ཀླུ་སྨྱོན།
བཀའ་བསྡུ་དང་པོའི་སྐབས་སུ་སྟོན་པའི་སློབ་མའི་གཙོ་བོ་འོད་སྲུང་ཆེན་པོ་དང་ལོ་ངོ་བཞི་བཅུ་ཞེ་ལྔར་སྟོན་པར་ཞབས་ཞུ་ཞུས་ཤིང་གསུང་ཆོས་ཕལ་མོ་ཆེ་གསུང་དུས་སྐུ་འཁྲིས་སུ་ཡོད་པའི་ཀུན་དགའ་བོ། སྟོན་པའི་ཐུགས་ཀྱི་སྲས་པོ་ཉེ་བར་འཁོར་སོགས་སློབ་མ་གྲགས་ཆེན་ཏག་ཏག་འཛོམས་ཡོད་པས། དེ་དུས་བཀའ་བསྡུ་མཛད་པའི་མདོ་སྡེ་ཕལ་མོ་ཆེ་སྟོན་པའི་གསུང་ཡིན་མིན་ལ་ཐེ་ཚོམ་མི་དགོས་པ་ཞིག་རེད། བཀའ་བསྡུ་དང་པོའི་སྐབས་སུ་སྟོན་པའི་གསུང་ཚང་མ་ངག་ཐོག་ཏུ་ཡོད་པ་ཞིག་ཀྱང་མ་ཡིན་པར། སློབ་མའི་གཙོ་བོ་འདི་དག་གིས་སྟོན་པའི་གསུང་ཟིན་བྲིས་སུ་བཏབ་པ་མང་པོ་ཞིག་ཀྱང་ཡོད་པ་རིགས་པས་དཔོག་ནུས་ཏེ། སྟོན་པས་ནམ་ཡང་ངས་བཤད་པའི་ཆོས་དེ་ཚོ་ཡིག་ཐོག་ཏུ་མ་འབྲི་ཞེས་མ་གསུངས་པ་མ་ཟད། དེ་ལས་ལྡོག་སྟེ་སངས་རྒྱས་ཀྱི་གསུང་ཀློག་པ་དང་འབྲི་བ། བློ་ལ་འཛིན་པའི་ཕན་ཡོན་དཔག་ཏུ་མེད་པ་ཞིག་རྡོ་རྗེ་གཅོད་པ་སོགས་སུ་གསུངས་ཡོད། དེ་ཙམ་དུ་མ་ཟད་སངས་རྒྱས་རང་ཉིད་ཀྱང་སྐུ་ན་གཞོན་དུས་ཡི་གེ་སློབ་སའི་སློབ་གྲྭ་མཐར་ཕྱིན་པར་ཕེབས་མྱོང་མཁན་ཞིག་ཡིན་པས། ཁོང་གིས་བྱང་ཆུབ་སེམས་དཔའི་གནས་སྐབས་སུ་ལྷག་སྤྱོད་དང་རིང་འཕུར་སོགས་ཁོང་གི་སློབ་དཔོན་དག་གི་གསུང་ཟིན་བྲིས་དང་། སངས་རྒྱས་ནས་ཆོས་འཆད་པའི་དུས་སུ་སང་ཉིན་འཆད་རྒྱུའི་ཆོས་དག་ལ་ཟིན་ཐོ་འམ་གླེང་བརྗོད་རེ་བྲིས་ཡོད་པར་ཐེ་ཚོམ་མི་དགོས་ཏེ། སངས་རྒྱས་མ་ཐག་ཤོག་བུ་དང་སྨྱུ་གུ་ཚང་མ་འཕོང་ཕྱིས་ཀྱི་རྡོ་བཞིན་རྒྱང་རིང་དུ་དོར་ཡོད་པ་རེད་ཅེས་སུ་ཞིག་གིས་སྨྲ་བར་སྤོབས། ཐེ་ཚོམ་མམ་དོགས་སློང་བྱེད་ས་ངོ་མ་ནི་སྟོན་པ་མྱ་ངན་ལས་འདས་ནས་ལོ་བཞི་བརྒྱའི་རྗེས་སུ་མགོན་པོ་ཀླུ་སྒྲུབ་སོགས་ཀྱིས་ཐེག་ཆེན་གྱི་སྐོར་དང་གསང་སྔགས་ཀྱི་སྐོར་ཁྱབ་བརྡལ་དུ་བཏང་བའི་སྐོར་དེ་རེད།
སྐུ་ཞབས་ཀླུ་སྨྱོན་ལགས། གོང་གི་ཡི་གེར་དེར་ཅི་ཞིག་བྲིས་ཡོད་པ་དང་། སངས་རྒྱས་ནས་ཆོས་འཆད་པའི་དུས་སུ་སང་ཉིན་འཆད་རྒྱུའི་ཆོས་དག་ལ་ཟིན་ཐོ་འམ་གླེང་བརྗོད་རེ་བྲིས་ཡོད་པར་ཐེ་ཚོམ་མི་དགོས་པའི་བར་ལ་འབྲེལ་ག་རེ་ཡོད་དམ།
1 སྟོན་པས་ནམ་ཡང་ངས་བཤད་པའི་ཆོས་དེ་ཚོ་ཡིག་ཐོག་ཏུ་མ་འབྲི་ཞེས་མ་གསུངས་པ་མ་ཟད། དེ་ལས་ལྡོག་སྟེ་སངས་རྒྱས་ཀྱི་གསུང་ཀློག་པ་དང་འབྲི་བ། བློ་ལ་འཛིན་པའི་ཕན་ཡོན་དཔག་ཏུ་མེད་པ་ཞིག་རྡོ་རྗེ་གཅོད་པ་སོགས་སུ་གསུངས་ཡོད།
2 ཐེ་ཚོམ་མམ་དོགས་སློང་བྱེད་ས་ངོ་མ་ནི་སྟོན་པ་མྱ་ངན་ལས་འདས་ནས་ལོ་བཞི་བརྒྱའི་རྗེས་སུ་མགོན་པོ་ཀླུ་སྒྲུབ་སོགས་ཀྱིས་ཐེག་ཆེན་གྱི་སྐོར་དང་གསང་སྔགས་ཀྱི་སྐོར་ཁྱབ་བརྡལ་དུ་བཏང་བའི་སྐོར་དེ་རེད།
3 སངས་རྒྱས་ཀྱི་གསུང་རབ་འབྲི་ཀློག་བྱེད་དགོས་པའི་སྒྲུབ་བྱེད་ལ་རྡོ་རྗེ་གཅོད་པ་དྲང་ནས་སྟོན་པའི་དགོངས་དོན་དུ་སྒྲུབ། ཡང་ཐེག་ཆེན་སྤྱི་དང་གསང་སྔགས་སྟོན་པའི་གསུང་དོགས་པ་ཅན་ཡིན་ཟེར། ཐེག་ཆེན་སྟོན་པའི་གསུངས་མིན་ན་རྡོ་རྗེ་གཅོད་པ་སྟོན་པའི་གསུང་ཅི་ལྟར་ཡིན།
ཐེག་ཆེན་གསུང་མཁན་སྟོན་པ་མིན་པ་དང་།།
རྡོར་རྗེ་གཅོད་པ་སྟོན་པས་གསུངས་པ་འགལ།།
གོང་གི་རྩོམ་ཡིག་ཉུང་འདི་ལ་འགལ་བ་སྒྲིག་དགོས་ན། འགལ་ཆེན་གྱིར་ཁུར་བོ་གླང་ཆེན་གྱི་མི་ཐེག་པ་དེ་འདྲ་ཡོང་ས་རེད་ཀོ
གོང་གི་ཐེ་ཚོམ་དང་དོགས་སློང་ནི་ལོ་རྒྱུས་ཞིབ་འཇུག་པ་སྤྱི་ལ་གོ་དགོས།
“འགལ་ཆེན་གྱིར་ཁུར་བོ་གླང་ཆེན་གྱི་མི་ཐེག་”
མཆན་དེ་འདྲའི་ཐུང་ངུ་ཞིག་གི་ནང་དུ་ཡིག་ནོར་ག་ཚོད་འདུག ངའི་དོན་ནོར་གྱིས་ཁྱོད་ཀྱི་ཡིག་ནོར་བསྒྲིབས་སོང་བ་རེད་དམ། ཧཧཧ
(འགལ་ཆེན་གྱི་ཁུར་བོ་གླང་ཆེན་གྱིས་མི་ཁྱག་པ)་ཟེར་ན་སྐད་ཆ་སྙན་མོ། བརྗོད་བདེ་མོ། སྙིང་རྗེ་བ་ལ། གཏགས་ནོར་ཐེབས་པ་ཡིན་ནི་རེད། ཡི་གེ་མ་ཤེས་བའི་ཡིག་ནོར་འདྲ་ཡིན་ནི་མ་རེད། རྣམ་པ་གཉིས་ཐུགས་ལྷོད་ལྷོད་བྱས་ནས་བཀའ་མོལ་རེ་གསུངས་དང་། ཉན་ནས་ཡོད། ཧ་ཧ།
ཨ་རིག་རྒད་པོ་རྣམས་ཀྱིས་༧རྒྱལ་བ་རིན་པོ་ཆེ་ལ་བཀའ་སྩལ་བ། ཅེས་པའི་ཡིག་བསྐུར་རྣམ་བཞག་དེ་ནི་རྡོ་རྗེ་གཅོད་པ་ལས་བཏུས་པའི་ཡིག་བསྐུར་རྣམ་བཞག་རེད། འོན་ཀྱང་གོང་དུ་ནག་ནག་ཅིག་ཡོད་པ་དེ་ནི་ན་ཞིག་ཡིན་ཟེར་བ་དེ་ནི། འབྲོག་པ་ཚོས་ཤོག་བུ་སྟེང་གི་སྣག་ཚུབ་ལ་སོང་བ་དེ་བཟོ་མ་ཐུབ་པར་བློ་སྟོབས་ལ་རྟེན་ནས་བཏབ་པའི་མཆན་རེད། ཧཧཧ
སྐུ་ཞབས་ཀླུ་སྨྱོན་ལགས། པར་དང་ལྷན་དུ་སྦྱར་མེད་པ་ནས་ཡོད་པ་དང་། པར་ཅིག་ཡོད་པ་ནས་རྡོ་རིང་གི་པར་རིས་ཅིག་ཡོད་
པའི་བར་སྡོད་མ་ཚུགས་པའི་ཆོ་ག་འདིར་དགོངས་དག་ཞུས་ན་མི་ཚུགས་ལ་ཡར་རྒྱས་ཡོང་རེ་ཆེ།
དྲི་བ།
རྡོ་རིང་གི་པར་རིས་འདི་དང་། སངས་རྒྱས་ནས་ཆོས་འཆད་པའི་དུས་སུ་སང་ཉིན་འཆད་རྒྱུའི་ཆོས་དག་ལ་ཟིན་ཐོ་འམ་གླེང་བརྗོད་རེ་བྲིས་ཡོད་པར་ཐེ་ཚོམ་མི་དགོས་པའི་བར་ལ་འབྲེལ་ག་རེ་ཡོད་དམ།
དྲན་དཀར་དཔལ་ཡོན་འདི་ར་མདའ་དགའ་ཞིག་རེད། ད་ནང་ཞོགས་པའི་ར་མདའ་དེས་གོང་གི་དཔར་རྗེས་པོ་བརྒྱབ་ནས་རྡོ་རིང་ལ་བསྒྱུར་བཅུགས་པ་རེད། གོང་གི་མཆན་འདིས་རྡོ་རིང་ཡང་མེད་པ་བཟོ་ས་རེད།
རྡོ་རིང་ཡི་གེ་འདི་ནི་ཆོས་རྒྱལ་མྱ་ངན་མེད་དུས་སྐབས་ཀྱི་ཡི་གེ་རེད། སངས་རྒྱས་སློབ་གྲྭར་ཕེབ་སྐབས་ཡིག་རིགས་འདི་དག་སྦྱངས་ཡོད་ངེས་རེད་བསམས་སོང་།
སྐྱེ་རྒ་ན་འཆི་བཞི་དང་བདེན་པ་བཞི་ལ་འབྲེལ་བ་ཡོད་ཚུལ་ག་འདྲ་ཡིན་ནམ། བཅོམ་ལྡན་འདས་ཀྱིས་ཐོག་མར་སྐྱེ་རྒ་ན་འཆི་བཞི་ལ་ངེས་འབྱུང་སྐྱེས་ནས་བློ་ལ་བསྒྱུར་བ་ཐེབས་པའི་ཚུལ་ཞིག་ལོ་རྒྱུས་དངོས་ལ་གསལ་ཡོད་པ་འདྲ། །
གཞོན་ནུ་ཟླ་མེད་ལགས་ཀྱི་ཚོད་དཔགས་ཏག་ཏག་རང་སྡད་མ་བྱུང་། སྐུ་ཞབས་ཀླུ་སྨྱོན་གྱིས་བཟང་སྤྱོད་ཐོག་ཕྱིར་བསྡུ་གནང་བ་རེད་ལགས། རྡོ་རིང་གི་ཡི་གེ་འདི་སངས་རྒྱས་ཀྱིས་སློབ་གྲྭར་ཕེབས་སྐབས་སྦྱངས་ཡོད་ངེས་པ་དེ། ཅི་ལྟར་སྐྱེས་མིན་ཡང་སྐུ་ཞབས་ཀླུ་སྨྱོན་གྱིས་ཁུངས་བསྐྱལ་དགོས་ཆགས་སོང་། བཟང་སྤྱོད་ཀྱིས་དྲི་བ་རང་ཡིན་ད། བསམ་ཐོགས་ལ་རྟ་རྒྱུགས་ན་ལོས་བཟང་ཨེ་རེད།
སྐུ་ཞབས་BONBOལགས། སྐྱེ་རྒ་དང་ན་འཆི་ནི་སྡུག་ཀུན་དང་འབྲེལ་བ་དེ་འདྲ་རེད། འགོག་ལམ་ལ་ངོ་བོས་འབྲེལ་བ་མེད་ཅེས་པ་དང་ཞེ་ཚིག་གཅིག་བསྣན་ནས་ཡོད་ཅེས་རིམ་པ་ལྟར་གྲུབ་མཐའ་གོང་འོག་གི་བཞེད་མཚམས་ཡང་རེད། བཀའ་འདྲི་ཞུ་བགྱིར་བོན་གཞུང་ནང་་་་་་སློབ་དཔོན་ལེགས་ལྡན་འབྱེད་དམ་སྐལ་ལྡན་གྱིས་ཐེག་ཆེན་བཀར་བསྒྲུབ་བྱེད་དགོས་ཀྱིན་ཡོད་དམ། བན་གཞུང་ནང་ཧ་ཅང་གི་རྒྱ་ཆེན་པོ་ཡོད་རེད།
༡བཀའ་བསྡུ་དང་པོ་ཚད་ལྡན་ཡིན་པའི་སྒྲུབ་བྱེད་ཡག་པོ་གསུངས་འདུག་ངོས་ལེན་ཡོད། ༢སྟོན་པའི་གསུང་ཡིག་ཐོག་ལ་སྔོན་ནས་ཟིན་བྲིས་སུ་བཏབ་ཡོད་ཅེས་པ་ནི་ངེས་པ་མེད་དེ། དང་ཐོག་འདུལ་བ་ཡིག་ཐོག་ཏུ་འབྲི་བ་གནང་མེད་པ་ལྟ་བུ་རེད། ༣སྟོན་པས་སང་ཉིན་གསུང་རྒྱུའི་ཆོས་དེ་རིང་ཟིན་ཐོ་བཀོད་ཡོད་པ་ཐེ་ཚོམ་མི་དགོས་ཞེས་པ་ནི། སྟོན་པ་མི་ཕལ་བ་གཅིག་ལ་ངོས་འཛིན་མཁན་གྱི་མགོ་སེར་པོ་ཁ་གཅིག་གི་སྣང་བ་ལ་འགྲོ་སྲིད་མོད། སྟོན་པ་ཐམས་ཅད་མཁྱེན་པར་ཡིད་ཆེས་པའི་ནང་པ་བ་ཞིག་ཡིན་ན་དེ་ལྟ་བུ་ཁས་ལེན་མི་སྲིད། སང་ཉིན་འཆད་རྒྱུའི་སློབ་ཚན་དེ་རིང་ཟིན་ཐོར་འགོད་པ་ནི་གཟུངས་དང་སྤོབས་པའི་ཡོན་ཏན་མེད་པའི་དགེ་རྒན་ཕལ་བ་ཞིག་གི་སློབ་ཁྲིད་བྱེད་སྟངས་ཞིག་ཡིན་པས་སོ།།
འདུལ་བ་ཡིག་ཐོག་ཏུ་འབྲི་མི་ཆོག་པའི་བཀའ་བཅས་ཡོད་སྲིད་ཀྱང་སྡེ་སྣོད་གཞན་གཉིས་ཡིག་ཐོག་ཏུ་འབྲི་མི་ཆོག་པའི་རྒྱུ་མཚན་མེད། འདུལ་བ་ནི་དགེ་ཚུལ་སློང་གི་བར་དུ་ཡང་གསང་དགོས་པ་ཞིག་རེད།
རྒྱ་གར་ན་གསོ་སྦྱོང་དེ་ཁྲོམ་ཚོགས་ལྟ་བུ་བྱེད་ཀྱིན་ཡོད་པ་དེར་ཅི་ཟེར་དགོས་སམ། གསང་སྔགས་དེ་ཡང་གསང་བ་ཡིན་ཟེར་བཞིན་དུ་བླ་སྤྲུལ་དང་དགེ་བཤེས་གང་མང་གིས་ཚོང་ཟོག་ནང་བཞིན་བྱེད་ཀྱིན་འདུག་པ་དེར་ཅི་བརྗོད།
ཉེ་བའི་ཆར་བཀའ་བསྡུའི་སྐོར་ཀློག་རྒྱུ་མ་བྱུང་ཡང་། སྟོན་པའི་རྗེས་འབྲངས་བཀའ་བསྡུ་བ་པོ་རྣམས་ནི། ཕལ་ཆེར་དགྲ་བཅོམས་པ་ཤ་སྟག་ཡིན་སྙམ། དགྲ་བཅོམས་པ་ཡིན་ཚེ་བརྗེད་ཐོ་ཞིག་དགོས་མི་སྲིད་པས། དེ་དུས་ཡིག་ཐོག་ཏུ་བཀོད་རུང་མ་བཀོད་རུང་གནོད་བྱེད་གང་ཡང་མི་འབྱུང་། ཡིན་ནའང་མ་འོང་བའི་གདུལ་བྱའི་ཆེད་དུ་ཡིག་ཐོག་ཏུ་བཀོད་ཡོད་པ་རེད་སྙམ།།
སངས་རྒྱས་པའི་རྗེས་སུ་ད་དུང་ཤོག་བུ་དང་སྨྱུ་གུ་ལ་རྟེན་དགོས་ན་ཇི་ལྟ་ཇི་སྙེད་གཟིགས་པའི་གོ་མ་ཆོད་པ་རེད།
གྲྭ་བ་ཚད་ལྡན་ཞིག་ཡིན་ན་སང་ཉིན་གྱི་འབྱུང་གྱུར་ལ་བསམ་བློ་གཏོང་ཆོག་གི་ཡོད་མ་རེད། ཚེ་མི་རྟག་པ་ལ་ངེས་འབྱུང་དང་ཡིད་ཆེས་མེད་པའི་པའི་རྟགས་མཚན་རེད་དོ། །
རྡོ་རིང་གི་ཐོག་གི་ཡི་གེ་ངོ་སྤྲོད་དང་ཡི་གེའི་བརྗོད་བྱ་ངོ་སྤྲོད་གནང་མཁན་རེ་བྱུང་ན་ལྷ་རབ་དང་།
དེ་མིན་ཡང་ཉིན་གཅིག་འཇོན་མདོག་ག་གེ་མོས་རྒྱལ་པོ་ཨ་ཤོ་ཀའི་བཙུན་མོའི་གྲངས་དང་སྟུ་བཤད་རྙིང་པ་རེ་དང་ལྷན་དུ་སྦྱར་ནས་བཀོད་པ་ཡིན་ན་དྲ་འབུ་རྣམས་ར་བཟི་ཤག་ཤག་རེད་འདུག
བཀུར་འོས་ལ་དགས་པ་བློ་བཟང་འཇམ་དཔལ་ཕེབས་ན་ཅི་ནས་ཀྱང་འགྲེལ་བཤད་རེ་ཡོང་བའི་རེ་སྐུལ་དུ།
སྟོན་པ་གར་སོང་སྟོན་ཀ་ཞེས་པའི་དཔེ་ལྟར། དེང་སང་གི་གྲྭ་རྗུན་བླ་རྫུན་གར་སོང་མགོ་བསྐོར་དང་བུད་མེད་ད་དུང་དངུལ་མ་གཏོགས་དྲན་རྒྱ་ཡོད་ནས་མ་རེད།
གལ་ཏེ་ཐོས་བ་མང་གྱུར་ཀྱང་།དེ་ཡི་ཚུལ་ཁྲིམས་རྣམ་པར་དག་ན་།དེ་ཡི་ཐོས་བ་དོན་ཡོན་མིན་ཞེས་ཚོམ་གྱི་ནང་གསུང་ཡོད་རེད།
དེང་སང་གི་གྲ་ཁྲིམས་འདུལ་ཁྲིམས་ཅིག་ལ་ཡོད་མ་རེད།་དངུལ་གྱི་ཆེད་དུ་སྟོན་འདི་གསུང་ནི་རེད་དེ་གསུང་ནས་རེད་ཞེས་ཞུ་ན་སྣིང་པོ་ཅིག་མཐོང་མ་སོང།
གལ་ཏེ་བཀའ་བསྡུ་དང་པོ་ཡིན་པ་ཡིད་ཆེས་བྱེད་ཆོག་ན། དུས་རབས་དང་བརྗོད་པའི་ནང་དོན། སུས་བརྐོས་པ་གསལ་སྟོན་དགོས་པ་ལས། རྡོར་གཅོད་ནང་སངས་རྒྱས་གསུང་རབ་འབྲི་ཀློག་སོགས་ལུང་དྲངས་པ་ནི། རྡོ་རིང་སྟེང་གི་རི་མོ་དེ་བཀའ་བསྡུ་དང་པོའི་བསྒྲུབ་བྱེད་དུ་འགྲོ་བར་མི་སེམས། རི་མོ་དེའི་ནང་དུ་ཕྱི་ནང་གང་ཞིག་དང་། བརྗོད་བྱ་ངོ་མ་ཆོས་སྲིད་ཅི་ཞིག་ཡིན་པ་གསལ་བཤད་མེད་བཞིན་དུ་བཀའ་བསྡུ་དང་པོ་ཁ་ཚོན་གཅོད་པ་གློ་ཅན་རེད།
༈ མཁྱེན་རྒྱ་ཡངས་པ་ཀླུ་སྨྱོན་ལགས་ནས་རྡོ་རིང་གི་ཡི་གེ་དེ་ཙམ་ཞིག་གི་སངས་རྒྱས་ནས་ཆོས་འཆད་པའི་དུས་སུ་སང་ཉིན་འཆད་རྒྱུའི་ཆོས་དག་ལ་ཟིན་ཐོ་འམ་གླེང་བརྗོད་རེ་བྲིས་ཡོད་པར་ཐེ་ཚོམ་མི་དགོས་ཏེ། ཞེས་པ་ནི་རྒྱུ་མཚན་ལྟར་སྣང་བ་ཙམ་ལས་འདི་དང་འདི་ཞེས་དཔེར་མཚོན་མ་བཀོད་པའི་ཕྱིར་དང༌། རྡོ་རྗེ་གཅོད་པ་སོགས་ལས། སངས་རྒྱས་ཀྱི་གསུང་ཀློག་པ་དང་འབྲི་བ། བློ་ལ་འཛིན་པའི་ཕན་ཡོན་དཔག་ཏུ་མེད་པ་ཞིག་གསུངས་ཡོད་པ་རྣམས་ནི། མ་འོངས་པར་དེ་དང་དེ་བྱེད་པ་པོ་རྣམས་ལ་དགོངས་ནས་གསུངས་པའི་ཕྱིར་རོ།།
གོང་གི་རྩོམ་དེ་བལྟས་དུས་ངའི་སེམས་ལ་བཤད་འདོད་པའི་གནས་ཚུལ་ཞིག་བྱུང་སོང་། ངས་མི་ཉི་ཤུ་ལྷག་གི་རིང་ལ་ཐེག་པ་ཆེ་ཆུང་གི་ནང་པའི་གཞུང་ལ་སྦྱང་པ་བྱས་ནས་མཐར་དགེ་བཤེས་ལྷག་རམས་པ་ཐོན།འོན་ཀྱང་ད་དུང་ཡང་ངའི་བསམ་ཚུལ་ནི་གོང་དང་གཅིག་མཚུངས་རེད། བསམ་ཚུལ་འདི་ལ་ཡང་ཁག་མི་འདུག་སྙམ། ད་ཆར་སྔ་ལས་ལྷག་པའི་ཉམས་ཞིབ་ཀྱི་ལམ་ནས་སློབ་སྦྱོང་གི་གོ་སྐབས་རིང་པོ་ཞིག་ཐོབ་དུས་སྔར་གྱི་བསམ་ཚུལ་ནི་སྟེང་གི་རི་མོ་ལས་མ་ཚོར་བའི་དབང་པོའི་ཤེས་པ་དང་མཚུངས་ཤིང་། ད་དུང་རྒྱ་ཆེ་གཏིང་ཟབ་ཀྱི་རིག་པའི་ལམ་ནས་བརྩོན་ན་གོ་བ་གཞན་ཞིག་ཡོང་རྒྱུ་ནི་མྱོང་བས་གྲུབ། སྤྱིར་ཆོས་ལུགས་ལྟ་གྲུབ་ལ་མི་མཐུན་པ་མང་ལ། ཁྱད་པར་ནང་པ་ལ་ཐེག་པ་གསུམ་དང་གྲུབ་མཐའ་བཞི། བྱེ་སྨྲ་ལ་ཡང་སྡེ་པ་བཞི་དང་། བཞི་ཡང་བཅོ་བརྒྱད་དུ་གྱིས་ཚུལ་ནི་འགྲོ་བ་མིའི་རང་བཞིན་ལྷན་སྐྱེས་ཀྱི་མི་མངོན་པའི་བག་ཆག་དང་མངོན་པའི་གོ་ཕྱོགས་མཐོང་ཕྱོགས་ལས་ཡིན་པ་གོར་མ་ཆགས། སྟོན་པའི་དངོས་ཀྱི་སློབ་མས་ཟིན་བྲིས་བྱས་པ་ལ་ཡིད་རྟོན་བྱེད་ཆོག་པའི་ངེས་པ་མེད་དེ། དངོས་ཀྱི་སློབ་མ་དག་གི་གོ་བ་མི་མཐུན་པ་ནི་རང་ཅག་གི་མི་ཚེ་ལ་ཡང་མཐོང་ཆོས་སུ་ཡོད་ལ། ཐེག་པ་ཆེ་ཆུང་གི་རྩོད་པ་ནི་ཚིག་ལ་མ་མཐུན་པ་མིན་ཞིང་ཚིག་གཅིག་ལ་གོ་བ་མི་འདྲ་བ་ལེན་ཚུལ་ལས་ཡིན་པ་ཤིན་ཏུ་གསལ། རྩ་ཤེས་རབ་བྱེད་དང་པོ་ནས་གཙོས་པའི་བཀར་སྒྲུབ་ཀྱི་གཞུང་རྣམས་ཀྱིས་སློབ་མས་བསྡུས་པའི་གཞུང་རྣམས་ཀྱི་དོན་ཐེག་པ་ཆེན་པོའི་ལུགས་སུ་བཀྲལ་བ་དང་། ཐེག་ཆེན་སྨྲ་བའི་སློབ་དུ་མ་དང་ལྷག་པ་སངས་ཟླ་གཉིས་ཀྱིས་ཐེག་པ་ཆུང་ངུའི་མདོ་ལས་ཟབ་མོ་སྟོང་པ་ཉིད་སྟོན་པ་དང་ཐེག་པ་ཆེ་ཆུང་གི་བྱང་ཆུབ་ཐོབ་པར་སྟོང་པ་ཉིད་རྟོགས་དགོས་པ་ཁྱད་པར་མེད་པ་གསལ་བར་བཤད་ཡོད་པ་མ་ཡིན་ནམ།
མདོར་ན་བཀའ་བསྡུ་བྱས་པ་ཉིད་ཀྱང་བཀའ་ལ་མ་མཐུན་པས་བྱུང་བ་བཀའ་བསྡུའི་གླེང་གཞི་དག་ལས་གསལ་ཞིང་། སྟོན་པའི་དངོས་སློབ་རྣམས་ཀྱིས་བསྡུས་པ་གྲགས་པའི་མངོན་པ་སྡེ་བདུན་ཡང་ཉན་ཐོས་སྡེ་པ་རང་གི་ནང་དུ་བཀར་འདོད་པ་དང་མི་འདོད་པ་དུ་མ་ཡོད་པ་མང་དུ་གསལ། ད་དུང་བཀའ་ངོ་འཇོག་ཚུལ་དང་། དབྱེ་བ་འབྱེད་ཚུལ་སོགས་ཤེས་དགོས་པའི་གནད་ཤིན་ཏུ་མང་ཞིང་། ཕྱོགས་ཡོངས་ཀྱ་གནས་ཚུལ་ཤེས་ནས་དཔྱད་ན་ལེགས་ཀྱི། བཀར་དགག་སྒྲུབ་ཀྱི་གནད་རྒྱ་ཆེར་མ་ཤེས་པར་ཉན་ཐོས་སྡེ་པས། མདོ་སྡེ་སོགས་སུ་མ་བསྡུས་པ་དང་། སྡེ་པ་བཅོ་བརྒྱད་ཀྱི་ཁོངས་སུ་མ་གཏོགས་པས་བཀའ་མ་ཡིན་ཞེས་པ་ཙམ་ལ་ལོ་རྒྱུས་རག་པ་ཤེས་པས་གོ་བས་བདེན་ཁ་འབྱིན་པ་ནི་ད་ཆར་གུས་པས་རིག་པ་མ་མཐོང་ངོ་།