སྐབས་བཅུ་བཞི་བའི་མདོ་སྨད་དམིགས་བསལ་ཚོགས་ཆེན་ཐོག་༢༠༡༡ལོའི་བཀའ་བློན་ཁྲི་བའི་འོས་དམིགས་གྲངས་༡༣གྱི་མཚན་བཏོན་འདུག
འོས་མི་དེ་དག་ནི།
༡༽བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤན་པ་ཚེ་རིང་། ༢༽སྐུ་སྒེར་དྲུང་ཆེ་རྔ་བ་ཚེ་རྒྱམ། ༣༽བཀའ་ཟུར་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ། ༤༽དམིགས་བསལ་སྐུ་ཚབ་རྒྱ་རི་བློ་གྲོས་རྒྱལ་མཚན། ༥༽སྐྱབས་རྗེ་ཨ་ཀྱཱ་བློ་བཟང་ཐུབ་བསྟན་འཇིགས་མེད་རྒྱ་མཚོ། ༦༽བཀའ་བློན་བསྟན་པ་ཚེ་རིང་། ༧༽མཁས་དབང་བློ་བཟང་སེང་གེ། ༨༽བཀའ་བློན་ཐུབ་བསྟན་ལུང་རིགས། ༩༽བཀའ་བློན་ཁྲི་ཟུར་རྒྱལ་ལོ་དོན་གྲུབ། ༡༠༽བཀའ་ཟུར་ཀིརྟི་རིན་པོ་ཆེ། ༡༡༽བཀའ་ཟུར་རྗེ་བཙུན་པདྨ། ༡༢༽བཀའ་བློན་འབྲོང་ཆུང་དངོས་གྲུབ། ༡༣༽སྤྱི་ཟུར་ཧོར་གཙང་འཇིགས་མེད།
བཅས་རེད་འདུག
བཀའ་བློན་ཁྲི་བ་ཨེ། རྩིས་རྒྱོབས།
thanks very good
ཨ་ཙི། ད་ནི་དངོས་གནས་བཀའ་བློན་ཁྲི་པའི་འོས་གཞི་ཟེར་བ་འདི་ལ་མི་ཞིག་གི་མིང་འདོན་རྒྱུ་རག་དུས་འགྲིག་གི་ཡོད་ས་རེད། འདི་ལྟར་རྩེད་མོ་རྩེ་སྤྱད་བྱས་ཡོང་དུས་སེམས་པ་ཡང་སྐྱོ་གི་འདུག སེམས་ཤུགས་ཀྱང་ཆག་གི་འདུག
ཨ་ཀྱཱ་རིན་པོ་ཆེ་འོས་གཞིར་འཇོག་ལུགས་ལ་བལྟས་ན་བོད་ཀྱི་བཀའ་བློན་ཁྲི་བར་བོད་རིགས་གཙང་མ་ཞིག་དགོས་ཀྱི་ཡོད་ས་མ་རེད། ཁོ་རང་གིས་ཁོ་སོག་པོ་ཡིན་ཟེར་ཀྱི་འདུག་ག
རྒྱལ་ལོ་དོན་གྲུབ་འོས་གཞིར་འཇོག་ལུགས་ལ་བལྟས་ན་བོད་ཀྱི་བཀའ་བློན་ཁྲི་བ་ཉལ་ཁྲིའི་ནང་ནས་ཡར་ལངས་མི་ཐུབ་མཁན་གྱི་རྒན་འཁོག་ལག་པས་ཁྱོགས་ཚད་ཅིག་ཡིན་ཡང་ཆོག་གི་ཡོད་ས་རེད།
དེ་བཞིན་ཀིརྟི་རིན་པོ་ཆེ་ཡང་ཆོས་རིགས་བཀའ་བློན་བྱེད་མ་ཐུབ་མཁན་ཞིག་ཡིན་པས་བཀའ་བློན་ཁྲི་པ་བྱེད་ག་ལ་ཐུབ།
ཧོར་གཙང་འཇིགས་མེད་ཀྱང་བོད་པའི་ཤེས་ཡོན་ཆེ་ལ་སྤོབས་པ་མཐོ་བ་ཞིག་ཡིན་ཡང་། སྐད་ཡིག་གཞན་གྱིས་མི་འདང་བས་བཀའ་བློན་ཁྲི་པ་རྡ་ག་པ་ག་པ། ལས་ཁུངས་མཐོ་ཤོས་ཤིག་གི་དྲུང་ཡིག་པ་ཡང་ཉན་རྒྱུ་མ་རེད། དེས་ན་གོང་གི་མི་དེ་དག་འོས་གཞིར་འདོན་མཁན་རྣམས་ནི་ཕལ་ཆེར་ཚ་འཁྲུལ་ལ་སོང་ཡོད་པའམ། ཡང་ན་རིག་ཚོ་མ་ཟིན་པའི་སྐབས་ཤིག་ཏུ་གཏན་འབེབས་བྱས་པ་ཡིན་ས་རེད།
ད་དུང་ཁ་ཤས་ལྷག་འདུག་པའ་ངས་བགྲང་ཆོག མཁས་དབང་བླ་བྲང་སྐལ་བཟང་། སྤྱི་འཐུས་སྒྲོལ་མ་མཚོ་མོ། མཛེས་མ་ཚེ་རིང་སྐྱིད། གྲགས་ཅན་བསྟན་འཛིན་མགོན་པོ་ལ་སོགས་པའོ
ང་ཚོ་ཚང་མས་བགྲོ་གླེང་དང་བསམ་ཚུལ་བརྗེས་རེས་ལས་གོ་རྟོགས་གཏོང་བ་མ་གཏོགས། དོན་མེད་གཞན་ལ་འཕྱ་མོད་ཀྱི་ཚིག་དང་། དམའ་འབེབས་བྱེད་པ་ནི་ཤེས་ཡོན་པའམ་སྤྱི་ཚོགས་ཁུར་དུ་ལེན་མཁན་ཞིག་གི་སྐད་ཆ་ཁྱོན་ནས་མིན། འདིའི་ཕྱོགས་ལ་རང་ཉིད་ཀྱི་ཁུར་ལེན་དགོས་པ་འདུག
༄༎ དྲ་གྲོགས་ཚོའི་ངེས་པར་བགྲོ་གླེང་བྱེད་དུ་གང་ཟག་སྒེར་དེ་ཡག་པོ་རེད་མ་རེད་ཟེར་ནས་མང་པོ་བཤད་པ་ཡིས་ཕན་འབྲས་གང་ཡང་མི་ཐོན། དུས་བབ་ཟིན་བྲིས་ནང་དུ་མང་པོ་ཞིག་བཤད་འདུག་དེ་དག་ཡག་པོ་ཞིག་མ་མཐོང་། གང་ཟག་དེའི་ལོ་རྒྱུས་དང་དེ་ཡི་རྒྱབ་མདུན་དང་དེ་སྔོན་ལས་ཀ་དང་སློབ་སྦྱོང་འཇོན་སྟང་སོགས་ཀྱི་ཐོག་ལ་བགྲོ་གླེང་གནང་ན་འོས་ཤིང་འཚམས་པ་ཞིག་རེད་སྙམ། གསང་བ་ཆེན་མོ་སྐོར་ལ་མང་པོ་ཞིག་བཤད་འདུག་དེ་ཚོ་ཡག་པོ་མ་རེད་་གསང་བ་ཆེན་མོ་ནི་མི་ཚེ་ཧྲིལ་པོ་བོད་བསྟན་པ་ཆབ་སྲིད་ཀྱི་གྱི་ཐོག་ལ་སྐུ་ཚེ་བཏང་པ་རེད། ཉེས་སྟོང་བཅུ་གཅིག་གི་བཀའ་ཁྲི་མི་འོས་གང་ཡིན་ཟེར་ན་ རྒྱལ་ལོ་ནི་ལོ་ན་ཆེ་ལ་ད་ལྟ་ཕར་ཚུར་ཕེབས་དུས་ཡང་དཀའ་ངལ་ཡོད་ལ་སྐུ་ཁམས་བདེ་པོ་མེད། ཁྲི་ཟུར་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ནི་བཀའ་བློན་ཁྲི་པ་བྱེད་བཞིན་པའི་སྐབས་ཁོང་གི་འཇོན་གྱི་མི་འདུག་ཞེས་དགོངས་པ་ཞུས་པ་རེད་བཀའ་ཁྲི་མ་འཇོན་པ་ཞིག་ཡང་བསྐྱར་བཀོད་ན་ག་འདྲ་འདུག་ དེ་བཞིན་བཀའ་ཟུར་ཀརྟི་རིན་པོ་ཆེ་ཆོས་དོན་བཀའ་བློན་གནང་བཞིན་པའི་སྐབས་སུ་དགོངས་པ་ཞུས་པ་རེད་ གཙོ་བོ་དྲ་གྲོགས་ཚོའི་བགྲོ་གླེང་གནང་རོགས་གནང་། དེ་བཞིན་དམིགས་བསལ་སྐུ་ཚབ་བཀའ་ཟུར་རྒྱལ་རི་ནི་བཀའ་བློན་ལོ་མང་རིང་གནང་ཚར་བ་རེད་འཇོན་ཐང་སྟོན་ཚར་བ་རེད་་ད་ལྟ་དམིགས་བསལ་གང་ཡང་སྟོན་རྒྱུ་མེད་པ་རེད། ངའི་སེམས་ནང་དུ་དེ་སྔོན་བཀའ་བློན་བྱས་མ་མྱོང་མཁན་ལོ་ན་བཞི་བཅུ་ནས་ལྔ་བར་གྱི་ཤེས་འཇོན་གཉིས་ལྡན་གྱི་མི་སྣ་ཞིག་ངེས་པར་དགོས་ཀྱི་འདུག་བསམས། གོང་གི་མི་སྣ་དེ་ཚོ་ནང་ནས་ངའི་བཀའ་ཁྲིར་འོས་མི་གཉིས་འདུག་མི་དེ་གཉིས་ནི་ཤེས་འཇོན་གཉིས་ལྡན་ཅན་ཞིག་རེད་འདུག
1་ མཁས་དབང་བློ་བཟང་སེངྒེ་ དང་ སྐུ་སྒེར་དྲུང་ཆེ་ རྔ་བ་ཚེ་རྒྱམ་གཉིས་ངའི་བཀའ་ཁྲིར་འོས་ཤོས་ཡིན།་ ཁོང་གཉིས་ཀྱི་ལོ་རྒྱུས་དང་ཤེས་ཡོན་ལ་གཟིགས་པར་འཚལ་ལོ། བཀྲིས་ལེགས་རྗེས་སུ་མཇལ་ཡོང་།
dear all tibetan
we must want to know our enemy. the bias is our bad enemy . we must give up .
we have no country. we love our fatherland tibet.
dear all tibetan
we must want to know our bad enemy. the bias is our bad enemy .we must give up .
ལ་ལ་ཞིག་ལོ་ན་མཐོ་འདུག ལ་ལ་ཞིག་ལ་ཤེས་ཡོན་གྱིས་འདང་གི་མི་འདུག ལ་ལ་ཞིག་ཕྱོགས་ཞེན་གྱིས་ཁེངས་འདུག ལ་ལ་ཞིག་ལ་རྒྱུས་མངའ་ཅུང་ཟད་ཀྱང་མེད། དེས་ན་གསུམ་ཙམ་མ་གཏོགས་འདེམ་གྱི་མིན། གསུམ་པོ་དེའི་མིང་འདིར་གནས་སྐབས་སུ་མི་འགོད།
བཀའ་བློན་ཁྲི་བ་བྱེད་འདོད་མཁན་ཚོ ཙི་ཙི་རྐུ་མ་ནང་བཞིན་ཡིབ་བསྡད་ནས་ག་རེ་བྱེད་ཡ་ཡིན་པ།
ད་ཁྱེད་རྣམ་པ་ མི་མང་མདུན་གྱི་སྡིངས་ཆ་སྟེང་ཐོན་ནས་ནས་སོ་སོའི་སྲིད་བྱུས་ག་རེ་ཡིན་དང་། འཇོན་ཐང་ག་རེ་ཡོད། མ་འོངས་འཆར་གཞི་ག་རེ་ཡིན་སོགས་གསུངས་གནང་དང་།
བཀའ་བློན་ཁྲི་བ་བྱེད་ཉན་མིན་ཟེར་མཁན་ལ་འོས་ཤོག་གཡུག་ན། ལྟ་ལྟའི་བཀའ་བློན་ལས་ཁུངས་ནང་བཞིན་ག་དུས་ཡིན་ན རང་ཉིད་ཀྱི་མཚན་གནས་སྲུང་སྐྱོབ་དང་རང་ཉིད་དག་སེལ་རྐྱང་བྱས་ནས་ཉི་མ་སྐྱེལ་གི་རེད་ད།
ཁྲིམས་རྩོད་བློ་བཟང་སེང་གེ་ནས་དབུ་འཁྲིད་དེ་མི་མང་གི་སྡིངས་ཆ་སྟེང་ཕེབས་ནས། ཆབ་སྲིད་ཀྱི་ལྟ་བ་ག་རེ་ཡིན་དང་། མ་འོངས་བོད་དོན་ཕྱག་ལས་ག་འདྲ་སེ་གནང་གི་ཡིན་པ་སོགས་མི་མང་དང་མཉམ་བཤད་སྦྱང་བྱེད་རོགས་གནང་ཞེས་ང་རང་ནས་འབོད་སྐུལ་ཞུས་པ་ཡིན།
བློ་བཟང་སེང་གེ་དང་རྔ་བ་ཚེ་རྒྱམ་སོགས་ངོ་ཤེས་མཁན་ཡོད་ན སྒང་གི་སྐད་ཆ་དེ་ཞུས་རོགས་གནང་།
དེ་བཞིན་འོས་གཞི་ནང་སླེབས་བསྡད་ཉན་ནང་འདོད་པ་མེད་ཉན་ཚོས། ཞལ་བསང་ནས་མི་མང་ལ་དེ་བཞིན་གསལ་བཤད་གནང་རོགས།
གོང་གི་འོས་གཞི་ཟེར་བ་འོས་དམིགས་ལ་བཅོས་འཚལ།
ཁ་ཤས་ཀྱི་སྐད་ཡིག་གཞན་མ་ཤེས་ན་བཀའ་བློན་མི་ཡོང་ཟེར། གསུང་སྟངས་དེ་ནོར་བ་རེད། འཛམ་གླིང་གི་དབུ་ཁྲིད་མང་པོ་ཞིག་ནས་ལོ་ཙྭ་བ་བེད་སྤྱོད་གནང་གི་ཡོད་རེད།
ཁ་ཤས་ཀྱིས། སྐད་ཡིག་གཞན་མི་ཤེས་མཁན་ནས་བཀའ་བློན་ཁྲི་བ་ཡོང་གི་མ་རེད་ཟེར་བ་ནོར་འཁྲུལ་རེད། འཛམ་གླིང་གི་དབུ་ཁྲིད་མང་པོ་ཞིག་ནས་ལོ་ཙྰ་བ་བེད་སྤྱོད་གཏོང་གི་ཡོད་པ་མ་རེད་དམ།
བཀའ་བློན་ཁྲི་བའི་སྐོར་ལ་བགྲོ་གླེང་གནང་རོགས།
དོན་མེད་ཀྱི་ཚིག་རྩུབ་རིགས་དང་དགོས་མེད་ཀྱི་ཟུར་ཟའི་རིགས་དེ་སྤངས་རོགས། དེས་སུ་གང་ལ་ཡང་མི་ཕན།
མི་སྐྱོན་མེད་འཛམ་པོ་གླིང་ན་མེད།
ཤིང་འཛར་མེད་རྒྱ་རྫོང་ནགས་ན་མེད། ཟེར་བ་བཞིན།
ཡོན་ཏན་ཤེས་མཁན་ཚོས་ཡོན་ཏན་བརྗོད་དགོས།
སྐྱོན་ཤེས་མཁན་ཚོས་སྐྱོན་བརྗོད་བྱས་ན། འོས་དམིགས་དེ་ཚོ་སུ་དང་གང་ཡིན་གཞི་ནས་གསལ་བོ་ཆགས་ཀི་རེད་བསམས།
མི་གཞན་པ་དེ་ཚོ་དུས་རྒྱུན་མཐོང་མཐོང་དང་ཉན་ཉན་པ་རེད། བཀའ་ཁྲིར་སླེབས་ནས་དམིགས་བསལརེ་བ་དང་འགྱུར་བ་གསར་བ་ཅི་ཡང་འབྱུང་གི་མ་རེད། ཐང་ཆི་རྙིང་བ་ཞིག་མུ་མཐུད་ནས་འགྲམ་པའི་ནང་ལྡད་ཀྱིན་པ་དང་གཅིག་པ་རེད་བསམ། དེ་ལས་བློ་བཟང་སེང་གེ་ཟེར་བ་འདི་མདུན་དུ་ཐོན་མི་མང་ལ་སྦྱང་བཤད་ཅིག་གནང་ན་ཁོང་ལ་རེ་བ་ག་ཚོད་བརྒྱག་ཆོག་མིན་རྒྱུས་ལོན་ཐུབ། དེ་མིན་སྔོན་མ་སློབ་སྦྱོང་བྱེད་སྐབས་ཀྱི་ལག་ཁྱེར་ལ་ལྟོས་ནས་བཀའ་ཁྲིར་འདམ་ན་འགྲིག་གི་ཡོད་འགྲོ་དྲན། ཁོང་ལ་མིང་དང་ལག་ཁྱེར་ཆེན་པོ་ཞིག་ཐོབ་ཡོད་པ་གོ་བ་ལས་དོན་གྱིས་མི་གང་འདྲ་ཡིན་མིན་རྒྱུས་མེད་པས་ཇི་ལྟར་འདམ་ཐུབ་བམ། ཁོང་གིས་མི་མང་དང་མཉམ་དང་སྦྱང་བཤད་ཀྱི་གོ་སྐབས་གནང་རྒྱུ་གལ་ཆེན་པོ་འདུག གཞན་པ་དེ་ག་རེ་བཤད་རྒྱུ་ཡོད་མེད་ང་ཚོས་ཤེས་ཤེས་པ་རེད། རྒྱ་རི་ལྟ་བུར་མཚོན་ངེས་པར་བོད་ལ་ས་གནས་རང་སྐྱོང་ལས་རག་ཐབས་མེད་པ་དང་། དེ་ལས་ལྷག་ཅིག་ཡོད་ན་འཆར་གཞི་ད་ལྟ་རང་ཁྱེར་ཤོག་ཟེར་རྒྱུ་ལས་ཡོད་པ་མ་རེད།
ང་ཚོས་འོས་གཞི་སྐོར་ལ་བགྲོ་གླེང་བྱ་དགོས་པ་རེད་ལ། འོས་བསྡུའི་སྐོར་ལ་ཡང་བགྲོ་གླེང་བྱ་དགོས་པ་རེད། དངོས་ཡོད་ཀྱི་གནས་ཚུལ་ཞིག་ལ་སྐབས་སྔོན་མའི་བཀའ་ཁྲིའི་འོས་འདེམས་ཀྱི་སྐབས་སུ་བོད་མི་ཕལ་ཆེ་བས་ཆ་ཤས་ལེན་ཐུབ་མེད་ལ། ལྷག་པར་དུ་སློབ་ཆེན་སློབ་མ་ཚོས་ཆ་ཤས་ཁྱོན་ནས་ལེན་ཐུབ་ཡོད་པ་མ་རེད། ང་རང་སློབ་ཆེན་སློབ་མ་ཞིག་ཡིན་པའི་ཆ་ནས་འདིའི་ཐད་ལ་ཡར་རྒྱས་རྣམ་པ་ཞིག་མངོན་ཕྱིར་མདུན་བསྐྱོད་རེ་བྱེད་ཐུབ་ན་བསམ་ཡོད། ཁྱེད་ཚོར་ཐབས་ཤེས་རེ་ཡོད་ན་གསུང་རོགས་གནང།
གོང་དུ་འཐུས་མི་འགའ་ངོ་སྤྲོད་བྱས་འདུག་པར་རྗེས་སུ་ཡི་རངས་ཡོད།
མདོ་སྨད་ཀྱི་ཚོགས་འདུ་ལྷན་འཛོམས་ཀྱིས་བཀའ་ཁྲིའི་འོས་གཞི་འདོན་གནང་མཛད་པ་ནི་བསྔགས་འོས་ཀྱི་གནས་སུ་མཆིས། རང་རང་སོ་སོའི་མཐོང་ཕྱོགས་ཀྱིས་གང་ཟག་ཆེ་གེ་མོ་ཞིག་འཇོན་ཐང་ཡོད་པ་དང༌། ལྷག་བསམ་ཡོད་པ་སོགས་ཀྱི་བསམ་ཚུལ་ཡོད་དུ་རུང་བ་ཞིག་ཡིན།
གོང་གི་དྲ་གྲོགས་འགའ་ཡིས་ཟུར་ཟ་དང་སྦྲགས་ནས་གང་ཟག་ཁ་ཅིག་བཀའ་ཁྲིར་མི་འོས་པའི་ཚུལ་གསུངས་པ་དག་ལ་རྒྱུ་མཚན་མེད་པ་ཞིག་རེད་མི་འདུག
ང་རང་གི་ངོས་ནས་ཞུས་ན། བློ་བཟང་སེང་གེ་ལགས་ཀྱི་ཕ་མའི་རྒྱབ་ལྗོངས་ནས་བརྩིས་པའི་ཁོང་སྒེར་གྱིས་ཕྱག་ལས་གནང་ཕྱོགས་དང་། ཤེས་ཡོན་སོགས་ཀྱི་ཐད་ལ་དངོས་ནས་ཡིད་སྨོན་སྐྱེ་འོས་པ་ཞིག་འདུག
འོན་ཀྱང་ཁོང་བཀའ་ཁྲིར་གདམས་རྒྱུའི་ཐད་ལ་ཁོ་བོའི་སེམས་གཏིང་ནས་བློ་བདེ་མོ་ཞིག་ཁྱོན་ནས་མི་འདུག གང་ལགས་ཟེར་ན། ཁོང་གི་ཆབ་སྲིད་ཀྱི་བསམ་བློ་གཏོང་སྟངས་དང༌། འཛིན་སྐྱོང་གི་ཕྱག་ལས་གནང་སྟངས། དེ་བཞིན་འཛིན་སྐྱོང་དང་ཆབ་སྲིད་ཉམས་མྱོང་མེད་པས་གང་འདྲ་གནང་ཡོང་བསམ་གྱིན་འདུག
གཅིག་ནས་ཁོང་ཕྱི་རྒྱལ་ལ་སློབ་གཉེར་གནང་ཞིང་འཚར་ལོངས་བྱུང་བ་ཞིག་ཡིན་པས། ཁོང་གི་བསམ་ཚུལ་དང་ང་ཚོའི་སྤྱི་ཚོགས་ཀྱི་འགྲོ་སྟངས་དང་བསམ་ཚུལ་ཁག་མཐུན་ཨེ་ཡོང་ཡང་བསམ་གྱིན་འདུག
གང་ལྟར་ཡང་ང་ཚོས་ཉེན་ཁ་ལ་མ་འཛེམས་པར་གདོང་ལེན་གྱིས་བཀའ་ཁྲི་ཞིག་ངེས་པར་དུ་འདེམས་དགོས།
ལྦཱ་ར་ནཱ་སི་ལ་དེ་འདྲ་ཀྱང་བསམ་ན་གང་ཡང་ཡོང་གི་མ་རེད་གོ་སྐབས་སྤྲོད་དགོས་པ་རེད་ཉམ་མྱོང་མེད་ཀྱང་ལྷག་བསམ་དང་སེམས་ཤུགས་ཤེས་ཡོན་བཅས་ཡོད་ན་འགྲིག་གི་རེད་གོ་སྐབས་མ་སྤྲད་པ་ཡིན་ན་མི་རབས་རྒན་པ་ཚོ་རྫོགས་ན་ང་ཚོར་བསམ་མ་ཐུབ་པའི་དཀའ་ངལ་ཡོང་གི་རེད། ད་ལྟ་བཀའ་འདྲི་ཞུ་ས་ཡོད་ལ་ལམ་སྟོན་གནང་མཁན་གང་མང་ཞིག་ཡོད་པས་ཐུགས་ཕྲལ་མི་དགོས་ལོ་། ཐུགས་ཆུང་ཆུང་ཐུགས་གཡེང་མི་གནང་ཞིག་། རྡོ་དོག་དོག་ལྷག་པས་ཁྱེར་དོག་མེད་
མཁྱིན་གསལ་ལྟར་ང་ཚོར་བོད་པ་གཙང་མ་ཡིན་པ་ཅིག་གི་ངོས་ནས་བཤད་ན་ཆོལ་ཁ་ཟེར་བ་དེར་ཉེར་རབས་བོད་ཀྱི་ལོ་རྒྱུས་དང་ད་ལྟའི་དངོས་གནས་སྟངས་གང་གི་ཐོག་ནས་གལ་ཆེན་དེ་འདྲ་མཐོང་དགོས་དོན་མེད་པས་ད་ཐེངས་ཨ་མདོའི་རྒྱུན་ལས་ཟེར་བའི་ཚོགས་པ་དེའི་ཁ་གསལ་མེད་པའི་བཀའ་ཁྲི་འོས་མིར་༣་ལས་མང་བར་༡༣་སྟོན་པའི་ནང་རང་ཕྱོགས་ལས་མ་སྟོན་པ་འདི་ཡག་པོ་མ་རེད་བསམ་བྱུུང་། ཡིན་ཡང་འདི་འདྲའི་གནས་སྟངས་ལ་དོ་ཁུར་སེམས་ཤུགས་ལ་རྒྱ་བཅངས་པར་དགའ་བསུ་ཞུ་རྒྱུ་ཡིན།
༄། ང་ཚོའི་ངེས་པར་དུ་འོས་གཞི་ཐོག་ལ་བསམ་བློ་གཏང་དགོས་ཀྱི་ཡོད་ མདོ་སྨད་ནས་འོས་གཞི་སྟོན་པ་དེ་ཡག་པོ་རེད་སྟེ་ དེ་སྔོན་བཀའ་བློན་དང་བཀའ་ཁྲི་བྱས་མྱོང་མཁན་གྱི་ཟུར་པ་མང་པོ་ཞིག་འདུག་དེ་ཚོ་ལ་གུས་པས་མུས་མཐུད་མེད། ངའི་དུས་རྒྱུན་སེམས་པའི་ནང་དུ་ད་ལྟ་རྒན་རབས་ཚོ་དང་བཀའ་ཟུར་རྒན་པ་དང་སྤྱི་ཟུར་རྒན་པ་ཚོ་བཞུགས་ཚེ་ང་ཚོའི་ཤེས་ཡོན་ཡོད་མཁན་དང་བོད་མི་རིགས་ལ་ཤ་ཚ་ཡོད་མཁན་ན་གཞོན་ཞིག་ངེས་པར་གདམས་དགོས་ཀྱི་ཡོད་་གང་ཡང་ཟེར་ན། མི་རབས་འཕུར་འགྱུར་འགྲོ་ཡི་ཡོད་པ་འདི་ནི་འཇིག་རྟེན་ཆོས་ཉིད་ཡིན་་དེར་རྟེན་མི་རབས་རྒན་པའི་མི་རབས་རྗེས་མ་རྩིས་སྤྲོད་གནང་དགོས་ཀྱི་ཡོད།
གོང་དུ་ངས་ལོ་གཞོན་ཞེས་པ་དེ་ལོ་བཞི་བཅུ་ནས་ལྔ་བཅུ་ང་ལྔ་བར་གྱི་མི་རབས་ཟེར་གྱི་ཡོད། ་གོང་དུ་ ཝྭ་ར་ན་སི་ལགས་ཀྱི་་ བློ་བཟང་སེངྒེ་ལགས་ལ་ཉམས་མྱོང་དང་ཆབ་སྲིད་ཀྱི་ལངས་ཕྱོགས་སོགས་ཀྱི་ཐོག་སེམས་འཁྲེལ་ཡོད་ཞེས་གསུང་འདུག་པར་ཁྱེད་ལ་ཐུགས་ཁག་མེད། དེ་དག་གི་ཐོག་སེམས་འཁྲེལ་མ་གནང་ཞེས་ཞུ་ཡི་ཡོད་ཁྱེད་ཀྱི་མཁྱེན་གསལ་རེད་ཁོང་གི་ལོ་རྒྱུས་ལ་གཟིགས་གནང་ན་ཉམས་མྱོང་དང་ཤེས་ཡོན་དེ་བཞིན་ཁོང་གི་དཔྱད་རྩོམ་དག་ལྟས་པ་ཡིན་རོམ་ཙམ་ཤེས་གསལ་རེད་ལགས། ངའི་བཀའ་ཁྲིར་འོས་ཤོས་སེངྒེ་ཡིན།
སྐབས་བཅུ་བཞི་བའི་མདོ་སྨད་ཚོགས་ཆེན་སྟེང་བཀའ་ཁྲིའི་འོས་འདེམས་ཐད་འོས་དམིགས་གྲངས་ཁ་ཤས་བཏོན་གནང་ཡོད་པ་དེ་ལ་ངེད་ཀྱིས་རྨོངས་འཆར་འགའ་ཞུ་འདོད་བྱུང་བ་གཤམ་གསལ་ལྟར།
གཅིག ཚང་མའི་མཁྱེན་གསལ་ལྟར་ཉིས་སྟོང་བཅུ་གཅིག་ལོའི་བཀའ་བློན་ཁྲི་བ་འདེམས་ཕྱོགས་ཐད་ལ་དམིགས་བསལ་གྱིས་བོད་མི་ཡོད་དོ་ཅོག་གི་སེམས་བསམ་པའི་སྟེང་ནས་ཐུགས་བསམ་བཞེས་དགོས་བ་ཤིན་ཏུ་གལ། གང་ཡིན་ཞེ་ན། སྐབས་འདིར་བོད་ཀྱི་རང་དབང་འཐབ་རྩོད་འདི་སྙེག་ཕྲ་བའི་དུས་ལ་སླེབས་འདུག་སྙམ། ང་ཚོ་ཚང་མའི་གུ་རེ་དང་རྩེདམོ་ཡང་ན་ཁ་རྩོད་དང་ཚིག་རྩོད་ཁོ་ན་མ་ཡིན་པར་ཁ་ཞེ་གཉིས་མེད་ཀྱིས་ཚིག་དོན་གནད་ལ་འཁེལ་བའི་བགྲོ་གླེང་བྱ་རྒྱུ་ང་ཚོའི་ཕྲག་ལ་བབས་པའི་འགན་འཁྲི་ལྕི་མོ་ཞིག་རེད་སྙམ། གཉིས། མདོ་སྨད་ཚོགས་ཆེན་སྟེང་བཀའ་ཁྲིའི་འོས་འདེམས་ཐད་མཚན་བྱང་འགའ་བཏོན་གནང་ཡོད་པ་འདི་ལ་ངེད་ཀྱིས་རྨོངས་འཆར་ཙམ་བྱས་ན། ཁོང་ཚོས་འདས་བའི་ལོ་རྒྱུས་དང་རྒྱབ་ལྗོངས་ལ་ཕྱི་མིག་བལྟ་དགོས་བ་དང་ཡང་ན་ཤེས་འཇོན་གཉིས་ལྡན་གྱིས་རང་རྐྱ་འཕར་བ་ཡིན་མིན། བཅོས་མ་ཡིན་པའི་བོད་མི་རིགས་ལ་ཤ་ཞེན་དང་ལ་རྒྱ་ཡོད་མེད་ཕྱོགས་གང་ཅིའི་ཐད་ནས་ང་ཚོའི་བསམ་གཞིགས་འཕར་མ་གནང་རྒྱུ་གལ་སྙམ། གསུམ། ང་ཚོའི་ཁ་ཚ་དགོས་གཏུགས་ཀྱི་འཚོལ་དགོས་བའི་བཀའ་ཁྲིའི་འོས་འགན་ནི་བོད་གཞིས་བྱེས་གཉིས་ཀྱིས་བདེ་སྡུག་ཐད་རྒྱལ་སྤྱིའི་སྡིངས་ཆའི་སྟེང་དུ་བཤད་ཕོད་པ་དང་སྒྲུབ་ཕོད་པ་ཡིན་དགོས་བ་དང། ད་ལྟའི་གནས་བབས་ལ་གཞིགས་ནས་འཆར་གཞི་ཡོད་པས་སྒོ་ནས་བོད་ཕྱི་ནང་གཉིས་ཀྱི་འདོད་བློ་བསྐོངས་ཐུབ་མཁན། དམིགས་བསལ་གྱིས་བོད་ནང་གི་གཞོན་སྐྱེས་མི་ཉུང་བ་ཞིག་གིས་སྲོག་འབེན་ལ་བཞག་ནས་བོད་མི་རིགས་ཀྱི་ལས་དབང་ལ་གཞི་བཅོལ་ནས་སྲོག་ཕར་ངོས་བྱེད་བཞིན་ཡོད་པའི་ཁོང་ཚོའི་བདེ་སྡུག་ལ་གདོང་ལེན་བྱེད་ཐུབ་མཁན་དང། འདོད་བློ་ཚིམ་ཐུབ་མཁན། ང་ཚོ་ལ་རེ་བ་དང་ཡིད་ཆེས་ཀྱིས་ཁེངས་བའི་ཁོང་ཚོས་རེ་བ་ཆུད་ཟོས་སུ་མི་གཏོང་མཁན། གོང་ས༧མཆོག་གི་བཀའ་དགོངས་བཞིན་མ་འོངས་འབྱུང་འགྱུར་གྱིས་ལམ་ལ་ཤར་བསྐྱོད་ཐུབ་མཁན་ཞིག་དགོས་གལ་སྙམ།
བཅོ་མ་མ་ཡིན་པའི་མ་གཅིག་ཆད་འདུག
ངའི་སེམས་ནང་གི་བཀའ་ཁྲི་ནི་བློ་བཟང་སེང་གེ་རང་ཡིན། ངས་ད་ལྟ་བར་དུ་བསམ་བློ་མང་པོ་བཏང་བ་ཡིན། བློ་བཟང་སེང་གེ་ལས་ལེགས་པ་ཞིག་མཐོང་མ་སོང་། གྲོགས་པོ་ཁ་ཤས་ཀྱིས་བློ་བཟང་སེང་གེ་ལ་ཉམས་མྱོང་མེད་རབས་དང་། བཙན་བྱོལ་ནང་གི་གནས་སྟངས་ལ་རྒྱུས་མངའ་མེད་རབས་བཤད་ཀྱི་འདུག དེ་དག་བདེན་པ་རྩ་བ་ནས་མ་རེད། བློ་བཟང་སེང་གེ་རྒྱ་གར་ནང་དུ་སློབ་སྦྱོང་བྱས་ནས་ཡོང་བ་ཞིག་རེད། རྒྱ་གར་ནང་གི་བོད་མིའི་འགྲོ་སྟངས་ལ་རྒྱུས་མངའ་ག་ཚད་འདུག་བློ་བཟང་སེང་གེས་བྲིས་པའི་《བཀའ་ཁྲིའི་འོས་གཞིའི་བསྒྱུར་བཅོས་》སྐོར་རྩོམ་ཡིག་དེ་མཐོང་མ་བྱུང་ངམ། ང་ཚོ་རྒྱ་གར་ལ་ཡོད་པ་ཚོ་ལས་ལྷག་པ་ཤེས་ཀྱི་འདུག མ་ཟད་བཀའ་བློན་ཁྲི་པ་ནི་སྤྱིའི་ཆབ་སྲིད་ཀྱི་འཛིན་སྐྱོང་གི་འགན་བཞེས་མཁན་ཞིག་ཡིན་པ་ལས། ཟ་ཁང་ནང་གི་དཔེ་ཤག་ལེན་མཁན་Manager མ་རེད་མོད་ཅེས་དེའི་སྐོར་ལ་ཡང་བློ་བཟང་སེང་གེ་རང་གིས་བཤད་པ་གོ་ཐོས་བྱུང་། ཉམས་མྱོང་གིས་མ་འདང་ནས་ལྷག་བསྡད་པ་ཞིག་ངས་མཐོང་གི་མི་འདུག གང་ཡིན་ཟེར་ན། དོན་དག་ཆེན་པོ་དེ་འདྲ་༧གོང་ས་མཆོག་ཞལ་བཞུགས་ཡོད་པས། དེ་དང་བཀའ་མོལ་གནང་ཆོག་གི་རེད། དེ་ལ་སེམས་ཁྲལ་རྩ་བ་ནས་དགོས་ཀྱི་མ་རེད། ངས་ཀྱང་སྔོན་མ་བློ་བཟང་སེང་གེ་བཀའ་ཁྲིར་འོས་རབས་བཤད་སྐབས་བློ་ལ་མི་ཤོང་བ་ལྟ་བུ་ཆགས་མྱོང་། གོང་དུ་བཤད་པ་བཞིན་འཛིན་སྐྱོང་གི་ཉམས་མྱོང་ཡོད་མ་རེད་བསམ་བྱུང་། འོན་ཀྱང་རྗེས་སུ་རིམ་པ་བཞིན་བསམ་བློ་བཏང་བ་དང་། བློ་བཟང་སེང་གེའི་སྐོར་རྒྱུས་ལོན་བྱེད་ཡོང་དུས་དེ་འདྲ་རེད་མི་འདུག
འོན་ཀྱང་གྲོགས་པོ་ཚོས་སོ་སོས་ཞིབ་དཔྱོད་ཀྱིས་བཀའ་ཁྲི་སུ་ཞིག་འདེམས་མིན་ནི་རང་དབང་རེད།
༄༎ གོང་དུ་དྲ་གྲོགས་ཁ་རུ་ཁ་ཐུག་གིས་གསུང་པ་ལྟར་ ད་ལྟའི་ཆར་ཙན་བྱོལ་ནང་དུ་ཉེས་སྟོང་གཅིག་གི་བཀའ་ཁྲིར་ མཁས་དབང་བློ་བཟང་སེངྒེ་ལས་ལྷག་གཅིག་མི་འདུག ཤེས་ཡོན་དང་ཁོང་གི་ལོ་རྒྱུས་སོགས་ལ་གཟིགས་པར་ཤོག
འཛམ་གླིང་སྲིད་འཛིན་སུ་ཡིན་ཡང་གསར་དུ་སྲིད་འཛིན་གྱི་ཁྲི་ལ་བུད་པ་རེད་མ་གཏོགས། དང་པོ་ནས་ཉམས་མྱོང་ཡོད་མཁན་སུ་ཡང་མེད།
ང་ཚོེའི་ངེས་པར་དུ་བཀའ་བློན་ཁྲིའི་ལས་དོན་ག་འདི་རེ་དངོས་སུ་བྱེད་དགོས་པ་དང་མི་དགོས་པ་སོགས་ཀྱི་ཐོག་བགྲོ་གླེང་བྱེད་ན། དེ་བཞིན་རྒྱ་བོད་གཉིས་ད་ལྟའི་གནས་སྟངས་སོགས་ཀྱི་ཐོག་ལ་ཁྲིའི་ལས་དོན་ཇི་འདྲ་ཞིག་གཏོང་དགོས་མིན་སོགས་ཀྱི་ཐོག་བཤད་གང་འདྲ་འདུག ངའི་མ་འོངས་བཀའ་ཁྲིར་འོས་མཁས་དབང་བློ་བཟང་སེངྒེ་ཡིན། ད་ལྟ་བྲེལ་ཟིང་དེ་ཙམ་ཡིན་རྗེས་སུ་མཇལ་ཡོང་།
གོང་དུ་ཟ་ལེ་རྒྱལ་མགོ་ཡང་དག་གིས་བློ་བཟང་སེང་གེ་ཡིན་ད་ཞེས་འུར་རྒྱག་གི་འདུག
ང་རང་བློ་བཟང་སེང་གེའི་གསུང་བཤད་ཚོགས་འདུ་ཁ་ཤས་ལ་འགྲོ་མྱོང་། ཁོང་ཁ་ནི་བདེ་ཐག་ཆོད་འདུག མགོ་བདེ་ཡོག་ལི་ཞིག་གི་སྣང་བའང་སྤྲད་སོང་བས། མདུན་ནས་བལྟ་བ་གཅིག་པུ་མ་ཡིན་པར། ཟུར་དང་རྒྱབ་ནས་ཀྱང་ཞིབ་འཇུག་བྱེད་རོགས་གནང་ཟེར་འདོད་བྱུང་།
ཐེངས་རྗེས་མའི་བཀའ་བློན་ཁྲི་པ་ལ། ད་སྔོན་བླ་ཆེན་དང་དཔོན་ཆེན་མ་ཡིན་པ་ཞིག་དགོས་སྙམ། རྒྱ་ནག་གཞུང་གིས་རྒྱུན་དུ་བོད་གཞུང་གི་འགོ་ཁྲིད་རྣམས་ད་དུང་བཀའ་བཀོད་བརྒྱུད་འཛིན་པ་ཡིན་པའི་རྒྱུ་མཚན་དུ། དཔེར་ན་ཟམ་གདོང་སྤྲུལ་སྐུ་ཡིན་པ་དང། རྒྱ་རི་ཚང་སྤྱི་ཚོགས་རྙིང་པར་དཔོན་པོ་ཡིན་པ་སོགས་བོད་གཞུང་ནང་དུ་སྐུ་དྲག་གི་རིགས་མང་པ་དེ་རེད་ལ། དཔེར་ན་རག་སྡིས་དང་བྱམས་པ་ཕུན་ཚོགས་སོགས་མི་སེར་སྡུག་ལས་པ་ཡིན་པས་གུང་ཁྲན་ཏང་གིས་བཅིངས་གྲོལ་བཏང་པ་ཡིན་པར་བཤད་ཀྱིན་ཡོད། དེས་ན་ཐེངས་རྗེས་མའི་བཀའ་བློན་དེའི་ཁྱིམ་རྒྱུད་ཀྱང་མི་སེར་དཀྱུས་མ་ཞིག་ནས་ཡོང་ན་ལེགས།
༄༎ དྲ་གྲོགས་བདེ་བྱེད་ལགས་ཀྱི་གསུང་པ་ལ་ལྟས་པ་ཡིན་ན་མཁས་དབང་བློ་བཟང་སེངྒེའི་གསུངས་བཤད་སྙན་པོ་ཡོད་འདྲ། མགོ་བདེ་ཡོག་ལི་ཞེས་བརྗོད་པ་དེ་ཡིས་ཁྱེད་ཀྱི་མགོ་བདེ་ཞེས་པ་དེ་ཇི་འདྲ་ཞིག་ལ་བཤད་ཀྱི་ཡོད་དམ། གོང་དུ་དྲ་གྲོགས་གཞིས་ལུས་ཀྱིས་གསུང་པ་དེ་དངོས་གནས་བདེན་པ་ཞིག་མཐོང་སོང་། རྒྱ་ནག་གྱི་རྒྱུན་ཏུ་བཤད་རྒྱུ་གཅིག་དེ་ནི་བཙན་བྱོལ་གཞུང་དེ་སྤྱི་ཚོགས་རྙིང་པའི་བླ་ཆེན་དཔོན་ཆེན་སོགས་ཀྱི་བཟུང་ཡོད་རེད་ཞེས་བཤད་ཀྱི་ཡོད། མང་གཙོ་མ་རེད་ཞེས་བཤད་པ་དེ་ང་ཚོ་ངེས་པར་དུ་བསམས་བློ་གཏོང་དགོས་ཀྱི་ཡོད། ད་ལྟ་བོད་ནང་དུ་ཕྱག་ལས་གནང་མཁན་གྱི་བོད་མི་ཚོ་ནི་མི་ཚང་དཀྱུས་མ་ནས་ཕེབས་མཁན་གྱི་སྣ་ཡིན་ཞེས་བཤད་ཀྱི་དེ་ཚོ་ལ་ཡང་ང་ཚོ་བསམས་བློ་གཏོང་དགོས་སྙམ། འབྱུང་འགྱུར་བཙན་བྱོལ་གཞུང་གི་ཆབ་སྲིད་ཀྱི་དབུ་ཁྲིད་མཐོ་ཤོས་དེ་བླ་མ་དང་སྐུ་དྲག་རིགས་མ་སླེབས་པ་བྱེད་དགོས་ཀྱི་ཡོད་། བོད་མི་ཁྱིམ་ཚང་དཀྱུས་ནས་ཚར་ལུང་བྱུང་པའི་ཤེས་ཡོན་ཅན་བོད་རིགས་ན་གཞོན་ཞིག་ངེས་པར་འདེམས་དགོས་ཀྱི་ཡོད་ དེ་འདྲ་ཞིག་འདེམས་ཐོབ་ན་ང་ཚོའི་རྒྱ་ནག་ལ་རྡ་ལན་ཞིག་སྤྲད་ཐོབ་ཀྱི་ཡོད། ད་ལྟའི་ཆ་ལ་ཚོགས་པ་དང་སྤྱི་སྡུག་མི་སྒེར་སོགས་ཀྱི་བཀའ་ཁྲིར་འོས་མིག་སྟོན་པ་དག་གི་ནང་ནས་རྒྱབ་མདུན་ག་ནས་ལྟས་ཀྱང་མཁས་དབང་བློ་བཟང་སེངྒེ་ལྷག་གཅིག་མི་འདུག དྲ་གྲོགས་ཚོའི་བགྲོ་གླེང་གནང་རོགས་ཞུ། བློ་སེང་ལགས་ལ་ཤེས་ཡོན་དང་འཇོན་ཐང་མི་རབས་རྒན་གཞོན་དང་རྒྱལ་སྤྱིའི་སྤྱི་ཚོགས་དང་ལྷག་པར་དུ་རྒྱ་ནག་ཐོག་དམིགས་སུ་བཀར་ནས་ཉམ་ཞིབ་གནང་མྱོང་ཡོད་མཁན་ཞིག་རེད་འདུག ་ དེ་ལས་ལྷག་ད་ལྟའི་ཆ་ལ་ངའི་བཙན་བྱོལ་སྤྱི་ཚོགས་ནང་དུ་ངའི་རྙེད་མ་སོང་། དྲ་གྲོགས་ཚོའི་རྙེད་སོང་ན་གསུང་རོགས་གནང་། ང་ཚོའི་ཕྱོགས་གཞན་སྤང་ནས་བགྲོ་གླེང་གནང་དགོས་ཀྱི་ཡོད་དོ།
ཨ་རོག་གནམ་ལྕགས་ལགས་་་་་་ང་དྷ་སར་སླེབས་ཡོད། ངའི་ཁ་པར་ཨང་གྲངས་འདི་ཡིན་ཁ་པར་བཏང་ཤོག་་་༩༨༨༢༥༢༨༩༥༩ ད་དི་ཡེད་ཀོ་ཨ་རོག་་་་་་་ངས་འདི་ནས་རྩོམ་འདི་དང་འབྲེལ་མེད་ཅིག་བྲིས་དགོས་ཐུབ་སོང་བར་དགོངས་དག་ཞུ།
ངས་མགོ་བདེ་ཟེར་བ་སྐབས་འཚོལ་རིང་ལུགས་པ་དག་ལ་ཟེར་ཀྱིན་ཡོད། སྐབས་འཚོལ་རིང་ལུགས་པ་དག་གི་་བྱེད་སྟངས་ཐུན་མོང་མ་ཡིན་པ་གཅིག་ནི་རང་གི་མངོན་འདོད་ཀྱི་རྗེས་སུ་འབྲངས་ནས་ལས་ཀ་བྱེད་ཀི་རེད།
ཇོ་བློ་སེང་གེ་ལགས་ཀྱི་ཉེ་བའི་མངོན་འདོད་ནི་བཀའ་བློན་ཁྲི་བའི་རྐུབ་སྟེགས་རེད། ཁོང་གིས་སེམས་ནང་ལ་བཀའ་བློན་ཁྲི་བའི་རྐུབ་སྟེགས་འདི་སྟེང་ཐེངས་གཅིག་བསྡད་རྒྱུ་བྱུང་ན། མ་འོངས་པ་སྒེར་གྱི་ཆེ་མཐོང་དང་།ཁྲིམས་རྩོད་་ལག་འཁྱེར་དེའི་སྒང་ནས་གསེར་འོད་འཕྲོ་གི་བསམས་བཞིན་ཡོད།
ཁོང་ལ་ཆབ་སྲིད་ཀྱི་ལྟ་བ་རང་ཚུགས་ཐུབ་པ་མེད། ཐེངས་ཤིག་ཚོགས་འདུ་ཞིག་སྟེང་འཇམ་དབྱངས་ནོར་བུ་དང་བཀའ་ཟུར་བློ་བཟང་སྙན་གྲགས་གཉིས་ཀྱི་དཀྱིལ་དུ་འཚང་ནས། ང་དབུ་མའི་ལམ་དང་རང་བཙན་གཉིས་ཀྱི་དཀྱིལ་དུ་འཁེལ་བའི་དབུ་རང་པ་ཡིན་ད་ཞེས་རང་ཚུགས་མེད་པའི་སྐད་ཆ་དང་། སོ་སོས་ལྟ་བ་དང་སོ་སོ་ནས་རིག་པ་འདོན་པའི་ཚབ་ཏུ། རྒྱ་ཁབ་ཅིག་ཅིག་ཧ་ཡང་བརྡུང་ནས་ལས་འགུལ་སྤེལ་བ་རེད། རྒྱལ་ཁབ་ཉིག་ཉིག་ནང་གློག་བསད་ནས་ལས་འགུལ་སྤེལ་བ་རེད། གན་ངྷའི་ལྟ་བ་འདི་རེད། མན་རྡ་ལས་འདི་བྱས་པ་རེད་ཟེར་བ་སོགས་ནག་པང་མདུན་དུ་སློབ་ཕྲུག་ཚོར་མགོ་གཡོག་བྱེད་རྒྱུའི་ཤེས་བྱ་ཙམ་ལས་མི་འདུག་བསམ་སོང་།
ཡིན་ནའང་བཙན་བྱོལ་བོད་མི་རྣམས་འུ་ཐུག་ན ཁོའི་ཕྲག་ཏུ་མ་གཏོགས་འབབས་ས་མེད།
གོང་གི་བསམ་ཚུལ་ནི། ང་བཀའ་བློན་ཁྲི་བར་འོས་ཤོག་གཡུག་རྒྱུའི་ཆ་རྐྱེན་ཚང་བསྡད་མཁན་བོད་འབངས་ཞིག་ནས་དོགས་སློང་ཡིན་པ་ལས། སྐུ་ཞབས་སེང་གེ་ལགས་ལ་མ་དགའ་བ་དང་། མཚན་སྨད་ཞུ་བའི་ཀུན་སློང་མིན།
མི་ལ་ཁྲ་གླག་སྤྱང་གསུམ་འཛོམས་པ་དེ། །མི་ཡི་ཡོན་ཏན་ཡིན་པ་ལས་མི་ཡི་སྐྱོན་མ་རེད།
ཁྲ་གླག་སྤྱང་གསུམ་གྱི་རྩལ་དང་ཐབས་ཇུས་ལྡན་མཁན་ཞིག་ཡིན་ན་ཨ་ཅང་ཅང་་། ཙི་ཙི་རྐུན་མའི་རྩལ་ལྡན་མཁན་ཞིག་ཐོན་ནའང་འོས་ཤོས་གཡུག་རྐྱང་བྱེད་ཀི་ཡིན་ད།།
བསྟན་འཛིན་བདེ་བྱེད་ལགས་ཀྱི་གསུངས་པ་ཇི་བཞིན་བློ་སེང་ལ་སྐབས་འཚོལ་རིང་ལུགས་པ་ཞིག་ཡིན་པའི་འཚོ་བ་ང་ལ་ཡང་བྱུང་ཟླ་ནིང་ལོ་ཞུགས་ལ་རྡོར་གདན་དུ་གོང་ས་མཆོག་གི་གསུང་ཆོས་སྐབས་ཁོང་བཟའ་ཁང་ཞིག་ཏུ་མཇལ་བྱུང་། དེའི་སྔོན་བློ་སེང་བསྐོར་གསར་ཤོག་ཁག་ནས་མཐོང་ལས་མི་དངོསུ་མཏོང་མྱོང་མེད་བཟའ་ཁང་ནང་གི་མི་ཡོད་ཚད་ལ་ང་བློ་བཟང་སེང་གེ་ཟེར་མཁན་དེ་ཡིན་ད་ ང་བློ་བཟང་སེང་གེ་ཟེར་མཁན་དེ་ཡིན་ད་ ང་བློ་བཟང་སེང་གེ་ཟེར་མཁན་དེ་ཡིན་ད་ ང་བློ་བཟང་སེང་གེ་ཟེར་མཁན་དེ་ཡིན་ད་ཞེས་གསུང་མཁན་ཞིག་འདུག་དེ་དུས་རང་ཚུགས་མེད་མཁན་ཞིག་རེད་སྙམ་བྱུང་། གནས་ཚུལ་དེ་མི་མང་པོས་ཤེས་ཀྱི་ཡོད།
༄༎ གོང་དུ་དྲ་གྲོགས་མང་པོ་ཞིག་གི་མ་འོངས་པའི་བཀའ་ཁྲིའི་སྐོར་ལ་གསུངས་འདུག་མི་རེ་རེ་ལ་བསམས་བློ་རེ་རེ་བཤད་པ་ལྟར་སོ་སོའི་མཐོང་ཚུལ་དང་དགོངས་ཚུལ་གསུངས་ཆོག་གི་རེད་མོས། བཀའ་ཁྲིར་ག་འདྲ་ཞིག་སླེབས་ཀྱང་རེ་བ་ཆེ་པོ་གང་ཡང་མེད། ད་ལྟའི་བཙན་བྱོལ་གཞུང་གི་སྲིད་རྒྱུས་འདི་ལ་འགྱུར་བ་མེད་པ་ནི་དངོས་ཡོད་གནས་ཚུལ་རེད་ལ་དེ་ཚང་མས་ཤེས་གསལ་རེད། གོང་ས་མཆོག་གིས་སུམ་ཅུ་དུས་དྲན་སྔ་ཕྱིའི་གསུངས་བཤད་ནང་ལ་གཟིགས་ན་ཤེས་ཀྱི་རེད།་ རྒྱུན་དུ་ངའི་སེམས་ནང་དུ་འཆར་རྒྱུ་ནི་ད་ལྟའི་དུས་འདི་ལ་བཀའ་ཁྲིར་ན་གཞོན་ཤེས་ཡོན་གཉིས་ལྡན་ཞིག་སླེབས་ཐོབ་ན་སེམས་ཀྱི་ཡོད་གང་ཡིན་ཟེར་ན་ ཁོང་ཚོ་ལ་བྱེད་དགོས་བསམས་པའི་བསམས་བློ་གསར་པ་ཞིག་དང་གསོན་ཤུག་གསར་པ་ཞིག་ཡོད་རེད་དེའི་ནུས་པ་དེ་ང་ཚོའི་བཙན་བྱོལ་སྤྱི་ཚོགས་འདི་ཡི་ནང་དུ་སྟོན་ཐོབ་ན་ཡག་པོ་འདུག་བསམས་ཀྱི་ཡོད། དེ་དག་ཚང་མ་ཚང་མཁན་མཁས་དབང་བློ་བཟང་སེངྒེ་ལ་འདུག་སྙམ། བློ་སེང་ལས་ལྷག་གཅིག་བཙན་བྱོལ་སྤྱི་ཚོགས་ནང་དུ་ཐོན་རྒྱུ་ཡོད་ན་ཐོན་རེན་འདུག་་རྒྱབ་ལ་སྡད་ནས་གང་ཟག་དེ་ཡི་རྒྱབ་ལ་གཅིག་གཅིག་གཉིས་ཞེས་བཤད་པ་ཡིན་ན་ཕན་ཐོག་གང་ཡང་མི་བྱུང་།་ གོང་དུ་དྲ་གྲོགས་ཁ་ཤས་ཤིག་གི་བློ་སེང་ལགས་ཀྱི་སྒོ་གསུམ་གྱི་སྤྱོད་པ་ལ་མང་པོ་ཞིག་འབྲེལ་འདུག་སྟེ་མི་ལ་ནོར་འཁྲུལ་མེད་པ་འཛམ་གླིང་འདི་ཡི་ནང་དུ་རྙེད་རྒྱུ་མེད་པ་ནི་དངོས་ཡོད་རེད། བློ་སེང་ལགས་ཀྱི་ལྟ་བ་ངོ་མ་དེ་ད་ལྟ་སུ་གང་གི་ཤེས་ཀྱི་མེད་ཕྱི་ཚུལ་ཙམ་ལ་ལྟས་ནས་འདི་འདྲ་རིགས་བཤད་པ་ཡིན་ན་དགོས་པ་མ་མཐོང་། བློ་བཟང་བཟོད་པ་ལགས་ཀྱི་ང་བློ་བཟང་སེངྒེ་ཡིན་ལབ་ཀྱི་འདུག་ཁོང་སྐབས་འཚོལ་རིང་ལུགས་པ་ཡིན་པའི་ཚོར་བ་བྱུང་ཞེས་གསུངས་པ་དེ་རྒྱུ་མཚན་ཡང་དག་ཞིག་མ་མཐོང་། ཕྱི་རྒྱལ་གྱི་འགྲོ་སྟངས་ལ་ཐོག་མར་མི་ཕན་ཚུན་ཐུག་པའི་སྐབས་སུ་ངའི་མིང་འདི་ཡིན་ཞེས་ངོ་སྤྲོད་གནང་གི་ཡོད། ཁོང་གི་ངོ་སྤྲོད་གནང་བ་དེ་ལ་ལྟས་ནས་སྐབས་འཚོལ་བ་རེད་བཤད་ན་ག་འདྲ་འདུག་དྲ་གྲོགས་ཚོའི་གསུངས་ན། བློ་སེང་ལགས་ཀྱི་བཀའ་ཁྲིར་མིང་དེ་འཁྱེར་ནས་སྒེར་གྱི་ཆེ་མཐོང་བསམས་ཀྱི་ཡོད་རེད་ཞེས་གསུངས་པ་དེ་དངོས་གནས་བདེན་པ་ཞིག་མ་མཐོང་ གང་ལ་ཞེས་ན་ ད་ལྟ་ཁོང་འཛམ་གླིང་ནང་གི་སློབ་གྲྭ་སྐད་དྲག་ཆེ་ཤོས་ཧ་ཝ་ཌི་གཙུགས་ལགས་སློབ་གཉེར་ཁང་དུ་མཁས་དབང་གི་མཚན་འཁྱེར་ནས་བཞུགས་ཡོད་དེ་ལས་ལྷག་གཅིག་བཀའ་ཁྲིར་ཞབས་སྟེགས་འདི་ལ་མེད་དོ། དེ་བཞགས་ཏེ་ཁོང་བོད་མི་ཞིག་ཡིན་པའི་ཆ་ནས་བཀའ་ཁྲིར་འོས་གཞི་ནང་དུ་ཕེབས་ཀྱི་ཡིན་རྒྱུ་རེད་སྙམ།་ གང་ལྟར་བཙན་བྱོལ་གནང་དུ་བཀའ་ཁྲིར་བློ་བཟང་སེངྒེ་ལས་ལྷག་གཅིག་འདུག་ན་འཁྲིད་ཤོག དེ་སྔོན་བཀའ་ཁྲིར་གནང་མྱོང་མཁན་ཞིག་མ་གདམས་རོགས་ཞེས་ཞུ་ཡི་ཡོད། མི་རབས་གསར་པའི་ནང་ནས་གདམས་རོགས་གནང་། ངའི་མཐོང་ཚུལ་ལ་ད་ལྟའི་ཆ་བློ་སེང་ལྷག་གཅིག་མ་མཐོང་༎ རྣམས་པ་ཚོའི་དགོངས་ཚུལ་ལྷུག་པོ་གསུངས་གནང་ཡོད་ཞུ།
ད་བཀའ་བློན་ཁྲི་པ་བྱེད་བསམ་པ་དེ་ཚོ་ལྷག་བསམ་ཡོད་ན་ཡར་འདོན་ཤོག
Lobsang Sangay is a Tibetan legal scholar, and an expert on Tibet, and international human rights law.
Lobsang Sangay received education at Tibetan refugee high school in Darjeeling. He earned his LL.B and his B.A. (Honors) from the University of Delhi in India. In 2004, he received the Yong K. Kim’ 95 Prize of Excellence for his doctoral dissertation as well as a Fulbright Fellowship for studying at Harvard Law School. Lobsang Sangay earned his Doctorate in law, and LL.M from Harvard University. He is currently a Research Fellow at East Asian Legal Studies Program at Harvard Law School.
Dr. Lobsang Sangay organized five conferences between Chinese and Tibetan scholars, including a meeting between the Dalai Lama and thirty-five Chinese scholars at Harvard University in 2003.U.S.A
He is a candidate for the next prime minister of Tibetan Government in Exile.[1]
[edit] Works
Tibet: Exiles’ Journey, Journal of Democracy – Volume 14, Number 3, July 2003, pp. 119-130
We Sing a Song of Sadness Tibetan Political Prisoners Speak Out, Billy Jackson, Publish America, 2004, ISBN 1413716776
Lobsang Sangay, China in Tibet: Forty Years of Liberation or Occupation?, Harvard Asia Quarterly, Volume III, No. 3, 1999
ཁྲིམས་རྩོད་པའི་ཕྱག་འཁྱེར་སྐད་གྲགས་ཅན་བསྣམས་མཁན་རྒན་བློ་བཟང་སེང་གེའི་ཤེས་ཡོན་དང་ཕྱག་ལས་ཉམས་མྱོང་ཅི་ཡོད་འདི་ཙམ་རེད། ཁོང་ཚོགས་འདུ་བཀོད་སྒྲིག་ལ་ཡག་པོ་ཡོད་ས་རེད།
ཁོང་བཙན་བྱོལ་བོད་མིའི་ཁྲོད་ Fulbright Fellowship་མིང་ཐོག་ནས་ཨ་རིར་སློབ་སྦྱོང་གྲུབ་རྗེས་ཕྱིར་མ་ལོག་པའི་གྲས་རེད། དེར་བརྟེན་ཕྱིས་སུ་ཡོང་མཁན་དེ་་ཚོས་ ༠ཁྲིམས་རྩོད་སློབ་སྦྱོང་ཐོབ་མཁན་ཁོ་ཡང་ཕར་མི་ལོག་ན། ང་ཚོ་རྡ་རམས་ས་ལར་ལོག་ནས་ག་རེ་འཇོན་ཡ་འདུག་༠ ཅེས་བོད་གཞུང་ཤེས་རིག་ལས་ཁུངས་ལ་ཁ་ལན་སློག་ཀྱིན་ཡོད་པ་རེད།
Fulbright Fellowship་སློན་ཡོན་རོགས་སྐྱོར་ཐོག་ནས་སླེབས་མཁན་མང་པོ་ཞིག་ཕྱིར་མ་ལོག་པའི་སྒང་། བུ་ལོན་ཕྱིར་སྒྲུབ་འཇལ་མ་བྱས་མཁན་ཡང་མང་པོ་ཞིག་ཐོན་ཙང་། ལོ་ཤས་གོང་བཙན་བྱོལ་བོད་གཞུང་ཤེས་རིག་ལས་ཁུངས་འུ་ཐུག་ནས་ཚགས་ཤོག་ཐོག་གསལ་བསྒྲགས་སྤེལ་བ་རེད།
བྱས་ཙང་། ང་བཀའ་བློན་ཁྲི་བ་འཚོལ་མཁན་བོད་མི་ཞིག་གི་་ངོ་ནས། བཀའ་བློན་ཁྲི་བའི་འོས་དམིགས་ནང་སླེབས་བསྡད་མཁན་མི་སྣ་སྐད་གྲགས་ཅན། སློབ་སྦྱོང་ཕྱག་འཁྱེར་མཐོན་པོ་ཡོད་མཁན་ཇོ་བློ་བཟང་སེང་གེ་ལགས་ཀྱི་་ཤེས་འཇོན་ཐད་དོགས་སློང་བྱེད་མི་ཆོག་པ་མེད་པ་རེད། ཁོང་་མི་མང་གི་མདུན་དུ་ཕེབས་ནས། གོང་གི་རྙོག་གླེང་འདིའི་ཐད་གསལ་བཤད་མ་གནང་ཚེ། ད་ལྟ་ཁོང་ལ་འཕེན་རྒྱུར་གྲ་སྒྲིག་ཡོད་པའི་འོས་ཤོག་་མང་པོ་ཞིག་གཞན་ལ་ཤོར་རྒྱུ་ཡིན་པ་ཏན་ཏན་རེད། ང་རང་ད་ལྟ་ཁོང་ལ་འོས་ཤོག་གཡུག་རྒྱུ་གནས་སྐབས་རིང་ཕྱིར་འཐེན་བྱས་ནས་ཡོད།
ཕྱི་རྒྱལ་བའི་ལྟ་སྟངས་ལ། སློབ་སྦྱོང་གི་ཕྱག་འཁྱེར་སྒང་། ས་གནས་ས་ཐོག་གི་ལས་ཀའི་ཉམས་མྱོང་གལ་ཆེན་པོ་རེད། དེ་འདྲ་ཡིན་ཙང་། ཨ་རི་ནང་Resume དང་དབྱིན་ཇིའི་ལུང་པར་ CV་ཞེས་པ་ལས་ཀ་འཚོལ་མཁན་ཚོར་མེད་དུ་མི་རུང་ཞིང་། ལས་ཁུངས་ཁག་གིས་ངེས་པར་ཞིབ་བལྟ་དགོས་པ་ཞིག་ཆགས་ཡོད། ད་ཕན་བདག་གི་ལག་པར་སོན་པའི་བློ་ེསེང་གི་Resume་ནང་བཙན་བྱོལ་བོད་གཞུང་མང་་གཙོ་གཞུང་གི་སྲིད་ཁྲིར་ཞབས་སྟེགས་སྟེང་འཁོད་ཆོག་ཆོག་ཅིག་མཐོང་སོང་ལགས། ཡོད་ན་གསུང་རོགས་གནང་།
ཁོང་ཨ་རིར་སློབ་གྲྭ་སྐད་གྲགས་ཅན་ཞིག་ནང་། མཁས་དབང་ཟེར་བའི་མིང་ཞིག་འཁུར་ནས་ཡོད་པ་རེད། མཁས་དབང་ཟེར་བ་དེ་ཚོར་དེ་འདྲ་ཧང་སངས་བྱེད་དགོས་འེ་ཡོད། ཧ་ཅང་ཆེན་པོ་ཆེན་པོ་བསམ་དགོས་མི་འདུག། གདན་སའི་དགེ་བཤེས་དེ་ཚོས་གཞུང་ངཀའ་པོད་ལྔ་ངེས་ངེས་དང་།དེ་དང་མཚུངས་བའི་ལག་ལེན་འདུག་མི་འདུག་དང་གཅིག་མཚུངས་རེད།
གོང་ནས་མི་ཞིག་གིས། ༠༠༠བློ་སེང་ལགས་ཀྱི་བཀའ་ཁྲིར་མིང་དེ་འཁྱེར་ནས་སྒེར་གྱི་ཆེ་མཐོང་བསམས་ཀྱི་ཡོད་རེད་ཞེས་གསུངས་པ་དེ་དངོས་གནས་བདེན་པ་ཞིག་མ་མཐོང་ གང་ལ་ཞེས་ན་ ད་ལྟ་ཁོང་འཛམ་གླིང་ནང་གི་སློབ་གྲྭ་སྐད་དྲག་ཆེ་ཤོས་ཧ་ཝ་ཌི་གཙུགས་ལགས་སློབ་གཉེར་ཁང་དུ་མཁས་དབང་གི་མཚན་འཁྱེར་ནས་བཞུགས་ཡོད་དེ་ལས་ལྷག་གཅིག་བཀའ་ཁྲིར་ཞབས་སྟེགས་འདི་ལ་མེད་དོ། ༠༠༠
༿༿༿༾༾༾༾༿࿏༴༿བཙན་བྱོལ་བོད་གཞུང་ཟེར་ན་རྒྱལ་ཁབ་ཞིག་ཡིན་པ་རེད། ཧར་ཝར་སློབ་གྲ་ཟེར་ན་ཨ་རིའི་གྲོང་གསེབ་ཅིག་ནང་་སྒེར་བཙུགས་སློབ་གྲ་ཞིག་རེད།སློབ་ཡོན་ནི་ཧ་ལས་བའི་འགྲོ་སོང་ཆེན་པོ་ཡིན་པ་བདེན་འདུག
ཧར་ཝར་སློབ་གྲའི་ལས་བྱེད་ཅིག་གི་ resumeནང་བཙན་བྱོལ་གཞུང་བཀའ་བློན་ཁྲི་བའི་ལས་འཁུར་གསལ་ན་གང་ཟག་དེའི་བསོད་ནམས་རེད། ཁོང་གི་མཚན་མཐོང་གནམ་ལ་འཕུར་གི་རེད། ལམ་འགྲོ་ནི་ཨ་་རིའི་་མི་སི་ཕེ་ཞེས་བའི་གཙང་བོ་དེའི་རྒྱུན་ནང་མཉམ་འགྲོ་གི་རེད། སོང་ཙང་།བཙན་བྱོལ་བོད་གཞུང་བཀའ་བློན་ཁྲིབ་སྲིད་ཁྲི་རྒྱག་བཤིག་བརྒྱབ་ནས་ཆུང་དུ་གཏོང་མི་བྱེད་ཐུགས་རྗེ་གཟིགས། མ་གཞི་ནས། ཨ་རི་ཟེར་བ་འདི་མིང་གི་འགོར་སླེབས་ཚེ ཆུང་ཆུང་ཞིག་ཀྱང་ཆེན་པོ་ཞིག་ཏུ་འགྱུར་འགྲོ་ཡི་ཡོད་པས་ངོ་མཚར་ཆེ་བ་ལགས།
༠༠༠ད་ཕན་བདག་གི་ལག་པར་སོན་པའི་བློ་ེསེང་གི་Resume་ནང་བཙན་བྱོལ་བོད་གཞུང་མང་་གཙོ་གཞུང་གི་སྲིད་ཁྲིར་ཞབས་སྟེགས་སྟེང་འཁོད་ཆོག་ཆོག་ཅིག་མཐོང་སོང་ལགས། ཡོད་ན་གསུང་རོགས་གནང་།༠༠༠
གོང་གི་ མཐོང་སོང་ལགས་ ཟེར་བ་ མཐོང་མ་སོང་ ལ་བཅོས་འཚལ།
༄༎ དྲ་གྲོགས་ཚོཻས་འབྱུང་འགྱུར་བཀའ་ཁྲིར་སྐོར་ལ་དངོས་གནས་དགོངས་ཚུལ་ཡག་པོ་གསུངས་ཀྱི་འདུག་
ང་ཡང་ཧ་ཅང་གི་དགའ་པོ་བྱུང༌། ང་ཚོ་ངེས་པར་དུ་དྲན་དགོས་པ་ཞིག་ནི་གང་ཟག་དེའི་རྐྱོན་དང་ཡོན་ཏན་གཉིས་ཀ་གཤིབ་སྡུར་གནང་སྟེ་བགྲོ་གླེང་བྱེད་ན་
དགེ་མཚན་ཆེ་བར་མཐོང་ཁག་གཅིག་གི་རྐྱོན་གཅིག་པོ་མ་གཏོགས་མཐོང་གི་མི་འདུག་དེ་ཡ་མཚན་ཆེ།
གོང་དུ་དྲ་གྲོགས་བདེ་བྱེད་ལགས་ཀྱི་དོག་སློང་གནང་བར་དགའ་པོ་བྱུང་། གང་ཡིན་ཟེར་ན་ངས་ཤེས་པ་དེ་གསལ་བཤད་ཞིག་བྱེད་འདོད་བྱུང་། མཁན་དབང་བློ་བཟང་སེངྒེ་ལགས་ཐོག་མར་ཨ་རིར་སློབ་བསྐྱོད་ཀྱི་གོ་སྐབས་དེ་ཤེས་རིག་ལས་ཁུངས་ཀྱི་ཁུངས་ཏོག་ནས་སློབ་ཡོན་ཐོབ་སྟེ་ཧ་ཝ་ཌིར་གཙུགས་ལགས་སློབ་གཉེར་ཁང་དུ་ཕེབས་པ་ཞིག་རེད་འདུག ཉེས་སྟོང་བཞི་ལོར་ཁོང་སློབ་མཐར་ཕྱིན་སྟེ་ཤེས་རིག་ལས་ཁུངས་སུ་ཁོང་གིས་བཀའ་འདྲིས་ཞུས་འདུག་པར་ཤེས་རིག་ནས་
ཁྱེད་རང་ཚུར་མ་ཕེབས་ནས་ཧ་ཝ་ཌིར་ནང་དུ་ཕྱག་ལས་གནང་ཞེས་གསུང་ཡོད་འདུག་ཁོང་སློབ་ཐོན་རྗེས་སུ་ཚུར་མ་ལོག་པ་དེ་འདྲ་རེད་མི་འདུག་ དེ་བདེན་པ་ཡིན་མིན་ དྲ་གྲོགས་ཚོའི་ཤེས་རིག་ལས་ཁུངས་སུ་བཀའ་འདྲི་ཞུས་ན་འགྲིག་གི་རེད་སྙམ། དེ་སྐབས་སུ་ཤེས་རིག་ལས་ཁུངས་ཀྱི་ཚགས་ཤོག་ཞིག་སྟོན་ཡོད་དེ་ནང་དུ་ཁོང་གི་མིང་བཀོད་ཡོད་དེའི་སྐབས་ཉམ་ཞིབ་ཡག་པོ་གནང་མི་འདུག་ཁྱེད་རང་ཤེས་རིག་ལས་ཁུངས་ཀྱི་དམིགས་བསལ་ཡིན་ཞེས་གསུངས་ཡོད་པའི་གནས་ཚུལ་གོ་རྒྱུ་འདུག་ སློབ་ཡོན་རག་ནས་ཚུར་མ་ཕེབས་མཁན་ཁག་གཅིག་གནས་ཚུལ་གསལ་པོ་མ་ཤེས་པར་སོ་སོ་མི་གཞན་གྱི་མཉམ་དུ་འཁྲིད་ཐབས་བྱེད་པ་འདི་བོད་པའི་ལུགས་གསོལ་ཞིག་ཡིན་པ་འདྲ།
དེའི་སྐོར་བློ་སེང་ལགས་ཀྱི་གསལ་བཤད་གནང་གི་རེད་བསམས་ཀྱི་ཡོད་ལ་གནང་དགོས་ངེས་ཤིག་རེད་བསམས་ཀྱི་ཡོད་དོ།
བགྲོ་གླེང་ལྷུག་པོ་གནང་རུ་ཞུ་ཡི་ཡོད། རྗེས་སུ་མཇལ་ཡོང་།
བདེན་ཆེན་ལགས་ཀྱི་སྲས་མཁས་གྲུབ་བོད་སོག་ལས་ཁུང་གི་ལས་བྱེད་ཡིན་པ་ཁྱོད་ཇི་ལྟར་ཤེས་ཀྱི་ཡོད།
ཁྱེད་ཀྱི་བཀའ་ཁྲིར་བཀྲས་མཐོང་ཡིན་ན། བཀྲས་མཐོང་བཀའ་ཁྲིར་བྱེད་བཞིན་པའི་སྐབས་སུ་ངས་འཇོན་གྱི་མི་འདུག་ཞེས་དགོངས་པ་ཞུས་ནས་ཕྱིན་པ་རེད་འདི་འདྲ་མི་ཞིག་བཀའ་ཁྲིར་བླུག་ན་ག་འདྲ་འདུག དེ་ནང་བཞིན་ཁོང་ལ་དཔལ་འབྱོར་གྱི་ཐོག་ལ་རྙོག་དྲ་ཡོད་ནི་རེད་ཡ། བཀྲས་མཐོང་བཀའ་ཁྲིར་སླེབས་སོང་ན་ངས་རང་བཙན་ལག་དེ་ཡར་ཕུལ་གྱི་ཡིན། ནོ།
ག་རེ་ཡིན་རུང་་་་དམར་རིལ་རིལ་ཅིག་གཏན་ནས་མཐོང་འདོད་མེད།
ཧ་ཧ་་་་མེ་ཏོག་དཀར་པོ་ལགས།
རྒྱུ་མཚན་གཅིག་ཀྱང་མ་བཀོད་པར་དམར་རིལ་རིལ་ཅིག་གཏན་ནས་མཐོང་འདོད་མེད་ཟེར། གད་མོ་ཤོར་བ་རང་རེད། ངས་ཁྱོད་ལ་གཅིག་འདྲི་་་་་་ཁྱོད་ལ་དམར་རིལ་རིལ་མ་ཡིན་པའི་རྗེས་མའི་བཀའ་ཁྲིའི་འོས་གཞི་ཅི་ཙམ་ཡོད་དམ། ད་ལྟའི་དམར་རིལ་རིལ་ཡིན་པའི་བཀའ་ཁྲིའི་མཛད་རྗེས་ཁག་ལ་ཞིབ་མོར་བལྟས་ནས། རྗེས་མར་དམར་རིལ་རིལ་ལ་ལྟ་ཚུལ་ངན་པ་མཚམས་འཇོག་གནང་གོ །
རྩམ་དགའ་ལགས། ཁྱེད་ལ་བདེན་ཁ་ཅུང་འདུག ངས་བཤད་སྟངས་འདིས་དམར་རིལ་རིལ་ལྟ་ཚུལ་ངན་པ་ཡོད་ལྟར་མངོན་བཞིནའདུག ངས་བཤད་འདོད་པ་ནི་ཆབ་སྲིད་ཀྱི་འཛིན་སྐྱོང་མཁན་གྲྭ་པ་ཡིན་ན་ལས་དོན་ཁ་ཤས་སྟེང་ལས་སྟངས་སྟབས་མི་བདེ་བ་ཡོང་སྲིད་པ་དང་། ལྷག་པར་རིན་པོ་ཆེ་འདྲས་མཚན་འཆང་ཡོད་ན་བླ་མ་ལྟ་བུའི་འདུ་ཤེས་ལས་དཔོན་པོའི་འདུ་ཤེས་མི་སྐྱེ་ལ། ཅི་གསུངས་བཀའ་སྒྲུབ་ལས་རྣམ་དཔྱོད་བེད་སྤྱོད་གཏོང་རྒྱུར་ཚད་བཀག་ཐེབ་ཉེན་ཡོད། ཁྱེད་ཀྱིས་དྲི་བའི་ཤུགས་ལ་དམར་རིལ་མ་གཏོགས་བོད་མི་རིགས་ཀྱི་སྣེ་འཁྲིད་མི་ཐུབ་པའི་བསམ་ཚུལ་ཞིག་ཉིད་ལ་ཡོད་པ་འདྲ།
ཚེ་རིང་ཕུན་ཚོགས་ལྟར་ཆོས་དོན་བཀའ་བློན་དམར་རིལ་རིལ་ཡིན་ན་སྙིང་ཡང་རྗེ་པོ་འདུག སྤྱིར་རྩ་ཁྲིམས་རིན་པོ་ཆེར་གསལ་བའི་འོས་ཆོས་ཚང་ན་དམར་རིལ་དང་ནག་རིལ་སུ་ཡིན་ཀྱང་བཀའ་ཁྲི་ཞབས་སྟེགས་སྟེང་སྡོད་ཆོག་པ་མ་རེད་དམ།