དགེ་འདུན།
ངས་སྒྲུང་ཞིག་བཤད་འདོད་བྱུང་། ལོ་བཅུ་བཞི་ཙམ་གྱི་སྔོན་དུ་ང་ཚོས་དུས་བབ་ཀྱི་ལས་ཀ་བྱས་པ་རེད། བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ཡང་སྐབས་དེ་ཤེད་ཅིག་ནས་ལག་ལེན་གྱི་ཐོག་ལ་འཁོར་བ་རེད། ཡིན་ན་ཡང་ཁ་མཆུ་དང་ཐག་གཅོད་སོགས་བྱུང་མེད་པ་རེད། མཚམས་ཤིག་ལ། དུས་བབ་ཐོག་ཡིག་འཁྱར་ཞིག་སྤེལ་ཉེས་ལ་བསྙད་ནས་བྱ་དུར་བཟང་པོས་ཁ་མཆུ་བཙུགས་པ་རེད། གྱོད་ཡ་ནི་དུས་བབ་རྩོམ་སྒྲིག་པ་རེད། བཙན་བྱོལ་ནང་གི་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་སླེབས་པའི་ཁ་མཆུ་ཐོག་མ་དེ་རེད། ཁྲིམས་ཡིག་རྒྱབ་ཤ་ལྗང་ཅན་པ་དེ་སྦྱངས་ནས་ཁ་མཆུའི་རྩོད་པ་དེ་བྱས་པ་རེད། ཟིང་ཚ་པོ་བྱུང་པ་རེད། མཐའ་མ་དེ་བཅད་ཁྲ་བསྒྲགས་པ་རེད། དེ་དུས་དུས་བབ་ཀྱི་ཉེས་ཆད་དུ་ཧིན་སྒོར་ ༢༠༠༠ བྱ་དུར་བཟང་པོར་སྤྲོད་དགོས་པ་རེད་ཅེས་བྲིས་འདུག ངས་གལ་སྲིད་སྒོར་མོ་དེ་མ་སྤྲད་ན་ག་རེ་ཡོང་གི་རེད་ཅེས་དྲིས་པ་ཡིན། དེའི་ལན་ནི། ངེད་ཀྱི་འོས་འདེམས་ཀྱི་ཐོབ་ཐང་ཤོར་གི་རེད་གསུངས་སོང་། དེ་ལས་ལྷག་ཡོད་དམ། ཕལ་ཆེར་མེད་པ་རེད། ད་སྒྲུང་ཚར་སོང་། ད་སྒྲུང་འདིས་གང་ཞིག་སྟོན་ནམ་ཟེར་ན། བཙན་བྱོལ་གྱི་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་ ཉེས་ཅན་པ་ཞིག་བཙོན་འཇུག་བྱེད་པའི་དབང་ཚད་མེད་པ་རེད། ང་ཚོའི་འཛིན་སྐྱོང་དང་སྤྱི་འཐུས། ཁྲིམས་ཁང་། མཐའ་ན་ང་ཚོའི་དམངས་གཙོ་འདི་ཡང་ཡ་རབས་ཀྱི་སྤྱོད་པ་ལ་བརྟེན་ནས་བཙུགས་པའི་གཞུང་ཞིག་རེད། ང་ཚོའི་མི་དམངས་ལ་ཁྲིམས་ལུགས་ཀྱི་ཐོག་ནས་དམངས་གཙོའི་ནང་ཆ་ཤས་ལེན་དགོས་པ་དང་། ཁྲིམས་ལ་བརྩི་དགོས་པ། ཁྲིམས་ཀྱིས་དབང་བསྒྱུར་བྱེད་དགོས་པ་འདི་དག་ཚང་མ་ལག་ལེན་ངོ་མ་ཞིག་གི་ཐོག་ནས་ཡོང་མི་ཐུབ་པ་ཞིག་རེད། དེ་དག་ནི་ཡ་རབས་དང་བཟང་སྤྱོད་ཀྱི་ཐོག་ནས་ཡོང་བ་ཞིག་རེད། དེ་ཡང་མཐར་གཏུགས་ན་༧རྒྱལ་བ་རིན་པོ་ཆེའི་མཚན་གནས་རྗེས་འབྲེལ་གྱི་ཐོག་ནས་ཡོང་ཡོད་པ་ཞིག་རེད།
ད་ཡང་བཀའ་བློན་ཁྲི་པ་ཞེས་ཚ་ཚ་འུར་འུར་བྱེད་བཞིན་པའི་སྒང་རེད། ད་བོད་ཀྱི་རྒྱལ་ཁབ་ཀྱི་དབུ་འཁྲིད་ཟེར་བ་འདི་ནི་༧རྒྱལ་བ་རིན་པོ་ཆེས་གནང་བཞིན་པ་ཞིག་རེད། མི་དམངས་ཀྱི་དབུ་འཁྲིད་ཡིན་ཞེས་མི་དམངས་ཆིག་སྒྲིལ་བཟོ་བ་དང་། མི་དམངས་ལ་ལམ་སྟོན་བྱེད་པ་སོགས་ནི་༧རྒྱལ་བ་རིན་པོ་ཆེས་གནང་བཞིན་པ་རེད། ༧རྒྱལ་བ་རིན་པོ་ཆེས་སྲིད་ཀྱི་ཆ་ནས་དགོངས་པ་ཞུས་པའམ་ཡང་ན་ཕྱེད་དགོངས་ཞུ་སོགས་གང་གསུངས་ཀྱང་། འདི་ནི་༧རྒྱལ་བའི་ཡང་སྲིད་ངོས་འཛིན་བྱས་པའི་སྐབས་དེ་ནས་ཐག་བཅད་ཟིན་པ་ཞིག་རེད། འདི་ལ་དགོངས་པ་ཞུ་ས་དང་དགོངས་པ་འཁྲོལ་བ་སོགས་གང་ཡང་མེད་པ་རེད། འདི་ནི་འཕགས་པ་སྤྱན་རས་གཟིགས་དང་སྤྱན་རས་གཟིགས་ཀྱི་གདུལ་བྱའི་འབྲེལ་བ་ཞིག་རེད། ད་དེ་ནས་བཀའ་བློན་ཁྲི་པས་གནང་བཞིན་པ་ཞིག་ནི་ལྷན་ཁང་ཁག་གི་འཛིན་སྐྱོང་གི་གནད་དོན་དེ་རེད། དེ་དག་ནི་ཕལ་ཆེ་བ་ཞིག་དྲུང་ཆེ་དེ་ཚོས་གནང་འགྲོ་གི་རེད། ད་བཀའ་བློན་ཁྲི་པ་གལ་ཆེན་པོ་དེས་ག་རེ་གནང་ཐུབ་གི་རེད། ཨོ། ད་ག་རེ་གནང་ཐུབ་གི་རེད།
འཆར་འགོད་ལྷན་ཁང་གིས་མི་མང་ལ་བསམ་ཤོག་བསྡུས་པ་རེད་ཅེས་གོ་བྱུང་། བསམ་ཤོག་བསྡུས་སྐབས་མི་དམངས་བརྒྱ་ཆ་ ༦༩ ཡིས་རྒྱ་གར་དུ་གཞིས་ཆགས་ཏེ་བཞུགས་འདོད་མི་འདུག་ཅེས་གསུངས་ཡོད་འདུག ད་ག་རེ་བྱེད་དགོས་པ་རེད། བཀའ་བློན་ཁྲི་པས་འདི་ལ་ཅིག་བྱེད་ཐུབ་དགོས་པ་རེད་དམ། ཨོ་ཅིག་བརྗེད་འདུག རྒྱ་གར་དུ་བོད་མི་རྣམས་ཕྱི་རྒྱལ་བའི་གནས་སྟངས་འོག་བཞུགས་ཡོད་པ་རེད། བོད་མི་རྣམས་ཁྲིམས་ཀྱི་ཐོག་ནས་ལོ་གཅིག་ལྷག་བསྡད་ཆོག་གི་མེད་པ་རེད། དགོན་པ་གྲྭ་ཚང་གཞིས་ཆགས་དང་བཅས་པ་དུས་ཡུན་ཚད་བཀག་གི་བཅད་རྒྱའི་འོག་ལ་ཡོད་པ་རེད། ང་ཚོའི་སྤྱི་འཐུས་ཀྱང་རྒྱ་གར་ལ་ལོ་གཅིག་ལྷག་བསྡད་ཆོག་གི་མ་རེད་ལ། ང་ཚོའི་བཀའ་བློན་དེ་ཚོ་ཡང་ལོ་གཅིག་ལྷག་ལ་བསྡད་ཆོག་གི་མ་རེད། བྱས་ན། ང་ཚོའི་གཞུང་ཡང་ལོ་གཅིག་ལྷག་ལ་བསྡད་ཆོག་གི་མ་རེད། ཁྲིམས་ཀྱི་ཐོག་ནས། དེ་འདྲ་ཞིག་རེད།
ད་མི་རབས་ལ་བརྩིས་ནས་ཀྱང་ལྟ་རྒྱུ་ཞིག་འདུག བོད་ཤོར་སྐབས་ཀྱི་བོད་མིའི་མི་ཐོག་དེ་ཚོས་གནང་འོས་པ་དེ་ཚོ་གནང་གྲུབ་ཡོད་པ་རེད། ༧རྒྱལ་བ་རིན་པོ་ཆེ་བཙན་བྱོལ་དུ་གདན་དྲངས་པ་རེད། སློབ་གྲྭ་དང་གཞིས་ཆགས་ཀྱི་སྒྲིག་འཛུགས་དེ་ཚོ་བཙུགས་པ་རེད། ལོ་དྲུག་ཅུའི་རིང་བཙན་བྱོལ་བོད་མི་དང་། བོད་ཀྱི་འཐབ་རྩོད་འདི་མུ་མཐུད་ནས་གནས་རྒྱུ་བྱུང་བ་རེད། ད་ནི་མི་ཐོག་གཉིས་པའི་ཐོག་ནས་གནང་དགོས་པའི་དུས་ལ་བབ་པ་རེད། མི་ཐོག་གཉིས་པ་དང་གསུམ་པའི་ཐོག་ནས་གནང་དགོས་པའི་དུས་ལ་བབ་པ་རེད།
ད་ ང་ཚོས་ འོས་འདེམས་འདི་གལ་ཆེན་པོ་ཡིན་ཞེས་བསྒྲགས་བསྒྲགས་ནས་ང་ཡང་མགོ་འཐོམས་མེར་གྱུར་སོང་། ང་ཚོའི་ལུང་པ་མིས་འཕྲོག་ནས་ང་ཚོ་བཙན་བྱོལ་ལ་སླེབས་པ་རེད། ང་ཚོ་དམངས་གཙོ་ཡང་དག་པ་ཞིག་སློབ་སྦྱོང་བྱེད་ཆེད་ཡོང་བ་མ་རེད། ང་ཚོ་ང་ཚོའི་དམངས་གཙོ་འཛམ་གླིང་ལ་ངོམ་དུ་ཡོང་བ་ཡང་མ་རེད། ཨོ་བྷ་མས་རྒྱ་མཚོའི་རྐུན་ཇག་ཅིག་གསོད་དགོས་པའི་བཀོད་རྒྱ་བཏང་སྐབས་ཨ་རི་བ་མང་པོ་དགའ་ནས་ལག་པ་བརྡབས་ཀྱི་འདུག བོད་ཀྱི་བཀའ་བློན་ཁྲི་པས་མི་གཅིག་གསོད་དགོས་པའི་བཀོད་ཁྱབ་བཏང་བ་ཨེ་ཡོད་དྲན། རྒྱ་ཡིས་མེ་མདའ་སྐག་སེ་བརྒྱབ་ནས་བོད་མི་བསད་པའི་པར་དེ་ཚོ་ང་ཚོ་ཚང་མས་མཐོང་ཡོད་པ་རེད། འདི་ང་ཚོའི་གནས་སྟངས་ངོ་མ་དེ་རེད། མ་རེད་དམ།
ད་བྱས་ན། ང་ཚོ་ལ་འགྱུར་བ་ཞིག་དགོས་པ་ནི་བཤད་མ་དགོས་པ་རེད། འགྱུར་བ་མི་དགོས་ཞེས་བཤད་ན་ཡང་འགོག་ཐུབ་པ་ཡོད་མ་རེད། ད་འགྱུར་བ་ཞིག་དགོས་ན། ང་ཚོས་དམངས་གཙོའི་ལག་ལེན་དེ་ཨང་གཉིས་པ་ལ་བཞག བོད་དོན་འཐབ་རྩོད་འདི་ཨང་དང་པོ་ལ་བཞག དེ་ལ་དཔག་ནས་ལས་ཁུངས་འགྲོ་སོང་ཆེན་པོ་ཕན་ཐོགས་ཉུང་བ་དེ་ཚོ་ཁུ་བསྡུ་བྱས། ང་ཚོ་དགོས་པ་དང་བོད་དོན་འཐབ་རྩོད་ལ་ཕན་ཐོགས་པ་དེ་ཚོ་གསར་པ་བསྣན་ནས། མ་འོངས་པའི་ལོ་ལྔ་ཡི་ནང་ཚུན་བོད་ལ་ལོག་ཐུབ་པའི་སྟ་གོན་ཞིག་བྱས་ན་ག་འདྲ་འདུག ཨ།
ང་ཚོའི་གནས་སྟངས་ངོ་མ་དེ་ཇི་ཡིན་སྦ་གསང་མེད་པར་གསུངས་འདུག་པས་ཐུགས་རྗེ་ཆེ། རིག་པ་རྣོ་ལ་རྒོད་པོ་འདུག ཡང་དྲི་བ་ཞིག་འདྲི་རྒྱུ་ལ་ཉིད་ཀྱི་དགོངས་པ་ལྟར་ན། དེ་ཙམ་དགོས་མཁོ་དང་གནད་འགག་མེད་པའི་ལས་ཁུངས་གང་དག་རེད་དམ། ཡང་གསར་དུ་འཛུགས་དགོས་པའི་ལས་ཁུངས་འདྲ་གང་དང་གང་ཡོད་དམ།
བཀའ་བློན་ཁྲི་བའི་དབང་ཚད་ནི།
བཀའ་ཤག་ལྷན་རྒྱས་སྐབས་འགོ་འདོམས་བྱེད་རྒྱུ་དང་། ཕྱག་རོགས་བཀའ་བློན་སོ་སོར་འགན་དབང་དང་ལས་ཁུངས་ཆ་བགོས་བྱེད་པ། རྒྱུ་མཚན་ལྡན་པའི་སྒོ་ནས་བཀའ་བློན་བྱེ་བྲག་པ་གང་རུང་དགོངས་ཞུ་བྱ་དགོས་བའི་བསམ་འཆར་གནང་ཆོག་པ་བཅས་རེད།
དགེ་འདུན་རབ་གསལ་ལགས།
དངོས་གནས་ཡག་པོ་བྲིས་འདུག་པས་ཐུགས་རྗེ་ཆེ།
ང་ཡི་བསམ་ཚུལ་ཀྱང་དེ་ག་རང་ཡིན།
བཙན་བྱོལ་བ་རྣམས་རྒྱ་གར་ལུང་པར་ལོ་གཅིག་ཙམ་མ་གཏོགས་སྡོད་དབང་མེད།ལོ་རེ་བཞིན་དུ་སྡོད་ཆོག་པའི་ཆོག་ཆེན་ཞུ་དགོས་པ་རེད།
དེ་ཡིན་དུས་དམངས་གཙོ་ཟེར་ནའང་འདྲ་བཀའ་བློན་ཟེར་ནའང་འདྲ་དེ་ཙམ་གྱིས་གནད་འགག་ཆེན་པོ་ཞིག་མ་རེད།
དགོས་དོན་གཙོ་བོ་ནི་རང་ཡུལ་དུ་ལོག་ཐུབ་པ་ཞིག་དགོས་པ་དང།
དེ་ཙམ་དུ་མ་ཟད་རང་སྲིད་རང་སྐྱོངས་ཡིན་ནའང་འདྲ་བོད་རང་བཙན་ཡིན་ནའང་འདྲ་རང་ཐག་རང་གཅོད་ཡིན་ནའང་འདྲ་དེ་ཡི་དོན་ལ་ཐག་གཅོད་རང་བཞིན་དང་ལྡན་པའི་གྲུབ་འབྲས་མངོན་གསལ་ཐོན་པ་ཞིག་སུས་བྱེད་ཐུབ་མིན་བཀའ་བློན་གྱི་འོས་གཞིར་བཞེངས་པ་པོ་རྣམས་ལ་དྲི་བ་འདོན་པའི་དུས་ལ་སླེབས་འདུག
དེ་མིན་བོད་རང་སྐྱོངས་ལྗོངས་ཀྱི་དོན་ལ་རྩོད་ཀྱི་ཡོད་ན་ནི་བཀའ་བློན་གྱི་སྐོར་ལ་སྐད་ཆ་བཤད་མ་བཤད་མེད་རེད།རང་སྐྱོངས་ལྗོངས་ཟེར་བ་དེ་ཚོར་བཀའ་བློན་ཟེར་བ་ཞིག་མེད་རེད།་རྒྱལ་ཁབ་གཅིག་དང་གཞུང་གཅིག་གི་འོག་ཏུ་གནས་དགོས་པས་སོ།་
རེད།
དི་མོ་ཞིག་རེད།
རིན་ཆེན་ལྟ་བུའི་དོན་དག་གཅིག་ལ་དམིགས་དགོས་གི་རེད།
རྐང་པས་ཉ་དང་ལག་པས་བྱ་ཟིན་མདོག་མ་གནང་ན་ཡག་གི་རེད།
ས་དོང་ནང་དུ་རིན་ཆེན་གཏེར་རྫས་འཚོལ་བར་འགྲོ་མཁན་ཚོར་གཡས་གཡོན་མཐོང་བའི་དཔར་འབར་མེད་ན་རིན་པོ་ཆེ་ཅི་ཡང་རྙེད་ཀི་མ་རེད།
ཤེས་རབ་རྣོ་ལ་རིག་པ་གསལ་བ་ཁྱོད་རྒྱུན་རིང་པོར་དྲ་ཐོག་ཏུ་མ་ཕེབས་པ་བྱེད་མི་ཉན་ཡ།
ཁྱོད་་་དུས་དུས་སུ་ཕེབས་ནས་དྲ་ཐོག་གཙང་དོད་གནང་རྒྱུ་དགོས་མཁོ་ཆེ་གི
དགེ་འདུན་རབ་གསལ་ཟེར་ནས་གོ་ཡུན་དངོས་ནས་རིང་བོ་ཞིག་སོང་ཡོད་ལ། དགེ་འདུན་རབ་གསལ་གྱིས་བྲིས་པའི་རྩོམ་ཡིག་ཀློག་པའི་ཁ་གྲངས་ཀྱང་གཏན་ནས་མི་ཉུང་བ་ཞིག་ཡིན། དེ་རིང་བར་དུ་ཁྱེད་ཀྱིས་བྲིས་པའི་རྩོམ་ཡིག་ཆེས་མི་ཉུང་བ་ཞིག་བོད་དོན་གྱི་སྐོར་རེད། དེ་ཡང་བོད་མིའི་གཞིས་བྱེས་གཉིས་ཀྱི་སྐྱིད་སྡུག་གཅིག་དུ་སྤུངས་ཐུབ་སྐོར་རེད། དེ་ཡང་ཕྱོགས་སྣ་གང་མང་ནས་བསྡོམ་རེ་བརྒྱབས་དེ་སྒྲུང་རེ་བྲིས་སོང་། སྒྲུང་ནང་གི་མི་སྣ་རེ་རེ་ཡང་རྒས་ཀྱིན་ཡོད་པ་བསྟན་སོང་། གཞུག་མ་ནས་གཞུག་མ་དེ་དག་ཡང་འཚར་ལོངས་བྱུང་སྟངས་ཀྱང་སྔ་མ་ལས་ཀྱང་བརྒལ་ཐུབ་ཀྱི་མེད་པའི་སྐོར་ཡང་གསུང་གི་འདུག སྐད་ཆ་དེ་དག་བདེན་པ་རེད། བདེན་པ་དེ་ཡང་ལག་ལེན་དུ་འདེབས་མཁན་མེད་པའི་ང་དང་སྐུ་ཉིད་ལྟ་བུ་དག་གིས་རང་ཁ་འདི་ལ་བདག་པོ་མེད་པར་སྐད་ཆ་རེ་བཤད། བཤད་ཟིན་པ་དེ་དག་ཡང་ཀློག་མཁན་རང་ཉིད་དང་འབྲི་མཁན་རང་ཉིད། ཉན་མཁན་ཡང་རང་ཉིད་ཁོ་ན་ཞིག་ཆགས་ཀྱི་ཡོད་ལ། ལག་ལེན་མེད་པའི་མི་རབས་ང་ཚོ་གང་ས་ནས་ཇེ་མང་དུ་སོང་ནས། ཐ་ན་རང་ཉིད་བོད་མི་ཞིག་ཡིན་པ་ནས་བོད་མིའི་སྐྱིད་སྡུག་གི་འགན་འཁུར་ལེན་མཁན་དེ་ཡང་སྐད་ཆ་བཤད་རྒྱུ་ཙམ་ལ་གོམ་པའི་འུ་ཅག་ལྟ་བུ་དག་ཡིན་པ་ཡང་ཤེས་ཀྱི་ཡོད་ལགས། འདི་ནི་འུ་ཅག་གི་ནད་ཚ་ངོ་མ་རེད། དྲགས་བསྐྱེད་ཆེས་དཀའ་བའི་སྒྲུང་ནང་གི་བརྗོད་གཞི་ངོ་མ་དེ་ཆགས་ཡོད་པ་རེད། འདི་ལས་དྲགས་བསྐྱེད་ཡོང་མིན་དེ་ཡང་་་་་་་
༡། དེ་རིང་དུས་ཚོད་ལྷོད་སྐབས་དང་བསྟུན་ཁ་བརྡ་ཚང་ན་ཀློག་སྤྲོ་བོ་འདྲ་མེད་འགྲོ་བསམ་ནས་ཡོང་ན་ཡང་ཀློག་སྙིང་བྲོ་བོ་ཅང་མ་འདུག འོན་ཀྱང་དགེ་འདུན་རབ་གསལ་གྱིས་ཡག་པོ་བྲིས་ཡོད་སྲིད་བསམ་ནས་འགོ་ཙམ་ཀློག་པ་དང་། མཆན་བུའི་ཚོའི་རྣམ་འགྱུར་གང་འདྲ་འདུག་རེད་འདུག་ལྟོས་པས་མཆན་བུ་ངས་ཀློག་པ་ཕལ་ཆེ་བས་དགའ་བསུ་ཐོབ་འདུག་པས། སླར་ཡང་རྩོམ་ཡིག་འགོ་ནས་ཡིག་འབྲུ་རེ་རེ་བཞིན་ཐེངས་གཅིག་ཀློག་ཡིན། དམིགས་བསལ་བཤད་ན་འདོད་པའི་བསམ་ཚུལ་གཅིག་བྱུང་། དེ་ནི་དགེ་འདུན་རབ་གསལ་གྱིས་རྩོམ་ཡིག་འབྲི་སྐབས་བརྡ་འཕྲོད་ཨེ་ཡོང་བསམ་པའི་སེམས་ཁུར་ཆེན་པོ་བྱེད་ཀྱིན་བྲིས་མེད་འགྲོ་བསམ་པ་བྱུང་། ཁོས་ཚིག་ཕྲེང་རེ་རེའི་མཇུག་ཏུ་ “རེད”དང་”རེད”ཅེས་ནན་ཏན་གྱི་ཚུལ་དུ་བརྗོད་འདུག དཔེར་ན་༼ད་མི་རབས་ལ་བརྩིས་ནས་ཀྱང་ལྟ་རྒྱུ་ཞིག་འདུག བོད་ཤོར་སྐབས་ཀྱི་བོད་མིའི་མི་ཐོག་དེ་ཚོས་གནང་འོས་པ་དེ་ཚོ་གནང་གྲུབ་ཡོད་པ་”རེད”། ༧རྒྱལ་བ་རིན་པོ་ཆེ་བཙན་བྱོལ་དུ་གདན་དྲངས་པ་”རེད”། སློབ་གྲྭ་དང་གཞིས་ཆགས་ཀྱི་སྒྲིག་འཛུགས་དེ་ཚོ་བཙུགས་པ་”རེད”། ལོ་དྲུག་ཅུའི་རིང་བཙན་བྱོལ་བོད་མི་དང་། བོད་ཀྱི་འཐབ་རྩོད་འདི་མུ་མཐུད་ནས་གནས་རྒྱུ་བྱུང་བ་”རེད”། ད་ནི་མི་ཐོག་གཉིས་པའི་ཐོག་ནས་གནང་དགོས་པའི་དུས་ལ་བབ་པ་”རེད”། མི་ཐོག་གཉིས་པ་དང་གསུམ་པའི་ཐོག་ནས་གནང་དགོས་པའི་དུས་ལ་བབ་པ་”རེད”།༽ འདི་ཚིག་ཕྲེང་ཚང་མའི་མཇུག་ལ་རེད་རེད་རེད་ཅེས་པས་ཚིག་གི་བྲོ་བ་ཉམས་པ་མ་ཟད་སྒྲ་གཅིག་བསྐྱར་བསྡུས་མང་བས་བྱིས་པ་ཞིག་གི་སྐད་ཆ་ཀློག་གི་ཡོད་པའི་སྣང་བ་སྟེར། དེ་ལས་༼ད་མི་རབས་ལ་བརྩིས་ནས་ཀྱང་ལྟ་རྒྱུ་ཞིག་འདུག བོད་ཤོར་སྐབས་ཀྱི་བོད་མིའི་མི་ཐོག་དེ་ཚོས་གནང་འོས་པ་དེ་ཚོ་གནང་གྲུབ་ཡོད། ༧རྒྱལ་བ་རིན་པོ་ཆེ་བཙན་བྱོལ་དུ་གདན་དྲངས། སློབ་གྲྭ་དང་གཞིས་ཆགས་ཀྱི་སྒྲིག་འཛུགས་དེ་ཚོ་བཙུགས། ལོ་དྲུག་ཅུའི་རིང་བཙན་བྱོལ་བོད་མི་དང་བོད་ཀྱི་འཐབ་རྩོད་འདི་མུ་མཐུད་ནས་གནས་རྒྱུ་བྱུང་བ་རེད། ད་ནི་མི་ཐོག་གཉིས་པའི་ཐོག་ནས་གནང་དགོས་པའི་དུས་ལ་བབ་ཅིང་། མི་ཐོག་གཉིས་པ་དང་གསུམ་པའི་ཐོག་ནས་གནང་དགོས་པའི་དུས་ལ་བབ་པ་རེད།༽ ཅེས་”་་་་་་བྱུང་བ་རེད”ཅེས་པའི་མཐའི་གསལ་བཤད་ཀྱི་རེད་དེ་གཅིག་པོས་འཐུས་པ་མ་ཟད་ཡིག་འབྲུ་ཉུང་བ་དང་། བརྡ་སྤྲོད་ཀྱི་ཚོར་བ་རྣོ་བ་ལ་དམ་པ་མི་འདུག་གམ། སངས་རྒྱས་ལ་ཀ་ཁ་མིན་བསླབ་པར་མི་སེམས་པར་ལེགས་བཤད་བྱིས་པའི་ཁ་ནའང་ཡོད་སྙམ་ནས་བསམ་ཞིབ་གནང་རོགས།
༢། སྔོན་མ་རིག་འབྱུང་དོན་གྲུབ་བཀྲ་ཤིས་ཀྱིས་བོད་ཡིག་ཀློགབདེ་བོ་དང་གོ་སླ་ཆེད་ཚིག་དང་བརྗོད་པ་གང་གང་ཐུང་བྲིས་ན་བཟང་ལུགས་བཤད་སོང་། ཚིག་དང་བརྗོད་པ་ཐུང་ཐུང་མང་པོ་བྲིས་ན་༼ཡིན་དང་འདུག་དང་དགོས་དང་རེད་༽སོགས་གལ་ཆུང་བའི་སྒྲ་མང་བོ་ཞིག་བསྐྱར་ཟློས་མང་པོ་བྱེད་དགོས་པའི་རྙོག་དྲ་ཡོང་སྲིད། ཁྱེད་ཚོར་མི་ཕན་ཞིང་ང་རང་ལ་བཟང་མེད་པའི་མཆན་བུ་འདི་བཏབ་པར་དགོངས་འགལ་མེད་པ་ཞུ།
ནོར་བཅོས།
༡། དེ་རིང་དུས་ཚོད་ལྷོད་སྐབས་དང་བསྟུན་ཁ་བརྡ་ཚང་ན་ཀློག་སྤྲོ་བོ་འདྲ་མེད་འགྲོ་བསམ་ནས་ཡོང་ན་ཡང་ཀློག་སྙིང་བྲོ་བོ་ཅང་མ་འདུག འོན་ཀྱང་དགེ་འདུན་རབ་གསལ་གྱིས་ཡག་པོ་བྲིས་ཡོད་སྲིད་བསམ་ནས་འགོ་ཙམ་ཀློག་པ་དང་། མཆན་བུའི་ཚོ་ཀློག་པས་ངས་ཀློག་པ་ཕལ་ཆེ་བས་དགའ་བསུ་ཐོབ་འདུག་པས། སླར་ཡང་རྩོམ་ཡིག་འགོ་ནས་ཡིག་འབྲུ་རེ་རེ་བཞིན་ཐེངས་གཅིག་ཀློག་ཡིན། དམིགས་བསལ་བཤད་ན་འདོད་པའི་བསམ་ཚུལ་གཅིག་བྱུང་། དེ་ནི་དགེ་འདུན་རབ་གསལ་གྱིས་རྩོམ་ཡིག་འབྲི་སྐབས་བརྡ་འཕྲོད་ཨེ་ཡོང་བསམ་པའི་སེམས་ཁུར་ཆེན་པོ་བྱེད་ཀྱིན་བྲིས་མེད་འགྲོ་བསམ་བྱུང་། ཁོས་ཚིག་ཕྲེང་རེ་རེའི་མཇུག་ཏུ་ “རེད”དང་”རེད”ཅེས་ནན་ཏན་གྱི་ཚུལ་དུ་བརྗོད་འདུག དཔེར་ན་༼ད་མི་རབས་ལ་བརྩིས་ནས་ཀྱང་ལྟ་རྒྱུ་ཞིག་འདུག བོད་ཤོར་སྐབས་ཀྱི་བོད་མིའི་མི་ཐོག་དེ་ཚོས་གནང་འོས་པ་དེ་ཚོ་གནང་གྲུབ་ཡོད་པ་”རེད”། ༧རྒྱལ་བ་རིན་པོ་ཆེ་བཙན་བྱོལ་དུ་གདན་དྲངས་པ་”རེད”། སློབ་གྲྭ་དང་གཞིས་ཆགས་ཀྱི་སྒྲིག་འཛུགས་དེ་ཚོ་བཙུགས་པ་”རེད”། ལོ་དྲུག་ཅུའི་རིང་བཙན་བྱོལ་བོད་མི་དང་། བོད་ཀྱི་འཐབ་རྩོད་འདི་མུ་མཐུད་ནས་གནས་རྒྱུ་བྱུང་བ་”རེད”། ད་ནི་མི་ཐོག་གཉིས་པའི་ཐོག་ནས་གནང་དགོས་པའི་དུས་ལ་བབ་པ་”རེད”། མི་ཐོག་གཉིས་པ་དང་གསུམ་པའི་ཐོག་ནས་གནང་དགོས་པའི་དུས་ལ་བབ་པ་”རེད”།༽ ཅེས་ཚིག་ཕྲེང་ཚང་མའི་མཇུག་ལ་རེད་རེད་རེད་ཅེས་པས་ཚིག་གི་བྲོ་བ་ཉམས་པ་མ་ཟད་སྒྲ་གཅིག་བསྐྱར་བསྡུས་མང་བས་བྱིས་པ་ཞིག་གི་སྐད་ཆ་ཀློག་གི་ཡོད་པའི་སྣང་བ་སྟེར། དེ་ལས་༼ད་མི་རབས་ལ་བརྩིས་ནས་ཀྱང་ལྟ་རྒྱུ་ཞིག་འདུག བོད་ཤོར་སྐབས་ཀྱི་བོད་མིའི་མི་ཐོག་དེ་ཚོས་གནང་འོས་པ་དེ་ཚོ་གནང་གྲུབ་ཡོད། ༧རྒྱལ་བ་རིན་པོ་ཆེ་བཙན་བྱོལ་དུ་གདན་དྲངས། སློབ་གྲྭ་དང་གཞིས་ཆགས་ཀྱི་སྒྲིག་འཛུགས་དེ་ཚོ་བཙུགས། ལོ་དྲུག་ཅུའི་རིང་བཙན་བྱོལ་བོད་མི་དང་བོད་ཀྱི་འཐབ་རྩོད་འདི་མུ་མཐུད་ནས་གནས་རྒྱུ་བྱུང་བ་རེད། ད་ནི་མི་ཐོག་གཉིས་པའི་ཐོག་ནས་གནང་དགོས་པའི་དུས་ལ་བབ་ཅིང་། མི་ཐོག་གཉིས་པ་དང་གསུམ་པའི་ཐོག་ནས་གནང་དགོས་པའི་དུས་ལ་བབ་པ་རེད།༽ ཅེས་”་་་་་་བྱུང་བ་རེད”ཅེས་པའི་མཐའི་གསལ་བཤད་ཀྱི་རེད་དེ་གཅིག་པོས་འཐུས་པ་མ་ཟད་ཡིག་འབྲུ་ཉུང་བ་དང་། བརྡ་སྤྲོད་ཀྱི་ཚོར་བ་རྣོ་བ་ལ་དམ་པ་མི་འདུག་གམ། སངས་རྒྱས་ལ་ཀ་ཁ་བསླབ་པར་མི་སེམས་པར་ལེགས་བཤད་བྱིས་པའི་ཁ་ནའང་ཡོད་སྙམ་ནས་བསམ་ཞིབ་གནང་རོགས།
༢། སྔོན་མ་རིག་འབྱུང་དོན་གྲུབ་བཀྲ་ཤིས་ཀྱིས་བོད་ཡིག་ཀློགབདེ་བོ་དང་གོ་སླ་ཆེད་ཚིག་དང་བརྗོད་པ་གང་གང་ཐུང་བྲིས་ན་བཟང་ལུགས་བཤད་སོང་། ཚིག་དང་བརྗོད་པ་ཐུང་ཐུང་མང་པོ་བྲིས་ན་༼ཡིན་དང་འདུག་དང་དགོས་དང་རེད་༽སོགས་གལ་ཆུང་བའི་སྒྲ་མང་བོ་ཞིག་བསྐྱར་ཟློས་མང་པོ་བྱེད་དགོས་པའི་རྙོག་དྲ་ཡོང་སྲིད། ཁྱེད་ཚོར་མི་ཕན་ཞིང་ང་རང་ལ་བཟང་མེད་པའི་མཆན་བུ་འདི་བཏབ་པར་དགོངས་འགལ་མེད་པ་ཞུ།
རྩོམ་པ་པོས་གསུངས་པ་དེ་དངོས་གནས་བདེན་པ་རེད། ང་ཚོའི་གནས་བབ་འདི་ཆེས་ཧ་ཅང་གི་ཁག་པོ་ཞིག་གི་ནང་འཚུད་སྡོད་ཡོད་པ་རེད། ངས་ཀྱང་དུས་རྒྱུན་བསམ་བློ་མང་པོ་གཏོང་གི་ཡོད་དེ། ལག་ལེན་འཁེལ་ཁག་པོ་ཞེ་དྲག་འདུག བཙན་བྱོལ་གྱི་ངོ་བོ་ཉིད་ཀྱང་འདི་འདྲ་རེད། དབང་མེད་བྱེད་ཐབས་བྲལ་བ་དེ་བཙན་བྱོལ་གྱི་ངོ་བོ་རེད། ཕྱོགས་ཚང་མ་ནས་ང་ཚོའི་ལག་པ་བཅིང་སྡོད་པ་འདྲ་པོ་ཞིག་འདུག
སྐུ་ཞབས་དགེ་འདུག་རབ་གསལ་ལགས། བཀྲིས་བདེ་ལེགས།རྒྱ་ནག་གི་རྩ་ཁྲིམས་ལ་འགྱུར་བ་ཕྱིན་ཏེ་ང་ཚོ་བྱོལ་བ་ཚོ་ལོག་ཤོག་གསུང་ན་ང་ཚོ་ལོག་ཆོག་ཡིན་པ་རེད།་་ཡིན་ནའང་ཁོང་ཚོས་ད་བར་ང་ཚོའི་འདོད་དོན་ཆོལ་གསུམ་གཅིག་ཏུ་འདུས་པའི་བོད་ཀྱི་རིག་གཞུང་གཅེས་ཉར་བྱེད་ཆོག་པའི་ཡུལ་ལུང་མི་སྤྲོད་པར་ང་ཚོ་ག་འདྲ་སེ་ལོག་དགོས་རེད།་་་བོད་མི་ཚང་མས་རེ་དོན་རྒྱ་གཞུང་ལ་བཤད་དེ་འབད་རྩོལ་བྱས་ཁོང་ཚོས་ཡ་ལན་མ་བྱས་ན་ང་ཚོས་ནོར་བ་མིན།་་་ང་ཚོས་ད་དུང་དེའི་ཐོག་ལ་སྲིད་དོན་ཆེད་ལས་པ་རྣམས་དང།་རྒྱའི་དབང་འོག་ཏུ་གནས་བཞིན་པའི་གནད་ཡོད་ཀྱི་བོད་མི་ཚོ་དང་འབྲེལ་བ་བྱས་ཏེ་བོད་དོན་བདེན་མཐའ་གསལ་ཐབས་མགྱོགས་སུ་གཏོང་རྒྱུ་ག་འདྲ་ཡོད་མིན་ཐོག་ལ་བསམ་བློ་གཏོང་དགོས་འདུག
ད་རེས་དགེ་འདུན་རབ་གསལ་ལགས་ཀྱིས་མི་ཚང་མར་དོ་སྣང་གཅིག་སྤྲད་སོང་། དེ་བོད་ཡིག་གོ་བདེ་པོ་དང་གཙང་མ། གསལ་པོ་ཞིག་འབྲི་བཞིན་འདུག སྔོན་མ་དུང་དཀར་རིན་པོ་ཆེས་ང་ལ་འདི་འདྲ་ཞིག་གསུངས་མྱོང་། “བོད་ཀྱི་མཁས་པར་བཞེད་པ་རྣམས་ལ་ཐུན་མོང་གྱི་ཁྱད་ཆོས་གཅིག་ཡོད་པ་ནི། ཁོང་རྣམས་ཀྱི་ལྗགས་རྩོམ་དེ་དག་གོ་བདེ་པོ་དང་། ཡི་གེ་གསལ་པོ་ཤ་སྟག་རེད།”
ད་རེས་དགེ་འདུན་རབ་གསལ་གྱི་རྩོམ་ཡིག་ཀློག་སྐབས། བཀའ་མོལ་དེ་ལྷང་ངེར་དྲན་པའི་ཡུལ་ལ་ཤར་བྱུང་། གུས་པས་བལྟས་ན། རྩོམ་པ་པོ་རྣམས་ཇི་ལྟར་ཤེས་བྱའི་གནས་གང་ཞིག་ལ་བྱང་པ་ཆེ་རུ་འགྲོ་བའི་ཚེ། དེ་ལྟར་ཁོང་རྣམས་ཀྱི་བརྗོད་བྱེད་ཀྱང་གསལ་བ་དང་བདེ་བར་འགྲོ་བཞིན་འདུག དེར་ལེགས་སོ་སྦྱིན་པར་འོས།
དེ་མིན་ཁྱེད་རྣམས་ཀྱིས། <>དུས་དེབ་ལ་ཅིག་གཟིགས་དང་། མཚམས་རེ། ཡིག་འབེབ་ཚ་ཚང་བརྗོད་པ་གཅིག་གི་ནང་བྲིས་པ་མང་། དེ་མཁས་རྟགས་རས་བླུན་རྟགས་རས་ཟེར་ཁ་ནས་ཤོར་སོང་།
བསྐྱར་བཅོས།
དེ་མིན་ཁྱེད་རྣམས་ཀྱིས་”ཤེས་བྱ།”དུས་དེབ་ལ་ཅིག་གཟིགས་དང་།
དགེ་འདུན་རབ་གསལ་བྲིས་འདུག་པ་ཐུགས་རྗེ་ཆེ།
བཀྲ་ཤིས་བདེ་ལེགས།