ཟླ་བ་དབང་ཕྱུག
༸གོང་ས་སྐྱབས་མགོན་ཆེན་པོའི་མཛད་འཕྲིན་གྱི་ཉི་མ་གཞོན་ནུ་འཛམ་གླིང་སྡིངས་ཆའི་སྟེང་དུ་མངོན་པར་ཤར་ཏེ་ཁོང་ནི་ང་ཚོས་ནམ་རྒྱུན་བཤད་བསྡད་པའི་ཡིད་བཞིན་གྱི་ནོར་བུ་ངོ་མ་དེ་ཡིན། ཡིད་བཞིན་གྱི་ནོར་བུའི་དོན་སྙིང་ནི་དགོས་དོན་ཐམས་ཅད་འབད་མེད་ལྷུན་གྲུབ་དུ་འབྱུང་བ་དེ་ཡིན་པས། ༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གང་དུ་ཕེབས་ས་ནི་སྤྲང་པོ་ཚུན་ཆད་ལ་དགོས་འདོད་འབྱུང་བའི་གནས་དེ་ཡིན། ཁོང་གི་གསུང་ཆོས་ཞུ་མཁན་གྱི་ནང་དུའང་ཀུན་སློང་མ་འདྲ་བ་མང་པོ་ཞིག་ཡོད་པ་ཡིན། ཁག་ཅིག་གིས་ཁོང་གི་ཞལ་དངོས་སུ་མཇལ་ས་ནས་ཆོས་ཞུས་པ་ནི་ཐར་བ་དང་ཐམས་ཅད་མཁྱེན་པ་ཐོབ་པའི་ལམ་བླ་ན་མེད་པ་ཡིན་པར་འདོད།
ཁག་ཅིག་གིས་ཁོང་དང་ཐག་ཉེ་ས་ཞིག་ཏུ་བཅར་ཏེ་རང་ཉིད་ལ་མཚན་མཐོང་ཡོང་ཐབས་དང་། མི་ཡིས་མཐོང་སྣང་ལ་རང་ཉིད་༸གོང་ས་མཆོག་གི་ཉེ་འགྲམ་གྱི་མི་སྣ་ཞིག་བཟོ་འདོད་ཀྱི་འཇིག་རྟེན་ཆོས་བརྒྱད་ཀྱི་ཀུན་སློང་དེ་ཡིན།
ཆོས་རྣམ་དག་དང་ཆོས་ཟིང་ཟིང་གང་འདྲ་ཞིག་ཡིན་ཡང་ཞུ་བ་བོ་ལ་དགེ་རྩ་མཆོག་དམན་གྱི་ཁྱད་པར་ཡོད་པར་སྣང་། བླ་སྤྲུལ་དགེ་བཤེས་སོགས་ནི་གསུང་ཆོས་དངོས་ཀྱི་སྣོད་རུང་ཡིན། ཁོང་ཚོ་ནི་ད་ལྟ་ནས་མ་འོངས་པའི་དབང་ལུང་མན་ངག་གི་འབྱུང་གནས་དང་། སངས་རྒྱས་ཀྱི་བསྟན་པ་སྤེལ་བའི་བྱེད་པོ་ཡིན་པས། ཁོང་རྣམ་པས་དབང་དང་གསུང་ཆོས་ཞུ་བ་ནི་རང་དོན་ཙམ་དུ་མ་ཟད་ཀུན་སློང་གིས་འདང་ཚེ་གཞན་དོན་ཞིག་ཀྱང་ཡིན།
མི་སྐྱ་ཚོས་ཆོས་ཞུ་བ་ནི་རང་དོན་ཁོ་ནའི་ཆེད་ཡིན་ཞེས་བརྗོད་ཆོག ཆོས་ཤེས་ཚེ་རང་གི་བུ་ཕྲུག་དང་ནང་ཚགས་ལ་འགྲེལ་བཤད་ཙམ་བྱེད་པའི་དམིགས་ཡུལ་ཡོད་སྲིད་ཀྱང་། བརྒྱ་ཆའི་དགུ་བཅུ་ཐམ་པ་ནི་རང་ཁོ་ནའི་ཚེ་འདི་དང་ཕྱི་མའི་ཆེད་ཡིན།
ད་རེས་ཀྱི་དུས་དབང་སོ་གཉིས་པ་གསུང་སའི་༸གོང་ས་མཆོག་གི་ཉེ་འགྲམ་གྱི་སྡིངས་ཆའི་སྟེང་དུ་བཙན་བྱོལ་བོད་མིའི་ཆོས་སྲིད་གཉིས་ཀྱི་མཐོ་གྲས་མི་སྣ་ཕལ་ཆེ་བ་ཕེབས་ཡོད། ལྷག་པར་བོད་མའི་སྒྲིག་འཛུགས་ཀྱི་འཛིན་སྐྱོང་བཀའ་ཤག་རྣམ་པ་ཚང་མ་ཕེབས་ཡོད། དེ་བཞིན་སྤྱི་འཐུས་རྒྱུན་ལས་ཀྱང་མང་ཆེ་བ་ཕེབས་ཡོད།
དེང་སང་སྤྱི་འཐུས་ལས་ཐོག་ཡིན་པ་ཞིག་གི་ལོ་འགའི་སྔོན་གྱི་སྐད་ཆ་ཞིག་གླེང་སྟེ་བདེན་ཁ་སྤྲོད་འདོད་བྱུང་། དེ་ནི་སྤྱི་འཐུས་རྒྱུན་ལས་ག་གེ་མོས་སྤྱི་འཐུས་རྒྱུན་ལས་ཀྱི་ལས་ཀའི་དུས་ཚོད་ལ་ལས་ཀ་གཡུག་ནས་གསུང་ཆོས་ལ་འགྲོ་གིན་འདུག ཏག་ཏག་བསྡད་ཀྱིན་མི་འདུག་ཅེས་པ་དེ་ཡིན། དེ་ནི་གསུང་ཆོས་རྩ་ཆེན་པོ་མ་ཡིན་པ་དང་། བླ་མ་རྩ་ཆེན་པོ་མ་ཡིན་པས་གླེང་སློང་དེ་མ་ཡིན་པར་བོད་མི་ས་ཡ་དྲུག་གི་སྤྱི་དོན་བསྒྲུབ་མཁན་གྱི་སྟེགས་བུར་འཛེགས་རྗེས། ད་གཟོད་ཕྱི་མར་འཇིགས་སྣང་ཆེ་མདོག་དང་། ཆོས་པ་རྣམ་དག་ཡིན་མདོག ཆོས་ལ་དོན་གཉེར་ཡོད་མདོག་གི་གཟུགས་བརྙན་མགོ་གཉིས་མ་རེ་འཁྲབ་སྟོན་བྱས་ཏེ་རང་དོན་གྱི་ཆེད་དུ་ས་ཡ་དྲུག་གི་རྐུབ་སྟེགས་ཀྱི་དུས་ཚོད་སྟོང་པར་བཞག་ན་འགྲིག་གིན་མི་འདུག་ཅེས་པ་དེ་རེད།
ལྷག་པར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་སྲིད་དབང་རྩིས་སྤྲོད་གནང་རྗེས་སྲིད་སྐྱོང་བའི་ཞལ་གསུང་དྲོན་མོ་བཀའ་ཁྲི་བློ་བཟང་སེང་གེ་ལགས་སུ་ཕུལ་དེ་མི་མང་གིས་གདམས་པའི་སྲིད་ཀྱི་བྱེད་པོ་ཡིན་པའི་ཐུགས་རེ་ཕུལ་ཡོད།
རྒྱ་གཞུང་གིས་དཔལ་འབྱོར་དང་། དམག་དོན། ཆབ་སྲིད་སོགས་ཀྱི་ཡོ་ལང་སྤྱད་དེ་ཉིན་རེར་གཏིང་མནག་པའི་འཕེལ་རིམ་ཞིག་ཤ་མོ་ལྟར་བརྡོལ་བཞིན་ཡོད།
གཞིས་ལུས་བོད་མིས་ཁྲག་དང་མིག་ཆུའི་ནམ་ཟླ་སྤྱད་དེ་རང་ལུས་མེ་བསྲེགས་ཀྱིས་བོད་ཀྱི་རང་དབང་སླར་གསོ་དང་། ༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་བོད་དུ་གདན་ཞུའི་ཆེད་ངང་སྒུག་བྱས་ཡོད།
གཞིས་བྱེས་བོད་མིའི་སྐུ་ཚབ་ངོ་བོ་དང་། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་དཀྱིལ་འཁོར་ནང་དུའང་གལ་གནད་རབ་དང་རིམ་པའི་ལས་དོན་རྫོགས་འགྲོ་བ་ག་ལ་ཡོད།
འདི་ལྟར་ཚ་ཚ་འུར་འུར་དང་ཛ་དྲག་རང་བཞིན་གྱི་གནས་བབ་མང་པོ་ཞིག་ང་ཚོའི་མིག་སྔ་རུ་ཐོལ་གྱིས་ཟགས་བཞིན་ཡོད་ནའང་། བོད་མིའི་སྒྲིག་འཛུགས་ཀྱི་དཔོན་རིགས་ཚོ་གསུང་ཆོས་རྭ་བའི་སྡིངས་ཆ་མཐོན་པོའི་གཡས་གཡོན་ན་ཏིང་ངེ་འཛིན་ཀློང་དུ་མཉམ་པར་བཞག་མེད་དམ་སྙམ་པའི་བརྟུལ་ཞུགས་སུ་རོལ་བ་འདིའི་སེམས་ངོགས་སུ་བྲེལ་ཤ་ཞིག་དང་དངངས་འཚབ་ཅིག་སྤྲད་ཡོང་།
འདི་ལྟར་སྐད་ཆ་བཤད་ན་མང་པོ་ཞིག་གི་སེམས་ངོར་འབབ་མི་སྲིད་ཀྱང་། དྲང་གཏམ་བཤད་ན་འུ་ཚང་གི་ཆབ་སྲིད་པ་ཁག་ཅིག་གིས་ཆོས་པ་ཡིན་མདོག་གིས་རང་རང་གི་སྐབས་སུ་བབ་པའི་ལས་འགན་དག་སྣང་མེད་དུ་བཞག་པ་མཐོང་ཚེ་མ་སྐྱིད་པའི་ཚོར་བ་སླེབས་ཡོང་གིན་འདུག
འདི་ནི་ངའི་ཚོར་བ་ཙམ་མ་ཡིན་པར་མི་མང་གི་ཁྲོད་དུའང་བསམ་ཚུལ་དེ་ཡོང་གིན་ཡོད། ལྷོ་ཕྱོགས་མོན་གྷོ་ཊི་ནས་ཡིན་པའི་སྐུ་ཞབས་ཤིག་གིས། རྒྱ་གར་གྱི་སྲིད་བློན་ཞིག་ཉིན་ཤས་རིང་སྨན་ཁང་དུ་སྡོད་དགོས་བྱུང་བར་བརྟེན་སྨན་ཁང་ནང་དུ་ལས་ཁུངས་བཙུགས་པ་རེད་ཟེར་བ་ཞིག་གོ་མྱོང་། ང་ཚོའི་སྲིད་སྐྱོང་བ་ཚོ་ཉིན་ལྟར་ལྷོད་བཞུགས་གནང་ཚུལ་ལ་ལྟོས་ན་འུ་ཅག་དཀའ་ཚོད་དུ་འདུག མཐོང་སྣང་ལ་བདེ་བོ་ཞིག་ཀྱང་མི་འདུག་ཅེས་ཟེར།
གནས་ལུགས་ཀྱི་བདེན་ཁ་ཡོད་མེད་གང་ལྟར་ཀྱང་བཀའ་བློན་ཁྲི་བའི་འོས་འདེམས་སྐབས་སུ་དངོས་ཤུགས་བརྒྱུད་གསུམ་ནས་རྒྱབ་སྐྱོར་དཔུང་འདེགས་ཞུ་མཁན་གྱི་མི་སྣའི་ཁྲོད་དུའང་སེམས་ཚོར་འདི་ལྟར་ཡོད་པ་ཡིན།
ཡང་གཅིག་བསམ་ན་རྡོ་རིང་པཎྚིཏའི་རྣམ་ཐར་ལ་དྲན་གསོ་ཞིག་ཀྱང་ཐེབས་ཡོང་། རྡོ་རིང་དཔོན་པོའི་རྣམ་ཐར་དེ་ཡང་རྡོ་རིང་དཔོན་པའི་ཆོས་འབྱུང་ཙམ་ཡིན། ཡར་ལ་སོང་ནས་མཆོད་འབུལ་བྱས་ཚུལ། མར་ལ་ཡོང་ནས་སྦྱིན་པ་བཏང་ཚུལ། མཆོད་མཇལ་གནས་གཟིགས་བྱས་ཚུལ་ཁོ་ནས་མི་ཚེ་བསྐྱལ་ཏེ་བོད་རྒྱལ་ཁབ་ཆེན་པོའི་ཆོས་སྲིད་ལུགས་གཉིས་ཀྱི་བདག་དབང་ས་རུ་གཡུག་པའི་ལོ་རྒྱུས་ཀྱི་ནག་ཉེས་དག་ཡིན།
བཀའ་ཁྲི་བློ་བཟང་སེང་གེ་གཙོ་བོས་བོད་མིའི་སྒྲིག་འཛུགས་ཀྱི་དཔོན་རིགས་ཚོས་རང་ཉིད་ཆོས་བྱེད་ཅིག་ཡིན་པའི་འཁྲབ་གཟུགས་དོར་ཏེ་དོན་དངོས་༸གོང་ས་སྐྱབས་མགོན་ཆེན་པོའི་ཡང་དག་པའི་དགོངས་དོན་ལམ་སྟོན་དག་ཉམས་སུ་བླངས་ཏེ་བོད་མི་རིགས་ཀྱི་རང་དབང་སླར་གསོ་དང་། བདེན་མཐའ་མྱུར་ཏུ་གསལ་ཐབས། བཙན་བྱོལ་བོད་མིའི་སྒྲིག་འཛུགས་སྲ་བརྟན་དང་། སློབ་གྲྭ་ཁག་གི་ཤེས་ཡོན་ཡར་རྒྱས། གསར་འབྱོར་ཚོ་ལ་བདག་སྐྱོང་དང་སྐྱབས་བཅོལ་གྱི་ཐོབ་ཐང་རེག་ཐབས། ༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་བོད་དུ་གདན་ཞུ་གནང་སྟེ་གཞིས་བྱེས་བོད་མིའི་རེ་འདོད་བསྒྲུབ་ཐབས་སོགས་དོན་དངོས་ལ་ཁ་ཕྱོགས་པའི་ལས་ཀ་རེ་བྱེད་རྒྱུ་ནི་སེམས་ཀྱི་རེ་འབོད་ཡིན།
མཁས་དབང་ཟམ་གདོང་བའི་བཀའ་ཁྲིའི་ལོ་ངོ་བཅུ་རིང་གནང་སྟེ་མཇུག་འབྲས་ལ་བསྡོམས་རྒྱག་རྒྱུར་དཀའ་ངལ་བྱུང་ཚེ་རང་ཉིད་བཙན་བྱོལ་བོད་མིའི་སྲིད་སྐྱོང་བ་མིན་མདོག་མདོག་དང་། བླ་མའི་བཀའ་བསྒྲུབས་མཁན་ཡིན་མདོག་གནང་བའི་ལོ་རྒྱུས་སྣང་བརྙན་དགོད་བྲོ་བོ་རེ་གཞེངས་བསྐྲུན་བྱས་ཡོད་པ་དེ་ཉམས་མྱོང་གི་གཞི་རྩར་བཟུང་སྟེ་བཀའ་ཁྲི་བློ་སེང་གི་ངོ་ལོ་ལྔའི་རྗེས་ནས་རང་ཉིད་བོད་ཀྱི་སྲིད་སྐྱོང་བ་ཚད་ལྡན་ཞིག་བྱས་ཡོད་པའི་གནས་བབ་ངོ་སྤྲོད་བྱེད་མ་དགོས་པར་མི་མང་གིས་ངོས་འཛིན་ཐུབ་པ་ཞིག་བཟོ་དགོས་རྒྱུ་ནི་ད་ལྟའི་ཁོང་གི་འགན་ཆེ་ཤོས་དེ་ ཡིན།
བསམ་ཚུལ་འདི་འདྲ་ཡོད་མི་ཆོག་པ་མ་རེད། ཡིན་ཡང་བསམ་ཚུལ་ནི་བསམ་ཚུལ་རང་རེད། བདེན་པ་ཡིན་པའི་ངེས་པ་ཡོད་པ་མ་རེད་ལ། དྲང་པོ་ཡིན་པའི་ངེས་པ་དེ་བས་ཀྱང་ཡོད་པ་མ་རེད། དེ་བས་བཤད་མི་དགོས་པ་ཞིག་ལ་གོང་གི་བསམ་ཚུལ་འདི་ལ་བདེན་པའི་ཆ་མེད་ལ། འདི་ནི་སྐད་ཆ་དྲང་པོ་ཞིག་ཀྱང་མ་རེད་དོ། །
རྒྱུ་མཚན་ཡོད་དེ། བཀའ་ཁྲི་ནི་འཛིན་སྐྱོང་གི་དབུ་ཁྲིད་ཡིན་པས་ལས་མི་གཞན་ཚོ་བཞིན་ཆུ་ཚོད་ཉི་ཤུ་རྩ་བཞི་ལས་ཁུངས་སུ་བསྡད་དགོས་པའི་ངེས་པ་མེད་ལ། དྲ་ལམ་དང་འཕྲིན་ལམ་མྱུར་བའི་དེང་གི་དུས་སུ་ས་ཐག་ལེ་བར་དུ་མས་ཆོད་པའི་བར་དུ་འབྲེལ་ལམ་བྱེད་རྒྱུ་ནི་དེ་འདྲ་ཁག་པོ་ཞིག་མ་རེད་ཡ། དེ་མིན་ཨ་རིའི་བྷུ་ཤི་རྒྱ་གར་དུ་ཡོང་དུས་ཨ་རིའི་ལས་དོན་འཐུས་ཤོར་འགྲོ་སྲིད་ལ། ཕྱི་སྲིད་བློན་ཆེན་ར་ཨི་སི་རྒྱ་ནག་ཏུ་འགྲོ་དུས་ཕྱི་དོན་ལ་དོ་ཕོག་འགྲོ་སྲིད་པར་མ་ཟད། རྒྱ་གར་སྲིད་བློན་ཨ་རིར་འགྲོ་དུས་རྒྱ་གར་གྱི་ལས་དོན་འཐུས་ཤོར་ནས་འཐུས་ཤོར་འགྲོ་སྲིད་དོ།། གཞན་རྡོ་རིང་དཔོན་པོའི་རྣམ་ཐར་དང་བཀའ་ཁྲིས་ཉིན་བཅུའི་རིང་དུས་དབང་ཞུས་པ་གཉིས་ལ་མཚུངས་ཆོས་བཙལ་བ་དེ་ནི་ཁྱིའི་ཡ་འགལ་ཕག་གི་མ་འགལ་དུ་སྦྱར་བའི་དཔེར་སོང་འདུག་གོ ། ད་དུང་ཟམ་གདོང་གདོང་ལྔའི་དབང་པོ་ལ་ལོ་བཅུའི་རིང་བྱས་རྗེས་ཅི་ཡང་མེད་ཚུལ་བཤད་འདུག་པར་བསམས་ན་ཁྱེད་ནི་མ་གཞི་ནས་མིག་ཤེལ་སེར་པོ་བསྣབས་ཡོད་པའི་མི་དེ་རིགས་ཀྱི་ཁོངས་སུ་གཏོགས་པས། ཁྱེད་ཀྱི་ཕྱོགས་གཏོགས་ལ་དངོས་པོ་ཡོད་ཚད་སེར་པོ་ལས་མཐོང་དུ་མེད་དོ། །
བསམ་ཚུལ་ཡག་པོ་བཏང་འདུག
ཟམ་མདོང་རིན་པོ་ཆེ་དངོས་་གནས་མཁས་དབང་ཕུལ་དུ་བྱུང་ཞིག་ཡིན་པར་སྙོང་མེད་རེད། ཁོང་བཀའ་བློན་སྐབས་སུ་བཙན་བྱོལ་གཞུང་ལ་ཚགས་ཚུགས་ཡག་པོ་བྱུང་བར་བརྟེན་ནས་དཔལ་འབྱོར་ཀྱང་དེ་བཞིན་ཉམས་རྒུད་ཕྱིན་མེད། གཞན་བོད་དོན་དང་འབྲེལ་བའི་དམིགས་བསལ་གྲུབ་འབྲས་དེ་ཙམ་མ་སོང་བར་ང་ཁྱོད་ཚང་མའི་མཁྱེན་གསལ་རེད། དོན་ངོ་མའི་གྲུབ་འབྲས་ག་རེ་བསྐྲུན་སོང་ཞུས་ན་གཞུང་དགའ་ལྡན་ཕོ་བྲང་དབུ་བརྙེས་ནས་སྲུང་རྩི་གཞུ་དགོས་པའི་ལམ་ལུགས་གསར་པ་ཞིག་བཟོས་སོང་། དེ་ནི་དགའ་མཁན་བརྒྱ་ལ་མི་འགའ་མཁན་སྟོང་ཕྲག་བྱུང་བ་ཤོད་མི་དགོས་པ་ཞིག་རེད། འོན་ཀྱང་གཞུང་དགའ་ལྡན་ཕོ་བྲང་གསལ་བོ་ཆགས་སོང་བས་ད་གཟོད་ངལ་བ་མི་འཛིན།
ཧཧཧཧ་དོན་ངོ་མ་ཤ་ཀླན་བུ་ནས་མིག་ཤེལ་ནག་པོ་རྒྱབ་འདུག་་་་ཨ་རིའི་སྲིད་འཛིན་རྒྱ་གར་ལ་རྒྱལ་དོན་ལ་ཕེབས་པ་དང་་་་་བློ་སེང་ནས་གསུངས་ཆོས་ར་པར་ཕྲེང་པ་ཐོགས་ནས་འདུག་གཉིས་འདྲ་འམ་་་བསམ་བློ་ཞིབ་མོ་ཞིག་ཐོངས་དང་་་་་་
ཟླ་བ་དབང་ཕྱུག་ཨ་མའི་བུ་རེད།
དོན་དངོས་ཀྱི་གནད་མང་པོ་གསུངས་འདུག
ངས་ཀྱང་བློ་སེང་གནམ་མཐའི་འབྲུག་སྐད་ལྟ་བུའི་ཟབ་གདོང་བླ་མའི་རྣམ་ཐར་མི་འཛིན་པའི་རེ་བ་ཡོད།
༡༽ཟམ་གདོང་རིན་པོ་ཆེ་ཡི་གཞུང་འཛིན་སྐབས་སུ་དཔལ་འབྱོར་ལས་ཁུངས་ཀྱི་ཚོང་སྡེ་ཡན་ལག་མང་པོ་གྱོང་གུད་རྐྱེན་པས་སྒོ་བརྒྱབ་ཡོད་པ་དེ་གཞུང་གི་འཛིན་སྐྱོང་དང་ཆ་ཤས་ལེན་སྟངས་ཆ་ནས་ཅུང་མི་རན་པ་དང་ཐད་དྲག་པ་རེད།
དཔེར་ན། སྟོབས་ཆེན་རྒྱལ་ཁབ་ཚོ་འང་འབུ་ལེན་ནང་ལྷུང་ཡོད་ན་ལས་ཡར་གསོས་ཐབས་བྱེད་ཀྱི་ཡོད་པ་དེ་རེད། དེང་སྐབས་རྒྱལ་ཁབ་ག་འདྲ་ཅིག་ཡིན་རུང་འཛམ་གླིང་དངུལ་ཁང་དུ་འབུ་ལེན་མེད་པ་ཧ་ལམ་མེད་པ་རེད།
༢༽ ཆོས་སར་ཆོས་དང་སྲིད་སར་སྲིད་ཞེས་པ་ལྟ་བུའོ།
མགོན་པོ་ལགས་ཀྱི་གསུང་སྟངས་ལ་རྟགས་ན་ཁྱེད་ཉིད་ཕྱིར་བསྡོད་བོད་མི་ཞིག་ཡིན་པར་གསལ་ཡོང་གིན་འདུག དེ་བཞིན་རྒྱལ་སྤྱིའི་འགྲོ་སྟངས་རིགས་འབྲེལ་དགོས་པ་གཤོལ་མེད་ཀྱི་གདམ་ང་ཞིག་རེད།
ཨ་རེ་ཚོ་ ད་༢༠༡༢ལོ་དེ་གང་འདྲ་ཞིག་ཡོང་གི་ཡོད་ན་
གངས་ཅན་སྐྱིད་ཤོངས་པ་མཚོ་ཚང་མ་ཆོས་པ་ཉམས་ལེན་པ་དང་
ཆགས་ནས་རྡོར་གདན་ལ་འཕེབས་འདུག་ག་
ལས་འཁུངས་ཡང་ཕལ་ཆེར་སྒོ་རྒྱབ་ཚོད་རེད་
དེ་བཞིན་སྐྱབས་མགོན་བླ་མའི་ཐུགས་དགོངས་ཡང་
ཐམས་ཅད་ཆོས་ལ་སློབ་སྦྱོང་བྱ་དགོས་པའི་བཀའ་སློབ་ཡང་ཡང་ཡང་ཡང་
འཕེབས་པ་བཞིན་ནོ།
ཉམས་ལེན་པ་ཆགས་
ཟླབ་དབང་ཕྱུག་ལགས་ཀྱིས་བཤད་པ་དེར་ངོས་ལེན་གཏན་ནས་མེད། ཆོས་པ་རྣམ་དག་ཡིན་མིན་ནི་གཤིན་རྗེ་ཆོས་རྒྱལ་མ་གཏོགས་ཁྱོད་དང་ང་ཚོ་ལྟ་བུ་ཞིག་གིས་དབྱེ་བ་འབྱེད་བྱེད་ཤེས་མིན་མི་ཤེས། བཀའ་ཁྲི་རྡ་རམ་ས་ལའི་ལས་ཁུངས་ནང་དུ་འཛུལ་བསྡད་པ་ལས་བོད་མིའི་འདུ་འཛོམ་རྒྱ་ཆེ་ཤོས་དེ་འདྲ་ལ་སོང་ནས་གདོང་པ་བསྟན། སྐད་ཆ་བཤད། ལས་འགུལ་སྤེལ་ན་ཡག་གི་རེད། བཀའ་ཁྲིས་ཉི་མ་བཅུ་ལ་རྡོ་རྗེ་གདན་དུ་བསྡད་པ་དེས་ལས་དོན་ག་རེ་འཐུས་ཤོར་དུ་སོང་བ་རེད། གང་ཡང་སོང་ཡོད་པ་མ་རེད། དེ་ལས་ལྡོག་སྟེ་བོད་གཞིས་བྱེས་གཉིས་ཀྱི་མི་་མང་གིས་བཀའ་ཁྲིའི་གདོང་པ་མཐོང་། སྐད་ཆ་ཐོས། ལམ་སྟོན་རག་པ་དེས་བཀའ་ཁྲིའི་ལས་དོན་ཆེན་པོ་ཞིག་འགྲུབ་ཡོད་པ་རེད། བཀའ་ཁྲི་རྡོ་རྗེ་གདན་དུ་ཕེབས་པ་དེ་རྒྱལ་བ་རིན་པོ་ཆེ་དང་འབྲེལ་ཐག་ཉེ་བའི་མི་ཞིག་ཡིན་པ་གསལ་སྟོན་བྱེད་ཆེད་ཡིན་མི་མི་ཤེས། གལ་སྲིད་ཡིན་ན་ཡང་མ་འགྲིགས་པ་གང་ཡང་ཡོད་པ་མ་རེད། ར྅གྱལ་བ་རིན་པོ་ཆེ་དང་ཐག་ཉེ་ཤོས་ཀྱི་མི་ཞིག་ཡིན་པ་རེད། རྒྱལ་བ་རིན་པོ་ཆེས་སྐུ་ཚབ་གསུང་ཚབ་ངོ་མ་དེ་འདི་ཡིན་དུས་འདི་རྒྱལ་བ་རིན་པོ་ཆེའི་ཐག་ཉེ་ས་ནས་འགྲེང་ན་མི་ཆོག་པ་མི་འདུག
༡༽ཟམ་གདོང་རིན་པོ་ཆེ་ཡི་གཞུང་འཛིན་སྐབས་སུ་དཔལ་འབྱོར་ལས་ཁུངས་ཀྱི་ཚོང་སྡེ་ཡན་ལག་མང་པོ་གྱོང་གུད་རྐྱེན་པས་སྒོ་བརྒྱབ་ཡོད་པ་དེ་གཞུང་གི་འཛིན་སྐྱོང་དང་ཆ་ཤས་ལེན་སྟངས་ཆ་ནས་ཅུང་མི་རན་པ་དང་ཐད་དྲག་པ་རེད།
དཔེར་ན། སྟོབས་ཆེན་རྒྱལ་ཁབ་ཚོ་འང་འབུ་ལེན་ནང་ལྷུང་ཡོད་ན་ལས་ཡར་གསོས་ཐབས་བྱེད་ཀྱི་ཡོད་པ་དེ་རེད། དེང་སྐབས་རྒྱལ་ཁབ་ག་འདྲ་ཅིག་ཡིན་རུང་འཛམ་གླིང་དངུལ་ཁང་དུ་འབུ་ལེན་མེད་པ་ཧ་ལམ་མེད་པ་རེད།
༢༽ ཆོས་སར་ཆོས་དང་སྲིད་སར་སྲིད་ཞེས་པ་ལྟ་བུའོ།
ཤ་ཀླན་ཟེར་བ་འདི་ཡང་ཁམས་རྒན་གཉའ་རེངས་རིགས་ཤིག་ཡིན་པ་འདྲ།
སྤོབས་པ་མཐའ་ཡོད་ཟེར་བ་འདི་ཡང་ལྐུགས་པ་ཨུ་ཚུགས་ཅན་ཞིག་རེད་འདུག
བཀའ་ཁྲི་མ་རེད། སྲིད་སྐྱོང་གློ་གཟེངས་སང་ཀེ་ཟེར་བ་དེ་བོད་སྐད་དག་མོ་ཞིག་མི་ཤེས་པར་གཏམ་བཤད་གཞིས་བཞུགས་བོད་མི་ཡིད་ཚིམས་པ་ཞིག་ཇི་ལྟར་བཤད་དགོས་སམ།
ཁོང་གིས་ད་ལྟ་ནས་ཟམ་གདོང་བླ་མ་ལྟར་ལུས་གནས་བརྗེ་དུས་ཁ་གཡོར་ས་ཞིག་གྲ་སྒྲིག་བྱེད་ཀྱིན་བཞུགས་མི་འདུག་གམ།
བཙན་བྱོལ་བོད་གཞུང་གི་སྲིད་འཛིན་བློ་བཟང་སེང་གེས་བོད་སྐད་མ་ཤེས་པ་རེད་དམ། ཆོས་ཞུ་བ་ཡིག་རྨོངས་ཚོས་བོད་སྐད་མ་གོ་བ་རེད། ༧གོང་ས་མཆོག་གི་བཀའ་གསུང་ལ་སྐད་སྒྱུར་དགོས་སར་དེ་སུ་རེད་དམ། སྲིད་འཛིན་སེང་གེ་ལགས་སུ་༧གོང་ས་མཆོག་གི་བཀའ་གསུང་ལ་སྐད་སྒྱུར་དགོས་རབས་མི་འདུག་གོ
གཉིས་ནས་བོད་དོན་སྒྲུབ་པར་རྡ་སའི་ལས་ཁུངས་ནང་དུ་མ་གཏོགས་མེད་པའི་ཟོལ་འདྲ་བཤད་འདུག་ཀྱང་དེ་ཡང་བདེན་པའི་གཏམ་ཞིག་མ་རེད། གལ་སྲིད་བློ་བཟང་སེང་གེ་ལགས་དུས་དབང་དུ་ཕེབས་མེད་ན་ཁྱོད་ཚོས་ཡང་འགྲིག་མི་འདུག་ཟེར་ནས་ངར་གྱི་རེད།
བློ་བཟང་སེང་གེས་ཆོས་ལུགས་སུ་དད་པ་དག་སྣང་ཡོད་མདོག་མ་བྱས་ན་ཁྱོད་ཚོས་དགག་པ་རྒྱབ་ངེས་རེད། ཆོས་དད་མི་འདུག་ཟེར་གྱི་རེད། ནང་ཆོས་ཤེས་ཀྱི་མི་འདུག་ཟེར་ནས་ངར་གྱི་རེད། སྐད་ཆ་དྲང་པོ་བཤད་རོགས་བྱོས།།
སྤྱིར་ན་སྤོབས་པ་མཐའ་ཡས་ཀྱིས་གསུངས་པ་དེ་ལ་རྒྱུ་མཚན་འདུག
ནམ་རྒྱུན་གཞུང་གི་ལས་ཀ་ཚད་ཚུགས་ཚུད་ཡོད་ན། ད་ལན་ཉིན་ཤས་ཤིག་གིས་ལས་ཀ་མཐུས་ཤོར་འགྲོ་ཡི་མ་རེད་ལ། དེ་རིང་ལྟ་བུའི་བོད་གཞིས་བྱེས་གཉིས་ཀྱི་མི་མང་མཉམ་འཛོམས་བྱུང་བ་ལོ་རྒྱུས་ཐོག་ཧ་ལམ་རྒྱ་ཆེ་ཤོས་ཆགས་ཡོད་པ་མ་ཟད། གཞི་ལུས་བོད་མི་ཚོས་ཀྱང་བྱེས་སྡོད་བོད་མིའི་མངོན་འདོད་དང་རྣམ་འགྱུར་སྒྲིག་འཛུག་སོགས་མངོན་སུམ་མིག་མཐོང་ལག་ཟིན་བཅུག་རྒྱུ་དེ་ཆེས་གལ་ཆེན་ཡིན་པ་ལྟར། དེའི་ཐད་འཛིན་སྐྱོང་བཀའ་ཤག་ལ་འགན་ཆེན་པོ་ཡོད་པ་དང་། ད་དུང་གཞན་ཞིག་ང་ཚོས་འདི་ནས་གཞིས་ལུས་བོད་མི་ཚོ་དང་གདུང་སེམས་མཉམ་སྐྱེད་ཡིན་ཚུལ་གླེང་གླེང་ནས་དེ་རིང་གཞིས་ལུས་བོད་མི་བྱེས་སུ་འབྱོར་བའི་གོ་སྐབས་བྱུང་དུས་འཛིན་སྐྱོང་བཀའ་ཤག་གིས་མིག་ཙམ་མ་ལྟས་ན་ཁོ་ཚོ་བློ་ཕམ་དང་སེམས་ཤུགས་ཆགས་པའི་གནས་ཚུལ་ལྷག་རྒྱུ་ཉག་གཅིག་རེད།
དེས་ན་ཅིས་ཀྱང་སྲིད་སྐྱོང་ད་ལན་རྡོར་གདན་དུ་ཕེབས་པ་དེ་བཟང་ཕྱོགས་ཀྱི་བསམ་ཞིག་འདང་རྒྱུ་ཡང་ཡོད།
འོན་ཀྱང་གོང་དུ་ཁ་ཤས་ཀྱིས་གསུངས་པ་ལྟར་ཆོས་དང་ཆབ་སྲིད་མཉམ་དུ་བསྲེ་ནས་རྒྱ་མགོ་མཐོ་དུས་རྒྱ་དང་བོད་མཐོ་དུས་བོད་ཀྱི་དཔེ་ལྟར་སྲིད་ཕྱོགས་ཀྱི་ལས་ཀ་མ་འགྲུབ་ན་ང་ཆོས་བྱེད་པ་གལ་ཆེན་ཞིག་ཡིན་པ་ལས་སྲིད་ཕྱོགས་ལ་སྣང་བ་གཏོང་གི་མེད་མདོག་དང་། ཆོས་ཕྱོགས་ཀྱི་ལས་ཀ་འགྲུབ་ན་ངས་སྲིད་མ་གཏོགས་ཆོས་ཤེས་ཀྱི་མེད་མདོག་བྱས་ན་ཞབས་འདྲེན་རེད། དཔེར་ན་ན་ནིང་ཟམ་གདོང་གིས་ངས་མི་རིགས་ལ་བསམ་བློ་གཏོང་གི་ཡོད་མ་རེད། རྒྱལ་ཁབ་ལ་བསམ་བློགཏོང་གི་ཡོད་མ་རེད། ཆབ་སྲིད་ལ་བསམ་གཏོང་གི་ཡོད་མ་རེད་ཁྲི་བྱང་རིན་པོ་ཆེའི་བཀའ་བཞིན་བླ་མའི་ཞབས་གཏོག་སྒྲུབ་པ་ཡིན་ཞེས་བཤད་དགོས་བྱུང་ཡོད། འདི་ནི་ཕྱོགས་གཅིག་ནས་བལྟས་ན་མང་ཚོགས་ཀྱིས་བཀའ་ཁྲི་དེ་མི་རིགས་རྒྱལ་ཁབ་ཆབ་སྲིད་གང་ལ་ཡང་བསམ་བློ་མེད་མཁན་ཞིག་བདམས་པར་ནོར་འཁྲུལ་ཆེན་པོ་བྱུང་བའི་མཇུག་འབྲས་བསྟན་ཡོད་ལ།
ཕྱོགས་གཞན་ཞིག་ནས་བལྟས་ན་ཟམ་གདོང་བཀའ་ཁྲི་ལ་མང་ཚོགས་ཀྱིས་འོས་འདེམས་བྱས་པ་མ་ཡིན་པར་རྒྱལ་བ་རིན་པོ་ཆེས་བཀའ་གནང་བ་ཞིག་ཡིན་པ་ལྟ་བུར་བཤད་ཡོད།
འོན་ཀྱང་དོན་དངོས་སུ་དེ་གང་ཡང་མ་ཡིན་པར་ཁོ་རང་བོད་ཀྱི་རྩ་དོན་ཐད་ལས་ཀ་མ་འགྲུབ་པར་ཐག་ཆོད་དུས་ཆོས་པ་ཡིན་མདོག་གི་གཡོ་རྫུན་བཤད་པ་ཙམ་ཡིན་པ་ང་ཚོས་ར་སྤྲོད་བྱུང་ཡོད། དེས་ན་སྲིད་སྐྱོང་བློ་སེང་ཡང་དེའི་ལམ་ལ་མི་འགྲོ་བའི་རེ་བ་ཆེན་པོ་ཡོད།
ཟླ་བ་ལགས་ཀྱི་གསུངས་ལ་རྒྱབ་སྐྱོར་ཡང་དག་ཡོད། མཁས་པའི་གསུང་རང་རེད་འདུག རྒྱུ་མཚན་ཡོད་པའི་བཀའ་ཚིག་ཤ་སྟག་འདུག་པས། ཐུགས་རྗེ་ཆེ།
སྤྱིར་ན་ད་ལྟའི་ང་ཚོ་བོད་པའི་སྤྱི་ཚོགས་འདི་ལའང་ད་དུང་ཞེན་ཁོག་ཙམ་ལས་གནས་ལུགས་མི་འགྲོ་བ་ཤེས་ཀྱིན་ཡོད། སྤོབས་པ་མཐའ་ཡས་ཟེར་བ་དང་། ཤ་ཀླན་བུ་ཟེར་བ་སོགས་ནི་བློ་སེང་གི་གཙོག་པ་བསྟན་ན་ཞིམ་དྲིར་བསྒོམ་མཁན་དག་རེད།
བཀའ་ཁྲི་བློ་བཟང་རྡོར་གདན་དུ་ཕེབས་པ་མ་འགྲིག་པ་གཏན་ནས་ཞུས་མེད་ལ། ཕེབས་ནས་གསར་འབྱོར་ཚོ་ལ་བཀའ་སློབ་གནང་བ་དང་། བདེ་སྐྱིད་ཆོས་དབྱིངས་དང་ཁོ་གཉིས་ཀྱི་གསར་འགོད་གསལ་བསྒྲགས་ཤིག་བསྐྱངས་བར་རྗེས་སུ་ཡི་རང་ཞུ་གིན་ཡོད། ལས་འགུལ་དེ་གཉིས་བསྡོམས་ན་ཉིན་གཅིག་ལས་འགོར་གྱིན་མེད་པ་རེད། བཀའ་ཁྲི་རྡོར་གདན་དུ་ཕེབས་ནས་བཞུགས་ཤག་ཉིན་གྲངས་༡༤་རེད། བསྡོམས་ན་ཟླ་ཕྱེད་ཅིག་རེད། ཉིན་འདི་འདྲ་མང་པོའི་རིང་མི་མང་གི་གོང་དུ་རྐང་པ་བསྐུམས་ནས་བསྡད་འདུག་པ་ཀུན་གྱིས་མཐོང་གསལ་ལས་བཀའ་ཁྲིའི་དྲ་ཐོག་གི་ལས་ཀ་བྱེད་ཀྱིན་མི་འདུག་ལ། ཁ་པར་གྱི་ལས་ཀའང་བྱེད་ཀྱིན་མི་འདུག བཀའ་བློན་གཞན་དང་སྤྱི་འཐུས་གཞན་ཚོ། ད་དུང་ཆེ་དྲག་ཚང་མ་གཅིག་པ་རེད།
གོ་ཚོད་བྱས་ན་བཀའ་ཤག་ཡིག་ཚང་ན་དྲུང་ཆེ་མི་འགྱུར་རྡོ་རྗེ་དང་། རླངས་འཁོར་ཁ་ལོ་པ་ཞིག་ལས་ལྷག་མེད་པ་དང་། སྤྱི་འཐུས་ལས་ཁུངས་སུ་སྤྱི་འཐུས་སྨོན་ལམ་མཐར་ཕྱིན་དང་། འཇི་ཆེན་དཀོན་མཆོག རླངས་འཁོར་ཁ་ལོ་པ་ཞིག་ལས་ལྷག་མི་འདུག བདེ་སྲུང་དུ་འབྲེལ་མཐུད་པ་ཞིག་ལས་ལྷག་མེད་པ། ཕྱི་དྲིལ་དུ་སྣེ་ཤན་པ་ཞིག་ལས་ལྷག་མེད་པ། འཕྲོད་བསྟེན་དང་ནང་སྲིད་ལས་ཁུངས་གཉིས་སྒོ་བརྒྱབ་ཡོད་པ་སོགས་རེད།
སོམས་དང་། ཨ་རི་ལྟ་བུ་ཞིག་ལ་ཆུ་ཚོད་༢༤་རིང་གློག་ཤི་ན་འཛམ་གླིང་གི་གསར་འགྱུར་ཆེ་གྲས་དང་། ཆབ་སྲིད་དང་། དཔལ་འབྱོར། རིག་གཞུང་དང་། འགྲིམ་འགྲུལ་སོགས་ཀྱིས་གྱོང་གུད་བླ་ན་མེད་པ་ཞིག་ཕོག་བཞིན་ཡོད་པ་ཡོངས་གྲགས་ཡིན་ལ། བོད་པ་ཚང་འདི་དང་བསྡུར་ཐབས་མེད་ནའང་། ཡ་ང་དང་ཛ་དྲག་གི་དུས་ཚོད་བོད་པ་ཤི་གསོན་གཉིས་ཀྱི་མཚམས་འདིར་ཡང་བོད་མིའི་སྒྲིག་འཛུགས་སྒོ་བརྒྱབ་ནས་ཟླ་ཕྱེད་བཞག་ན་ཧ་ཅང་གི་ཡ་མཚན་མ་རེད་དམ།
དྲང་པོར་བཤད་ན་བློ་སེང་སོགས་ཀྱིས་ཆོས་ཞུས་པ་སུས་ཆེད་དུ་རེད།
ཁོང་ཚོའི་རྐུབ་བཀྱག་ནི་བོད་མི་ས་ཡ་དྲུག་གི་ཚབ་མཚོན་གྱི་མི་མང་གིས་ཕུལ་བ་ཡིན་པས་རྐུབ་བཀྱག་སྟེང་གི་ལས་དོན་ནི་མི་མང་གི་ཆེད་ཡིན་མོད། གསུང་ཆོས་ཞུས་པ་དེ་སུས་ཆེད་དུ་རེད། སུ་ལ་ཕན་གྱི་རེད། སྒེར་རེད་དམ་སྤྱི་བའི་ཆེད་རེད།
སྤྱིར་ན་ད་ལྟའི་ང་ཚོ་བོད་པའི་སྤྱི་ཚོགས་འདི་ལའང་ད་དུང་ཞེན་ཁོག་ཙམ་ལས་གནས་ལུགས་མི་འགྲོ་བ་ཤེས་ཀྱིན་ཡོད། སྤོབས་པ་མཐའ་ཡས་ཟེར་བ་དང་། ཤ་ཀླན་བུ་ཟེར་བ་སོགས་ནི་བློ་སེང་གི་གཙོག་པ་བསྟན་ན་ཞིམ་དྲིར་བསྒོམ་མཁན་དག་རེད།
བཀའ་ཁྲི་བློ་བཟང་རྡོར་གདན་དུ་ཕེབས་པ་མ་འགྲིག་པ་གཏན་ནས་ཞུས་མེད་ལ། ཕེབས་ནས་གསར་འབྱོར་ཚོ་ལ་བཀའ་སློབ་གནང་བ་དང་། བདེ་སྐྱིད་ཆོས་དབྱིངས་དང་ཁོ་གཉིས་ཀྱི་གསར་འགོད་གསལ་བསྒྲགས་ཤིག་བསྐྱངས་བར་རྗེས་སུ་ཡི་རང་ཞུ་གིན་ཡོད། ལས་འགུལ་དེ་གཉིས་བསྡོམས་ན་ཉིན་གཅིག་ལས་འགོར་གྱིན་མེད་པ་རེད། བཀའ་ཁྲི་རྡོར་གདན་དུ་ཕེབས་ནས་བཞུགས་ཤག་ཉིན་གྲངས་༡༤་རེད། བསྡོམས་ན་ཟླ་ཕྱེད་ཅིག་རེད། ཉིན་འདི་འདྲ་མང་པོའི་རིང་མི་མང་གི་གོང་དུ་རྐང་པ་བསྐུམས་ནས་བསྡད་འདུག་པ་ཀུན་གྱིས་མཐོང་གསལ་ལས་བཀའ་ཁྲིའི་དྲ་ཐོག་གི་ལས་ཀ་བྱེད་ཀྱིན་མི་འདུག་ལ། ཁ་པར་གྱི་ལས་ཀའང་བྱེད་ཀྱིན་མི་འདུག བཀའ་བློན་གཞན་དང་སྤྱི་འཐུས་གཞན་ཚོ། ད་དུང་ཆེ་དྲག་ཚང་མ་གཅིག་པ་རེད།
གོ་ཚོད་བྱས་ན་བཀའ་ཤག་ཡིག་ཚང་ན་དྲུང་ཆེ་མི་འགྱུར་རྡོ་རྗེ་དང་། རླངས་འཁོར་ཁ་ལོ་པ་ཞིག་ལས་ལྷག་མེད་པ་དང་། སྤྱི་འཐུས་ལས་ཁུངས་སུ་སྤྱི་འཐུས་སྨོན་ལམ་མཐར་ཕྱིན་དང་། འཇི་ཆེན་དཀོན་མཆོག རླངས་འཁོར་ཁ་ལོ་པ་ཞིག་ལས་ལྷག་མི་འདུག བདེ་སྲུང་དུ་འབྲེལ་མཐུད་པ་ཞིག་ལས་ལྷག་མེད་པ། ཕྱི་དྲིལ་དུ་སྣེ་ཤན་པ་ཞིག་ལས་ལྷག་མེད་པ། འཕྲོད་བསྟེན་དང་ནང་སྲིད་ལས་ཁུངས་གཉིས་སྒོ་བརྒྱབ་ཡོད་པ་སོགས་རེད།
སོམས་དང་། ཨ་རི་ལྟ་བུ་ཞིག་ལ་ཆུ་ཚོད་༢༤་རིང་གློག་ཤི་ན་འཛམ་གླིང་གི་གསར་འགྱུར་ཆེ་གྲས་དང་། ཆབ་སྲིད་དང་། དཔལ་འབྱོར། རིག་གཞུང་དང་། འགྲིམ་འགྲུལ་སོགས་ཀྱིས་གྱོང་གུད་བླ་ན་མེད་པ་ཞིག་ཕོག་བཞིན་ཡོད་པ་ཡོངས་གྲགས་ཡིན་ལ། བོད་པ་ཚང་འདི་དང་བསྡུར་ཐབས་མེད་ནའང་། ཡ་ང་དང་ཛ་དྲག་གི་དུས་ཚོད་བོད་པ་ཤི་གསོན་གཉིས་ཀྱི་མཚམས་འདིར་ཡང་བོད་མིའི་སྒྲིག་འཛུགས་སྒོ་བརྒྱབ་ནས་ཟླ་ཕྱེད་བཞག་ན་ཧ་ཅང་གི་ཡ་མཚན་མ་རེད་དམ།
དྲང་པོར་བཤད་ན་བློ་སེང་སོགས་ཀྱིས་ཆོས་ཞུས་པ་སུས་ཆེད་དུ་རེད།
ཁོང་ཚོའི་རྐུབ་བཀྱག་ནི་བོད་མི་ས་ཡ་དྲུག་གི་ཚབ་མཚོན་གྱི་མི་མང་གིས་ཕུལ་བ་ཡིན་པས་རྐུབ་བཀྱག་སྟེང་གི་ལས་དོན་ནི་མི་མང་གི་ཆེད་ཡིན་མོད། གསུང་ཆོས་ཞུས་པ་དེ་སུས་ཆེད་དུ་རེད། སུ་ལ་ཕན་གྱི་རེད། སྒེར་རེད་དམ་སྤྱི་བའི་ཆེད་རེད།
རང་གཞན་གཉིས་ཀྱི་ཆེད་རེད། རང་གཞན་གཉིས་ཕན་རེད། སྤྱི་སྒེར་གཉིས་ཆར་རེད། དེ་ལས་མཆན་༡༣པ་བཀླགས་ཏེ་གསལ་བཤད་རེ།
མཆན་༡༣་པ་འདེབས་མཁན་དེ་རྩ་མེད་རླུང་འཁུར་ཞིག་ཡིན་པས་འདེབས་འདོད་མ་བྱུང་།
སྙིང་རྗེ་ཁྱོད། གཏམ་ལ་ལན་པོ་མེན་ན་ལྐུག་པ་དང་། ཟས་ལ་ལན་པོ་མེད་ན་ཁྲམ་པ་རེད་ཟེར་སྲོལ་ཡོད། ཟླ་ཕྱེད་རིང་བཙན་བྱོལ་བོད་གཞུང་སྒོ་བརྒྱབ་ནས་བཞག་པ་མ་རེད། སྒོ་ཕྱེས་ཕྱེས་་པ་རེད། བཀའ་དྲུང་མི་འགྱུར་རྡོ་རྗེ་ལགས་ལས་ཁུངས་ནང་དུ་བསྡད་ནས་སྒོ་ཕྱེས་ཡོད། གནད་དོན་གཙོ་བོ་དུས་དབང་འཚོགས་པའི་དུས་ཡུན་ནང་དུ་བཙན་བྱོལ་བོད་གཞུང་གི་ལས་དོན་ཐུར་ཤོར་ཕྱིན་ཡོད་པར་འདྲ་ཁྱོད་ལ་བཤད་ཀྱི་ཡོད་དམ། དེ་མེད་ན་ཨ་རི་དང་ཡུང་རོལ་སོགས་དཔེར་བཞག་མདོག་མ་བྱེད། ཨ་རི་དང་ཡུང་རོལ་སོགས་ལ་དུས་དབང་གནང་མཁན་གྱི་དབུ་འཁྲིད་མེད།
ཨ་རི་ལྟ་བུར་གློག་ཆུ་ཚོད་གཅིག་མེད་ན་དཀའ་ངལ་ཡིན་ཀྱང་བོད་ཀྱི་འབྲོག་དམངས་ལ་དུས་རྒྱུན་དུ་གློག་མེད་ཀྱང་དཀའ་ངལ་མེད། ཁྱོད་ཀྱིས་བསམ་པར་བཙན་བྱོལ་བོད་གཞུང་འདི་ཡང་ཨ་རིའི་ཕོ་བྲང་དཀར་པོ་ལྟ་བུ་རེད་བསམ་བྱུང་ངམ། གཏམ་ཕུགས་མེད་དེ་འདྲ་ཞིག་མ་གཏོགས་བཤད་ཀྱི་མེད་ན་ས་རྒྱ་ཆོད་ཀྱི་མ་རེད།་་ཧཧཧ
རྩ་ཆེ་ཆུང་དགྲ་ཐུག་དུས་ཤེས།
དཔའ་ཡོད་མེད་དཔང་ངོམས་དུས་ཤེས།
རྟགས་ཡོད་མེད་ཚུལ་གསུམ་བཀོད་དུས་ཤེས།
བློ་ཡོད་མེད་རིག་པ་འདོན་དུས་ཤེས།
རྩ་ཡོད་ན་ཀྲུང་ཝན་ཆུན་ལ་ཤོད།
དཔའ་ཡོད་ན་དམར་པོའི་དགྲ་དང་འཐོབས།
རྟགས་ཡོད་ན་གུན་ཁྲན་ཏང་ལ་འགོད།
ཇུས་ཡོད་ན་རང་དབང་ལེན་ཐབས་ཤོད།
སྙན་ཤུལ་མཆོག་གིས་ཁྱོད་འདྲ་བའི་མགོ་སྟོང་ཚོ་ལ་འདི་འདྲ་ཞིག་གསུངས་འདུག་པས་སློབ་སྦྱོང་བྱོས།།
ཉམས་པའི་མི་རིགས་མགོ་བོ་འདེགས་པ་ལ།
མེད་དུ་མི་རུང་ནང་གི་མཐུན་སྒྲིལ་ཡིན།
མཐའ་འཁོར་གླེན་པ་རང་མཐོང་ཅན་ཚོས་ཀྱང་།
རང་རྡུང་དབྱུག་པ་བསྐྱུར་ན་མི་ལེགས་སམ།།
རྒྱུན་རིང་བོད་ཀྱི་དབུ་འཕང་ཆུ་བཞིན་དུ།
ཐུར་དུ་གཞོལ་བ་ཡིད་ལ་མ་འཁོར་བར།
ནང་དུ་རང་རྒྱལ་གཞན་ཕམ་ཁོ་ན་ལས།
བསྒྲུབས་པའི་འབྲས་བུ་ད་དུང་མ་མཐོང་ངམ།།
མི་ལོ་སྟོང་ལ་ཉེར་བའི་དུས་ཡུན་ནང་།
ང་བཟང་ཁོ་ངན་ང་བདེན་གཞན་རྫུན་གྱི།
ནང་གི་འཐབ་རྩོད་གཞན་གྱིས་བེད་སྤྱད་དེ།
མགོ་བོ་གདུགས་ལྟར་བསྐོར་བར་མི་དྲན་ནམ།།
ཁ་ནས་རྟག་ཏུ་འགྲོ་བ་རིགས་དྲུག་བཤད།
རང་རང་ཡིད་ལ་རང་དོན་འབའ་ཞིག་སྒོམ།
ནང་གི་ཕྱོགས་རིས་ཁོ་ནར་མགོ་འཁོར་ཏེ།
སྟོབས་ཀྱིས་བསྡམས་ན་ཀུན་དུ་བཟང་པོ་དངོས།།
ཐབས་ཀྱིས་ཀློད་ན་གླིང་རྗེ་གེ་སར་ཉིད།
ཕྱི་ལ་ཐུག་དུས་སྔོན་ལས་ཁོ་ནར་སྒོམ།
ནང་གི་མི་ལ་གནམ་ལྕགས་ཐོག་ལྟར་རྒོད།།
ཞེས་པ་ནི། སྙན་ཤུལ་མཁྱེན་རབ་འོད་གསལ་མཆོག་གིས་གསུངས་འདུག ཁོང་ནི་༡༩༢༥ལོར་ཁམས་མི་ཉག་ཏུ་སྐུ་འཁྲུངས། བོད་ཀྱི་ཤེས་བྱ་སྤྱི་དང་ལྷག་པ་ཏུ་ལོ་རྒྱུས་དང་བརྡ་སྤྲོད་སྨྲ་བའི་དབང་པོར་གྱུར། བོད་ཀྱི་གསོ་རིག་དང་སྐད་ཡིག་ལས་དོན་མཛད་རྗེས་ཤིན་ཏུ་ཆེ།།
རླུང་བུ་གཡུག་ཤུལ་དུ་རྩྭ་སྐྱས་ཤུག་གླུ་གྱེར། དོན་དག་མེད་ས་ནས་ཅོ་རིས་ཟུག་སྐད་འདོན། ཁྱི་ཕྲུག་ཅོ་རི། འདི་ཁྱོད་ཀྱི་ལན་ཡིན། ཁྱི་ལ་བརྡ་ལན་སྤྲོད་མཁན་ཡང་ཁྱི་རུ་འགྱུར་སྲིད་པས། ཁྱི་ཁྱི་སར་བཞག་ན་དགའ། ཧཧཧཧ
ཟླ་བ་དབང་ཕྱུག་གི་གཉིད་གུང་གི་གཏམ་འདྲ་བོ་དང་། བྱིས་པའི་ལབ་རྡོལ་འདྲ་བ་དེ་ཚོ་ལ་གོ་རྒྱུ་ཅང་མི་འདུག བཀའ་ཁྲི་གསུང་ཆོས་ར་བར་བསྡད་དེ་གློག་ཀླད་ཁ་ཕྱེ་སྲོལ་ཞིག་ཡོད་དམ། གལ་སྲིད་དེ་ལྟར་གནང་ཡོད་ཚེ་ཡང་ཁྱེད་འདྲ་བའི་རྩོམ་ཡིག་འཁྱར་འཁྱོར་འབྲི་མཁན་ཚོས་ཁ་བརྡ་དྲ་བ་ཉོག་བཤད་ཀྱིས་བཀང་ཡོད་ངེས། དེ་མིན་བཀའ་ཁྲི་བོད་མི་གསར་འབྱོར་བ་ཚོ་དང་ཐུག་ནས་བཀའ་སློབ་གནང་བ་དང་། གསར་འགོད་གསར་བསྒྲགས་བྱས་པ་དེ་ཚོ་བོད་དོན་མ་ཡིན་ནམ། བཀའ་ཁྲིས་རང་ཤག་ཏུ་བོད་ཀྱི་ལས་དོན་སྒྲུབ་ཀྱིན་མེད་པའི་ཁུངས་སྐྱེལ་ཅི་ཡོད། ཤ་ཚ། མི་ལ་ཁྱི་མིང་འདྲ་བཏགས་ཁུལ་བྱེད་ཀྱིན་འདུག་མོད། ཁྱོད་ངོ་མ་ཁྱི་རྒན་བསམ་མེད་ཅིག་རེད་འདུག ཁྱི་རྒན་ཁང་སྟེང་བཞག་ན། ནམ་མཁའི་སྐར་མ་ལ་འབ་ཟེར། དེ་བོད་ཀྱི་གཏམ་དཔེ་རེད། ཁྱེད་ལྟ་བུ་ལ་ཤིན་ཏུ་འབྱོར།
ཨོ་་་ཧཧཧཧཧཧཧ ཁྱོད་ལ་གཏན་ཚིགས་ཁྱི་འབོད་འཐེན་གྱི་ལས་མེད་ན་ཟུག་སྐད་མ་རྒྱབ་། ཧཧཧཧཧ་་་རྟོག་གེ་བ་ཚོ་དགོད་མོ་ཤོར་གྱི་རེད། ཆབ་སྲིད་པ་ཚོས་སྣ་དགོད་བྱེད་ཀྱི་རེད། ཆོས་ལུགས་པ་ཚོ་རྣམ་རྟོག་ཟ་གིན་རེད།
གོ་བྱུང་ངམ།་་་་ཧཧཧཧཧཧ
དེ་ལས་མེད་ན་བཞུགས་གདན་འཇགས
ཅོ་རི་ལ། ཁྱོད་དང་དྲ་གྲོགས་རྒན་པ་ཞིག་ཡིན། སྐབས་རེར་དོན་དག་རེ་ཟུང་སྟེང་ནས་ལྟ་བ་མཐུན་དེ་སེམས་གཏམ་བཤད་མྱོང་མཁན་ཞིག་ཀྱང་ཡིན། ཁྱི་མིང་གིས་མཐོང་ཆུང་བཏང་སྟེ་ཁྱོད་ཁོང་ཁྲོ་ལངས་སྟངས་ལ་ཉམས་ཞིབ་ཞིག་བྱས་པ་ཡིན་མོད། གད་མོའི་ཁོང་ཁྲོ་ཙམ་ལས་ལངས་མ་སོང་།
ད་རེས་དེ་ཙམ་ཡིན། དགོངས་པ་དྭངས་རོགས། རྗེས་མ་ནས་ངེད་གཉིས་ཀྱི་མཆན་ངོ་མའི་སྟེང་བསམ་ཚུལ་འབྲི་ཆོག བདེ་མོ།
བཀའ་ཁྲི་མཆོག་ནས་རྒྱལ་ཞེན་ཅན་འོད་ཟེར་ལགས་ཀྱིས་ཨེ་ཤི་ཡ་རང་དབང་རླུང་འཁྲིན་ཁང་གི་ཟིན། སྒྲོལ་དཀར་ལགས་ནས་བོད་བསྒྱུར་གནང་བ་དེ་ལན་གཅིག་གསན་པའི་རེ་བ་ཡོད་དེའི་ནང་རྒྱུ་མཚན་ཆེན་པོ་འདུག། །།
ཟིན་བྲིས་ལ་བཅོས་རོགས།