ང་ཚོ་བོད་པ་ལ་མཐུན་སྒྲིལ་དང་ཆིག་སྒྲིལ་དང་ཡིད་ཆེས་ཟེར་བ་ལོ་རྒྱུས་ཐོག་རྩ་བ་ནས་བྱུང་མ་མྱོང་ལ། མ་འོང་པར་ཡང་འབྱུང་མི་སྲིད་པ་ཞིག་རེད། དེར་བརྟེན། ང་ཚོར་མཐུན་སྒྲིལ་དགོས་ན། མ་འོང་པའི་བཀའ་ཤག་དེ་ཆོལ་གསུམ་རེ་མོས་ཐོག་སྐྱོང་ཐུབ་ན་ཤིན་དུ་ལེགས། དཔེར་ན། ཁམས་པས་ལོ་ལྔ་བསྐྱང་། དེ་ནས་དབུས་གཙང་གིས་ལོ་ལྔ་དང་དེ་བཞིན་ཨ་མདོ་བ་ཚོས་ལོ་ལྔ་བསྐྱང་། དེ་ལྟར་བྱས་ན། ང་ཚོ་ཆོལ་གསུམ་དབར་ལ་རྩོད་རྙོག་ཇེ་ཆུང་དང་། མཐུན་སྒྲིལ་མེད་རུང་། དགྲ་ལྟ་བུའི་འདུ་ཤེས་དེ་མི་ཡོང་བར་ཕན། ཆོལ་ཁ་ནང་ཁུལ་ལ་བཀའ་བློན་ཁྲི་པ་བསྐོ་བཞག་བྱ་རྒྱུ་དེ་འདེམས་སྒོ་དང་དབང་ཐང་དང་རྒྱུ་དཔལ་འབྱོར་གང་རུང་ལ་བརྟེན་ནས་བསྐོས་ཆོག དེ་རང་མོས་བྱེད། རང་གིས་ཆོལ་ཁས་འཛིན་སྐྱོང་བྱེད་པའི་རིང་ལ། ཆོལ་ཁ་དེ་མ་གཏོགས་གཞན་པ་སུ་གཅིག་ལ་འཇུས་གཏོགས་མེད་པ་བཟོས། དེ་ལྟར་བྱུང་ན་གཞུང་དེ་ཡང་ཚགས་ཚུད་པ་ཡོང་སྲིད།
གོང་གི་འདི་ཐབས་ལམ་གཅིག་རེད།
ད་མགྱོགས་མྱུར་ངང་བཙན་བྱོལ་བ་རྣམས་བོད་ལ་འགྲོ་ཐུབ་པའི་རེ་བ་ཡོད། དེ་མིན་འུ་ཐུག་པའི་ཐབས་ཇུས་འདི་འདྲ་མི་དགོས་པར་སྨོན། ད་ཐེངས་ཀྱི་ཆོལ་གསུམ་ཆིག་སྒྲིལ་གྱི་རྩོད་པ་དེ་བློ་གཟུ་བོར་གནས་ནས་དཔྱད་ན་སྐྱོན་ཆ་ཚང་མ་སྲིད་སྐྱོང་ལ་འདུག ངས་སྤེན་ཚེ་ལ་སྐྱོན་ཆ་མི་འདུག་ཟེར་གྱི་མེད། སྲིད་སྐྱོང་གིས་རང་གི་གཤམ་འོག་གི་ལས་བྱེད་ཚང་མ་མཉམ་པོར་སྐྱོང་མ་ཐུབ་པ་དང་ལྷག་པར་དུ་བྱས་རྗེས་ཅན་ལ་ངོ་སོ་མ་བྱིན་པའི་སྐྱོན་གྱི་རེད། སྲིད་སྐྱོང་ནི་དཔེར་ན་ཁྱིམ་ཚང་ཞིག་གི་ཕ་ནང་བཞིན་ཁྱིམ་མི་ཚང་མ་མཉམ་པོར་སྐྱོང་དགོས། དེ་མ་ཐུབ་ན་ཁྱིམ་ཚང་དེ་འཐོར་བཤིགས་སུ་འགྲོ་རྒྱུ་ཡིན་པ་སྨོས་མེད་རེད། སྲིད་སྐྱོང་ནི་ཁོག་རྒྱ་ཡངས་མོ། མ་འོང་ཕུག་རྒྱང་རིང་པོར་བསམ་བློ་གཏོང་ཐུབ་མཁན་ཞིག་ངེས་པར་དུ་ཡིན་དགོས། །
་་་་་་་ སྲིད་སྐྱོང་ནི་ཁོག་རྒྱ་ཡངས་མོ། མ་འོང་ཕུག་རྒྱང་རིང་པོར་བསམ་བློ་གཏོང་ཐུབ་མཁན་ཞིག་ངེས་པར་དུ་ཡིན་དགོས། ། ་་་་་་་
་
དགོས་ཀྱང་། བློ་སེང་ནི་དེ་ལྟར་རེད་མི་འདུག ཨ་ཁ་ཁ།།
སྲིད་སྐྱོང་དེ་ལ་ཅི་མི་ལེགས་་མི་དེ་དངོས་གནས་རང་གི་སྒེར་དོན་ལ་ངོ་ཚ་་མེད་པའི་ཐོག་ནས་གུ་སྐབས་དང་མགོ་བདེའི་ཐོག་ནས་སྡིག་པ་མིག་གཙུམ་པ་ཞིག་རེད་འདུག་
བཙན་བྱོལ་བོད་མིའི་བཅབ་ཁྲིམས་ཀྱི་ཚིག་བརྗོད་སྙིང་པའི་ནང་གསལ་བའི་བཀའ་བློན་ཁྲི་པ་དང་བཅའ་ཁྲིམས་བསྐྱར་བཅོས་རྒྱུད་ནས་ཚིག་བརྗོད་གསར་པ་སྲིད་སྐྱོང་དེ་དག་མ་འོངས་ཆོལ་ཁ་ནས་ཡོང་དགོས་མིན་མི་ཤེས་ཀྱང་གལ་ཆེ་ཤོས་དེ་འོས་འཕེན་མི་མང་གི་ལག་ཏུ་ཡོད་པར་ངོས་འཛིན་ཞུ་གི་ཡོད་འོས་བསྡུའི་སྐབས་ཕྱོགས་གཏོགས་དང་འགོ་འདྲེན་ལ་སྐྱབས་བཅོལ་ནས་འོས་ཤོག་འཕེན་བཞིན་པའི་ལམ་ལུགས་དེ་བཀག་ནས་དྲང་བདེན་དང་འདྲ་མཉམ་ཁྲིམས་ཀྱི་དབང་བསྒྱུར་ལ་འགན་འཁུར་ནས་འོས་འཕེན་དགོས་པ་་དེ་གལ་ཆེན་དོན་ཆེན་ཞིག་ལ་ངོས་འཛིན་ཞུ་གི་ཡོད་།
རེད། རེད། དང་པོ་ཆོལ་ཁ་གསུམ་རེ་མོས་དང་། དེ་ནས་ཆོས་ལུགས་བཞི། དེ་ནས་ཆོས་ལུགས་གསར་པ་ཞིག་ཡོད་པ། དེ་ཡང་ཆབ་སྲིད་ནང་མ་ཚུད་པར་སྡོད་ཡོད། དེ་ལའང་སྲིད་སྐྱོང་བྱེད་རྒྱུའི་གོ་སྐབས་སྤྲད་དགོས། དེ་ལ་གོ་སྐབས་མ་སྤྲོད་ན་ཡང་ཁ་ཁ་སྡོད་ཀྱི་རེད་དམ། དེ་ནས་སྐྱིད་སྡུག་ཚང་མ་ལའང་དགོས་ཟེར་རྒྱུ་ཐག་ཆོད། དངོས་གནས་དགོད་དྲོ་ཡག་གི་སྐད་ཆ་རེད། ཧ་ཧ་ དེ་འདྲ་བསམ་ཚུལ་སྐྱོ་པོ་འདོན་མཁན་ཞིག་བྱུང་འདུག སྨྲ་བརྗོད་རང་དབང་ཟེར་ན་འདི་འདྲ་ཞིག་ཟེར་གྱི་ཡོད་ཡིན་ས་རེད། ལགས་སོ་གསུངས་རྐྱང་གནང་རོགས། བཀྲིས་བདེ་ལེགས། གྲོགས་པོ་གཉིས་ལ་གསེར་ཊམ་གསུམ་རྙེད་པའི་སྒྲུང་འདྲ་པོ་ཆགས་སོང་། ཧ་ཧ།
སྲིད་སྐྱོང་འོས་མི་བློ་སེང་དང་། སྲིད་སྐྱོང་འོས་མི་སྤེན་ཚེ་གཉིས་ཀྱི་སྐྱག་དྲི་གྲོ་བ་ལྟ་བུའི་བྱ་ངན་ལས། བསམ་འཆར་འདི་ཡང་མ་བཏོན་རང་བཏོན་ཆགས་པ་རེད། སྙིང་གཅེས། མི་མངས་འུ་ཐུག་པ་རེད་དོ།།
ད་དུང་འོས་མི་བློ་སེང་གིས་རྫུན་དང་ཧམ་པ་ཆེ་དྲག་པ་དང་། འོས་མི་སྤེན་ཚེས་ཡ་རབས་དང་དྲང་བདེན་ལ་བཙུན་དྲགས་པས། འུར་ཤོབ་ཅན་ལ་འོས་ཐོབ་པ་དང་། ཉམས་ཆུང་ལས་བྱེད་རྙིང་པའི་འོས་ཤོར་བ་རེད། ད་དུང་སྲིད་སྐྱོང་བློ་སེང་གིས། ལས་བྱེད་གསར་རྙིང་མང་པོའི་སེམས་ཤུགས་ཆག་པའི་ལས་ཀ་བྱས་པ་དང་།
ལྷག་པར་ཚོགས་ཟུར་སྤེན་མཆོག་ལ། བློ་སེང་ཁམས་ཕྲུག་ཀྲོག་ཀྲོག་ཚ་བོས། མཐོང་ཆུང་དང་། ཁྱད་བསོད། གོ་ས་སྤྲད་པ་དང་། གོ་གནས་་འཕྲོག་པ་སོགས་ཛམ་གླིང་མི་མངས་འདུན་སར། གང་སྣང་གང་དྲན་བྱས་པ་ནི། ངས་དུས་ད་དུང་བར་ཡང་བློ་སེང་ལ་རྒྱབ་སྐྱོར་བྱས་པ་དེ་དག ད་གཞི་ནས་འགྱོད་པ་སྐྱེ་འགོ་ཚུགས་བཞིན་པའི་དུས་ལ་བབས་འདུག་སྙམ་མོ།།
ད་ནས་བློ་སེང་ཕམ་འགྱུར་ཅིག
བོད་ཀྱི་སྲིད་སྐྱོང་རྒྱལ་འགྱུར་ཅིག
་
བོད་མའི་སྒྲི་འཛུགས་བརྟན་འགྱུར་ཅིག
ཆོལ་གསུམ་བོད་རིགས་མཐུན་འགྱུར་ཅིག
་
སངས་རྒྱས་བསྟནཔ་་དར་འགྱུར་ཅིག
དེད་དཔོན་༸སྐུ་ཚེ་ཡུན་བརྟན་འགྱུར་ཅིག
དཀྲུག་ཤིང་གི་གཏམ་རང་རེད། བོད་ཀྱི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་༧ རྒྱལ་པཎ་གཉིས་ཀྱང་ཆོལ་ཁ་རེས་མོས་ནས་ངོས་འཛིན་དགོས་སམ།
སྲིད་སྐྱོངས་ནི་ཁྲིམ་སྒྲིགས་ཀྱི་འོགས་ལ་འགྲོ་མཁན་ཞིགས་དང་བོད་མི་
རིགས་ཀྱི་རླ་སྲོག་༧གོང་ས་སྐྱབས་མགོན་ཆེན་པོའི་རླབས་ཆེན་དགོང་པ་ཡང་དག་བསྒྲུབས་ཐུབ་མཁན་དང་ཆོལ་གསུམ་བོད་མིའི་ཅིགས་སྒྲིལ་
ནུས་པ་མ་གཏོར་མཁན་བྱུང་ན་ཆོལ་གསུམ་གང་ནས་འདེམ་ཀྱངས་མི་མང་གྱི་གུས་ཙེ ་ཡོད་འོན་ཀྱང་དཔོན་ངན་གང་དུ་ཡོད་ཀྱང་དེ་ལ་མི་མང་གི་ངོ་རྒོལ་ཡོད་པ་ནི་སྲིད་དོན་པ་མཁས་པ་ཚོའི་གསུང་རྒྱུན་ཡིན་།།
གནད་དོན་འདི་ཆོལ་ཁའི་གནད་དོན་ཞིག་མ་ཡིན་པར་་་་ཧམ་པ་དང་རྫུན་ལ་བྱང་ཆུབ་ཀྱང་བོད་རང་གི་མི་རིགས་ཀྱི་རིག་གནས་དང་ལྷག་བསམ་ཏུལ་འབྲུ་ཙམ་ཡང་མེད་པའི་སེང་ལྤགས་གྱོན་པའི་ཝ་མོ་ཞིག་ལ་སྲིད་སྐྱོང་གོ་གནས་ཐོབ་པ་དེ་མ་འགྲིག་པ་རེད་མ་གཏོགས་ཆོལ་ཁ་གང་ཡིན་ལ་འབྲེལ་བ་ཡོད་ནི་མ་རེད་་་་
སྲིད་སྐྱོང་ཚད་ལྡན་ཞིག་ཡིན་ན་ཆོལ་ཁའི་དཀའ་ངལ་ནམ་ཡང་འོང་མི་སྲིད་པ་རེད། དཔེར་ན་སྔར་རྒྱ་ལོ་དོན་འགྲུབ་བཀའ་བློན་ཁྲི་བ་ཡིན་སྐབས། ཟམ་གདོང་རིན་པོ་ཆེ་སོགས་ཆབ་སྲིད་པ་ཁ་ཤས་ལ་ལྟ་བ་མ་མཐུན་པར་བྱུང་སྐབས། རྒྱ་ལོ་དོན་འགྲུབ་ཕམ་ནས་བཀའ་བློན་ནས་དགོངས་པ་ཞུས་དགོས་བྱུང་བ་རེད། དེ་དུས་༸ གོང་ས་མཆོག་གིས་བོད་སྤྱི་ལ་ཐུགས་བསམ་བཞེས་ནས་རང་གི་སྤུན་མཆེད་ལའང་རྒྱབ་སྐྱོར་བྱས་མེད་པ་རེད། གལ་ཏེ་༸ གོང་ས་མཆོག་གིས་ཁོང་གི་སྤུན་མཆེད་ལ་རྒྱབ་སྐྱོར་བྱས་ཡོད་ན་ཆོལ་ཁའི་བར་ལ་རྙོག་དྲ་ཡོང་མི་སྲིད་པ་མ་རེད། སྲིད་སྐྱོང་བློ་སེང་ནི་གཏམ་བཤད་ལ་མཁས་པ། དོན་སྙིང་གང་ཡང་མེད་པ་དབུལ་པོས་ཕྱུག་པོར་ཁས་འཆེ་བ་དང་འདྲའོ། ཁ་བཤད་ཆུ་ཡི་ཝུ་བ། ལག་ལེན་གསེར་གྱི་ཐུར་མ། ཁོང་ལྟ་བུ་ལ་ཟེར་བ་རེད། །
སྲིད་སྐྱོང་ཚད་ལྡན་ཞིག་ཡིན་ན་ཆོལ་ཁའི་དཀའ་ངལ་ནམ་ཡང་འོང་མི་སྲིད་པ་རེད། དཔེར་ན་སྔར་རྒྱ་ལོ་དོན་འགྲུབ་བཀའ་བློན་ཁྲི་བ་ཡིན་སྐབས། ཟམ་གདོང་རིན་པོ་ཆེ་སོགས་ཆབ་སྲིད་པ་ཁ་ཤས་ལ་ལྟ་བ་མ་མཐུན་པར་བྱུང་སྐབས། རྒྱ་ལོ་དོན་འགྲུབ་ཕམ་ནས་བཀའ་བློན་ནས་དགོངས་པ་ཞུས་དགོས་བྱུང་བ་རེད། དེ་དུས་༸ གོང་ས་མཆོག་གིས་བོད་སྤྱི་ལ་ཐུགས་བསམ་བཞེས་ནས་རང་གི་སྤུན་མཆེད་ལའང་རྒྱབ་སྐྱོར་བྱས་མེད་པ་རེད། གལ་ཏེ་༸ གོང་ས་མཆོག་གིས་ཁོང་གི་སྤུན་མཆེད་ལ་རྒྱབ་སྐྱོར་བྱས་ཡོད་ན་ཆོལ་ཁའི་བར་ལ་རྙོག་དྲ་ཡོང་མི་སྲིད་པ་མ་རེད། སྲིད་སྐྱོང་བློ་སེང་ནི་གཏམ་བཤད་ལ་མཁས་པ། དོན་སྙིང་གང་ཡང་མེད་པ་དབུལ་པོས་ཕྱུག་པོར་ཁས་འཆེ་བ་དང་འདྲའོ། ཁ་བཤད་ཆུ་ཡི་ཝུ་བ། ལག་ལེན་གསེར་གྱི་ཐུར་མ། ཁོང་ལྟ་བུ་ལ་ཟེར་བ་རེད། །
བཀའ་བློན་ཁྲི་པ་འམ་སྲིད་སྐྱོང་གི་འོས་ཆོས་ནང་ཆ་རྐྱེན་གསར་འཇུག་དགོས་པ་མང་པོ་འདུག་པ་དེ་ཚོའི་ཐོག་ཁྲིམས་བཟོ་སྤྱི་འཐུས་གྲོས་ཚོགས་ནས་བཅའ་སྒྲིག་གཉིས་ལ་བསྐྱར་བཅོས་གནང་དགོས་པ་དེ་ཁྲིམས་བཟོའི་ཐུགས་འགན་ཡིན་པ་མ་ཟད་བཅའ་ཁྲིམས་དོན་ཚན་བརྒྱད་པའི་ནང་གསེས་བཞི་པ་ལ་འགན་བཞེས་ནས་བོད་ཀྱི་ཡུལ་མིའི་ཁྲིམས་ཡིག་གཏན་འབེབས་གནང་དགོས་པ་དེ་ཕྱི་སྐྱོན་མེད་ན་ཡང་སྔ་སྐྱོན་གང་ན་ཡོད་།
་་་་་་་་ སྲིད་སྐྱོང་བློ་སེང་ནི་གཏམ་བཤད་ལ་མཁས་པ། དོན་སྙིང་གང་ཡང་མེད་པ་དབུལ་པོས་ཕྱུག་པོར་ཁས་འཆེ་བ་དང་འདྲའོ། ཁ་བཤད་ཆུ་ཡི་ཝུ་བ། ལག་ལེན་གསེར་གྱི་ཐུར་མ། ཁོང་ལྟ་བུ་ལ་ཟེར་བ་རེད། །་་་་་ ཟེར།
ངས་བསམ་ན་དེ་འདྲའི་འགྱུར་བ་ཆེན་པོ་ཞིག་གཏོང་མི་དགོས། སུས་མ་འགྲིག་པ་དང་སུས་ནོར་བ་ཡིན་ན་དེ་ལ་ཐེར་འདོན་བྱེད་པའི་དབང་ཆ་མི་དམངས་ལ་ཡོད་དགོས། ད་ཆ་ང་ཚོའི་དཀའ་ངལ་ནི་དམངས་གཙོ་ཁ་ནས་བསྒྲགས་ཀྱང་ལག་ལེན་ལ་བསྟར་ཐུབ་ཀྱི་མེད་པ་དེ་རེད།
སུས་ནོར་འཁྲུལ་བཟོས་ཡོད་ན་དེ་ཁྲིམས་ལ་སྦྱར་དགོས་པའི་སྲོལ་ཡོད་པ་ཡིན་ན་རྙོག་གྲ་ཉུང་གི་རེད། ཁྲིམས་བཤད་ས་མེད་པའི་ས་ཁུལ་ལ་བཙན་པོའི་རྗེས་སུ་འགྲོ་བ་ལས་ཐབས་གཞན་མེད་པ་གསལ་བོ་རེད། དེ་ཡུན་རིང་དུ་བཞག་པ་ཡིན་ན་སྒེར་སྤྱོད་རིང་ལུགས་པ་དང་སྲིད་དབང་རུལ་སུངས་པའི་གནས་ཚུལ་རྒྱུན་མི་ཆད་པར་ཡོང་ངེས་རེད།
དམངས་གཙོ་དང་ཁྲིམས་ལུགས་དཔང་པོ་ལ་གཞག་ནས་ལས་ཀ་བྱེད་དགོས་པ་རེད་ལ། དེ་ལྟར་བྱེད་པར་དབངས་གཙོ་དང་ཁྲིམས་ལུགས་ནི་ང་ཚོ་དང་ནམ་ཡང་ཁ་འབྲལ་ཐབས་མེད། དེ་ལྟར་བྱས་ན་བཙན་བྱོལ་ཡིན་ཡང་རྒྱུན་རིང་གནས་ཐུབ་པའི་རེ་བ་ཡོད་རེད།
མ་གཞིར་ང་ཚོ་ལ་བསམ་བློ་གནས་ཚད་སྐྱོ་བོ་ཡིན་པ་དང་གཅིག དམངས་གཙོའི་གོ་རྟོག་དམའ་བ་དང་གཉིས། ཆོལ་ཁ་དང་ཆོས་ལུགས་ཀྱི་ཕྱོགས་ཞེན་ཆེ་བ་དང་གསུམ། འདི་དག་ལ་བརྟེན་ནས་མི་ལོ་ལྔ་བཅུའི་ལྷག་གི་ནམ་ཟླ་རིང་མོ་དེ་བསྐྱལ་དཀའ་བ་བྱུང་ཡོད། ད་དུང་ཡང་འགྱུར་བ་ཕྲན་ཙམ་མ་བྱུང་ཚེ་བཙན་བྱོལ་སྤྱི་ཚོགས་འདི་བདེ་འཇགས་སུ་གནས་ཐབས་ཁག་པོ་རེད།
གནས་སུ་བཅུག་ཁག་པོ་ཡིན།
ཨ་རིའི་དོན་གཅོད་གསར་བས་འཐུས་ཤོར་ཆེན་པོ་ཞིག་བཟོས་འདུག
ཕྱི་ཚེས་བཅུའི་ཉིན་ལས་འགུལ་རྒྱ་ཆེན་པོ་ཞིག་སྤེལ་བའི་སྐབས་སུ་རྒྱལ་སྤྱི་དང་ཕྱོགས་སོ་སོའི་གསར་འགོད་པ་གཅིག་ཀྱང་སྐད་བཏང་མི་འདུག
དེས་རྐྱེན་གྱིས་ལས་འགུལ་དེ་གསར་འགྱུར་གཅིག་་གི་ནང་དུ་མ་ཐོན་པས་ལས་འགུལ་དེ་ཡང་ནུས་མེད་ཅིག་ཏུ་གྱུར་འདུག
ཕྱི་ཚེས་བཅུའི་ཉིན་ལས་འགུལ་རྒྱ་ཆེན་པོ་ཞིག་སྤེལ་བའི་སྐབས་སུ་རྒྱལ་སྤྱི་དང་ཕྱོགས་སོ་སོའི་གསར་འགོད་པ་གཅིག་ཀྱང་སྐད་བཏང་མི་འདུག
དེ་དོན་གཅོད་གསར་བའི་ནོར་འཁྲུལ་དང་མ་འཇོན་པ་ཡིན་པ་ཞིག་ལ་ངོས་འཛིན་བྱེད་དགོས་པ་སྨྲས་མེད་རེད། དོན་གཅོད་གསར་བ་ཡང་གནས་དབྱུང་གཏོང་དགོས།