ཀོ་ལི་གྷལ་གཞིས་ཆགས་གཞུང་པ་ཚེ་དབང་བསོད་ནམས།
ཀ་དག་ཆོས་དབྱིངས་ཡེ་ཤེས་ཀརྨ་པ།།
ཁ་བ་གངས་རིའི་ཁྲོད་དུ་སྐྱེ་ཕྲེང་ཕེབས།།
སྒྲུབ་བརྒྱུད་བསྟན་པའི་སྲོག་ཤིང་ཀརྨ་པ།།
ངོ་མཚར་གཏམ་གྱི་ས་གསུམ་འགུལ་དུ་བཅུག །
བཅོས་མིན་དད་པའི་ཨ་ལོང་རྡོ་རྗེ་བྲག །
ཆོས་སྐུ་འོད་གསལ་འགྲོ་བའི་ཁམས་དང་བསྟུན།།
ཇི་ལྟར་སངས་རྒྱས་བསྟན་པ་འཛིན་པའི་ཕྱིར།།
ཉི་ཟླ་བཞིན་དུ་འཛམ་གླིང་མདུན་དུ་འཆར།།
ཏ་ཐཱ་ག་ཏའི་བསྟན་པའི་གཙུག་གི་རྒྱན།།
ཐོག་མའི་སྨོན་ལམ་སྐྱེ་འགྲོའི་མགོན་དུ་བྱོན།།
དད་ལྡན་བུ་སློབ་འཛམ་གླིང་ཕྱོགས་ཀུན་ཁྱབ།།
ནག་ནོག་མེད་པའི་བཀའ་རྒྱུད་སྨོན་ལམ་བཙུགས།།
དཔལྡན་བཀའ་བརྒྱུད་སྨོན་ལམ་མཆོག་ཏུ་མངར།།
འཕགས་ནོར་རིན་ཆེན་བདུན་གྱིས་མངོན་པར་བསྟོད།།
བ་དན་ཕྱོགས་བཅུར་གྲགས་པ་བཀའ་བརྒྱུད་པ།།
མར་གྱུར་སེམས་ཅན་དོན་དུ་སྨོན་ལམ་ཚོགས།།
རྩ་བའི་བླ་མའི་བཀའ་སྒྲུབ་སློབ་འབངས་འགན།།
ཚ་གདུང་སེལ་བའི་བདུད་རྩི་ནང་བསྟན་ཙམ།།
རྫོགས་སངས་བསྟན་པ་འཛིན་པའི་འདུལ་སྡེ་ལ།།
ཝེར་མའི་ལྷ་ཚོགས་རྣམས་ཀྱིས་གྲོགས་འཕྲིན་མཛོད།།
ཞི་བདེའི་སྨོན་ལམ་ལྷག་བསམ་དགུང་ལ་སྙེགས།།
ཟས་ནོར་གནས་མལ་ཆོས་ཞུའི་འདོད་པ་བསྐངས།།
འོད་གསལ་སྒོམ་གྱི་གནས་ལུགས་གསལ་སྟོན་མཛད།།
ཡེ་ཤེས་ཐུགས་ཀྱིས་སྲིད་གསུམ་ཉིན་མཚན་འདྲེན།།
རབ་དཀར་བཀའ་སྨོན་འཛམ་གླིང་ཞི་བདེ་བསྐྲུན།།
ལས་འབྲས་ངོ་སྤྲོད་ཡང་དག་ཆོས་ལམ་བསྟན།།
ཤེས་བྱའི་གནས་ལུགས་ཟབ་ཁྲིད་བུ་སློབ་གདམས།།
ས་གསུམ་འགུལ་བའི་ཆོས་ཀྱི་འབྲུག་སྒྲ་གྲགས།།
ཧྲི་ཡིག་ལས་འཁྲུངས་འཕགས་མཆོག་སྤྱན་རས་གཟིགས།།
ཨ་ས་བདུད་རྩིའི་བྱིན་གྱིས་བརླབ་ཏུ་གསོལ།།
ནོར་བཅོས་ ( ཞི་བདེའི་སྨོན་ལམ་ལྷག་བསམ་དགུང་ལ་སྟེགས་)
དངོས་གནས་ཡག་པོ་བྲིས་གནང་འདུག
ཚེ་དབང་ལགས། ཞི་བདེའི་སྨོན་ལམ་ལྷག་བསམ་དགུང་ལ་བསྙེགས།། དགུང་ལ་སྟེགས་ཟེར་ནས་བཅོས་དོན་ཅི་ཡིན། །
༅༅། དངོས་གནས་རེད། དགུང་ལ་བསྙེགས་་་དང་སྟེགས་ལ་ཁྱེད་པར་ཅི་ཡོད་དམ་འདིར་
གསལ་བཤད་གནང་དང། དེ་མིན་ཐམ་ཁའི་ཐོག་ལ་་་མར་སྐྱེན་འཐེན་དང་མཚུངས།
ཡག་མོ་གུ