་བོའི་སྙན་དངགས་ལེའུ་༡༣པའི་ཚིགས་བཅད་༡༨པ། ཆོས་མངོན་པ་མཛོད་རང་འགྲེལ་གནས་༤པའི་ཚིགས་བཅད་ ༨༦པའི་རང་འགྲེལ་སྐབས་སུ་དྲངས་པ། བོད་ཀྱི་སྒྲ་སྒྱུར་པ་བནྡེ་དཔལ་བརྩེགས་ཀྱིས་བསྒྱུར་ཏོ།
ཆོས་སྤོང་གི་ལས་བསགས་ན་རྣམ་སྨིན་ཅི་ཞིག་མྱོང་དགོས་པ་རྣམ་པར་འཐག་པའི་མདོ་དང་ཐུབ་བསྟན་ཕྱི་དོར་སོགས་ལ་གཟིགས་ན་ཤེས།
སློབ་དཔོན་ཟླ་བ་གྲགས་པས། མི་བཟོད་ལས་གཞན་སྡིག་པ་ཡོད་མ་ཡིན། སྐབས་དེར་བྱང་ཆུབ་སེམས་དཔའ་ལ་སྡང་ན་སྡིག་པ་ཅི་ཡོད་གསུངས་ཡོད་པས་ཞིབ་འགྲེལ་ག་ལ་དགོས། སྐྱེས་བུ་ཆེན་པོ་དག་ལ་སྨོད་པ་ནི་ལས་མ་ཡིན་པསཉེས་པ་ཚབ་ཆེན་རེད་ལ་སྤོང་དགོས་པ་རེད།
ཆོས་པ་ཞིག་ཡིན་ན་རང་སྐྱོན་བཙལ་ནས་སྟོབས་བཞིས་བཤགས་སྦྱང་བྱེད་པ་དང་། གཞན་གྱི་བྱ་སྤྱོད་ལ་དག་སྣང་སྦྱང་དགོས་པ་དེ་ཡང་ཆོས་ཀྱི་ཉམས་ལེན་ཞིག་ཡིན་པ་འདྲ།
དེ་མིན་འཇིག་རྟེན་རྐྱང་བའི་དབང་དུ་བཏང་ན་བསད་དགོས་པ་དེ་གསོད་དགོས་པ་རེད་ལ་གཏུབ་དགོས་པ་དེ་ཡང་གཏུབས་ནས་འཇིག་རྟེན་དབང་དུ་བསྡུས་པ་དེ་ཕུལ་བྱུང་གི་མི་སྣ་ཞིག་གི་མཛད་ཕྲིན་ལ་རྩིས་ཆོག་གི་རེད། དེ་ལ་སྐད་ཤོར་བ་དང་ངུ་དགོས་བྱུང་ན་སྡུག་གྱོང་རེད། སོ་སོས་མ་འཇོན་པ་དེ་གཞན་ལ་ཁག་དཀྲིས་ས་ཡོད་མ་རེད།
དགེ་འདུན་རྒྱ་མཚོ་ལགས། ཆོས་འབག་གྱོན་ནས་དགེ་ཚུལ་སློང་གསོད་པ་འདི་ཆོས་ལུགས་པ་ཞིག་གིས་བྱེད་པ་ལྟ་ཅི་བསམ་པ་ཙམ་ཡང་ག་ལ་རུང་། འཇིག་རྟེན་རྐྱང་པའི་དབང་དུ་བྱས་ནའང་ཡ་རབས་དང་མ་རབས་གཉིས་ཡོད་པའི་ཕྱི་མ་དེའོ། མ་གཞི་ནས་བླ་མ་དང་དགེ་སློང་གི་མིང་ཡོད་མཁན་ཞིག་ལ་འཇིག་རྟེན་རྐྱང་པའི་དབང་དུ་གཏོང་རྒྱུའི་བྱ་བ་ཞིག་ཡོད་ན་དེ་ནི་ལྟས་ངན་འབའ་ཞིག་གོ དེ་ལས་ཀྱང་སུ་ལ་བརྙས་པ་དེར་སྡུག་གྱོང་རེད་ཟེར་ན་ནི་དམ་པའི་ཆོས་ལུགས་ཕར་ཟད་འཇིག་རྟེན་མྱི་ལུགས་ཀྱི་མཚམས་ཚིགས་ལས་ཀྱང་རིང་དུ་བརྒལ་སོང་བ་ཡིན་པས་མི་ལུགས་ཀྱི་སྐད་ཆ་བཤད་རྒྱུར་ངལ་བ་བསྟེན་པར་མི་བྱའོ།
གང་ལྟར་མདུང་སོ་ནང་གཏད་ཀྱི་བྱ་ངན་དེ་དག་གིས་་ཕྱི་དགྲ་ནང་ལ་དྲངས། ནང་མི་ཕྱི་ལ་ཕུད་དེ་ད་ལྟའི་ཡ་ང་བའི་གནས་སྟངས་བཟོད་དཀའ་བ་འདི་བྱུང་བ་ཡིན་མོད། འདི་ལ་ཁོ་བོས་སྡུག་གྱོང་ཞེས་མི་བརྗོད་པར་སྙིང་རྗེ་ཞེས་བརྗོད་རྒྱུ་ཡིན།
ལ་རྒྱ་ཕྱོགས་རེ་བའི་དབང་གིས་གསོད་མི་དགོས་པ་ཞིག་བསད། གཏུབ་མི་དགོས་པ་ཞིག་གཏུབས་སོང་བས་ད་ནི་ཚད་འདི་འདྲ་ཞིག་ཏུ་བསྐྱལ་ཟིན་འདུག་གོ
བསིལ་ལྡན་ཁ་བའི་ལྗོངས་ཆེན་པོ་འདིར་སངས་རྒྱས་ཀྱི་བསྟན་པའི་ཉི་མ་རིན་པོ་ཆེ་མ་ཤར་གོང་དུ་བོད་དང་ཞང་ཞུང་དུ་དུད་འགྲོ་ཡན་ཆོད་ནས་མི་མན་ཆད་དམར་མཆོད་བྱེད་གི་ཡོད་ཚུལ་རྒྱའི་ཐང་ཡིག་ལས་ཉི་མ་རྒྱབ་ཤར་ལག་པས་མི་ཁེབས་པའི་ཚད་དུ་བསྟན་ཡོད། ཁར་སང་ངས་རྒྱ་གར་གྱི་ཧིན་དྷུ་ཚོས་དམར་མཆོད་བྱས་ནས་ཉེས་མེད་དུད་འགྲོ་དགོས་མེད་དུ་གསོད་བཞིན་པའི་བརྙན་དུམ་ཞིག་མཐོང་སོང་། བརྙན་དེའི་གཤམ་དུ་དྲ་ཉུལ་བ་ཞིག་གིས་་”ཆོས་ལུགས་འདི་ལྟ་བུ་ཞིག་དང་ནམ་སྐྱེ་བ་ཚེ་རབས་ཐམས་ཅད་ལ་མ་འཕྲད་པར་ཤོག”ཅེས་སྨོན་ལམ་བཏབ་པ་བཀོད་འདུག ངས་དེ་མཐོང་སྐབས་སུ་བསམ་བློ་འདི་ལྟར་འཁོར་སོང་། ང་ཚོའི་ཆོས་རྒྱལ་མཁན་སློབ་བཀའ་དྲིན་ཅན་ཚོའི་བཀའ་དྲིན་ལས་ང་ཚོ་འཚེ་མེད་ཞི་བའི་ཆོས་བདུད་རྩི་ལྟ་བུའི་གྲིབ་བསིལ་ལ་ལོངས་སུ་སྤྱོད་པའི་གོ་སྐབས་བྱུང་བ་རེད་མ་གཏོགས་ང་ཚོས་ཀྱང་དེང་དུས་སུ་འདི་ལྟར་དམར་མཆོད་ཤ་སྟག་བྱས་ནས་བསྡད་ཡོད་པ་རེད་ཨང་བསམ་བྱུང་།
རེད་རེད་དུས་རབས་བདུན་པའི་ཡར་སྔོན་དུ་དུད་འགྲོ་དམར་མཆོད་ཕུལ་ནས་བོད་རྒྱལ་སོ་གཉིས་རིང་ལ་རང་བཙན་ལག་ཏུ་ཡོད་ཅིང་བོད་ཡུལ་སྐྱིད་པའི་དཔལ་ལ་ལོངས་སུ་སྤྱད་ཡོད། དུས་རབས་བདུན་པའི་རྗེས་ནས་བཟུང་སྟེ་མི་དམར་མཆོད་ཕུལ་ནས་ཁྱོད་ཤི་ང་གསོན་གྱིས་ནང་འཛིང་ཁོ་ནས་དུས་འདས་པས་མཐར་རང་ལག་ཏུ་ས་སྤར་བ་གང་མེད་པའི་སྐལ་ངན་འདི་ལྟ་བུར་ཤར་བ་མ་རེད་དམ། དམ་ཆོས་བདུད་རྩི་ལྟ་བུའི་གྲིབ་བསིལ་འོག་ནས་མི་ཡུལ་དུ་ཁྱི་བཞིན་འཁྱམས་དགོས་པ་འདི་བྱུང་བ་མ་རེད་དམ།
སྟོན་པ་གཅིག་དང་བསྟན་པ་གཅིག་སྨྲ་མཁན་ཚོས་གཟབ་དགོས།
ར་སེ་དཀོན་མཆོག་རྒྱ་མཚོ།
ད་ལྟ་ཕྱི་ནང་གང་སར་མགོ་ཆེ་བའམ། ཁྲི་ལ་འགྱིང་བ་རང་གཞན་གྱིས་ཆེན་པོར་རློམ་པ་ཚོས། གླུ་བརྒྱ་མགྲིན་གཅིག་གམ་གླུ་བརྒྱ་གདངས་གཅིག་གིས། རང་རེ་ནི་སྟོན་པ་གཅིག་དང་བསྟན་པ་གཅིག་གི་རྗེས་ཞུགས་ཤ་དག་ཡིན། གྲུབ་མཐའ་མི་འདྲ་བ་ཟེར་བའང་གནས་སྐབས་འགྲེལ་བཤད་ཅུང་ཙམ་མི་འདྲ་བ་མ་གཏོགས། མཐར་ཐུག་གཅིག་རང་རེད། དེར་བརྟེན་ཕན་ཚུན་དག་སྣང་སྦྱངས་ཏེ་འཆམ་མཐུན་བྱ་དགོས་པ་རེད། བསམ་མནོ་ཡག་པོ་བཏང་ན་རྩོད་རྒྱུ་ལབ་རྒྱུ་གང་ཡང་ཡོད་མ་རེད་ཟེར་གསུངས་ཀྱི་འདུག་ལ། མངོན་པར་བསྟོད་མཁན་ནམ་དེ་དེ་བཞིན་ནོ་ཞེས་ངོ་བསྟོད་པ་མང་ངོ་།།
ལྷོ་བརྒྱུད་ནང་པ་དང་། ཤར་བརྒྱུད་ནང་པ་བ་རྣམས་ལ་སྟོན་པ་གཅིག་ཅེས་པ་འདི་དོན་མཐུན་དུ་གྲུབ་པ་ཡིན་ལ། བྱང་བརྒྱུད་པའམ་བོད་དར་ནང་པ་ལ་མཚོན་ན། ཚང་མ་སྟོན་པ་གཅིག་དང་བསྟན་པ་གཅིག་ཡིན་ནོ་ཅེས་པ་འདི་ནི་སོ་ཐར་གྱི་སྐབས་སུ་ཡིན་ན་བསྟན་རྩ་འདུལ་བར་འཇོག་པའི་ཆ་ནས་དོན་མཐུན་ཡིན་ལ། གཞན་དུ་འདྲ་ཆགས་པོའི་གཏམ་བཤད་ཅིག་ལས། བོད་ཀྱི་ནང་པ་བའི་ལོ་རྒྱུས་དངོས་དང་འཚམ་པ་ཅིག་གཏན་ནས་མིན།
བོད་ཀྱི་བན་བོན་གཉིས་ཀས་སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞི་འམ། སོ་བྱང་སྔགས་ཀྱི་སྡོམ་པ་གསུམ། རྫོགས་པ་ཆེན་པོ་ཉམས་སུ་ལེན་པའི་ཆ་ནས་ཐ་དད་དུ་འཇོག་རྒྱུ་མེད་པ་ཡིན་ནའང་། བན་གྱིས་སྟོན་པ་ཤཱཀ་ཀྱ་ཐུབ་པ་ཟེར་ཞིང་། བོན་གྱིས་སྟོན་པ་གཤེན་རབ་མི་བོ་ཞེས་ཐ་དད་དུ་འདོད་ཀྱི་ཡོད་པ་ནི་མངོན་སུམ་ཚད་གྲུབ་ཡིན་པས་སྟོན་པ་གཅིག་ཅེས་པ་འདི་དོན་དངོས་དང་མཐུན་པ་ག་ལ་ཡིན།
འདི་ནི་བན་དེའི་ཕྱོགས་ལ་ཟེར་བ་ཡིན་ནོ་ཟེར་སྲིད་ནའང་། བོད་ཀྱི་ནང་པ་ལ་མདོ་སྔགས་ཀྱི་སྟོན་པ་རྣམ་གཉིས་ཞེས་པའི་རྣམ་གཞག་ཡོད་ལ། སྤྲུལ་སྐུའི་སྟོན་པ་དང་དེས་གསུང་པའི་ཆོས། ལོངས་སྐུའི་སྟོན་པ་དང་དེས་གསུངས་པའི་ཆོས། ཆོས་སྐུའི་སྟོན་པ་དང་དེས་གསུངས་པའི་ཆོས་ཀྱི་རྣམ་གཞག་སོགས་ཀྱང་ཞིབ་མོར་ཡོད་པས་ན། རྫོགས་ཆེན་སྟོན་པ་བཅུ་གཉིས་སོགས་ཀྱང་ཡོད་པས། སྟོན་པ་གཅིག་དང་བསྟན་པ་གཅིག་ཡིན་ཟེར་བ་འདི་ནི་བོད་ལ་ཇི་ལྟར་འཚམ།
གཞན་ཡང་ཤར་ནུབ་ཀྱི་རིག་པ་སྨྲ་བ་ཚོས་བོད་ཀྱི་བླ་མའི་ཆོས་ལུགས་ཟེར་བ་འདི་ནི། སྒྲོ་འདོགས་དང་བཀུར་འདེབས། འོལ་ཚོད་དང་ལོང་བཤད་བྱས་པ་ཅིག་མ་ཡིན་པར། རྒྱ་གར་གྱི་ནང་བསྟན་དངོས་དང་མི་མཐུན་པའི་ཁྱད་ཆོས་མང་པོ་ཅིག་རང་རེའི་བླ་མ་གོང་མ་ཚོས་སྲོལ་གཏོད་པར་བྱས་པ་ཤ་དག་ཡིན་པས། འདི་ལ་འང་སྟོན་པ་ཅིག་འཇོག་དགོས་ཏེ། ནང་པའི་ལུགས་དངོས་མ་ཡིན་པའི་གནད་ཡོད་ལ། སྟོན་པ་གཉིས་ཀྱི་བསྟན་པ་གཉིས་ཞེས་པ་འདི་དོན་དངོས་ཡིན།
དེས་ན་སྟོན་པ་གཅིག་དང་བསྟན་པ་གཅིག་ཅེས་པ་འདི་ལྷོ་བརྒྱུད་ནང་པའི་བཞེད་པ་ལྟར་གསུང་པ་ཡིན་ནམ། བོད་བརྒྱུད་ནང་པ་ལྟར་གསུང་པ་ཡིན། སྔ་མའི་ལུགས་བཞིན་ཡིན་ཟེར་ན་ནི། ཁོང་ཅག་ལ་ཐེག་ཆེན་དང་སྔགས་སྐོར་ནི་རྩ་བ་ནས་མེད་པས་དེ་དག་ཀྱང་ཤུགས་ཀྱིས་འདོར་དགོས་པ་མ་ཡིན་ནམ། ཕྱི་མ་ལྟར་ཡིན་ཟེར་ན་རྩ་བ་ནས་མི་འཐད་དེ། སྟོན་པ་གཉིས་དང་གསུམ་དུ་ཕྱེས་ཡོད་པས། གཅིག་ཅེས་པ་ཇི་ལྟར་འཇོག་དགོས་བསམ་མནོ་བཏང་མི་དགོས་སམ།
ད་ནས་མ་བརྟགས་མ་དཔྱད་པར་སྟོན་པ་གཅིག་དང་བསྟན་པ་གཅིག་ཅེས་པའི་གླུ་རྒྱང་མི་བྱེད་པར་གལ་ཆེ། ང་ཚོའི་ལོ་རྒྱུས་ལ་ཕྱིར་བལྟ་བྱས་ན། ཉན་ཐོས་སྡེ་པའི་ནང་ཕན་ཚུན་སྟོན་པ་གཅིག་མིན་རྩོད་པ་མ་བྱུང་ཡང་། ཉན་ཐོས་དང་ཐེག་ཆེན་བར་སྟོན་པ་མི་གཅིག་པའི་རྩོད་པ་དང་། མདོ་སྔགས་བར། ལྷག་པར་དུ་བོད་ཡུལ་འདིར་མདོ་སྔགས་ཀྱི་ཡིག་ཆའི་ཐད་མཁས་པ་ཚོས་དག་མ་དག་གི་ཐད་ལ་རྩོད་གླེང་མང་པོ་གནང་མྱོང་བ་རྣམས་ཀྱང་། དོན་དུ་སྟོན་བསྟན་གཅིག་རང་ཡིན་མིན་གྱི་གནད་ལ་ཐུག་ཡོད།
ད་ལྟ་རྒྱལ་སྤྱིའི་རང་བཞིན་གྱི་རྒྱ་གར་གྱི་གནའ་བོའི་ལོ་རྒྱུས་དང་། ནང་པའི་ལོ་རྒྱུས་རིག་གནས་ཞིབ་འཇུག་པ་རྣམས་ཀྱི་བཏོན་པའི་ལྟ་ཚུལ་གསར་པ་ཧ་ཅང་མང་པོ་འདུག་ལ། སློབ་ཆེན་ཁག་ཏུ་ལོ་རྒྱུས་དེ་དག་གཙིགས་སུ་འཛིན་གྱི་ཡོད་པས། ང་ཚོའི་ཆེ་ཕྲ་ཀུན་གྱིས་ཞིབ་འཇུག་གི་འབྲས་བུ་དེ་དག་སྣང་མེད་བཞག་ཐབས་བྲལ་ཡོད་པས། ནང་བསྟན་གྱི་ལོ་རྒྱུས་ཡང་དག་པ་ཅིག་ཤེས་དགོས་ན་དེ་དག་ལ་བརྟེན་དགོས་ལ། སྟོན་པ་གཅིག་དང་བསྟན་པ་གཅིག་ཅེས་པ་དེ་གང་ལ་འཇུག་མིན་གསལ་པོར་ཤེས་དགོས་ངེས་རེད།
ང་ཚོ་བོད་པའི་སྔ་དེང་གི་ཆོས་པ་ཚོས་ད་ཡོད་བཀའ་འགྱུར་དུ་བཞུགས་པའི་མདོ་རྒྱུད་ཚང་མ་སྟོན་པ་ཤཱཀྱ་ཐུབ་པ་སྐུ་ཉིད་ཀྱིས་གསུངས་པར་ཞལ་གྱིས་བཞེས་པ་འདི་ཉིད་གནས་སྐབས་སུ་དད་ལྡན་པའི་ངོར་མཛེས་པ་ཙམ་མ་གཏོགས། མུས་འཐུད་ལྟ་བ་དེས་ཕུགས་འཁྱོལ་བ་ཅིག་ཧ་ཅང་ཁག་པོ་ཆགས་ཟིན་འདུག དེས་ན་ཆོས་པ་ཚོས་རྒྱ་གར་ཆོས་ལུགས་རིག་གནས་རང་གི་འཕེལ་རིམ་ལ་དེང་རབས་རིག་ལམ་བཞིན་དཔྱད་ཞིབ་ཟབ་མོ་གནང་ཐུབ་ན། སྟོན་པ་གཅིག་དང་བསྟན་པ་གཅིག་ཅེས་པའི་འཛིན་མཚམས་གང་ཡིན་གསལ་པོར་རྟོགས་ངེས་རེད།།
སྟོན་པ་ཤཱཀ་ཐུབ་ཟུར་འཇོག་གིས་ངན་སོང་ལས་འདྲེན་པ་པོ། ཞིང་ཁམས་ལ་དྲངས་བ་པོ། འཇིགས་ཀུན་ལས་སྐྱོབ་པ་པོ་ག་གེ་མོ་ཡན་ལ་མེད་ཟེར་ནས་གཙུག་ཏུ་བཀུར་བའི་བྱེད་པོ་སྨྲ་བའི་རང་རེའི་བླ་མའི་ཆོས་ལུགས་དང་། མདོ་རྒྱུད་སོགས་ལ་ཡང་དག་ཡིན་མིན་སོགས་སྔར་གྱི་ཆོས་ལོག་བཀག་པའི་ཡིག་ཆ་རྣམས་ལ་རྒྱལ་སྤྱིའི་ཐོག་ཞིབ་འཇུག་པ་ཧ་ཅང་མང་བས། དེ་དག་གིས་བཏོན་པའི་གནད་དོན་ལ་གཡོལ་ནས་འདྲ་ཆགས་པོས་སྟོན་པ་གཅིག་དང་བསྟན་པ་གཅིག་ཅེས་པའི་ཐ་སྙད་ཀྱིས་སྒྲིབ་བཅོས་བྱ་བ་ནི་རེ་ཞིག་བླུན་པོའི་ངོར་མཛེས་ཀྱང་། མཁས་པའི་ངོར་གནས་ལུགས་ལ་གཡོལ་བར་གྱུར་པ་འདི་ནི་ངོ་ཚ་ཆེ་ཤོས་ཡིན་པའི་ཕྱིར་རོ།།
༄༅། ། བོད་འཇིག་པར་བྱེད་པའི་མདོ་ལ་བོད་པ་རྣམས་ཤིན་དུ་དགྱེས།
སྔར་རྒྱ་ནག་གི་ས་དཔྱད་རྩིས་རིགས་སོགས་སྦྱང་སྐབས་གྲངས་ཉུང་མི་རིགས་འཇིག་པའི་གཞུང་ཞིག་ཡོད་པ་ཐོས་ཏེ། འབད་པས་བཙལ་བས་ཡི་གེ་རྙེད་ནས་ཞིབ་ཏུ་དཔྱད་པ་ཡིན། བོད་པ་རྣམས་རྣམས་ཀྱི་སྔོན་བྱུང་གི་གཟི་འོད་འབར་བའི་ལོ་རྒྱུས་ཅུང་ཟད་གསལ་བོར་བཀོད་ཡོད་པའི་རྒྱ་གཞུང་ནི། ཐང་ཡིག་གསར་རྙིང་གི་བོད་ཀྱི་ལེའུ་རེད། ཐང་ཡིག་ནང་དུ་གཙོ་བོ་རྒྱ་མི་རིགས་ཀྱི་ལོ་རྒྱུས་ཞིབ་ཆ་ཆེ། ལྷག་པར་ཏུ་མི་རིགས་བར་ཀྱི་དམག་འཁྲུགས། དེའི་སྐོར་ལ་འཇུས་བཀོད་པའི་ལོ་རྒྱུས་མང་། མི་རིགས་གཞན་འཇིག་པར་བྱེད་པའི་ཆེད་དུ། རྩིས་གཞི་རྐུང་པ། རྩིས་མགོ་དཀྲུགས་པ། ས་དཔྱད་ལོག་པར་བསྟན་པ་སོགས་གྲངས་ཀྱིས་མི་ཆོད། སྐབས་དེའི་རྒྱ་ནག་གི་དཔྱད་མཁན་རྣམས་ཀྱིས། བོད་ཡུལ་དུ་ལོག་པའི་བསྟན་བཅོས་རྣམས་ཤིན་ཏུ་དར་བའི་དུས་སུ་བོད་འཇིག་ཅེས་བཤད་ཡོད། བོད་ལ་དེ་དག་ནང་འདྲེན་བྱེད་མཁན་རྒྱ་ཟ་གཉིས་དང་། བོད་ཀྱི་བླ་མ་ཆེན་པོ་འགའ་ཞིག་རེད། ལྷག་པར་མིང་རྒྱལ་རབས་སྐབས་སུ་བོད་སོག་ལ་དར་བའི་ཆེད་དུ་ཆེན་པོ་རྣམས་ལ་གསེར་གྱི་རྫོང་པ་བྱས་འདུག སྐབས་དེའི་ཡིད་ཆེས་བྱེད་པའི་སྐྱབས་གནས་རྣམས་ཀྱིས་སྐྱབས་འོག་པ་རྣམས་ལ་དེ་དག་སྤེལ་ནས་བོད་ཡོངས་ལ་ཁྱབ་བཅུག་འདུག ཕལ་ཆེར་ཁོང་ཚོ་ལ་རང་རིགས་བསླུ་བ་དང་། སྐྱབས་འོག་པ་འདོར་བའི་བསམ་བློ་མེད་སྲིད་མོད། གཡོ་འོག་ཏུ་ཚུད་པ་དངོས་ཡོད་གནས་ཚུལ་རེད། དཔེར་། སྐབས་དེའི་ཆེན་པོ་ཞིག་ལ་གསེར་རྒྱ་མ་གསུམ་གྱི་རྫོང་བ་བྱས་ཡོད། ཏྭ་ཆོས་ལུགས་ཀྱི་དཔྱད་བྱེད་མཁན་ཞིག་གིས། བོད་ཀྱི་ཆེན་པོ་ཞིག་ལ། ཁྱོད་མདོ་འདིའི་བཀའ་བབ་རེད། སྤེལ་ཚུལ་འདི་འདྲ་རེད་ཅེས་བཤད་པར་མ་ཟད། ཟླ་ཚེས་འདི་ལྟ་བུ་ལ་གསེར་འདི་འདྲ་འབུལ་མཁན་བྱུང་ཞེས་བཤད་འདུག ལན་གསུམ་ཙམ་དུ་བཤད་པ་ཐོག་ཏུ་ཁེལ་བས་བོད་ཀྱི་ཆེན་པོ་དེས་གཡོ་རྒྱུ་མཁན་གྱི་དཔྱད་མཁན་དེ་ལ་ཕྱག་ཕུལ་འདུག གསེར་ནི་སྐབས་དེའི་རྒྱལ་པོས་ཐབས་ཤེས་བྱས་ཏེ་སྤྲད་པ་རེད། ལོག་པའི་བསྟན་བཅོས་དེ་ཇི་ལྟར་བྱུང་ཞེ་ན། ཐང་ཐེ་ཙོང་ 唐太宗་གིས་ཕྱོགས་བཞིའི་རྒྱལ་ཁམས་དབང་དུ་བསྡུ་བའི་ཕྱིར་དབུ་བླ་呂才་ལཱུ་ཚཱེ་ཟེར་བ་ལ་ཆེད་དུ་རྩོམ་བཅུག་ནས། རྒྱལ་གཞུང་གིས་འགྲོ་སོང་བཏང་སྟེ་སྤེལ་བཅུག་པ་ཞིག་རེད། མདོ་དེའི་མིང་ལ་དམུ་རྒོད་འཇིག་པའི་མདོ་ཟེར། 《滅蠻經》 མདོ་འདིའི་ནང་གི འདྲེ་ལྔ་དང་། ས་བདག རྨེ་འཁོར། སྤར་ཀ་སོགས་ད་ལྟ་རང་རེའི་ལི་ཐོར་བཀོད་པ་དེ་རེད། བཤད་སྟངས་ཕལ་མོ་ཆེ་ལོག་པ་རེད། གུ་རུའི་ལུང་བསྟན་དུ་བོད་ལ་ཉེན་བརྡ་མང་པོ་བཏང་འདུག་སྟེ་ཉན་མཁན་བྱུང་མི་འདུག ས་སྐྱ་པ་ཅུང་ཟད་མགོ་གྲུང་གི་ཟོལ་གྱིས་ཆོས་ལོག་འདི་དག་སྤེལ་རོགས་མ་བྱས་པ་དང་། སྨན་རྩེ་ལྷ་བཙུན་གྱིས་མདོ་འདིའི་གསང་བ་ཅུང་ཟད་རྟོལ་བས་ཁོང་ཁྲིམས་ལ་སྦྱར་ཏེ་བསད་པ་རེད། འོན་ཀྱང་ཕྱིས་སུ་ཕྱི་ནག་གི་རྐྱེན་གང་ཡིན་མི་ཤེས། ས་སྐྱས་ཡང་སྤེལ་དགོས་ཐུག་འདུག གནའ་སྔ་མོ་རྒྱ་ནག་གི་སྟོང་འཇུག་སློབ་ཚེ་དམ་བཅའ་གསུམ་དགོས་པ་རེད། གཅིག་ནི་མདོ་འདིའི་ལོ་རྒྱུས་གཞན་ལ་བཤད་མི་རུང་པ་དེ་རེད། ད་ལྟའི་སྐབས་ཀྱི་(བོད་འཇིག་པའི་མདོ་)་ཡོད་དེ། བོད་པ་རྣམས་ཀྱི་ལག་ལེན་དུ་འདེབས་བཞིན་ཡོད་པའི་དབུ་མ་དང་རང་བཙན་གྱི་རྩོད་པ་རེད། འདི་ཡང་བསམ་བཞིན་དུ་བརྒྱུད་བསྐུལ་བྱས་ནས་བཟོས་པ་ཞིག་རེད། འདི་ལ་རྒྱབ་ལྗོངས་རྒྱ་ཆེ་བ་ཡོད་པས། མཐར་མི་རིགས་འཆི་ལམ་དུ་འདེད་པར་བྱེད་པའི་གདེང་ཚོད་བྱེད་གྱིན་འདུག འདི་ལྟར་གླེང་ན་ཡང་མཚོན་རྩེ་ནང་དུ་བསྐོར་ཟེར་ནས་བཤད་སྲིད་ཀྱང་། ནང་མ་དག་ན་ཕྱི་བརྟན་པོ་མི་ཡོང་པ་ལོ་རྒྱུས་ཀྱིས་བདེན་དཔང་བྱེད་ཐུབ། རང་ཉིད་ཀྱིས་བཤད་པ་ནི་རིག་གཞུང་ཞིབ་འཇུག་ལས། ཆབ་སྲིད་ཀྱི་ཕྱོགས་ལྷུང་གི་སྐད་ཆ་དང་། སྙོག་དྲའིནང་དུ་འཛུལ་འདོད་གཏན་ནས་མེད། ད་ལྟའི་གྲངས་ཉུང་མི་རིགས་ས་ཁུལ་གྱི་རྫོང་ཡོངས་རྫོགས་ཀྱི་སྲིད་གཞུང་། དྲག་དམག བཙོན་ཁང་གསུམ་གྱི་ས་ཆ་ནི་ས་དཔྱད་པས་ཆེད་དུ་འདམས་ཏེ་བསྐྲུན་པ་ཞིག་ཡིན་ཚུལ་རྩིས་རིགས་སློབ་དཔོན་ཞིག་གིས་བཤད་ཀྱང་། ཁོ་རང་ཡང་སྐབས་དེར་དངོས་སུ་ཞུགས་མཁན་གྱི་ས་དཔྱད་པ་ཅིག་རེད། སྐད་ཆ་འདི་རྨོངས་དད་ལྟ་བུ་ཞིག་ཡིན་མོད། དམུ་རྒོལ་འཇོམས་པའི་ཐབས་འཇུས་འདི་ནི་ལོ་རྒྱུས་ཡིན་ལ། དངོས་བྱུང་ཡང་རེད། རྒྱུ་མཚན་ཤེས་འདོད་མཁན་དག་གིས་道藏经་ཞེས་ཏྭ་ཆོས་ལུགས་ཀྱི་མདོ་སྡེ་ཕྱོགས་བསྒྲིགས་རང་རེའི་བཀའ་བསྟན་ལྟ་བུའི་བྱུང་བ་དང་། དེའིནང་གི་བདེན་རྫུན་གྱི་རྣམ་གྲངས་བཤད་པའི་བསྟན་བཅོས་ཁག་དང་། ཁྱད་པར་滅蠻經་ཟེར་བའི་སྐོར་ལ་དཔྱད་པ་་མང་བས་དེར་ཞིབ་འཇུག་གནང་བར་ཞུ། དྲི་མེད་པས།
སངས་རྒྱས་ཆོས་ལུགས་དང་བླ་མའི་ཆོས་ལུགས་བར་གྱི་མི་འདྲ་ས་བཅུ།
Original 2017-03-28 志美坚 羊兄乐园
སངས་རྒྱས་ཆོས་ལུགས་དང་བླ་མའི་ཆོས་ལུགས་བར་གྱི་མི་འདྲ་ས་བཅུ།
རྩོམ་པ་པོ། དྲི་མེད་སྤྱན།
༡
སངས་རྒྱས་ཆོས་ལུགས་ལ་སངས་རྒྱས་ལས་ལྷག་པའི་དཀོན་མཆོག་ཞིག་མེད་ནའང་། བླ་མའི་ཆོས་ལུགས་ལ་བླ་མ་ཟེར་བ་སངས་རྒྱས་ལས་ཀྱང་གལ་ཆེ་བའི་དཀོན་མཆོག་ཅིག་ཡོད།
༢
སངས་རྒྱས་ཆོས་ལུགས་ཀྱིས། རང་ཉིད་གྲོལ་དགོས་ཚེ་རང་གིས་ཆོས་ལ་སྦྱོང་ནས་དགེ་བ་སྒྲུབ་པ་ལས་གཞན་གྱིས་ཐར་བར་འདྲེན་མི་ནུས་པར་བཤད།
བླ་མའི་ཆོས་ལུགས་ཀྱིས། རང་ཉིད་གྲོལ་དགོས་ཚེ་བླ་མ་ལ་ཞབས་ཞུ་ཡག་པོ་བྱས་ན་རང་གིས་ཆོས་མ་སྦྱོང་ནའང་རང་ཉིད་བླ་མས་འདྲེན་ནུས་པར་བཤད།
༣
སངས་རྒྱས་ཆོས་ལུགས་ལ། ཁྱིམ་པས་དགེ་སློང་ལ་ཕྱག་བྱ། བླ་མའི་ཆོས་ལུགས་ལ། དགེ་སློང་གིས་ཁྱིམ་པ་ལ་ཕྱག་བྱ།
༤
སངས་རྒྱས་ཆོས་ལུགས་ཀྱི། མཁན་རབས་དང་ཆོས་གྲྭའི་ལས་འཛིན་ཡོངས་དང་དགེ་སློང་ཕོ་མོ་ཀུན་གྱིས་འདུལ་བའི་ཁྲིམས་ལ་བརྩི་སྲུང་དགོས།
བླ་མའི་ཆོས་ལུགས་ཀྱི། མཁན་པོ་དང་ཆོས་གྲྭའི་ལས་འཛིན་ཡོངས་དང་དགེ་སློང་ཕོ་མོ་ཀུན་གྱིས་བླ་མའི་བཀའ་ལ་བརྩི་སྲུང་དགོས།
༥
སངས་རྒྱས་ཆོས་ལུགས་ལ། མཁན་རབས་དང་དགེ་སློང་ཕོ་མོ་དག་གིས་རྒྱལ་སྲིད་སྐྱོང་བ་དང་། ཁྱིམ་ལ་བརྟེན་པ། གྲི་འདོགས་པ་ནི་མི་དགེ་བའི་ལས་ལ་བལྟ།
བླ་མའི་ཆོས་ལུགས་ལ། བླ་མ་དང་མཁན་པོ་དག་གིས་ཆུང་མ་ལེན་ཞིང་རྒྱལ་སྲིད་སྐྱོང་ཞིང་། དགེ་སློང་གིས་གྲི་འདོགས་ཀྱི་ཡོད།
༦
སངས་རྒྱས་ཆོས་ལུགས་ཀྱི། བཙུན་མ་དང་བཙུན་པ་རྣམ་ཀྱིས་གླུ་དང་གར་སོགས་བྱ་མི་ཆོག། བླ་མའི་ཆོས་ལུགས་ཀྱི། བཙུན་པ་དང་བཙུན་མ་རྣམས་ཀྱིས་གླུ་ལེན་ཆོག་བྲོའང་རྡུང་ཆོག
༧
སངས་རྒྱས་ཆོས་ལུགས་ལ། དགེ་འདུན་པ་ལ་བཅར་རྡུང་བྱེད་པའི་དབང་ཆ་སུ་ལའང་མེད།
བླ་མའི་ཆོས་ལུགས་ལ། དགེ་འདུན་པར་ཆེད་དུ་རྡུང་མཁན་གྱི་ཞལ་ངོ་ཆེན་མོ་ཟེར་བ་ཞིག་ཡོད།
༨
སངས་རྒྱས་ཆོས་ལུགས་ཀྱིས། གསང་སྔགས་ཉམས་ལེན་བྱེད་དུས། གསང་སྔགས་ནི་གསང་སྔགས་ཀྱི་ཚུལ་དུ་ཉམས་སུ་ལེན།
བླ་མའི་ཆོས་ལུགས་ཀྱིས། གསང་སྔགས་ཉམས་ལེན་བྱེད་དུས། གསང་སྔགས་ནི་ཁྲོམ་བསྒྲགས་ཀྱི་ཚུལ་དུ་ཉམས་ལེན་བྱེད།
༩
སངས་རྒྱས་ཆོས་ལུགས་ཀྱིས། ཤེས་རབ་གཙོ་བོར་བཟུང་ནས་ཆོས་སྦྱོང་།
བླ་མའི་ཆོས་ལུགས་ཀྱིས། དད་པ་གཙོར་བོར་བཟུང་ནས་ཆོས་སྦྱོང་།
༡༠
སངས་རྒྱས་ཆོས་ལུགས་ཀྱིས། རང་རང་གིས་བློ་དང་འཚམས་པའི་གྲུབ་མཐའ་ལ་ཞུགས་དགོས་པར་བཤད། བླ་མའི་ཆོས་ལུགས་ཀྱིས། ངེས་པར་དུ་ཐེག་ཆེན་ལ་ཞུགས་དགོས་པར་བཤད།
སངས་རྒྱས་ཆོས་ལུགས་ཀྱིས། དཀོན་མཆོག་རྗེས་དྲན་གྱི་མདོ་དང་། སྐྱབས་འགྲོ་སོགས་ཁ་འདོན་བྱེད་ལ། བླ་མའི་ཆོས་ལུགས་ཀྱིས། བླ་མའི་རྣལ་འབྱུར་ཁ་འདོན་བྱེད།
སྤོབས་པ་མཐའ་ཡས་ཀྱེ། དུས་རབས་བདུན་པའི་སྔོན་དུ་བོད་པ་ཚོས་རང་རིགས་མང་པོ་ཁང་པར་བཅུག་ནས་གསོན་སྲེག་བྱས་པའི་ལོ་རྒྱུས་འདུག་གམ། གདངས་ལ་བཏགས་སྟེ་རེ་རེ་བཞིན་སྐེ་གཏུབས་པའི་ལོ་རྒྱུས་འདུག་གམ། ཡོད་ན་འདི་དང་འདི་ཞེས་ངོ་སྤྲོད་བྱོས་ཤིག དེ་མེད་ན་བོད་ལ་ཆོས་རྒྱལ་ཟེར་བ་དེ་ཚོས་ཅི་ཞིག་དྲུད་ཡོང་ཡོད་པ་གསལ་པོར་གྱུར་བ་རེད། གླེང་འདེབས་པ་ནི་རྒྱུ་མཚན་གྱིས་དབུལ་སོང་བའི་རྟགས་ཁོ་ནའོ། དུད་འགྲོ་གསོད་པ་ནི་གནའ་ནས་ད་བར་དུ་རང་རེར་ཡོད་པའི་འཚོ་ཐབས་ཤིག་ཡིན་པས་མི་སྐྱ་ཙམ་མ་ཟད་དགོན་པ་གྲྭ་ཚང་མང་པོས་ཀྱང་ཉེ་རབས་བར་དུ་ཤ་ཟ་ཁྲག་འཐུང་བྱས་ནས་ཡོང་བ་རེད། བོད་ན་ད་དུང་ནང་པའི་དགོན་པ་མང་པོས་དེ་འདྲའི་དམར་མཆོད་བྱེད་བཞིན་པ་རེད། ཐག་ཉེར་ཡོད་པ་དེ་མ་མཐོང་ནས་ཐག་རིང་ཞིག་མཐོང་ཁུལ་བྱེད་པ་ནི་དགོད་བྲོ་བའི་གནས་ཁོ་ནའོ།
་་་་་་་་་་ སྐབས་དེའི་རྒྱ་ནག་གི་དཔྱད་མཁན་རྣམས་ཀྱིས། བོད་ཡུལ་དུ་ལོག་པའི་བསྟན་བཅོས་རྣམས་ཤིན་ཏུ་དར་བའི་དུས་སུ་བོད་འཇིག་ཅེས་བཤད་ཡོད། བོད་ལ་དེ་དག་ནང་འདྲེན་བྱེད་མཁན་རྒྱ་ཟ་གཉིས་དང་། བོད་ཀྱི་བླ་མ་ཆེན་པོ་འགའ་ཞིག་རེད། ་་་་་་་་་་་ ཟེར།
རྒྱ་གར་སྲིལ་བློན་ཨིནྡྲ་གྷནྡྷཱིའི་དུས་སུ། སིཁ ཞེས་པའི་ཆོས་ལུགས་ལ་ཞེན་པ་ཁ་ཅིག་གིས་ལྷ་ཁང་ངམ་་ཆོས་ཁང་དུ་ཞུགས་ཏེ། རྒྱ་གར་གཞུང་ལ་ངན་འཛིངས་བྱེད་པ་ན། སྲིལ་བློན་ཨིནྡྲ་གྷནྡྷཱིས་གཞུང་དམག་བསྐུལ་ཏེ། ངན་འཛིངས་པ་དེ་དག་རྩ་མེད་བཏངས། རྗེས་སུ་ཞི་འཇམ་ཆགས་པ་ན། སྲིལ་བློན་ཨིནྡྲ་གྷནྡྷཱིའི་སྐུ་སྲུང་གྲས་སུ། སི་ཁ་ཆོས་ལུགས་པ་ཞིག་ཡོད་པ་དེ་སྐུ་སྲུང་ནས་འཐེན་ན་མ་གཏོགས། སྲིད་བློན་གྱི་སྲོག་ལ་གཉེན་ཀ་ཡོད། ཅེས་པ་ན། སྲིད་བློན་གྱིས་ངས་རང་སྲོག་ལ་གཅེས་ཏེ། སི་ཁ་ཆོས་ལུགས་པར་ཁྲིམས་འགལ་ལས་མི་བྱེད། ཅེས་བཤད། ཉིན་ཤས་རྗེས་སི་ཁ་སྐུ་སྲུང་དེས་མེ་མདའ་བརྒྱབས་ཏེ། སྲིལ་བློན་ཨིནྡྲ་གྷནྡྷཱི་བཀྲོངས་པ་ན། སྲང་ལམ་གྱི་ཧིནྡུའི་ཆོས་ལུགས་པ་མང་་པོས། ཉེས་མེད་ཀྱི་སི་ཁ་མང་པོ་བསད། གསོད་པ་པོ་རྣམས་ལ་རྩ་ཁྲིམས་བཞིན་ཆད་པ་བཅད། དིང་སང་ཆོས་ལུགས་པ་རྣམས་འཁོན་འཛིན་མེད་པར་སྔར་བཞིན་གནས་སོ།
#38 དྲི་མེད་ལྷག་བསམ། ་ལགས་ཀྱིས་སྤེལ་དོན།: འདི་བདེན་པ་ཡིན་ན། རྒྱ་ནག་རང་གི་ནང་ལ་འདྲེ་ལྔའི་ཚབ་ལ། ལྷ་ལྔ་སོགས་ཡོད་པ་ལྟ་བུའི་བསྟན་བཅོས་དེ་ལ་བཟློག་པ་ཞིག་ཡོད་ཁུངས་གསུང་ཐུབ་པ་ཅིག་དགོས་རེད། དེ་བྱུང་ན། ཤ་ཚའི་གཏམ་རེད། དེ་མིན་ཡ་བྱེད་མཁན་རག་དཀའ་ཙམ་མཐོང་ལགས།
སངས་རྒྱས་ཆོས་ལུགས་དང་བླ་མའི་ཆོས་ལུགས་བར་གྱི་མི་འདྲ་ས་བཅུ།
རྩོམ་པ་པོ། དྲི་མེད་སྤྱན།
༡
སངས་རྒྱས་ཆོས་ལུགས་ལ་སངས་རྒྱས་ལས་ལྷག་པའི་དཀོན་མཆོག་ཞིག་མེད་ནའང་། བླ་མའི་ཆོས་ལུགས་ལ་བླ་མ་ཟེར་བ་སངས་རྒྱས་ལས་ཀྱང་གལ་ཆེ་བའི་དཀོན་མཆོག་ཅིག་ཡོད།
༢
སངས་རྒྱས་ཆོས་ལུགས་ཀྱིས། རང་ཉིད་གྲོལ་དགོས་ཚེ་རང་གིས་ཆོས་ལ་སྦྱོང་ནས་དགེ་བ་སྒྲུབ་པ་ལས་གཞན་གྱིས་ཐར་བར་འདྲེན་མི་ནུས་པར་བཤད།
བླ་མའི་ཆོས་ལུགས་ཀྱིས། རང་ཉིད་གྲོལ་དགོས་ཚེ་བླ་མ་ལ་ཞབས་ཞུ་ཡག་པོ་བྱས་ན་རང་གིས་ཆོས་མ་སྦྱོང་ནའང་རང་ཉིད་བླ་མས་འདྲེན་ནུས་པར་བཤད།
༣
སངས་རྒྱས་ཆོས་ལུགས་ལ། ཁྱིམ་པས་དགེ་སློང་ལ་ཕྱག་བྱ། བླ་མའི་ཆོས་ལུགས་ལ། དགེ་སློང་གིས་ཁྱིམ་པ་ལ་ཕྱག་བྱ།
༤
སངས་རྒྱས་ཆོས་ལུགས་ཀྱི། མཁན་རབས་དང་ཆོས་གྲྭའི་ལས་འཛིན་ཡོངས་དང་དགེ་སློང་ཕོ་མོ་ཀུན་གྱིས་འདུལ་བའི་ཁྲིམས་ལ་བརྩི་སྲུང་དགོས།
བླ་མའི་ཆོས་ལུགས་ཀྱི། མཁན་པོ་དང་ཆོས་གྲྭའི་ལས་འཛིན་ཡོངས་དང་དགེ་སློང་ཕོ་མོ་ཀུན་གྱིས་བླ་མའི་བཀའ་ལ་བརྩི་སྲུང་དགོས།
༥
སངས་རྒྱས་ཆོས་ལུགས་ལ། མཁན་རབས་དང་དགེ་སློང་ཕོ་མོ་དག་གིས་རྒྱལ་སྲིད་སྐྱོང་བ་དང་། ཁྱིམ་ལ་བརྟེན་པ། གྲི་འདོགས་པ་ནི་མི་དགེ་བའི་ལས་ལ་བལྟ།
བླ་མའི་ཆོས་ལུགས་ལ། བླ་མ་དང་མཁན་པོ་དག་གིས་ཆུང་མ་ལེན་ཞིང་རྒྱལ་སྲིད་སྐྱོང་ཞིང་། དགེ་སློང་གིས་གྲི་འདོགས་ཀྱི་ཡོད།
༦
སངས་རྒྱས་ཆོས་ལུགས་ཀྱི། བཙུན་མ་དང་བཙུན་པ་རྣམ་ཀྱིས་གླུ་དང་གར་སོགས་བྱ་མི་ཆོག། བླ་མའི་ཆོས་ལུགས་ཀྱི། བཙུན་པ་དང་བཙུན་མ་རྣམས་ཀྱིས་གླུ་ལེན་ཆོག་བྲོའང་རྡུང་ཆོག
༧
སངས་རྒྱས་ཆོས་ལུགས་ལ། དགེ་འདུན་པ་ལ་བཅར་རྡུང་བྱེད་པའི་དབང་ཆ་སུ་ལའང་མེད།
བླ་མའི་ཆོས་ལུགས་ལ། དགེ་འདུན་པར་ཆེད་དུ་རྡུང་མཁན་གྱི་ཞལ་ངོ་ཆེན་མོ་ཟེར་བ་ཞིག་ཡོད།
༨
སངས་རྒྱས་ཆོས་ལུགས་ཀྱིས། གསང་སྔགས་ཉམས་ལེན་བྱེད་དུས། གསང་སྔགས་ནི་གསང་སྔགས་ཀྱི་ཚུལ་དུ་ཉམས་སུ་ལེན།
བླ་མའི་ཆོས་ལུགས་ཀྱིས། གསང་སྔགས་ཉམས་ལེན་བྱེད་དུས། གསང་སྔགས་ནི་ཁྲོམ་བསྒྲགས་ཀྱི་ཚུལ་དུ་ཉམས་ལེན་བྱེད།
༩
སངས་རྒྱས་ཆོས་ལུགས་ཀྱིས། ཤེས་རབ་གཙོ་བོར་བཟུང་ནས་ཆོས་སྦྱོང་།
བླ་མའི་ཆོས་ལུགས་ཀྱིས། དད་པ་གཙོར་བོར་བཟུང་ནས་ཆོས་སྦྱོང་།
༡༠
སངས་རྒྱས་ཆོས་ལུགས་ཀྱིས། རང་རང་གིས་བློ་དང་འཚམས་པའི་གྲུབ་མཐའ་ལ་ཞུགས་དགོས་པར་བཤད། བླ་མའི་ཆོས་ལུགས་ཀྱིས། ངེས་པར་དུ་ཐེག་ཆེན་ལ་ཞུགས་དགོས་པར་བཤད།
སངས་རྒྱས་ཆོས་ལུགས་ཀྱིས། དཀོན་མཆོག་རྗེས་དྲན་གྱི་མདོ་དང་། སྐྱབས་འགྲོ་སོགས་ཁ་འདོན་བྱེད་ལ། བླ་མའི་ཆོས་ལུགས་ཀྱིས། བླ་མའི་རྣལ་འབྱུར་ཁ་འདོན་བྱེད།
་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་
#2 ཀརྡོ་རབ་འབྱམས་པ་ ་ལགས་ཀྱིས་སྤེལ་དོན།:
March 29th, 2017 at 2:48 am
དྲི་མེད་སྤྱན་ལགས་ལ། ལན་བཅུ།
་
དང་པོ། གསང་སྔགས་མི་ཤེས་པའི་སྐྱོན།
གཉིས་པ། གསང་སྔགས་ལ། མ་དད་པའི་སྐྱོན།
གསུམ་པ། དགེ་སློང་གིས། རང་གི་རྩ་བའི་བླ་མར་གྱུར་པའི་ཁྱིམ་ལ་ཕྱག་འཚལ་བ་ཙམ་ལས་གཞན་རྣམས་བདེན་པ་མིན།
བཞི་པ། ཐེག་དམན་ཐེག་ཆེན་གསང་སྔགས་གསུམ་གྱི་སྐོར་ལ་མི་ཤེས་པའི་གཏམ་རེད།
ལྔ་པ། མཁན་པོས་ཆུང་མ་ལེན་པ་དང་། གྲྭ་པས་གྲི་འདོགས་ཆོག་པ་མི་བདེན།
དྲུག་པ། ཚོགས་གླུ་ལེན་ཆོག་པ་བདེན་ཡང་། གཞན་མི་བདེན།
བདུན་པ། འདུལ་ཁྲིམས་ནང་གི་གནས་ཀྱི་དམིགས་བསལ་འདུལ་ཁྲིམས་མི་ཤེས་པའི་སྐྱོན།
བརྒྱད་པ། ཁྲོམ་བསྒྲགས་གྱུར་པ་ལས། ཁྲོམ་བསྒྲགས་བྱས་པར་མི་འདོད།
དགུ་པ། དགུ་པ་ནི་ཧམ་བཤད་ཁོ་ནའོ།།
བཅུ་པ། གདུལ་བྱ་གསུམ་ག་ཡོད་པ་དང་། དཀོན་མཆོག་རྗེས་དྲན་གྱི་མདོ་དང་། སྐྱབས་འགྲོ་སོགས་ཁ་འདོན་བྱེད་པའི་ཐོག་ནས། བླ་མའི་རྣལ་འབྱོར་ཡང་ཁ་འདོན་བྱེད་དགོས་གསུངས་པ་ལགས་སོ།། །།
སངས་རྒྱས་ཆོས་ལུགས་དང་བླ་མའི་ཆོས་ལུགས་མི་འདྲ་ས་བཅུ་རྩོད་པ་དོན་མེད་རེད། སངས་རྒྱས་ཆོས་ལུགས་སུ་ཞིག་དག་དང་སུ་ཞིག་རྫུན། དད་པའི་རྗེས་འབྲངས་བྱས་ན་གང་ཡང་རུང་། རིགས་པའི་རྗེས་འབྲངས་བྱས་ན་ཅི་ཡང་རྫུན། ལོ་རྒྱུས་སྨྲ་བའི་ལྟ་གྲུབ་ཀྱིས་བཤད་ན། ལུས་ཡོད་མེད་མི་ཤེས་པའི་དབང་པོ་ལ་རྩོད་པ་རེད། སངས་རྒྱས་མྱ་ངན་ལས་འདས་ནས་དགྲ་བཅོམ་པ་རྣམས་ཀྱི་ཉོན་མོངས་ལང་སྟེ་སྡེ་ཚན་མི་འདྲ་བ་མང་དུ་གྱེས། ལོ་༡༢༠་ཡས་མས་སུ་ནང་པ་ལ་གཅིག་འགྱུར་མེད། དེ་རྗེས་མྱ་ངན་མེད་པས་ཆབ་སྲིད་དོན་དུ་སྡེ་བ་བཅོ་བརྒྱད་ཚང་མ་སངས་རྒྱས་པར་གཅིག་འགྱུར་ལམ་དུ་བཏང་། གཅིག་བྱས་ན་དེ་དུས་ནང་ཆོས་རྣམ་དག་དེ་ནུབ་ནས་མེད་པ་སོང་ཡོད་སྲིད། དཔུང་ཤུགས་ཆེ་ཆུང་གིས་བདེན་པ་ཞིག་བྱུང་། ཉམས་ཆུང་རྣམ་རྫུན་པར་གྱུར། དོན་གྱིས་བདེན་རྫུན་སུ་ལ་ཡོད་དབང་ཆེན་དང་ཚོགས་པ་ཆེན་པོ་ཕྱོགས་གཅིག་གི་ཁྱབ་བསྒྲགས་ཀྱིས་ཐག་གཅོད་མི་ནུས། བདེན་པ་ནི་ནམ་ཡང་བདེན།
ཀ་རྡོ་ལེགས། འདྲེ་ལྔ་ནི་འདྲེ་ལྔ་རང་རེད། འདྲེ་ལྔ་གཅིག་ཀྱང་འཁོར་ཕྱོགས་ལ་ཁྱད་པར་ཡོད། རྒྱ་ནག་གི་ལི་ཐོ་ཀུན་ལ་ཡོད་པས་ནུས་ན་གཟིགས་པར་ཞུ། སྤྱིར་ང་ལ་ཡ་བྱས་དང་མ་བྱས་མེད། སྤྱིར་བོད་བླུན་དག་ལ་བདེན་པ་ལས་ཀྱང་རྫུན་པ་བྲིན། བཟང་པོ་བྱས་པ་ལས་ངན་པ་བྱས་ན་རྒྱུགས་ཆེ། ཧམ་པ་ཆེ་ཞིང་ངོ་ཚ་མེད་པ་ཚོར་གོང་མས་ཀྱང་སྐྱོང་། འོག་མས་ཀྱང་བཀུར། གཡོ་སྒྱུ་ཟོལ་ཟོག་གིས་འཚོ་བའི་ལས་མཐུན་དག་གིས་གཅིག་གིས་གཅིག་བསྟོད། སྐྱག་པས་རྐུབ་བཏེགས་པས་ཅི་ཡང་མི་ཤེས་པས་ཆེ་ཉམས་ངོམ་ལ་བྲེལ། དེ་འདྲའི་སྤྱི་ཚོགས་ཀྱིས་ངོས་ལེན་ཐོབ་པའི་འདོད་པ་དང་། དེ་ལ་ཕན་ཐོགས་པའི་རེ་བ་ཡང་ཆེར་མི་འདུག་ཀྱང་། རང་གིས་མཐོང་ཐོས་མ་གསང་དྲང་པོར་བརྗོད་པ་ཙམ་མོ། །
#46 དྲི་མེད་ལྷག་བསམ་ལགས། ལགས་སོ། དྲི་མེད་ལགས། གསལ་བཤདགནང་བར་བཀའ་དྲིན་ཆེ།
ན་མོཿ
བླ་མ་སངས་རྒྱས་ཆོས་དང་དགེ་འདུན་ལཿ
བྱང་ཆུབ་བར་ཏུ་བདག་ནི་སྐྱབས་སུ་མཆིཿ
བདག་གཞན་འཁོར་བའི་མཚོ་ལས་བསྒྲལ་
བྱའི་ཕྱིརཿ
བླ་མེད་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོཿ
བདག་ཅག་སྙིགས་མའི་སྐྱབས་མགོན་གུ་རུ་རྗེཿ
མཚོ་སྐྱེས་བླ་མའི་ཐུགས་རྗེས་བོད་ཁམས་བསྐྱངསཿ
མི་འདའ་མི་ཤིགས་མི་འགྱུར་སྤྲུལ་བའི་སྐུཿ
གུ་རུ་པདྨ་རྒྱལ་པོར་གསོལ་བ་འདེབསཿ
འདི་ཕྱི་བར་དོ་གསུམ་དུ་ཐུགས་རྗེས་ཟུངསཿ
འགྲོ་བའི་བློ་ཁ་ཆོས་ལ་འགྱུར་བར་ཤོགཿ
ཨྱོན་པདྨ་འབྱུང་གནས་ལ་གསོལ་བ་འདེབསཿ
བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབསཿ
རྨད་བྱུང་ཤེས་རབ་ཐུགས་ལ་མངའ་བའི་སྐུཿ
གང་ལ་གང་འདུལ་སྤྲུལ་ནས་དོན་བྱེད་པའིཿ
འགྲོ་བའི་རེ་བ་སྐོང་བའི་ཐུགས་རྗེ་ཅནཿ
གུ་རུ་རྡོ་རྗེ་གྲོ་ལོད་ལ་གསོལ་བ་འདེབསཿ
འདི་ཕྱི་བར་དོ་གསུམ་དུ་ཐུགས་རྗེས་ཟུངསཿ
འགྲོ་བའི་བློ་ཁ་ཆོས་ལ་འགྱུར་བར་ཤོག
ཨྱོན་པདྨ་འབྱུང་གནས་ལ་གསོལ་བ་འདེབསཿ
བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབསཿ
སྲིད་པའི་སྨག་ཆེན་འཇོམས་པའི་མཐུ་མངའ་བཿ
བྱུང་རྒྱལ་ལྟ་བ་རྟོགས་པའི་གདེང་དང་ལྡནཿ
བདུད་དཔུང་མ་ལུས་ཚར་གཅོད་འཕྲིན་ལས་ཅནཿ
གུ་རུ་བློ་ལྡན་མཆོག་སྲེད་ལ་གསོལ་བ་འདེབསཿ
འདི་ཕྱི་བར་དོ་གསུམ་དུ་ཐུགས་རྗེས་ཟུངསཿ
འགྲོ་བའི་བློ་ཁ་ཆོས་ལ་འགྱུར་བར་ཤོགཿ
ཨྱོན་པདྨ་འབྱུང་གནས་ལ་གསོལ་བ་འདེབསཿ
བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབསཿ
བསམ་ཡས་སེར་བ་བྲག་གི་མར་ཤམ་ནསཿ
བོད་ཁམས་གཏེར་གྱི་ཐོག་མར་འབྱིན་མཛད་པཿ
རི་བྲག་ཟང་ཐལ་བྱོན་པའི་རྫུ་འཕྲུལ་ཅནཿ
གུ་རུ་སེང་གེ་སྒྲ་སྒྲོག་ལ་གསོལ་བ་འདེབསཿ
འདི་ཕྱི་བར་དོ་གསུམ་དུ་ཐུགས་རྗེས་ཟུངསཿ
འགྲོ་བའི་བློ་ཁ་ཆོས་ལ་འགྱུར་བར་ཤོགཿ
ཨྱོན་པདྨ་འབྱུང་གནས་ལ་གསོལ་བ་འདེབསཿ
བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབསཿ
ཤེས་བྱ་མ་ལུས་མཁྱེན་པའི་གཏེར་འཆང་བཿ
སངས་རྒྱས་ཀུན་གྱིས་སྐུ་ཡོན་ཡོངས་སུ་རྫོགསཿ
སྐུ་ལ་ཆོས་གོས་རྣམ་གསུམ་གསོལ་མཛད་པའིཿ
གུ་རུ་ཤཱཀྱ་སེང་གེ་ལ་གསོལ་བ་འདེབསཿ
འདི་ཕྱི་བར་དོ་གསུམ་དུ་ཐུགས་རྗེས་ཟུངསཿ
འགྲོ་བའི་བློ་ཁ་ཆོས་ལ་འགྱུར་བར་ཤོགཿ
ཨྱོན་པདྨ་འབྱུང་གནས་ལ་གསོལ་བ་འདེབསཿ
བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབསཿ
འཁོར་འདས་ཐམས་ཅད་སྒྱུ་མའི་རང་བཞིན་སྣངཿ
རྒོལ་ངན་མ་ལུས་དྲག་པོས་ཚར་བཅད་པའིཿ
ཡར་ལུང་ཤམ་པོ་བསྒྲུབ་པའི་གནས་མཆོག་ཏུཿ
གུ་རུ་ཉི་མ་འོད་ཟེར་ལ་གསོལ་བ་འདེབསཿ
འདི་ཕྱི་བར་དོ་གསུམ་དུ་ཐུགས་རྗེས་ཟུངསཿ
འགྲོ་བའི་བློ་ཁ་ཆོས་ལ་འགྱུར་བར་ཤོགཿ
ཨྱོན་པདྨ་འབྱུང་གནས་ལ་གསོལ་བ་འདེབསཿ
བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབསཿ
གསན་བསམ་སྒོམ་པའི་ཡོན་ཏན་མཐར་ཕྱིན་པཿ
འཇིགས་བྲལ་ས་གསུམ་བདུད་ལས་རྣམ་རྒྱལ་ཏེཿ
བཀའ་བབས་ཚིག་དོན་ཐུགས་ལ་མངའ་བའི་སྐུཿ
གུ་རུ་པདྨ་སཾ་བྷ་ལ་གསོལ་བ་འདེབསཿ
འདི་ཕྱི་བར་དོ་གསུམ་དུ་ཐུགས་རྗེས་ཟུངསཿ
འགྲོ་བའི་བློ་ཁ་ཆོས་ལ་འགྱུར་བར་ཤོགཿ
ཨྱོན་པདྨ་འབྱུང་གནས་ལ་གསོལ་བ་འདེབསཿ
བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབསཿ
ལྷུན་འགྲུབ་སྐུ་བཞིའི་བདག་ཉིད་རྡོ་རྗེ་འཆངཿ
འབྱུང་བཞིའི་གཡུལ་ལས་རྒྱལ་བའི་མཐུ་
སྟོབས་ཅནཿ
འཛམ་གླིང་བྱེ་བ་ས་ཡ་འདྲེན་པའི་དཔལཿ
གུ་རུ་མཚོ་སྐྱེས་བླ་མར་གསོལ་བ་འདེབསཿ
འདི་ཕྱི་བར་དོ་གསུམ་དུ་ཐུགས་རྗེས་ཟུངསཿ
འགྲོ་བའི་བློ་ཁ་ཆོས་ལ་འགྱུར་བར་ཤོགཿ
ཨྱོན་པདྨ་འབྱུང་གནས་ལ་གསོལ་བ་འདེབསཿ
བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབསཿ
འདི་ནས་བྱང་ཆུབ་སྙིང་པོར་མཆིས་གྱིས་བརཿ
བླ་མ་ཨྱོན་པདྨའི་རྗེས་བཟུང་ནསཿ
རྫོགས་ཆེན་ཨ་ཏིའི་བསྟན་ལ་རབ་ཞུགས་ནསཿ
འགྲོ་ཁམས་རྒྱ་མཚོ་དོང་ནས་སྤྲུགས་པར་ཤོག
པདྨའི་གསང་གསུམ་མི་འགྱུར་རྟག་བརྟན་ཞིང་༔
ཕྱི་དང་ནང་གི་ཉེར་འཚེ་ཀུན་ཞི་ནསཿ
མཐར་ཐུག་རྫོགས་ལྡན་དཔལ་ལ་མངོན་སྤྱོད་ནསཿ
རྔ་ཡབ་པདྨ་འོད་གླིང་སྐྱེ་བར་ཤོགཿ
ཅེས་བསྐལ་བ་མེ་སྤྲེལ་ལོའི་རྟ་ཟླའི་ཚེས་༢༥ཉིན་སྤྱི་ལོ་
༢༠༡༦་༡༢་༢༤མཚན་གུང་བླ་མ་རིག་འཛིན་ཉི་མའི་ཐུགས་
བཞེད་བཞིན་པདྨ་རིག་འཛིན་ནས་ཤར་རིམ་བཞིན་བྲིས་པ་
དགེའོ།།
མངའ་རིས་ཆོས་རྒྱལ་བཀའ་དྲིན་ཅན་ཚོས་འཚེ་བ་ཆོས་སུ་སྨྲ་བའི་ལམ་སྲོལ་འདི་འདྲ་ངན་པའི་རྒྱུན་གཅོད་པའི་ཆེད་དུ་བོན་ནག་ཁ་ཤས་རེ་ལ་སྲོག་ཁྲིམས་བཅད་པ་དེ་ནི་དོན་དུ་ཚོགས་རྒྱ་ཆེན་པོ་རྫོགས་ཡོད་པས་མངོན་པར་བསྟོད་ཅིང་རྗེས་སུ་ཡི་རང་གི་གནས་སུ་གྱུར་པའོ།།
ཡ་མཚན་པ་ཞིག་ལ་དེང་སང་གི་བསྒྱུར་བོན་ནམ་བོན་དཀར་ཚོས་དམར་མཆོད་བྱེད་སྲོལ་མི་འདུག་བསམ་ན་ཡང་ཁ་ཤས་རེས་དངོས་དང་བརྒྱུད་ནས་དམར་མཆོད་བྱེད་པ་ལ་རྗེས་སུ་ཡི་རང་དང་རྒྱབ་སྐྱོར་གྱི་གསུང་ཚིག་མང་པོ་འབྱོན་གྱིན་འདུག་པས་གོ་སྐབས་རེ་བྱུང་ན་ཡང་བསྐྱར་དམར་མཆོད་བྱེད་དགོངས་པ་མིན་ནམ། དམག་འཁྲུགས་ཀྱི་སྐབས་སོགས་སུ་མི་གསོད་པ་ནི་དཔའ་བོ་རྣམས་ཀྱི་ཁྱད་ཆོས་རེད། འཚོ་བའི་ཆེད་དུ་དུ་དུད་འགྲོ་གསོད་པ་ནི་ཁ་ཟས་ཀྱི་ཆེད་དུ་རེད། ཡིན་ན་ཡང་། ཆོས་ཀྱི་ཆོ་གའི་ཆེད་དུ་གསོད་པ་ནི་བོད་ཀྱི་གདོད་མའི་སྲོལ་རྒྱུན་ཆོས་ལུགས་ཀྱི་རྗེས་ལུས་དང་། ཀླ་ཀློ། མུན་ནག ཐ་ཤལ་གྱི་སྤྱོད་ངན་ཙམ་རེད།
ཀ་རྡོ་ལེགས། སྤར་ཁ་མཐུན་མིན་བོད་ཀྱི་ལོ་ཐོའི་རི་མོ་དང་། རྒྱ་ནག་གི་ལི་ཐོའི་རི་མོ་ལ་ཅིག་ལྟོས་དང་ཁྱད་པར་ཤེས་ཡོང་། སྤྱིར་སྤར་ཁ་རིགས་མི་འདྲ་བ་དུ་མ་ཡོད་ཀྱང་བོད་ལ་རྒྱུགས་ཆེ་བའི་རི་མོ་དེ་དགྲ་དེད་ཅིག་རེད། དེ་བཞིན་ཀོ་རི་ཡི་དར་ཆའི་སྟེང་གི་རི་མོ་དེ་ཡང་རྒྱ་ནག་གིས་བསམ་བཞིན་བཟོས་པའི་དགྲ་དེད་ཅིག་རེད། བོད་པ་རྣམས་ལ་བདེན་པ་འགྲོ་ས་མེད་པས་བཤད་འདོད་ཡང་མེད། དུས་ཚོད་ཡང་མི་འདུག གོང་གི་དྲི་མེད་སྤྱན་ཟེར་བ་དེ་ཐེག་དམན་གྱི་རྗེས་འབྲངས་ཤིག་ཡིན་ཚོད་རེད་དེ། ཐེག་དམན་རང་ལ་ལོ་རྒྱུས་གསལ་བོ་མེད་པས་ལྐུགས་པའི་རྗེས་སུ་ལོང་བ་བརྒྱུགས་པ་ཙམ་མོ།།
རྒྱལ་དབང་ལྔ་བར་བརྫུས་པའི་དམག་དཔོན་དེས་དགེ་ལུགས་ཀྱི་ཆེད་དུ་བཀའ་ཇོ་རྙིང་གསུམ་གྱི་བླ་གྲྭ་མང་པོ་སྡེབ་གསོད་བྱས། དགོན་པ་མང་པོ་མེ་ལ་བསྲེག ཆོས་ལུགས་ཀྱི་ཆེད་དུ་དམར་མཆོད་བྱས་ཟེར་ན་འདི་ལས་ལྷག་ཅིག་ག་ལ་ཡོད།
ཁོ་ཆོས་པ་ཞིག་རེད་ཟེར་ན་སྟོན་པའི་བསླབ་བྱ་རྒྱབ་གཏོད་བྱས། དམག་དཔོན་ཞིག་རེད་ཟེར་ན་ཕྱི་དགྲ་ཁྲིད་ནས་རང་ཡུལ་བཅོམ།
བློ་རྒྱ་ཁབ་མིག་ཙམ་ལས་མེད་པའི་བྱ་བ་མང་དུ་བསྟར་བས་ད་ནི་རྣམ་སྨིན་འཁོར་ཏེ་རང་ས་རང་ལ་མི་དབང་བའི་ཚད་སྡུག་པ་འདི་ལ་ལྷུང།
སྔར་རྐུབ་ན་ལྕེ་ལྡག་བྱས་པའི་གནམ་བསྐོས་གོང་མའམ་བན་དེ་བའི་སྐད་དུ་བཤད་ན་གོང་མ་འཇམ་པའི་དབྱངས་ཟེར་བ་དེས་ཁྱོད་ཅག་ལག་ཆར་བཀོལ་ནས་བོད་ཆེན་པོ་འདི་ལག་འོག་ཏུ་ཚུད་ཚར་བ་ན་འཕོང་ཕྱིས་ཀྱི་རྡོ་བཞིན་དུ་གཡུག་པར་མ་ཟད་ཉེས་པ་ཅི་ཡང་མེད་པའི་བོད་མི་མང་པོ་ཞིག་རང་ས་གོར་མོ་དང་རང་ཁང་གྲུ་བཞིའི་ནང་དུའང་སྡོད་མ་བཅུག་པར་མཐའ་ནས་མཐའ་རུ་སྤྱུགས་སོང་། དེ་ལས་ཀྱང་མང་པོ་ཞིག་ནི་འཐབ་རྩོད་དང་མུ་གེས་བསད་སོང་། དེ་ནི་ཁྱོད་ཚོས་གནམ་བསྐོས་གོང་མའམ་འཇམ་པའི་དབྱངས་ཀྱི་སྤྲུལ་པར་སྐད་པ་དེ་བོད་དུ་གདམ་དྲངས་པའི་མཇུག་འབྲས་རེད། འོན་ཀྱང་གྲུབ་མཐའི་ཕྱོགས་ཞེན་ཙམ་ལས་ཅི་ཡང་མི་ཤེས་པ་དག་ལ་ནི་ད་དུང་སྣང་བ་སྤྲོ་སྤྲོ་འདྲ་བྱེད་རྒྱུ་འདུག་སྟེ་ཁོ་ཅག་ལ་དགོས་རྒྱུ་གཅིག་ཡོད་པ་ནི་གྲུབ་མཐའ་གཞན་པའི་ཉམས་རྒུད་ཙམ་རེད།
བརྩོན་པས་ཕྱུག་པ་ཀ་རྡོ་ལེགས་སོགས་ལ་ཞུ་རྒྱུར།
གུ་རུ་རྡོ་རྗེ་གྲོ་ལོད་ལ་གསོལ་བ་འདེབསཿ
ཞེ་ས་པ་ནས་གསལ་བའི། ་གྲོ་ལོད། ཀྱི་དོན་གང་ལགས་སམ།
་
དྲི་མེད་ལྷག་བསམ་མཆོག་ལ། ལེགས་སོ། འཚམས་འདྲི་ཞུའོ།
གྲོ་ལོད་ཀྱི་དོན། འོལ་ཚོད་ཀྱི་བཀྲལ་ན། གྲོ་ནི་འབྲུའི་རིགས་ཤིག་དང་། ལོད་པ་ནི། ངན་པ་སྟེ། གྲོ་ངན་པ་སྟེ། གུ་རུའི་ཕྱག་ལ་ཕྱག་ནས་ལ། གྲོ་བསྣམས་ནས། དགྲ་དགེགས་ལ་གཏོར་བ་ན། དགྲ་དགེགས་ལ་ངན་པ་ལྟར་སོང་བས་དེ་ལྟར་མཚན་ཐོགས་སྲིད་ཀྱང་། དེའི་ཁུངས་ནི། ངས་རྙེད་མ་བྱུང་ངོ་།།
བཀའ་རྡོ་རབ་འབྱམས་པས། མཁས་དབང་འཇམ་དཔལ་མཆོག་ལ་དྲི་ལན་ཤངས་ཚ་བེར་དགོས་པ་ཞིག་ཕུལ་སོང་།
བརྩོན་པས་ཕྱུག་པ་ཀ་རྡོ་ལེགས. ལན་བརྒྱབས་པ་བཟང་། བློ་བསྐྱེད་དོ།
འོལ་ཚོད་ཀྱི་བཀྲལ་ན
འདི།
འོལ་ཚོད་ཀྱིས་བཀྲལ་ན
་
དགྲ་དགེགས་ལ་གཏོར་བ་ན།
འདི།
དགྲ་བགེགས་ལ་གཏོར་བ་ན།
རྒན་ལ་དྭགས་པ་ལ་མཚམས་འདྲི་ཞུ། རྡོ་རྗེ་གྲོ་ལོད་ཀྱི་རྒྱ་གར་སྐད་དོད། བཛྲ་ཀྲོ་དྷ་ལོ་ཀོཏྟ་ར། གཟུངས་སྒྲུབ་ཚིག་སྡུད། ཀྲོ་ལོཏ=་གྲོ་ལོད་དུ་འགྱུར་བ་རེད། བོད་དུ་སྒྲ་བསྒྱུར་བྱེད་སྐབས། ཛྙཱ་ན་ལ=གཉའ་ན། གུ་རུ་ལ= གྷུ་རུ། དྷ་ཏུ་ལ=ད་ཏུ། བི་མ་ལ= བྱེ་མ། ཛམྦུ་=འཛམ་བུ། སིདྡྷི་ལ=སི་ཏུ། པཱ་པཾ་=ལ་པ་པུང་། ཨ་བྷ་= ཨ་བྱ། མཎྜལ= མ་དྷ་ལ་སོགས་མང་པོ་ཡོད་པ་མཁྱེན་གསལ་ལྟར་ལེགས་སོ། །
ང་ཚོས་ཆོས་ལུགས་ཀྱི་དམག་འཁྲུག་བརྒྱབ་ཡོད། དེ་མིའི་རིགས་ཀྱི་རྒྱུན་གཏན་སྤྱོད་པ་རེད། ཚང་མས་བརྒྱབ་ཡོད། ང་ཚོས་དེར་ངོ་ཚ་བ་དང་ཁྱ་སྐྱེང་བ་བྱེད་དགོས་མེད། གཙོ་བོ་འདི་ང་ཚོ་མི་ཡིན་པའི་ངོས་ནས་མིའི་སྤྱོད་པ་ཤོད་དགོས། ལྷ་དང་བླ་མ་དང་ཡེ་ཤེས་དང་རྟོག་ལྡན་ཟེར་བ་དེ་ཚོ་ང་ཚོས་སྙན་ངག་བཀོལ་གྱི་ཡོད་མ་གཏོགས་དོན་དངོས་ལ་ང་ཚོ་ནི་ད་དུང་མི་ཡིན། དཔང་རྟགས་གསལ་ཤོས་ང་ཚོའི་མཆན་རྒྱག་མཁན་ཚོར་གཟིགས་དང་།
ངས་ད་བར་རྙིང་མ་བྱང་ཆུབ་སེམས་དཔའ་ཞིག་མཐོང་མ་བྱུང་། དགེ་ལུགས་པ་གཞན་གཅེས་འཛིན་ཞིག་མཐོང་མ་བྱུང་། བཀའ་བརྒྱུད་པ་རྒྱུ་དང་དབང་ལ་མི་དགའ་མཁན་ཞིག་མཐོང་མ་བྱུང་། ས་སྐྱ་རྒྱོ་དང་སྟུ་ལ་མི་དགའ་མཁན་ཞིག་མཐོང་མ་བྱུང་། འདི་དངོས་ཡོད་རེད།
འདིར་ཡོང་མཁན་གྱི་རྙིང་མའི་ཆོས་པ་འཛིན་པ་དེ་ཚོའི་ཕྲག་མདོག་མི་གཞན་པ་དང་ཆེ་ཆུང་གཅིག་པ་རེད་འདུག བོན་པོ་ཚོ་ཡང་དེ་ལྟར་རེད། ཆོས་ལུགས་གཞན་པ་ཚང་མའི་མཆན་འགོད་མཁན་ཚང་མ་དེ་འདྲ་རེད། ང་ཚོ་མི་རེད།
ད་བར་ལ་ཁ་བརྡའི་ནང་ལ་ང་ཚོ་ས་སྐྱ་ཡིན། ང་ཚོས་བཟོད་པ་སྒོམ་གྱི་ཡིན་ཟེར་མཁན་བྱུང་སོང་ངས། ང་ཚོ་རྙིང་མ་ཡིན། ང་ཚོས་ཁྱེད་ལ་གུས་ཞབས་བྱེད་ཀྱི་ཡིན་ཟེར་མཁན་བྱུང་སོང་ངས། ང་ཚོ་དགེ་ལུགས་པ་ཡིན། ང་ཚོས་སྟོང་ཉིད་རྟོགས་ཡོད། བྱས་ཙང་ཁྱོད་ཀྱི་ཕྱོགས་ལ་བསམ་ཤེས་བྱེད་ཀྱི་ཡིན་ཟེར་མཁན་བྱུང་སོང་ངས།
ངས་བལྟས་ན་གོ་སྐབས་རེད། གོ་སྐབས་རག་ན། མི་གསོད་དགོས་སར་མི་གསོད་ཀྱི་རེད། རྫུན་ཤོད་དགོས་སར་རྫུན་ཤོད་ཀྱི་རེད།
སྔོན་གྱི་རྣམ་ཐར་དེ་ཚོར་ལྟོས་དང་། རྩོམ་པ་པོ་་དེ་ཚོས་རྫུན་ག་ཚོད་བཤད་མིན་འདུག་གམ། ང་ཚོ་རྒྱུ་མེད་པ།
ནོར་བཅོས། ང་ཚོ་རྒྱུ་མེད་པ། དེ་ང་ཚོར་ངོ་ཚ་རྒྱུ་མེད་པཱ། བཅོས་རོགས།
བསམ་ཤེས་བདེན་གི། ངས་ནི་སུ་བཟེ་རེ་ཆེ་ན་དེ་ལ་སྙད་རྐོ་བསམ་གི་འདུག དེ་མ་གཏོགས་ཆོས་ལུགས་ཆོས་བརྒྱུད་བར་ན་བཟང་ངན་ཡག་བཙོག་གི་འདུ་ཤེས་ནི་སྤུ་རྩེ་ཙམ་ཡང་མེད།
བསམ་ཤེས་ཀྱི་ལྟ་ཚུལ་ལ་ཅུང་ཟད་མོས་མཐུན་ཡོད། ཆོས་ལུགས་རིས་མེད་ཤིན་ཏུ་ལེགས། དེ་འང་ཁ་ཙམ་མ་ཡིན་པ་ཞིག་དགོས། རྒྱ་ནག་གི་གྲོས་མཐུན་དོན་ཚན་བཅུ་བདུན་ལྟ་བུ། ཞི་འགྲིག་ནི་ཐབས་ལམ་ཞིག་སྟེ་དོན་དུ་གཞན་དབང་བསྒྱུར་གྱི་གོ་སྐབས་གཉེར་བ་ཡིན་ན་མི་ལེགས། ༡༽བསམ་ཤེས་ཀྱི་ཆོས་ལུགས་དམག་འཁྲུགས་ཀྱི་ཚིག་དོན་བསམ་ཤེས་མི་འདུག ཆོས་ལུགས་དམག་འཁྲུགས་ནི་ལྟ་གྲུབ་འགལ་བ་དང་། ཆོས་ལུགས་གཞན་དབང་བསྒྱུར་ཁོ་ན་དོན་དུ་གཉེར་བ་གཙོ་བོར་བྱས་པ་ཞིག་ཡིན་དགོས། ༢༽མི་ཡིན་པས་འཁྲུལ་བ་བྱུང་བ་བདེན་མོད། ནོར་འཁྲུལ་ལ་ངོ་མི་ཚ་བ་བསམ་བློའི་ཉེས་པ་སྟེ། ཁྲིམས་ཐག་གཅོད་རྒྱུ་ཡིན་ན་བསམ་བཞིན་བྱས་པའི་ནག་ཉེས་ཀྱི་རྩ་བ་རེད། ༣༽མ་བྱུང་པ་ལ་བྱུང་ཟེར་བ་དེ་བདེན་དོན་དོར་བ་ཡིན་པས་རྒྱུ་འབྲས་ཡལ་བར་འདོར་བ་དང་། ཁེ་ཕན་གྱི་ཆེད་དུ་བདེན་རྫུན་གོ་ལྡོག་གིས་བཤད་པ་ཡིན་པས་དེ་ལས་སྐུར་འདེབས་ཆེན་པོ་ཞིག་མེད། ༤༽བདེན་དོན་ལ་རྩོད་པ་ནི་རྣམ་དཔྱོད་ལྡན་པའི་མི་ཡི་གཟི་བརྗིད་ཡིན། ༥༽བདེན་པ་མེད་པའི་མི་ལ་གོ་གནས་ཅི་ཙམ་མཐོ། སྙན་གྲགས་ནམ་མཁའ་ཁྱབ། རྗེས་འབྲང་ས་གཞི་གང་ཡང་། ཁ་ཆེའི་འཇིགས་སྐུལ་རིང་ལུགས་དང་གཉིས་སུ་མེད་པས་བློ་གྲོས་ལྡན་པས་སྤང་བྱ་ཡིན། ༦༽འཇིག་རྟེན་གྱི་འཆི་ཚུལ་ཐམས་ཅད་ཀྱི་ནང་ནས་ཆེས་ལེགས་ཤོས་བདེན་དོན་དུ་ཚེ་སྲོག་འབུལ་བ་དེ་ཡིན། དཔེར་ན་དགེ་འདུན་ཆོས་འཕེལ་བཞིན། ༧༽བདེན་དོན་གྱི་ཆེད་དུ་མི་གསོད་པ་དང་། བདེན་དོན་གྱི་ཆེད་དུ་དམག་འཁྲུགས་བྱེད་པ་ནི་མི་ཆོས་སྨྲ་བ་ཕལ་མོ་ཆེའི་འདོད་པ་རེད། ༨༽ང་ཚོ་མི་ཡིན་པས་མིའི་སྐད་ཆ་བཤད་དགོས་ཟེར་མཁན་ཕལ་མོ་ཆེས། མི་ལས་འདས་པའི་བྱ་བ་དོན་དུ་གཉེར་བཞིན་ཡོད་ལ། རང་གི་སྐྱོན་བརྗོད་ལ་བཟོད་སྒོམ་མི་ཐུབ་པ་དང་། ནང་ཆོས་ཀྱི་དད་པའི་རྩ་བ་བུད། བདེན་རྫུན་གོ་བལྡོག སངས་རྒྱས་མི་རུ་བསྒྱུར། ནང་པ་ཡེ་ཤིའི་ཆོས་ལུགས་སུ་དྲངས། ཕར་ཚན་རིག་གི་རྗེས་མ་ཆོད། ཚུར་ནང་ཆོས་ཀྱི་རྨིང་གཞི་དོར་ནས་ཡོད་པ་མང་། མི་ཡིན་ཚུལ་ལ་གོ་བ་རྣལ་མ་ཞིག་བ་མ་སྐྱེས་པར་གོ་ཚད་བདེན་པར་བཟུང་ན་མི་ཡི་རྐུབ་ཕུད་ཡོང་། དཔེར་ན། ཀླུ་མཁར་བྱམས་ཀྱང་མི་རེད། མི་ལ་སྐྱོན་ཡོད། མིས་སྐད་ཆ་བཤད་རྒྱུ་རེད། མི་ལ་སྨྲ་བརྗོད་རང་གི་ཐོབ་ཐང་ཡོད་། མིའི་རྒྱུན་སྤྱོད་ལ་ངོས་ལེན་ཡོད་བྱས་ན། བསམ་ཤེས་ལྟ་བུ་མང་པོ་ཞིག་གིས་བསམ་བློ་གཏོང་མི་ཤེས་པ་ཐག་ཆོད། ང་ཚོས་ཀླུ་མཁར་བྱམས་ལ་རྒོལ་བ་བྱེད་དོན། དྲིན་ཤེས་ཤིང་དྲིན་བཟོ་དགོས་པའི་བདེན་དོན་ལ་རྩོད་པ་རེད། མི་ཡིན་པས་སྐྱོན་ཆ་ནོར་འཁྲུལ་བཟོ་ཆོག་ན་རྩོད་པ་བྱེད་དོན་མེད། བསམ་ཤེས་ལགས་བསམ་གཞིག་གནོང་དང་།
གྲོ་ལོད་་་ཅེས་པ་ནི་་་གྲོད་པ་མདོག་ཉེས་་་ཅེས་པའི་དོན་ཡིན་ནམ། སྤྱིར་སྟངས་སྟོད་པའི་ཁ་སྐད་ལ་་་ཁྱི་དེ་ལོད་པོ་་་འདུག་ཟེར་དུས་མཐུ་བོ་དང་ངར་པོ་དྲག་པོ་སོགས་ལ་གོ་བ་རེད། གྲོད་པ་ཆེ་མདོག་ཁ་པོ་འདྲ་ཞིག་བྲིས་འདུག་བསམ་སོང་། གྲོད་པ་ཆེན་པོ་དེ་ལ་གོ་རྒྱུ་ཞིག་ཏན་ཏན་ཡོད་ཀྱི་རེད། །
ཤཀྱ་ཐུབ་པའི་རྗེས་འཇུག་པ་ཡིན་པར་རློམ་པའི་སྡིག་རྒན་གྱི་ཁྱུ་ཚོགས་ཤིག་གིས་མི་བསད་པའི་བསད་རབས་ཀྱི་དཔའ་གཏམ་ཤོད་སྟངས་ལ་ལྟོས་དང་། ཁོ་ཚོས་དངོས་སུ་མི་བསད་པར་ཁས་ལེན་སྟངས་ལ་ལྟོས་དང་། ཤཀྱ་ཐུབ་པའི་རྗེས་འཇུག་པས་མི་བསད་པ་དེ་བྱས་རྗེས་ཡིན་རབས་ཤོད་སྟངས་ལ་ལྟོས་དང་། ཤཀྱ་ཐུབ་པའི་རྗེས་འཇུག་པ་ལག་དམར་བ་ཚོས་བོན་པོ་དམར་བསད་བཏང་བ་ཡིན་པར་ཁས་ལེན་སྟངས་ལ་ལྟོས་དང་། རྩ་བཞིའི་སྡོམ་པའི་ནང་སྲོག་གཅོད་པ་སྤང་བར་འཚལ་ལོ་ཞེས་པའི་གོ་དོན་དངོས་དེ། སྡིག་རྒན་འདི་ཚོས་་་ངས་སྲོག་བཅད་པ་བྱའོ་་་ཞེས་་་ཁས་བླངས་དམ་འབུལ་ཞུས་པ་ཡིན་ས་རེད། ཆོས་རྒྱལ་བཀའ་དྲིན་ཅན་ཞེས་པ་དེ་བོན་པོ་དམར་གསོད་གཏོང་མཁན་གྱི་མི་ངན་ཁྱི་ལུད་འདྲ་བ་ཞིག་ཡིན་པ་དེ་རིང་གཞི་ནས་ཤེས་སོང་། །
བསམ་ཤེས་ཀྱི་སྐད་ཆ་ལ་བདེན་ཤས་ཆེན་པོ་འདུག མི་ཁག་ཅིག་གིས་རང་གིས་བྱས་ཉེས་རི་བོའི་གཏོས་ལྟར་བསག་ཀྱང་ལི་ལི་ཡིས་དྲི་ཆེན་སྦས་པ་བཞིན་བསྐུངས་ནས་གཞན་ལ་སྒྲོ་སྐུར་བྱེད་སྐབས་ས་འཕག་གནམ་འཕག་བྱེད་མཁན་རིགས་ཅིག་ཡོང་གི་འདུག དཔེ་མཚོན་ཙམ་ཞུས་ན་རྩོམ་འདི་ལ་མཆན་འདེབས་མཁན་འགའ་ཞིག་ལ་གཟིགས་དང། ང་ཚོས་མཛུབ་མོ་ལྔ་བགྲང་ཀ་མི་ཐེབས་རྒྱུ་མེད། བཙན་བྱོལ་སྒྲིགས་འཛུགས་དང་ཆོས་ལུགས་གཞན་ལ་སྐྱོན་བརྗོད་དང་བརླང་ཚིག་འབྲི་དུས་ནམ་ལངས་ཡོང་བའི་བཟོ་འདྲ་ཞིག་བྱེད་ཀྱི་རེད་དེ་མིན་གོ་ཐོས་ཀྱི་ཡུལ་ན་མེད། མི་སུ་ལ་ཡིན་ནའང་སྐྱོན་ཡོད་ཆོག་ལ་ཆོས་ལུགས་ཅི་ཞིག་ཡིན་རུང་དེ་ཚོ་ལའང་སྐྱོན་ཆ་ཡོད་སྲིད་་་་རང་རང་དབུ་མ་དང་མཆོག་གྱུར་ཡང་རྩེ་བླ་མེད་དུ་བཟུང་བ་ནི་ཆོས་ལུགས་ཚང་མའི་རྗེས་འཛིན་པ་གཅིག་གྱུར་རེད། འོན་ཀྱང་ང་ཚོས་ལུང་དང་རིགས་པའི་སྒོ་ནས་སྐྱོན་ལ་སྐྱོན་འདོན་བྱས་ན་དེ་ནི་སྐུར་འདེབས་སུ་འགྲོ་གི་མེད། དེ་ནི་མཁས་པའི་བྱ་བའི་འགྲོ་ལུགས་རེད། དེ་མིན་ག་དུས་ཡིན་རུང་ཕ་ཤ་མ་ཤ་ཟེར་ནས་སྐད་ཅོར་ལུང་པ་བསྐངས་ནས་བཤད་ཀྱང་རྣམ་དཔྱོད་ཅན་ཚོས་བཞད་བགད་ཤོར་རྒྱུ་ལས་མ་འདས།
གཟའ་ར་ཧུ་ལ་དང་དཔལ་རྡོར་གསོལ་མཆོད་བྱེད་དགོས་པའི་དུས་ངན་ཞིག་ནམ་ཡང་མི་ཚེས་པར་ཤོག ། །
དྲི་མེད་ལྷག་བསམ་མཆོག་གིས་གསུངས་པ་དེ། ཁུངས་དང་ལྡན་པ་ཞིག་ལགས་པས། དེ་ལྟར་མཁྱེན་པ་ཐུགས་ལ་མང་བ་དེ། སྲོལ་འཛིན་པ་དག་གིས་རྗེས་སུ་ཡི་རང་ཞུ་འོས་ཤིང་། གཤམ་གསལ་ཚིག་དོན་རྣམས་ཐུགས་ལ་འཇོག་དགོས།
རྒན་ལ་དྭགས་པ་ལ་མཚམས་འདྲི་ཞུ། རྡོ་རྗེ་གྲོ་ལོད་ཀྱི་རྒྱ་གར་སྐད་དོད། བཛྲ་ཀྲོ་དྷ་ལོ་ཀོཏྟ་ར། གཟུངས་སྒྲུབ་ཚིག་སྡུད། ཀྲོ་ལོཏ=་གྲོ་ལོད་དུ་འགྱུར་བ་རེད། བོད་དུ་སྒྲ་བསྒྱུར་བྱེད་སྐབས། ཛྙཱ་ན་ལ=གཉའ་ན། གུ་རུ་ལ= གྷུ་རུ། དྷ་ཏུ་ལ=ད་ཏུ། བི་མ་ལ= བྱེ་མ། ཛམྦུ་=འཛམ་བུ། སིདྡྷི་ལ=སི་ཏུ། པཱ་པཾ་=ལ་པ་པུང་། ཨ་བྷ་= ཨ་བྱ། མཎྜལ= མ་དྷ་ལ་སོགས་མང་པོ་ཡོད་པ་མཁྱེན་གསལ་ལྟར་ལེགས་སོ། །
་
བརྩོན་པས་ཕྱུག་པ་ཀ་རྡོ་ལེགས. ལན་བརྒྱབས་པ་བཟང་། བློ་བསྐྱེད་དོ།
་
ཞེས་བྲིས་པར་། བདག་ལ་བློ་བསྐྱེད་དངོས་མ་བྱུང་བ་ནི། བོད་སྐད་ཀྱི། ལོད། ཅེས་པ་དེ་ངན་པའི་དོན་ཡིན་པ་དེ་ལགས་སོ།
བོད་ཀྱི་བླ་མར་རློམ་པ་ཚོས་མི་བསད་རྟ་རྨས་བྱས་པ་དེ་འགྲིག་པ་རེད་ཟེར་ན་དེ་ལ་ལན ་ཧ་ཧ་ཧ ཟེར་བ་ཙམ་ལས་ཅི་ཡང་འདེབས་མི་འདོད། སྤོབས་མཐས་རང་ཉིད་དག་འབུད་འདྲ་བྱེད་ཀྱི་འདུག་སྟེ་ཁྭ་ཏའི་སྒྲོ་བསྟོད་རང་རེད། དྲྭ་ཚིགས་གང་ཞིག་ཏུ་བོན་པོའི་སྐོར་ཡོད་ན་དེར་ཁོའི་རྒྱུ་མཚན་མེད་པའི་སྡིག་དམོད་དང་སྐད་ངན་གྲིབ་མ་བཞིན་དུ་འཁོར་བསྡད་ཡོད། ད་དུང་ཕྱོགས་རིས་མེད་ཟེར་ནས་འུར་ཆེན་པོ་སྒྲོག་པ་ནི་ངན་པ་ངོ་སོ་ཆེ་ཟེར་བ་ལས་མ་འདས་སོ།
བསམ་ཤེས་ལགས་ཀྱི་སྐྱོན་མེད་མཁན་ཚོ་ལ་སྐྱོན་འགེལ་བྱེད་ཡོང་གི་འདུག
ཁྱེད་རང་ཚོའི་སྐྱོན་མཚང་རི་བོའི་གཏོས་དང་འདྲ་བ་དེ་ཚོ་ངོ་སྤྲོད་ཡག་པོ་གནང་ཐུབ་ན་དགེ་མཚན་རེད་མ་གཏོགས། དབྱུག་པ་ལེབ་བརྡུང་མ་གནང་ན་དགའ། སྤྱིར་སྟངས་སུ་ལའང་སྐྱོན་ཆ་ཡོད་སྲིད་ཀྱི་རེད། ཡིན་ནའང་ས་ཡ་དྲུག་གི་སྲིད་པའི་བླ་ཁྱིམ་རྩ་གཏོར་གཏོང་མཁན་གྱི་སྡིག་རྒན་ནག་ཉེས་ཅན་གྱི་གྲལ་དུ་བོད་མི་ཡོད་ཚད་བཞག་མ་ཡོང་རོགས། བཀའ་དྲིན་ཆེ། །
བསམ་ཤེས་ཀྱི་སྐད་ཆ་སྔ་མ་དག་གི་སྙིང་དོན་མདོར་བསྡུས་ན་བོད་ལ་སངས་རྒྱས་ཀྱི་བསྟན་པ་ཉམས་སུ་ལེན་མཁན་ཞིག་མི་འདུག་ཟེར་བ་དེ་རེད། དེ་དེ་བཞིན་ནོ་ཟེར་མི་ཐུབ་མོད། རྒྱལ་དབང་ལྔ་བས་མཚོན་པའི་བླ་ཆེན་དང་གྲྭ་བར་རློམ་པའི་བཤན་པ་མདོ་མེད་དག་ནི་སངས་རྒྱས་ཀྱི་དགོངས་པར་རྒྱབ་གཏོད་བྱེད་མཁན་ཁོ་ནའོ་ཞེས་་་་་་་་
སླར་ཡང་ཞུ་བ་ནི། གོང་གསལ། གྲོ་ལོད། ཅེས་པ་ནི། ལེགས་སྦྱར་ཚིག་བསྒུར་མ་དག་རྒྱུན་འབྱམས་སོང་བ་ཞིག་ཏེ། བོད་སྐད་དུ། གྲོ་ལོད། དོན་ནི། ཁྲོ་བོ་འཇིག་རྟེན་ལས་འདས་པ། ཞེས་སྙམ་མོ།
རྒྱལ་དབང་ལྔ་པས་བོན་པོ་ལ་ཡག་པོ་བྱས་ཡོད་རེད་ཟེར། གསང་སྔགས་འཆངས་བ་གཡུང་དྲུང་བོན་ཟེར་ནས་བསྟོད་པ་དང་བདག་རྐྱེན་ཚད་མེད་གནང་ཡོད་པ་རེད། དྲིན་བྱས་དྲིན་དུ་མི་གོ་གྲོགས་ངན་གྱི་གཤིས་ཀ་མངོན་སུ་སྟོན་སྟངས་ལ་བལྟས་ན་ལས་རྒྱུ་འབྲས་ཁས་མི་ལེན་མཁན་གྱི་རང་མདོག་བསྟན་ཡོང་གིན་འདུག
བོན་ཟེར་བ་འདིས་དམར་མཆོད་གཏོང་གིན་ཡོད་ལུགས་ནི་རྗེ་མི་ལ་རས་པས་དངོས་སུ་མཐོང་འདུག གཡག་བརྒྱ་ལ་སོགས་པ་བསད་ན་ནད་པ་ནད་ལས་གྲོལ་ཚུལ་གྱི་ལྟ་ལོག་འཚེ་བ་ཆོས་སུ་སྨྲ་བའི་ལམ་སྟོན་བྱས་པ་དེ་རྗེ་བཙུན་གྱིས་སྲོག་ཆགས་རྣམས་ཀྱི་སྲོག་བསྐྱབས་ཚུལ་རྣམ་ཐར་ཁུངས་དག་དེར་གསུངས་འདུག རྗེ་ཙོང་ཁ་པས་ཀྱང་ལམ་རིམ་ཆེན་མོ་ན་དེ་དང་ཆ་འདྲ་བ་ཞིག་གསུངས་འདུག འབྲི་གུང་སྐྱོབ་པས་འཁྱར་བོན་བརྡོལ་བོན་བསྒྱུར་བོན་སོགས་སུ་དབྱེ་ནས་དེང་རབས་ཀྱི་ཞིབ་འཇུག་ལྟ་བུ་དབྱེ་ཞིབ་ཚད་ལྡན་ཞིག་གནང་འདུག རྙིང་མའི་ཕྱོགས་ནས་དུས་རབས་བཅུ་གཉིས་པའི་ནང་དུ་བྱོན་པའི་ཉང་ཉི་མ་འོད་ཟེར་གྱིས་བརྩམས་པའི་ཆོས་འབྱུང་མེ་ཏོག་སྙོང་པོའི་ནང་དུ་ཡང་བོན་པོས་དམར་མཆོད་གཏོང་ཚུལ་ཞིབ་ཅིང་ཕྲ་བ་བྲིས་འདུག ས་སྐྱའི་ཕྱོགས་ཀྱི་མཁས་པས་ཅི་གསུངས་ད་དུང་ཤེས་མེད། ངས་ནི་གཟུགས་མེད་གྲིབ་བཟོ་བྱས་པ་སྣ་གཅིག་ཀྱང་མེད། ཞིབ་ཕྲ་དགོས་ན་རྗེས་སུ་ཞུ་ཆོག་པ་གྱིས། དེང་སང་གི་བོན་པོ་ཟེར་བ་དེ་ཚོས་ནི་དམར་མཆོད་གཏོང་གིན་མེད་པ་ཡིན་དུས་ཐུགས་ལ་གནོད་དགོས་དོན་གང་ཡང་མེད་པ་དགོངས་འཇགས་ཞུ། ཏུང་ཧོང་ཡིག་རྙིང་གི་ནང་དོན་ངག་དབང་རྒྱ་མཚོས་བཀྲལ་བ་ན་ཡང་བོན་པོའི་བཅའ་བ་རིམ་གྲོ་བསྒྲུབ་སྐབས་སུ་ལུག་གསོད་དགོས་ཚུལ་སོགས་བྲིས་འདུག རྒྱའི་ཡིག་རྙིང་ན་ཡང་གནའ་སྔ་མོའི་དུས་སུ་ཞང་ཞུང་པས་དམར་མཆོད་རྒྱ་ཆེན་པོ་བྱེད་ཚུལ་བྲིས་འདུག ཆོས་ལུགས་གང་ཞིགགི་རྗེས་འབྲངས་ཡིན་མིན་ནི་མི་ཤེས། དངོས་ད་བཤད་ནས་ཚར་གི་མི་འདུག
བོན་པོའི་གཞུང་ལུགས་ཤིག་དཔང་པོར་བཞག་སྟེ་བོན་གྱིས་དམར་མཆོད་བྱེད་ཚུལ་བཤད་ན་འགྲོ་ལུགས་ཤིག་རེད། དེ་མིན་བོན་ལ་མི་དགའ་བ་ཚོའི་སྐད་ཆ་ཁུངས་མེད་ལུང་མེད་བརྒྱ་སྟོང་མང་པོ་ཁྱེར་ནས་ཡོང་ན་ཡང་ཆེ་འགྲོ་རྒྱུ་ཅི་ཡང་མི་འདུག ཆོས་ལུགས་ཀྱིས་བཤད་ན་དམ་ཉམས་དང་ཆབ་སྲིད་ཀྱིས་བཤད་ན་ནང་རུལ་བ་བན་དེར་བརྫུས་པའི་བཤན་པ་དེ་དག་གིས་བཤད་ལས་ཅི་ཞིག་བྱས་ཡོད་པ་ནི་བན་དེ་རང་གི་དཔེ་དེབ་ཁག་ལས་གསལ་གསལ་ཐིང་ཐིང་དུ་བཤད་འདུག་པས་སྤོབས་མཐའ་བཞིན་གླེང་འགེལ་བ་དང་ཁུངས་མེད་པའི་གཏམ་འཆལ་སྒྲོག་དགོས་དོན་མི་འདུག
རྒྱལ་དབང་ལྔ་བས་བོན་ལ་ཆེ་མཐོང་གནང་བ་རེད་ཟེར་བ་དེ་ཤོག་གུའི་ངོས་དང་རྩིག་པའི་ངོས་སུ་བྲིས་པ་ཙམ་རེད། དོན་དངོས་སུ་ཁོ་རང་གི་རྐང་པའི་ནད་ངན་བཅོས་ཐུབ་མཁན་བོན་པོའི་བླ་མ་ཞིག་ལས་བྱུང་མི་འདུག་པ་དེར་བསྟོད་ར་ཙམ་བྱས་པ་རེད། འོན་ཀྱང་མཐར་བླ་མ་དེའི་སྐེ་བཅད། འབྲི་ལུང་དགོན་པ་རྩ་གཏོར་དུ་བཏང་། ད་ལྟ་དགོན་པའི་ཤུལ་ཙམ་ལས་མེད། བླ་མའི་སྐེ་གཅོད་སའི་རྡོ་ལེབ་དེ་དེང་སང་ཡང་དགོན་ཤུལ་དུ་མཐོང་རྒྱུ་ཡོད།
སྙིང་རྗེ། ད་དུང་བཤན་པའི་ཚོགས་ལ་ཕྱག་བཙལ་སྐྱབས་བཅོལ་ནས་འདུག་མཁན་འདི་འདྲ།
ད་དུང་བླ་བྲང་གི་འཇམ་བཞད་ཟེར་བའི་དམག་དཔོན་ཞིག་ཀྱང་ཡོད། སྡེ་སྲིད་ཀྱི་སྐེ་གཅོད་མཁན་ཞྭ་སེར་ཅན་དེ། ད་དུང་ཤན་ཏུ་མང་།
གུ་རུ་རྡོ་རྗེ་གྲོ་ལོད་ནི། བོད་རྒྱལ་ཁྲི་སྲོང་ལྡེ་བཙན་སྐབས་ལ། བོད་མོན་ཕྱོགས་སུ་བྱུང་བས། ཁོང་གི་མཚན་རྒྱ་གར་སྐད་དུ་ཕར་འགྲེལ་ཆོག་ཀྱང་། རྒྱ་སྐད་ཀྱི་མཚན་ཁུངས་གཏུགས་ནས་ཚུར་བཀྲལ་བ་ནི་མི་ཐད་དེ། དཔེར་ན་ཁྲི་སྲོང་ལྡེ་བཙན་གྱི་མཚན་གྱི་དོན། རྒྱ་གར་སྐད་དུ་ཁུངས་གཏུགས་པ་དང་མཚུངས་སོ།།
ངོ་དེབ་ནས།
༄།།ཤིན་ཏུ་ཡིད་སྐྱོའི་གནས་ཚུལ།
འཇམ་མགོན་རྒྱལ་བའི་རྒྱལ་ཚབ་དགའ་ལྡན་ཁྲི་རབས་ ༡༠༣ པ་ཁྲི་ཆེན་རྡོ་རྗེ་འཆང་རྗེ་བཙུན་བློ་བཟང་བསྟན་འཛིན་མཆོག་དགུང་གྲངས་གྱ་གཅིག་པ་མེ་བྱ་ཧོར་ཟླ་༢ ཚེས་༢༥ ཕྱི་ལོ་(2017–4—21)མཚན་མོ་ཆུ་ཚོད་11 དང་སྐར་མ་45 ཐོག་ལྡི་ལིའི་སྨན་ཁང་མཱསི་རུ་དགོངས་པ་ཆོས་དབྱིངས་སུ་ཐིམ་འདུག
དགའ་ལྡན་ཁྲི་ཐོག་བརྒྱ་དང་གསུམ་པ་ཆོས་རྗེ་བློ་བཟང་བསྟན་འཛིན་ནི། རབ་བྱུང་བཅུ་དྲུག་པའི་མེ་གླང་(༡༩༣༧)ལོར་བོད་ཤར་ཕྱོགས་མདོ་སྟོད་(དེང་སང་ཡུ་ནན་ཞིང་ཆེན་གྱི་མངའ་ཁོངས་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་ཁམས་ཡ་ར་) གཡག་རྭ་མཚམས་དགོན་པའི་ཤར་ལྷུ་རི་སྟོད་སད་ཅེས་པའི་ཞིང་པ་འབྲིང་པོ་ཞིག་གི་ཁྱིམ་དུ། ཡབ་རྟ་ཚོགས་དང་། ཡུམ་ཆོས་མཚོ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། དགུང་ལོ་དགུའི་ཐོག་དཔལྡན་མཚམས་དགོན་པའི་ཆོགས་སྒོར་ཞུགས། དགེ་དཀོན་མཆོག་ཚུལ་ཁྲིམས་བཤེས་གཉེན་དུ་བསྟེན་ནས་བླ་མ་མཆོད་པ་དང་། ཀུན་རིག གྲྭ་ཚང་གི་འདོན་ཆོས་ཡོངས་རྫོགས་བློ་འཛིན་གྱིས་ཚོགས་དབུས་སུ་རྒྱུགས་ཕུལ་གནང་ཞིང་གྲྭ་ཚང་ནས་བྱ་དགའ་དང་གཟེངས་བསྟོད་རྒྱ་ཆེར་ཐོབ། གཡག་རྭ་ཁང་གསར་རིན་པོ་ཆེའི་ཞལ་སྔ་ནས་དབང་ལུང་མང་དུ་གསན། ཕྱི་ལོ་༡༩༥༣དགུང་ལོ་བཅུ་བདུན་ཐོག་དབུས་འགྱུར་ཆོས་ཀྱི་ཞིང་དུ་ཕེབས། ཕ་ཡུལ་ནས་ཐོན་ཁར་དགེ་རྒན་ཕ་མ་སོགས་ཀྱིས་བསླབ་བྱ་མང་དུ་གནང་བའི་ནང་ནས་ཨ་མ་ལགས་ནས་བུ་ཁྱོད་གྲྭ་སར་སོང་ནས་དཔེ་ཆར་ཡག་པོ་བལྟ་དགོས། ང་ཚོའི་མི་ཐོག་ལ་དགའ་ལྡན་ཤར་རྩེའི་མཁན་པོ་བྱུང་ཡོད། ཁྱོད་ངའི་ཁོག་པར་ཡོད་དུས་ང་ལ་རྨི་ལམ་བཟང་པོ་བཏང་ཡོད། ངས་སྨོན་ལམ་རྒྱག་བཞིན་ཡོད་གསུངས་པ་ད་ལྟ་ཡང་དྲན་གྱིན་འདུག་ཅེས་རྗེ་འདིའི་ཞལ་ལས་ཐོས། ལྷ་ལྡན་དུ་ཕེབས་རྗེས་མཁས་མང་བློ་གླིང་གྲྭ་ཚང་དུ་སྒྲིག་ཞུགས་གནང་། དགེ་བའི་བཤེས་གཉེན་ཆེན་པོ་རྗེ་ལམ་རིམ་པ་ངག་དབང་ཕུན་ཚོགས་མཆོག་དང་། སྐབས་དེའི་གྲྭ་ཚང་མཁན་པོ་དགེ་པདྨ་རྒྱལ་མཚན། ཤག་སྐོར་མཁན་པོ་དགེ་ཉི་མ་རྒྱལ་མཚན། ཏྲེ་ཧོར་དགེ་བློ་བཟང་དོན་འགྲུབ་སོགས་གཙུག་གི་རྒྱན་དུ་བསྟེན་ནས། རིགས་ལམ་སྒོ་བརྒྱ་འབྱེད་པའི་ལྡེ་མིག་བསྡུས་གྲྭ་ནས་བཟུང་ཕར་ཕྱིན་སྐབས་བཞི་པའི་བར་འཕགས་བོད་ཀྱི་གཞུང་ལུགས་དུ་མར་གསན་བསམ་རྒྱ་ཆེར་གནང་། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་། སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེ་སོགས་ཀྱི་ཞལ་སྔ་ནས་དུས་དབང་དང་ལམ་རིམ་སོགས་དབང་ལུང་དུ་མ་མནོས། ཕྱི་ལོ་༡༩༥༩)ལོར་རྒྱ་ནག་དྲག་པོའི་སྲིད་གཞུང་གིས་བོད་ས་བཙན་བཟུང་བྱེད་སྐབས་རྒྱ་གར་འཕགས་པའི་ཡུལ་ལ་བཙན་བྱོལ་དུ་ཕེབས། བྱེས་ཀྱི་ཆོས་སྡེ་དང་པོ་སྦག་ས་ཆོས་སྒར་ནས་སྔར་གྱི་གསན་བསམ་འཕྲོ་མཐུད་གནང་། ཕྱི་ལོ་༡༩༦༤)ལོར་ས་སྟེང་རྒྱལ་བསྟན་ཡོངས་རྫོགས་ཀྱི་མངའ་བདག་༧གོང་ས་རྒྱལ་བ་ཐམས་ཅད་མཁྱེན་པའི་ཞལ་སྔ་ནས་ཚིགས་ཕྱི་མ་བསྙེན་རྫོགས་ཀྱི་སྡོམ་པ་ལེགས་པར་མནོས། ཕྱི་ལོ་༡༩༦༩)ལོར་༧གོང་ས་མཆོག་གི་བཀའ་དགོངས་ལྟར་སྦག་ས་ཆོས་སྒར་ལྷོ་ཕྱོགས་སུ་གཞིས་སྤོ་བྱེད་སྐབས་གྲྭ་མང་སྤྱི་མཚུངས་ལྟར་དེར་ཕེབས་ནས། འབྲོག་ལས་དང་ཕྱག་མཛོད་སོགས་བླ་སྤྱི་དང་གྲྭ་ཚང་ལ་སྨན་པའི་ངལ་དུབ་ཆེ་བའི་ཕྱག་ལས་རྒྱ་ཆེར་གནང་། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་། སྐྱབས་རྗེ་ཡོངས་འཛིན་རྣམ་གཉིས་ཀྱི་དྲུང་ནས་དུས་དབང་དང་། ལམ་རིམ་གྱི་གསུང་ཆོས་སོགས་དབང་ལུང་མན་ངག་རྒྱ་ཆེར་མནོས་པའི་སྐལ་བཟང་སླར་ཡང་ཐོབ། འབྲས་སྤུངས་ཚོགས་ཆེན་དང་། སེར་བྱེས་གྲྭ་ཚང་སོགས་སུ་༧གོང་ས་མཆོག་གི་སྐུ་མདུན་དུ་དམ་འཇོག་དང་། རྟགས་བསལ་གཏོང་བ་སོགས་ཐེངས་འགར་གནང་། གྲྭ་ཚང་དུ་གཞུང་ཆེན་ལྔ་ལ་དགེ་བཤེས་བཀའ་རྒྱུགས་ཀྱི་དམ་འཇོག་སྐབས་གྲྭ་ཚང་མཁན་རིན་པོ་ཆེ་ནས་དགེ་བཤེས་ལྷ་རམས་པའི་མཚན་གནས་གནང་།ཕྱི་ལོ་༡༩༧༧)ལོར་དགེ་ལྡན་ལུགས་བཟང་གཙུག་ལག་སློབ་གཉེར་ཁང་ཆེན་མོའི་རྒྱུགས་ཁུངས་སུ་ཞུགས་ནས་བཀའ་རམས་དང་། སློབ་དཔོན། ལྷ་རམས་བཅས་ལ་རྒྱུགས་སྤྲོད་ལོ་བདུན་རིང་ཨང་དང་པོའི་རྩེ་ཕུད་ཤ་སྟག་བླངས་གནང་ཡོད། ཕྱི་ལོ་༡༩༨༢)ལོར་གདན་གསུམ་སྨོན་ལམ་ཆེན་པོའི་སྐབས་མཁས་དབང་བརྒྱ་ཕྲག་དང་། དགེ་འདུན་སྟོང་ཚོ་འདུས་པའི་དབུས་སུ་དགེ་བཤེས་ལྷ་རམས་པའི་དམ་བཅའ་ཕུལ། ༡༩༨༣)ལོར་དཔལྡན་སྟོད་རྒྱུད་གྲྭ་ཚང་དུ་སྒྲིག་ཞུགས་ཀྱིས་སྐྱོར་སྦྱངས་སོགས་ལེགས་པར་གནང་།
རྒྱུད་ཀྱི་ཆོས་ཐོག་འཁོར་རྗེས་སླར་ཡང་བློ་གླིང་གྲྭ་ཚང་དུ་ཕེབས་ནས་སློབ་གཉེར་བ་རྣམས་ལ་དཔེ་ཁྲིད་གནང་ནས་བཞུགས། ཕྱི་ལོ་(༡༩༨༧)ལོ་ནས་འབྲས་སྤུངས་ཚོགས་ཆེན་ཞལ་ངོ་དང་གྲྭ་ཚང་གི་དགེ་བསྐོས་གཅིག་ལྕོགས་ལོ་གཉིས་གནང་། རྡ་སར་༧གོང་ས་སྐྱབས་མགོན་ཆེན་པོའི་སྐུ་དྲུང་དུ་གཞུང་ཆེན་གྱི་དམ་བཅའ་ལན་གཉིས་བཞག་སྟེ་སྒྲུབ་པའི་མཆོད་པ་བླ་མེད་དུ་ཕུལ། ཕྱི་ལོ(༡༩༩༠)ལོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་དཔལྡན་སྟོད་རྒྱུད་གྲྭ་ཚང་གི་བླ་མ་དབུ་མཛད་ཀྱི་ཕྱག་རྟགས་གནང་བ་ལྟར་རྡ་སར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་མཇལ་བཅར་ཞུས་ཏེ་བཀའ་སློབ་ལམ་སྟོན་རྣམས་ཐུགས་ཀྱི་དཀྱིལ་དུ་བཅངས། བླ་མ་དབུ་མཛད་ལོ་གསུམ་རིང་རྒྱུད་སྟོད་གྲྭ་ཚང་གི་བྱ་བ་ལས་ཀྱི་འཁོར་ལོ་རྣམས་གང་ལེགས་གནང་ཞིང་། ཕྱི་ལོ་(༡༩༩༣)ལོ་ནས་དཔལྡན་སྟོད་རྒྱུད་གྲྭ་ཚང་གི་མཁན་ཁྲིར་ཕེབས་དགོས་པའི་བཀའ་རྒྱ་གནང་བ་ལྟར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་མཇལ་བཅར་དང་། བོད་ཀྱི་ཕྱི་ནང་གསང་གསུམ་ལ་ཕན་པའི་བཀའ་སློབ་ལམ་སྟོན་ཟབ་མོ་རྣམས་ཐུགས་ཀྱི་རྒྱན་དུ་བླངས། མཁན་པོའི་ཐུགས་ཁུར་བཞེས་ནས་བསྟན་འགྲོ་ལ་སྨན་པའི་མཛད་བཟང་རྒྱ་ཆེར་བསྐྱངས། ཕྱི་ལོ་(༢༠༠༣)ལོ་ཟླ་༡པོའི་ཚེས༡༨ཉིན་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་ཤར་པ་ཆོས་རྗེར་ཕེབས་དགོས་པའི་ཕྱག་བྲིས་གནང་དོན་བཞིན་ཕྱི་ཚེས་༢༠ཉིན་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་མཇལ་བཅར་ཞུ་སྐབས་ཐུགས་དགྱེས་ཚོར་ཆེན་པོས་རྗེས་སུ་བཟུང་བར་མཛད། དཔལྡན་སྟོད་རྒྱུད་གྲྭ་ཚང་དུ་གདན་ས་ཆེན་པོ་གསུམ་དང་། བཀྲིས་ལྷུན་པོ་དང་། རྭ་སྟོད། རྒྱུད་སྟོད་སྨད་གཉིས་ཀྱི་མཁན་ལས་ཟུར་དང་དབུ་བླ་རྣམས་གཙོས་པའི་གྲྭ་མང་དང་།ཆོས་དོན་ལྷན་ཁང་གི་སྐུ་ཚབ་བཅས་ལྷན་འཛོམས་ཀྱིས་ཤར་པ་ཆོས་རྗེ་ཁྲི་འདོན་མཛད་སྒོ་གཟབ་རྒྱས་གནང་།ཕྱི་ལོ་༢༠༠༣ཕྱི་ཟླ་༢པའི་ཚེས་༡༡ཉིན་རང་གཞུང་གི་སྐུ་ཚབ་དང་། གདན་ས་ཆེན་པོ་དགའ་འབྲས་གཉིས་ཀྱི་གྲྭ་ཚང་བཞི་དང་། རྭ་སྟོད་གྲྭ་ཚང་བཅས་ཀྱི་མཁན་ལས་ཟུར་དང་འདུས་མང་གང་མང་གིས་ཕེབས་བསུ་གཟབ་རྒྱས་ངང་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་དུ་ཞབས་ཟུང་མངོན་པར་བསྒྱུར། ཚེས་༡༢ཉིན་འཇམ་མགོན་རྒྱལ་བ་གཉིས་པའི་གདན་ས་ཆེན་མོ་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་གི་ཚོགས་ཆེན་དུ་མང་ཇ་དང་འབྲེལ་ཤར་པ་ཆོས་རྗེའི་ཁྲི་འདོན་མཛད་སྒོ་དངོས་གཞི་གཟབ་རྒྱས་ཚུགས་ཏེ་ཤར་པ་ཆོས་རྗེའི་ཐུགས་འགན་བཞེས། རྗེ་འདིས་ཤར་པ་ཆོས་རྗེའི་བྱེད་སྒོ་འཐུས་ཚང་གནང་བའི་ཞོར་ལ། རྒྱུན་དུ་གདན་ས་ཆེན་པོ་འབྲས་སྤུངས་བློ་གླིང་གྲྭ་ཚང་དུ་བཞུགས་ནས་གདུལ་བྱ་བརྒྱ་ཕྲག་མང་པོར་གཞུང་ཆེན་གྱི་འཆད་ཁྲིད་གནང་། དེ་བཞིན་རྒྱ་བོད་འབྲུག་གང་སར་མཛད་འཕྲིན་རྒྱ་ཆེར་བསྐྱངས་དང་སྐྱོང་བཞིན་པའི་མུར། ཨ་རི་དང་། ཨོ་སི་ཊོ་ལི་ཡ་དང་། ཧྥ་རན་སི། སུད་སི་སོགས་ནུབ་ཕྱོགས་ཁུལ་དང་། ཐེ་ཝན་དང་། སིང་གྷ་པིར། མ་ལ་ཤི་ཡ་སོགས་ཤར་གླིང་ཁུལ་གྱི་ཕྱིའི་ཡུལ་གྲུ་མང་པོ་ལ་གདན་ཞུ་ཕུལ་བ་བཞིན་ཕེབས་ནས་མདོ་སྔགས་ཀྱི་ཆོས་འཁོར་རྒྱ་ཆེར་བསྐོར། ་་་་་་་་
་་་་་་་་་ དགུང་ལོ་བརྒྱད་ཅུ་པ་རབ་བྱུང་བཅུ་བདུན་པའི་ སྤྱི་ལོ་ (༢༠༡༦)ལོའི་ཟླ་ ༡༠ ཚེས་ ༡༩ ཉིན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས། དགའ་ལྡན་ཁྲི་ཐོག་ ༡༠༣ པར་བསྐོ་གཞག་གི་བཀའ་ཡིག་ཕྱག་རྟགས་ཕེབས་དོན་ལྟར། སྤྱི་ཟླ་ ༡༡ ཚེས་ ༥ ཉིན་ དགའ་ལྡན་ཚོགས་ཆེན་དང་དགའ་ལྡན་ཁྲི་ཐོག་ཁང་གཉིས་ཀྱི་ནང་དུ་དངོས་སུ་དགའ་ལྡན་ཁྲི་པའི་ཁྲི་ལ་མངའ་གསོལ་གྱི་རྟེན་འབྲེལ་མཛད་སྒོ་ཚོགས་ཏེ། དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་འབྲས་སྤུངས་ཕུ་ཁང་ཁམས་ཚན་ནས་སྤྱན་འདྲེན་གྱིས། སྤོས་སྣེ་དང་། གདུགས། རྒྱལ་མཚན་སོགས་མཆོད་རྫས་སྣ་ཚོགས་ཀྱིས་ཕེབས་བསུ་གཟབ་རྒྱས་དང་བཅས་ཏེ་དགའ་ལྡན་ཚོགས་ཆེན་འདུ་ཁང་དུ་ཕེབས་བསུ་ལེགས་གྲུབ་རྗེས། གནས་གཟིགས་དང་ཐུགས་སྨོན། རྟེན་གཙོ་ཁག་ལ་སྙན་ཤལ་ཕུལ་བ་དང་མཆོད་མེ་ཞལ་ཕྱེ་སོགས་གནང་གྲུབ་བསྟུན། བཞུགས་ཁྲིར་༸ཞབས་སོར་འཁོད་པར་དགའ་ལྡན་ཚོགས་ཆེན་གྱི་ལས་སྣེ་ཚོས་མཎྜལ་རྟེན་གསུམ་འདེགས་འབུལ་དང་སྐུ་མགྲོན་རྣམས་ལ་མཇལ་ཁ་གནང་། སྐབས་དེར་སྐུ་མགྲོན་དུ་བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་དང་། ཤར་བྱང་གི་ཆོས་རྗེ་རྣམ་གཉིས་རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས་ཀྱི་སྐུ་ཚབ་དགའ་ལྡན་ཤར་རྩེ་གྲྭ་ཚང་གི་མཁན་པོ་བྱང་ཆུབ་ཆོས་ལྡན་མཆོག གདན་ས་ཆེན་པོ་གསུམ་གྱིས་གཙོས་པའི་དགོན་སྡེ་ཁག་གི་མཁན་པོ། གཞན་ཡང་ལྷོ་སྤྱི་དབུས་གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་ཚོགས་ཁག་གི་སྐུ་ཚབ་རྣམ་པ་བཅས་སེར་སྐྱ་མི་དམངས་ཁྲི་ཕྲག་མ་ཟིན་ཙམ་འདུས་པའི་དབུས་སུ། རྗེ་རྒྱལ་བ་གཉིས་པའི་རྒྱལ་ཚབ་ཏུ། མི་འཇིགས་སེངྒེའི་ཁྲི་ལ་ཞབས་སེན་འཁོར་ལོའི་རེ་ཁ་མངོན་པར་འཁོད།
སྐབས་དེར་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དྲིན་རྗེས་དྲན་དང་བཀའ་དགོངས་ཚུལ་བཞིན་ལག་བསྟར་གནང་སྟེ་༸གོང་ས་མཆོག་༸སྐུ་ཚེ་ཡུན་དུ་བརྟན་ཐབས་གནང་དགོས་གལ་སོགས་བཀའ་སློབ་གནང་། དགའ་ལྡན་བླ་སྤྱིར་ཁྲི་འདོན་མཛད་སྒོ་གྲུབ་པ་དང་། དགའ་ལྡན་བླ་སྤྱི་ནས་དགའ་ལྡན་ཁྲི་ཐོག་ཁང་དུ་རྟེན་འབྲེལ་མཛད་སྒོ་ཚོགས་གནང་། དེ་མཚུངས་དགའ་ལྡན་ཕུ་ཁང་ཁམས་ཚན་དང་། དགའ་ལྡན་ཤར་རྩེ་གྲྭ་ཚང་བཅས་ལ་སྔོན་འགྲོའི་མཛད་སྒོ་གནང་མ་ཟད། ཚེས་ ༦ ཉིན་དགའ་ལྡན་ཁྲི་ཐོག་ཁང་དུ་དགའ་ལྡན་ཁྲི་པ་གསར་རྙིང་གཉིས་ལ་བརྟན་བཞུགས་བསྟར་འབུལ་ཞུས། གདན་སའི་སློབ་གཉེར་བ་ཚོར་གཞུང་ཆེན་དཔེ་འཁྲིད་རྒྱུན་གཏན་ཐོག །སྐད་དང་ཤ་མདོག་མི་གཅིག་པའི་འཛམ་གླིང་ཤར་ནུབ་ཀྱི་སློབ་མ་སྟོང་ཚོ་མང་པོར་འདོད་ཆོས་སྣ་ཚོགས་གནང་མུས་སུ། གདུལ་བྱའི་བསོད་ནམས་ཀྱིས་མ་འདངས་པར་ཡུན་རིང་བསྙུང་གཞི་ལྕི་བཞེས་ཀྱིས་ཞབས་རིམ་དང་སྨན་བཅོས་སོགས་ཇི་ལྟར་བྱས་རུང་མ་ཕན་པར། དགུང་ལོ་གྱ་གཅིག་པ་རབ་བྱུང་བཅུ་བདུན་པའི་མེ་བྱ་ཧོར་ཟླ་༢ ཚེས་༢༥ (2017–4—21)མཚན་མོ་ཆུ་ཚོད་11 དང་སྐར་མ་45 ཐོག་ལྡི་ལིའི་སྨན་ཁང་མཱསི་རུ་དགོངས་པ་ཞི་བར་གཤེགས།
བེ་རི་དགེ་བཤེས་འཇིགས་མེད་དབང་རྒྱལ་གྱིས། གནས་མཆོག་ཝཱ་ར་ཎཱ་སི་ནས།
Foto de Beri Jigme Wangyal.
GostoMostrar mais reaçõesComentarPartilhar
བོན་པོའི་གཞུང་ལུགས་ཟེར་ན་ཡང་དུས་ཕྱིས་ཀྱི་བསྒྱུར་བོན་ནམ་བོན་དཀར་གྱི་གཞུང་ལུགས་ནང་དུ་དམར་མཆོད་བྱེད་སྲོལ་མེད། དེང་དུས་ཀྱི་བོན་གྱི་བཀའ་བསྟན་ཟེར་བའི་ཡིག་ཆེ་དེ་ཚོ་དུས་རབས་བཅུ་པའི་སྔོན་དུ་ཤོག་ལྷེ་གཅིག་ཀྱང་མེད། ཏུང་ཧོང་ཡིག་རྙིང་ལས་བོན་ཟེར་བ་ཐར་ཐོར་རེ་ཡོད་པ་དེ་ཚོ་ལས་ནི་ལུག་བསད་ནས་རིམ་གྲོ་བྱེད་ཚུལ་སོགས་གསལ་ཡོད་པ་དེ་རེད། དེ་མ་ཡིན་པར་བོད་ཀྱི་གདོད་མའི་ཆོས་ལུགས་དེ་ནི་ཡིག་ཐོག་ལ་འཁོད་ཐུབ་པའི་གཞུང་ལུགས་ཚད་ལྡན་ཞིག་ག་ལ་ཡོད། བོད་དང་ཞང་ཞུང་གཉིས་ཆར་ལ་ཡི་གེ་མེད་པ་དང་དམར་མཆོད་རྒྱ་ཆེར་གཏོང་ཚུལ་སོགས་ནི་རྒྱའི་ཐང་ཡིག་གི་ནང་དུ་གསལ་གསལ་ཐིང་ཐིང་བྲིས་ཡོད་པ་དེ་རེད།
མིག་མཐོང་ལག་ཟིན་གྱི་བོད་ཆོས་དང་བོན་པོ།
https://www.facebook.com/dennisokp/videos/243062892827260/?hc_ref=NEWSFEED
གདུལ་བྱའི་བསོད་ནམས་ཀྱིས་མ་ལྡངས་པར་། འཇམ་མགོན་རྒྱལ་བའི་རྒྱལ་ཚབ་དགའ་ལྡན་ཁྲི་རབས་ ༡༠༣ པ་ཁྲི་ཆེན་རྡོ་རྗེ་འཆང་རྗེ་བཙུན་བློ་བཟང་བསྟན་འཛིན་ཞབས་དགོངས་པ་ཆོས་དབྱིངས་སུ་འཐིམས་པར་བོད་རིང་ལུགས་འཛིན་པ་ཡོངས་ཀྱིས་མྱ་ངན་ཞུ་བ་དང་། འཇམ་མགོན་རྒྱལ་བའི་བསྟན་པ། པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱི་གསུང་མཐའ་མ།
་
ཐུབ་དབང་གཉིས་པ་བློ་བཟང་གྲགས་པ་ཡི།
མདོ་སྔགས་ཆོས་ཀྱི་རྒྱལ་མཚན་འོད་འབར་བས།
མཐའ་ཡས་གདུལ་བྱིའི་རྨོངས་པ་ཀུན་སེལ་ཞིང་།
ཕན་བདེའི་འདབ་བརྒྱའི་དགའ་ཚལ་རྒྱས་གྱུར་ཅིག །
་
ཅེས་པ་བཞིན་ཞུའོ། །
རང་ཉིད་ཀྱིས་མ་མཐོང་བ་རྒྱུ་མཚན་དུ་བགྲང་ནས་མེད་པར་ཐག་ཆོད་པའི་སྙིང་ཁམས་ཅན་ཤིན་ཏུ་མང་། ལྷག་པར་དུ་ཕྱོགས་ཞེན་ཅན་ཚོའི་ཁྲོད་དུ་མང་། ཧ་ཧ་ཧ དེ་དག་ལ་ཅི་ཞིག་བསྟན་ཀྱང་མིག་བཙུམ་སྟེ་འདུག་པ་ལས་དོན་དངོས་དང་དུ་ལེན་པའི་བློ་མིག་མེད། བཤད་ན་ཡོད་ཡོད་འདྲ་ལ་བཙིར་ན་མེད་མེད་འདྲ་བའི་སྐད་ཆ་བཤད་རྒྱུར་ཁོ་ཅག་ཤིན་ཏུ་དགའ།
ཁུང་བགྲང་རྒྱུ་མེད་པའི་ཐག་རིང་ཞིག་བཤད་ནས་ཅི་བྱེད། སྐབས་སུ་བབས་པ་ནི་ཐག་ཉེའི་གནས་ཚུལ་དེ་དག་རེད། བླ་མས་དམག་དཔོན་བྱས། གྲྭ་བས་དམག་མི་བྱས། དགོན་པ་མེ་ལ་བསྲེག རྟེན་གསུམ་ཆུ་ལ་བསྐྱུར། ཕྱི་དགྲ་ནང་དུ་ཁྲིད། བོད་ཁམས་ཁྲག་ལ་བསྲེས། ལས་ངན་པ་བསགས་བསགས་པའི་མཐའ་མར་རྡོ་གནམ་འཕང་གིས་རང་མགོ་བཅག་པའི་ཚུལ་འདི་མི་འདོད་བཞིན་དུ་སྐྱོང་དགོས་བྱུང་བ་རེད། ཐ་ན་རང་ཡུལ་ཤོར་ནས་གཞན་ལ་སྐྱབས་བཅོལ་ནས་སྡོད་པའི་སྐབས་སུའང་དགེ་ཚུལ་གྱིས་དགེ་སློང་བསད། དགོན་པར་ནང་འཁྲུགས་ལང་བའི་ཚུལ་བསམ་ན་སེམས་ཀྱིས་མི་བཟོད་པ་འདི་ཡང་བླུན་པོ་ཁྱུ་གཅིག་གིས་བླ་མར་སྒོམ་པའི་དམག་དཔོན་སེར་གཟུགས་ཅན་དག་གི་བྱས་རྗེས་རེད།
ཐང་ཡིག་ཏུ་བོད་ཀྱི་བན་དེ་ཞིག་གིས་སེམས་ཅན་གསུམ་བསད་དེ་དམར་མཆོད་བྱས་ཚུལ་བྲིས་འདུག ཧ་ཧ་ཧ་ཧ
མཆན། 76 པ།
ཀ་རྡོ་ལེགས།
བོད་ཀྱི་ལ་རྒྱ་འཛིན་ས་ནས་མི་འཛིན་པར་དངོས་དོན་ལ་སྙོན་པ་ནི་ལ་རྒྱ་གོ་ལོག་རེད། རྡོ་རྗེ་གྲོ་ལོད་རྣམ་འཕྲུལ་དུ་མ་བྱུང་བས་མཐའ་གཅིག་ཏུ་མོན་བོད་ནས་བྱུང་བ་ཡིན་ཅེས་བཤད་མི་ཐུབ་ལ། དེ་བཞིན་མཐའ་གཏིག་ཏུ་སྤ་དྲོ་སྟག་ཚང་ནས་བྱུང་ཞེས་གཡོ་བ་མེད་པའི་རི་བཞིན་གནས་ཁོལ་བུར་འཛིན་པའང་མི་རིགས་སྟེ་བོད་གངས་ཅན་དུ་སྟག་ཚང་མིང་ཅན་བཅུ་གསུམ་ཡོད་པས་སོ། །སྟག་ཚང་མིང་ཅན་དེ་དག་ཀྱང་གཏེར་སྟོན་གྲུབ་བརྙེས་ཚད་ལྡན་རྣམས་ཀྱིས་བཞེད་པ་ལས་ད་ལྟའི་གཡམརྒྱུགས་མཁན་རྣམས་དང་ཕྱོགས་རིས་ཅན་རྣམས་ཀྱིས་གཡོ་སྒྱུའི་གཏམ་དང་མི་འདྲའོ། ། རྡོ་རྗེ་གྲོ་ལོད་བྱོན་ཚུལ།
ཨོ་རྒྱན་གླིང་པའི་པདྨ་བཀའ་ཐང་ལས།
མུ་སྟེགས་ཡུལ་བྱོན་དགའ་བའི་ཚལ་དུ་བཞུགས༔
སྙན་པའི་སྒྲ་ཡིས་ཕྱོགས་མཚམས་ཀུན་ཏུ་ཁྱབ༔
གསང་སྔགས་ཕྱི་ནང་ཐུགས་ཀྱི་དཀྱིལ་ན་གསལ༔
རྡོ་རྗེ་གྲོ་ལོད་སྐུ་ལ་ཕྱག་འཚལ་བསྟོད་ཅེས་དང་།
འཇམ་མགོན་ཀོང་སྤྲུལ་གྱི་བཀའ་ཐང་དོན་བསྡུས་ལས།
ལི་ཡུལ་དུར་ཁྲོད་ལོ་ཀ་བརྩེགས་པར་བྱོན༎
རྡོ་རྗེ་གྲོ་ལོད་གྲགས་ལ་ཕྱག་འཚལ་ལོ། །ཞེས་དང་།
བཀའ་ཐང་ཤེར་བྲག་མའི་ལེའུ་སོ་གསུམ་པར་དུར་ཁྲོད་པདྨ་བརྩེགས་སུ་བཞུགས་ཚུལ་ཡང་།
ཤིན་ཏུ་འཇིགས་པའི་དུར་ཁྲོད་ཆེན་པོ་དེར༔
ལོ་ལྔར་བཞུགས་ནས་མཁའ་འགྲོར་ཆོས་འཁོར་བསྐོར༔
མཚན་ནི་རྡོ་རྗེ་གྲོ་ལོད་ཅེས་བྱར་གྲགས༔ སྤྱིར་ཡོངས་སུ་གྲགས་པའི་གནས་ནི་སྤ་གྲོ་སྟག་ཚང་ཡིན་མོད་གཞན་དུ་རྡོ་རྗེ་གྲོ་ལོད་ཅེས་མ་གྲགས་པ་གཏན་ནས་མིན་ནོ། །དགོངས་པར་མཛོད། དྲི་མེད་པས།
་་་་་་་ ཆེ་མཆོག་འཆོལ་བའི་ཁྲོ་རྒྱལ་གུ་རུ་དྲག་པོ་རྡོ་རྗེ་གྲོ་ལོད་ཀྱི་སྐུར་བཞེངས་པའི་རྩ་བའི་གནས་ནི་མོན་གྱི་སྤ་གྲོ་སྟག་ཚང་དུ་གྲགས་པ་འདི་ཉིད་ཁོ་ན་ཡིན་ཏེ། ་་་་་་་་
་་་་་་་་ གུ་རུ་སྤྲུལ་པའི་མཚན་བརྒྱད་དུ་སྤྲུལ་ནས་འགྲོ་བའི་དོན་རླབས་པོ་ཆེ་མཛད་པ་སྤྱི་དང་། བྱེ་བྲག་མོན་ཁ་སྤ་གྲོ་སྟག་ཚང་སེང་གེ་བསམ་འགྲུབ་ཏུ་རྡོ་རྗེ་གྲོ་ལོད་ཀྱི་སྐུར་བཞེངས་ནས། གདུག་པ་ཅན་གྱི་མུ་སྟེགས་བདུད་དང་དམ་སྲི་ལ་སོགས་པ་ཚར་བཅད་རྗེས་སུ་བཟུང་་་་་་་་
འདབ་པ་ཚེ་དབང་མགོན་པོ། ཁྱོད་ས་འདྲ་ཟད་མེད་ན། ཁ་བརྡ་ནང་ལ་འཛུལ་མ་འགྲོ། བཀྲ་མི་ཤིས་པའི་དྲ་ལམ་འདི་ནས་ཁྱོད་ལ་དོན་འགྲུབ་༷པའི་ཉི་མ་ཞིག་ཤར་གྱི་མ་རེད། སྐད་ཆ་འདི་ཉན་པའི་རེ་བ་ཡོད།
བཀྲ་མི་ཤེས་བའི་བེ་རི་འཇིགས་ཅན་པོས། ཁ་བརྡ་ཚང་ནས་ཁ་མི་དྲོ་བའི་ཁ་ངན་མང་པོ་བཤད་བཤད་ནས། ད་གནས་མོ་ཁ་བརྡ་ཚང་མ་འགྲིག་པའི་སྐད་ཆ་འདྲ་ཞིག་ལབ་ན།
ད་མྱི་འདི་ཚོའི་བྱ་སྤྱོད་དང་ཡོན་ཏན་གྱི་ཁ་ཕྱོགས་གང་ཞིག་ན་རུལ་ནས་བསྡད་ཡོད་འདུག་པ་བསམ་ན་སྐྲག་ས་འདྲ་ཞིག་རེད། ཧ་ཧ་ཧ། རང་ངོ་མི་རིག་པའི་ཁྱི་རྒྱ་ལུ་ང་ཚོ། ཧ་ཧ་ཧ།
#86 བེ་རི་འཇིགས་མེད། ་ལགས་ཀྱིས་སྤེལ་དོན།:
April 23rd, 2017 at 3:14 am
བེ་རི་ནས་སྐད་ཆ་འདི་འདྲ་ཞིག་ཁ་བརྡ་ཚང་ལ་བཤད་ནས་ལོ་གཉིས་སོང་ཟིན་ན་ཡང་ད་དུང་བེ་རི་ཁོ་རང་འདི་བ་ཚང་གི་ནང་དུ་བསྡད་འདུག དངོས་གནས་དགོད་བྲོ་བ་རེད།
རིག་པ་སྤྲེལ་མགོ་འདྲ་བ་དང་ལུང་ཚིག་སྒྱུ་མ་འདྲ་དེ་ཚོས་གཞུང་ལུགས་གཏན་ལ་འབེབ་ཐུབ་ལེ་མ་རེད། གཞུང་ལུགས་དངོས་གནས་དེ་གཏན་ལ་འབེབ་དགོས་ན་ཡིན་ལུགས་ཚད་ལྡན་དེ་ཤེས་དགོས་པ་དང་། དེ་འདྲའི་ཤེས་པའི་ཡིན་ལུགས་དེ་ལ་བཅོས་མིན་གྱི་ཡིད་ཆེས་དགོས་ལེ་རེད། ཡིན་ལུགས་ཚད་ལྡན་དེ་ཤེས་ནས་དེ་ལ་ཡིད་མ་ཆེས་ན་གཞུང་ལུགས་ཚད་ལྡན་དེ་བྱུང་སའི་ཁུངས་རྩ་དེ་མེད་པར་གྱུར། གཞན་ལུང་ཟེར་བ་ནི་སྐྱེས་བུ་ཆེ་གེ་མོ་མི་འདྲ་བས་གསུངས་པ་ཞིག་དང་རིག་པ་ཟེར་བ་ནི་སྐྱེས་བུ་མི་འདྲ་བ་རེ་རེའི་རྣམ་དཔྱོད་མི་འདྲ་བའི་རྩལ་ལས་ཐོན་པ་ཞིག་ཡིན་པས་དེ་ལ་ངེས་བརྟན་དུ་བཟུང་ས་ནི་གང་ཡང་མེད། །
འབྲུག་པའི་ཆོས་རྙིང་པ་ཞིག་ཡིན་ནམ།
https://www.facebook.com/reezo.thukselgangs/posts/305839119829543