ནག་ཆུ་ཀུན་དགའ།
ཀ་ཅ་ནོར་ཕྱིར་ལ་རྒྱ་བཙོང་མཁན་གཅིག །
ཁ་གསག་གཡོ་སྒྱུའི་གཏམ་ལ་མཁས་པ་གཉིས།།
ག་ས་ག་ལ་ཐར་བའི་མགོ་བདེ་གསུམ།།
ང་རང་འདི་གསུམ་མི་དགའ་དཀོན་མཆོག་གསུམ།།
ཅ་ཅོ་གཏམ་གྱིས་བཟང་པོའི་གྲོས་རྭ་གཏོར།།
ཆ་འཇོག་མི་ཕེར་སྣ་མང་བྱ་བ་རྩོམ།།
ཇ་ཆང་ཨ་རག་མཐོན་པོའི་ཁྲི་ལ་རྔམས།།
ཉ་མའི་མགུལ་དུ་འཁྱུད་པའི་དཔོན་མི་དགའ།།
ཏ་ར་དཀར་མོའི་སྤྲུལ་པ་ཡིན་ནོ་ལོ།།
ཐ་མལ་བུ་མོ་གཡོ་སྒྱུའི་ཆགས་པ་སྤྱོད།།
ད་དུང་རྣལ་འབྱོར་ཆེན་པོ་ཡིན་མདོག་སྟོན།།
ན་རྒས་འཆི་བ་མི་དྲན་མཁན་མི་དགའ།།
པ་ལོ་ནག་པོའི་ཁ་དོག་སེར་པོར་བསྒྱུར།།
ཕ་མས་མ་ཐུབ་ལང་ཤོར་ཁ་དམར་མ།།
བ་སྒམ་ཁང་བཟང་ནང་གི་རྐུབ་གཡུག་མཁན།།
མ་རབས་འཆལ་མོའི་རིགས་ལ་ང་མི་དགའ།།
ཙ་རི་གངས་རི་ཟེར་ནས་ས་རྡོ་བསྐོར།།
ཚ་ཚ་མཆོད་རྟེན་ཟེར་ནས་འཇིམ་གོང་མཆོད།།
ཛ་ཛོར་རྨོངས་པའི་ཆོ་གས་མི་ནག་བསླུ།།
ཝ་སྐྱེས་སྤྱོད་ཚུལ་འཛིན་པའི་རིགས་མི་དགའ།།
ཞ་ལོང་མིན་ཀྱང་ངལ་རྩོལ་ལས་ལ་གཡོལ།།
ཟ་བཏུང་དམིགས་ནས་མོ་བོན་རྩིས་གསུམ་བྱེད།།
འ་འུར་དབྱངས་འཐེན་མིག་བཙུམ་ཐལ་མོ་སྦྱོར།།
ཡ་མ་བརླ་ཡི་བྱེད་སྟངས་འདིར་མི་དགའ།།
ར་རི་བག་ཆགས་ངན་པས་རྒྱུད་བསླད་པས།།
ལ་རྩེ་དོན་མེད་དར་དང་བལ་སྐུད་སྒྲོན།།
ཤ་མར་ཐུད་ཀྱི་ཟས་ཕུད་མེ་ལ་འདེབས།།
ས་འདིའི་གཞི་བདག་མཆོད་ཟེར་ཡིད་རེ་སྐྱོ།།
ཧ་ཅང་ཚབས་ཆེན་རྨོངས་པའི་ལམ་ལུགས་འདི།།
ཨ་ཁ་ད་དུང་སྤྱི་ཚོགས་ཁྲོད་དུ་གནས།།
ཧ་མ་གོ་ན་ཐུག་བསམ་ནན་ཏན་བཞེས།།
ཨ་ཐལ་འཛིན་པའི་དབང་དུ་མ་འགྲོ་ཨང་།།
ཨོ་་་དགོངས་དག་ཞུ་དགོས་པ་ཞིག་ལ། ཨ་འཐས་ལ་་་ཨ་ཐལ་ཞེས་ལག་ནོར་ཤོར་འདུག་ཟིན་བྲིས་སྤེལ་སྐབས་དོ་སྣང་མ་བྱུང་བས་ལན་འདུག་་ཕྱིས་སུ་གཟབ་ནན་ཞུས་ཆོག།།
ཟིན་བདག་ནས་་་
ཡག་པོ་བྲིས་གནང་འདུག་ཡག་བྱུང་ལགས།
དགོངས་དག་ཞུ་དགོས་ཡ་དེ་ནང་ཆོས་དང་སྲོལ་བཟང་དག་ལ་ཟུར་ཟ་བྱས་པ་དག་རེད། དེ་དག་ནི་ཡབ་མེས་གོང་མས་བུ་རབས་ཚ་རྒྱུད་ལ་བཞགས་པའི་རིག་དངོས་རྩ་ཆེན་དག་རེད་རྒྱུ་མཚན་དེས་ན་དགོངས་དག་ཞུ་དགོས་ཡ་ག་རེ་ཡིན་ཤེས་པ་གལ་ཆེ།
དགོངས་དག་ཞུ་དགོས་ཡ་དེ་ནང་ཆོས་དང་སྲོལ་བཟང་དག་ལ་ཟུར་ཟ་བྱས་པ་དག་རེད། ནང་ཆོས་དང་སྲོལ་བཟང་དེ་དག་ནི་ཡབ་མེས་གོང་མས་བུ་རབས་ཚ་རྒྱུད་ལ་བཞགས་པའི་རིག་དངོས་རྩ་ཆེན་དག་རེད་རྒྱུ་མཚན་དེས་ན་དགོངས་དག་ཞུ་དགོས་ཡ་ག་རེ་ཡིན་ཤེས་པ་གལ་ཆེ།
ནང་ཆོས་ལ་ཟུར་ཟ་བྱས་པ་གང་ཡང་མེད ། ནང་ཆོས་མ་ཡིན་པར་ནང་ཆོས་རློམ་ནས་ཆོས་བཙོག་པ་བཟོ་མཁན་དག་ལ་ཟུར་ཟ་བྱས་ཡོད ། སྲོལ་བཟང་ངན་གང་ཡིན་ཁྱེད་རང་ལ་ཀླད་པ་ཡོད་ན་བརྟག་དཔྱད་བྱོས།། དོན་དངོས་ཐོག་ཁྱེད་རང་གིས་ནང་ཆོས་ངོ་མ་དེ་ངོས་མ་ཟིན་པའི་རྣམ་འགྱུར་མངོན་ཡོང་གིན་འདུག། རྔ་ཁོག་མ་བརྡུང་། རང་བརྒྱུད་ཐུལ་དང་ད་གཟོད་ནང་ཆོས་དང་ཅུང་ཐག་ཉེ་རུ་ཕྱིན་པ་རེད་་་ད་དུང་དགོས་ན་རྒྱུ་མཚན་ལ་ཟད་པ་མེད། དངོས་སྟོབས་རིགས་པས་དགའ་སྒྲུབ་བྱ་ནུས་ན་བྱོས་ཤོག། ཀླད་པ་ལྗང་ཁུ་དང་ཆགས་སྡང་སྐད་ཆ་རྒྱུ་མཚན་མེད་པ་དེ་འདྲ་བཤད་ན་སྙིང་པོ་མི་འདུག་་