བོད། ལྷ་ཀླུ་གཉན་གསུམ།
ང་ཚོས་དེང་སང་དྲ་ངོས་མི་ཉུང་བ་ཞིག་ན། སྐད་ཤུགས་ཆེན་པོའི་སྒོ་ནས་དང་སྤྱར་ཡིག་འདྲ་མིན། གཏམ་བཤད་འདྲ་མིན། བརྙན་འཕྲིན་འདྲ་མིན། གསུང་བཤད་འདྲ་མིན། གླེང་ཕྱོགས་འདྲ་མིན། འདོད་མོས་ཡོད་མེད་ལ་མ་བལྟས་པར། ཉིས་སྟོང་བཅུ་གཅིག་ནི་སླེབས་དེ་འོང་བཞིན་པའི་སྐབས་ཏག་ཏག་འདི་ལ་དགའ་འོས་པའི་དོན་དག་ཆེན་པོ་ཞིག་ཡོད་པ་དེ་ནི་བོད་མི་བྱེས་པ་ཚང་ལ་བཀའ་བློན་ཁྲི་བ་བླངས་མཁན་མེད་པའི་དཀའ་ངལ་དེ་ལས་བརྒལ་ནས། ཉིན་རེ་ཡི་རྗེས་སུ་མི་རེ་འབྱོར་ནས་ང་བཀའ་བློན་ཁྲི་བར་བླང་གི་ཡིན། འདི་ངའི་དམ་བཅའ་ཡིན། འདི་ངའི་དམིགས་ཡུལ་ཡིན། འདི་ངའི་བྱེད་འདོད་ཀྱི་འཆར་གཞི་ཡིན། བོད་མི་དམངས་ཀྱིས་ང་རང་འདེམས་པ་ཡིན་ན། བོད་མི་མང་གིས་ང་རང་གར་སྟེགས་དེར་བསྐྱལ་སོང་བའི་ཉིན་མ་དེར་ཟེར་བའི་སྐད་ཆ་དེ་གོ་དུས་དངོས་ནས་དགའ་ནས་གཉིད་ཆོག་ཆོག་ལ་ཞིག་གི་དུས་ཚོད་ཅིག་ལ་བསྐྱལ་འདུག་སྙམ་པའི་ཚོར་སྣང་ཡང་སྟེར།
བསམ་བློ་ཞིབ་མོ་ཞིག་བཏང་དུས་སུ། མི་འདོད་ཀྱང་ཚོར་བ་སྐྱུར་མོ་ཞིག་དང་འགྲོག་ནས་འོང་བའི་སྡུག་བསྔལ་ཞིག་དང་སྐྱོ་སྣང་ཞིག་འདྲུད་དེ་འོང་། དེ་ནི་དངོས་ནས་བོད་མི་རིགས་ཀྱི་བདེ་དོན་ཆེད་དུ་རང་གི་ཚེ་སྲོག་གི་དམ་འབུལ་བྱེད་པའི་མི་བུ་ཤེས་འཇོན་ལྷག་བསམ་གྱི་ཕྱུགས་པའི་བཀའ་བློན་ཁྲི་བ་ཞིག གངས་ཅན་བོད་མིའི་གཞིས་བྱེས་ཀྱི་སྐྱིད་སྡུག་ཆེད་དུ་ཡོང་གི་ཡོད་མེད་དེ་རེད་ལ། དེ་ནི་དངོས་ནས་བསམ་གཞིགས་མི་བྱེད་ཐབས་མེད་ཀྱི་གནས་ཤིག་ཀྱང་ཆགས་ཡོད། ངས་ཉིན་ལྟར་དྲ་ངོས་མི་ཉུང་བ་ཞིག་ནས་བཀའ་བློན་ཁྲི་བའི་རྐུབ་སྟེགས་དུ་ཡོང་འདོད་ཡོད་མཁན་གྱི་བོད་མི་ཤེས་ཡོན་ཅན་དུ་འབོད་པའི་གྲངས་དང་མཁས་དབང་དུ་བརྩི་བཞིན་པའི་བོད་མི་མི་ཉུང་བ་ཞིག་གི་ངོ་གདོང་དང་ལོ་རྒྱུས་དག་དང་། ལོ་རྒྱུས་དེ་དག་གི་རྒྱབ་ལྗོངས་ན་ཤ་གཟད་རུས་ཐུག་གི་མཆན་པུ་འདེབས་མཁན་གྱི་དྲ་ཐོག་གི་སྤུན་ཟླ་དང་། སྲང་བར་གྱི་ཅ་ཅོ་འདོན་མཁན་གྱི་མི་དམངས་དཀྱིས་མ་བཅས་ལ་རྣ་བ་ཞིབ་དུ་གཏད་དུས་སུ། ད་དུང་ཡང་། ང་རང་ལ་རང་བཞིན་གྱིས་སྐྱོ་སྣང་ཞིག་འོང་གི་འདུག
སྐྱོ་སྣང་དེ་ནི་གོང་གི་དགའ་སྣང་དེ་དང་བསྡུར་ནས་བཤད་དུས། དངོས་ནས་སྐྱོ་སྣང་དེ་ཤུགས་ཆེན་པོ་འདུག་ལ། སྐྱོ་སྣང་དེ་ཡོང་དོན་ཡང་གཏན་ནས་རྒྱུད་རིམ་མེད་པ་ཞིག་མ་རེད། དངོས་ནས་བོད་མི་མང་གི་ཆེད་དུ་ལས་དོན་ཞིག་བྱེད་དགོས་པ་ཡིན་ན། ཁོང་ཚོ་ལ་སྔ་ནས་ཐོབ་མྱོང་བའི་རྐུབ་སྟེགས་དེ་དག་ལས་ཁོང་ཚོས་བྱ་བ་དེ་དག་མགོ་ཞིག་བཙུགས་ན་ཅིས་མ་ཆོག་པ་རེད། ངས་འདི་ལྟར་བསམ་བློ་ཞིབ་དུ་བཏང་དུས་སུ། ངས་ད་དུང་སེམས་ལ་སྐྱོ་སྣང་འོང་གི་འདུག དངོས་ནས་ཁོང་ཚོ་མིང་དང་རྐུབ་སྟེགས་ལས་ཀྱང་རྩ་ཆེ་བའི་གངས་ཅན་གཞིས་ལུས་གཉིས་ཀྱི་སྐྱིད་སྡུག་བསམ་ཕོད་པ་ནས་བཤད་ཕོད་པ། བཤད་ཕོད་པ་ནས་སྒྲུབ་ཕོད་པ། སྒྲུབ་ཕོད་པ་ནས་རང་གི་ཚེ་སྲོག་ཚུན་ཆད་བདེན་དཔུང་དུ་བཞག་ནས་བོད་དོན་སྒྲུབ་མཁན་ཡིན་མིན་དེ་རེད།
སྤུན་ཟླ་ཚོ། འུ་ཅག་གི་རྒྱབ་རི་བརྟན་པོ་ཞིག་ཡོད་པ་སྲིད་ན་དཀོན་པའི་དེང་དུས་སུ། འཛམ་གླིང་གི་ས་གནས་ཁུགས་སོ་རེ་རེ་ན་མིང་དུ་གྲགས་པའི་རྒྱལ་བ་རིན་པོ་ཆེ་འདི་བ་ཚང་ཡིན། དེ་ཉིད་བཞུགས་པའི་དུས་དེ་རིང་ནི། ཁོང་ཚང་གི་དགུང་ལོ་ནི་དོན་ལྔ་བཞེས་ཡོད་ལ། ད་དུང་མི་ལོ་ག་ཚོད་ཅིག་ལ་འུ་ཅག་ལས་ངན་གངས་ཅན་གཞིས་བྱེས་གཉིས་ཀྱི་སྤྱི་མགོན་དུ་བཞུགས་ཐུབ་མིན་མི་ཤེས་ཀྱང་། སྐབས་འདིར་ངེད་ཅག་ལ་ཅིས་ཀྱང་མེད་དུ་མི་རུང་བ་ནི། བོད་མི་དམངས་གཞིས་བྱེས་གཉིས་ཀྱི་སྐྱིད་སྡུག་ལག་ལེན་དུ་འདེབས་མཁན་ཞིག་ཡོང་རྒྱུ་དེ་ཡིན། དེ་ལྟར་ཡོང་བ་ཡིན་ན། ཁོང་ཚང་གི་ཐུགས་བསམ་བདེ་ངེས་ཡིན་ལ། བོད་མི་དམངས་གཞིས་བྱེས་གཉིས་ཀྱི་འབྲེལ་ཐག་གི་གསེར་ཟམ་ལ་འོད་སྟོང་འཕྲོས་དེ། རྒྱ་ནག་པོའི་སྙིང་ལ་ལྕགས་འཛེར་ཞིག་བརྡབས་ཐུབ་པ་ཡིན། དེ་མིན་ན། བཀའ་བློན་ཁྲི་བ་ནི་མིང་དང་སྙན་གྲགས། རྐུབ་སྟེགས་ཤིག་གི་དུས་ཡུན་ཚང་བརྩིས་བྱེད་མཁན་དུ་གྱུར་ན། ང་ལྟ་བུའི་བོད་མི་དཀྱིས་མ་གྲངས་ལས་འདས་པ་ཞིག་གི་མིག་ཆུ་ཁྲག་དུ་གྱུར་ནས་ཤི་སྲིད་པ་རེད།
བསམ་ཚུལ་ཡག་པོ་འདུག་་་་ཚང་མས་ཤུག་རྒྱབ་རོག།
ཚོགས་གཙོ་མཆོག་བཀོ་འ་ཁྲིར་ལངས་པར་དགའ་བསུ་ཞུ། ཁྱེད་ལྟ་བུ་མ་བཞེངས་ན་སྤྱང་ཀི་ལུག་རྫིར་འབྱོར་གྲབ་འདུག དངོས་གནས་དགའ་བོ་བྱུང་། རྒྱབ་སྐྱོར་ཡོད། གང་འགྱོགས་སྐུ་ཉིད་ཀྱི་བཞེངས་ཕྱོགས་དང་འབྲེལ་བའི་བཙན་བྱོལ་གཞུང་གི་མ་འོངས་པའི་ལས་དོན་བྱེད་ཕྱོགས་སྐོར་མང་ཚོགས་ནང་གང་མང་བསྒྲགས་ན་དགེ་མཚན་ཆེ། ད་དུང་དུས་ཁོམ་བྱུང་ན་བལ་ཡུལ་སོགས་བོད་རིགས་འདུས་སྡོད་མང་སའི་ས་ཁུལ་ཁག་ལའང་ཕེབས་ཐུབ་ན་ཤིན་ཏུ་ལེགས།
སྤུན་ཟླ་ཚོ། འུ་ཅག་གི་རྒྱབ་རི་བརྟན་པོ་ཞིག་ཡོད་པ་སྲིད་ན་དཀོན་པའི་དེང་དུས་སུ། འཛམ་གླིང་གི་ས་གནས་ཁུགས་སོ་རེ་རེ་ན་མིང་དུ་གྲགས་པའི་རྒྱལ་བ་རིན་པོ་ཆེ་འདི་བ་ཚང་ཡིན། དེ་ཉིད་བཞུགས་པའི་དུས་དེ་རིང་ནི། ཁོང་ཚང་གི་དགུང་ལོ་ནི་དོན་ལྔ་བཞེས་ཡོད་ལ། ད་དུང་མི་ལོ་ག་ཚོད་ཅིག་ལ་འུ་ཅག་ལས་ངན་གངས་ཅན་གཞིས་བྱེས་གཉིས་ཀྱི་སྤྱི་མགོན་དུ་བཞུགས་ཐུབ་མིན་མི་ཤེས་ཀྱང་། སྐབས་འདིར་ངེད་ཅག་ལ་ཅིས་ཀྱང་མེད་དུ་མི་རུང་བ་ནི། བོད་མི་དམངས་གཞིས་བྱེས་གཉིས་ཀྱི་སྐྱིད་སྡུག་ལག་ལེན་དུ་འདེབས་མཁན་ཞིག་ཡོང་རྒྱུ་དེ་ཡིན། དེ་ལྟར་ཡོང་བ་ཡིན་ན། ཁོང་ཚང་གི་ཐུགས་བསམ་བདེ་ངེས་ཡིན་ལ། བོད་མི་དམངས་གཞིས་བྱེས་གཉིས་ཀྱི་འབྲེལ་ཐག་གི་གསེར་ཟམ་ལ་འོད་སྟོང་འཕྲོས་དེ། རྒྱ་ནག་པོའི་སྙིང་ལ་ལྕགས་འཛེར་ཞིག་བརྡབས་ཐུབ་པ་ཡིན། དེ་མིན་ན། བཀའ་བློན་ཁྲི་བ་ནི་མིང་དང་སྙན་གྲགས། རྐུབ་སྟེགས་ཤིག་གི་དུས་ཡུན་ཚང་བརྩིས་བྱེད་མཁན་དུ་གྱུར་ན། ང་ལྟ་བུའི་བོད་མི་དཀྱིས་མ་གྲངས་ལས་འདས་པ་ཞིག་གི་མིག་ཆུ་ཁྲག་དུ་གྱུར་ནས་ཤི་སྲིད་པ་རེད།
གསུངས་པའི་མཇུག་གི་འབོད་སྐུལ་འདིས་རྒྱལ་བ་རིན་ཆེར་མ་ལྟོས་པའི་མང་གཙོ་འདོད་མཁན་ཚོར་གོ་རྟོགས་རྙེད་པར་ཕན་ཐོགས་ཆེ་བས་ཁྱེད་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
ཐུགས་རྗེ་ཆེ། ཁྱོད་བདེན།
སྐད་ཆ་དེ་དངོས་ཡོད་གནས་ཚུལ་ཞིག་རེད།
ཐུགས་རྗེ་ཆེ། ལྷ་ཀླུ་གཉན་གསུམ་ལགས། ཡིན་ཡང་ཁྱོད་བདེན་མིན་ངས་མི་ཤེས་པས། ཁྱེད་ཀྱི་གསུང་བ་བཞིན། ང་ལྟ་བུའི་བོད་མི་དཀྱིས་མ་གྲངས་ལས་འདས་པ་ཞིག་གི་མིག་ཆུ་ཁྲག་དུ་གྱུར་ནས་ཤི་སྲིད་གསུང་བ་ཞིན་དེ་རྣམས་སྐྱོབས་ཆེད་ཀྱི་བཀའ་བློན་ཁྲི་པ་འདུག་གམ། ཁྱེད་ནས་བཀའ་བློན་ཁྲི་པ་སུ་འདེམས་གི་ཡིན་གསུང་དང་། གལ་སྲིད་ཁྱེད་ནས་དགོང་འཆར་སྟོན་པ་བཞིན་མེད་ན། ཁྱེད་རང་བཀའ་བློན་ཁྲི་བ་གནང་མཁན་ཡིན་ནམ། ཁྱོད་ནས་བོད་སྤྱི་བའི་དོན་ག་རེ་གནང་མྱོང་ཡོད་ལ་ག་རེ་བྱེད་སྩིས་ཡོད་དམ། ༧གོངས་ས་མཆོག་གི་བཀའ་སློབ། རེ་བ་བཟང་ས་ཞིག་ནས་རྒྱོབ་། གྲ་སྒྲིགས་སྡུག་ས་ཞིག་ནས་བྱེད་གསུང་བར་གོ་རྒྱུ་དཔེ་མི་སྲིད་པ་ཡོད། ཁྱོད་ལ་ལྷག་བསམ་ཡོད་ན་ལན་ཞིག་རྒྱོབ་ཤོག ད་བར་ཁྱོད་ཀྱི་དྲི་བར་བལྟས་ཚེ་མཆོག་ཤེས་མེད་མཁན། མི་ཡིག་གེ་འབྲི་རྒྱུར་མཁས་པ་འདོད་རྔམ་ཅན་ཞིག་ཡིན་བཟོ་འདུག རང་ཉིད་དོག་པ་རྣམ་རྟོག་ཁོ་ནས་དེད་ཏེ་འབྲི་བར་ཐལ་ལོ།།
འཕན་པོ་བསྟན་དར་པས།།
ཕན་པོ་བསྟན་དར་ལགས། ཉིད་ནས་ཡང་ཡང་བདག་ལ་དྲི་བ་འདྲ་མིན་གཏོང་གི་འདུག་ལ། ངས་འདོད་པའི་བཀའ་བློན་ཁྲི་བ་སུ་ཡིན་ཟེར་ནས་བརྩད་གཅོད་ཀྱང་བསྟུད་མར་གཏོང་གི་འདུག་ལགས། དེ་ནི་ངས་འདོད་པའི་བཀའ་བློན་ཁྲི་བ་ནི། སྤུན་ཟླ་ཁྱེད་ཅག་གི་འདོད་པ་བཞིན། བོད་སྤྱི་བའི་ལས་ལ་རང་གི་ཚེ་སྲོག་ལས་ཀྱང་དམ་དུ་འཛིན་མཁན་ཞིག་དང་། བོད་སྤྱི་བའི་གཞིས་བྱེས་གཉིས་ཀྱི་སེམས་འདུན་གཅིག་དུ་སྤུངས་དེ་འཛམ་གླིང་མི་དམངས་འདི་ཤི་མེད་པར་གསོན་ཡོད་པར་ངེས་ཤེས་བསྐྱེད་དུ་འཇུག་ཐུབ་མཁན་གྱི་རྒྱལ་གཅེས་ཀྱི་འདུན་པ་ཤུགས་དྲགས་དུ་ཡོད་མཁན་ཞིག་ཡིན་ལ། དེ་ཉིད་འཚོལ་བའི་ལས་འགན་དེ་ཡང་ང་དང་བཅས་པའི་བོད་རིགས་སྐྱ་སེར་ཕོ་མོ་དབྱེར་མེད་ལ་འཁྲི་བའི་ལས་ཤིག་ཡིན། ལས་དེ་ཡང་ཕྲག་དུ་ལེན་པར་འདོད་མཁན་གྱི་གང་ཟག་དེ་ཉིད་ཀྱི་མིང་དུ་ད་ལྟའི་འཆར་བཀའ་བློན་ཁྲི་བར་འབོད་ཀྱི་ཡོད་པ་དེ་ཡིན་ལ། དེ་ཡི་རྐུབ་སྟེགས་སྟེང་དུ་འགྲོ་རྒྱུར་དང་བླང་བྱེད་པ་པོ་སྐྱེ་བོ་ཕོ་མོ་སུ་ཡིན་ཡང་། དེ་དག་སེམས་ཁོང་རུས་པའི་གཏིང་ནས་ངེས་ཤེས་རྙེད་དགོས་པར་སེམས་ཁོང་རུས་པའི་གཏིང་ནས་འབོད་སྐུལ་ཞུ་བཞིན་ཡོད་ལ། དེ་ལྟར་བྱེད་མཁན་གྱི་སྐྱེ་བོ་སུ་ཞིག་བྱུང་ན་དེ་ནི་འུ་ཅག་བོད་མི་གཞིས་བྱེས་གཉིས་ལ་དགོས་པ་དེ་ཡིན་པར་རེ་སྐུལ་ཤུགས་ཆེན་ཞུ་བཞིན་ཡོད་པ་མ་ཟད། དེ་དག་ལ་སྐུལ་སློང་བྱེད་པ་དང་རྐུབ་སྟེགས་དེ་ཉིད་ཀྱི་སྟེང་དུ་འགྲོ་བར་འདོད་མཁན་གྱི་སྐྱེ་བོ་དེ་དག་ལ་འུ་ཅག་གིས་ཕྱོགས་བཞི་མཚམས་བརྒྱད་ནས་འབོད་སྐུལ་དང་སྐུལ་འདེད་རང་བཞིན་གྱི་སེམས་དང་བསམ་པ་གཅིག་དུ་སྤྲེལ་བའི་རང་རང་གི་བསམ་ཚུལ་ཞུ་རྒྱུ་དེ་ཉིད་འུ་ཅག་གི་ལས་འགན་དུ་མཐོང་ནས་ངས་རང་ཉིད་ཀྱི་སེམས་པ་བསྡོད་མ་ཚུགས་པར་ཞུ་བཞིན་ཡོད་ལ། རང་ཉིད་བོད་རིགས་ཤིག་ཡིན་པའི་ལས་དབང་འདི་ཉིད་ཀྱི་ཤ་ཚ་གཤེད་ཀྱི་བསྡམ་ཡོད་སྟབས། མ་ཤི་བར་དུ་བོད་དོན་དུ་སྐད་ཆ་རེ་བཤད་རྒྱུ་དེ་ནི་ང་དང་ཁྱེད། བོད་མི་སྐྱེ་བོ་ཡོངས་ཀྱི་ལས་འགན་དང་སྒྲུབ་བྱ་ཉེག་གཅིག་དེ་ཡིན་ལགས། འདི་ཙམ་གྱིས་འདོད་བློ་མ་ཚིམས་པ་འདྲ་ཡིན་སླར་ཡང་བཀའ་དྲི་གནོང་དང་། ཤེས་ཚོད་ཀྱི་ལན་རེ་འདེབས་ཡ་་་ དེ་ཡང་དུས་ཚོད་ཀྱི་སྲག་་བར་ནས། དུས་རབས་གསར་བའི་བྲན་གཡོག་གི་འཚོ་བའི་བར་རོལ་ཞིག་ནས་་་་
ཆད།
༡འཛམ་གླིང་མི་དམངས་ལ་བོད་འདི་ཤི་
༢དེ་དག་གི་སེམས་ཁོང་རུས་པའི་གཏིང་ནས
༣ ལས་དབང་འདི་ཉིད་ཀྱིས་ཤ་ཚའི་གཤེད་ཀྱི་བསྡམ
༤ འདྲ་ཡིན་ན
ལྷ་ཀླུ་གཉན་གསུམ་ལགས། དི་བར་ལན་གནང་བ་ཐུགས་རྗེ་ཆེ། ཡིན་ཀྱང་འདོད་བློ་ཁེངས་མ་སོང། གང་ཡིན་ཞུས་ན་ །ངའི་དྲི་བར་ལན་ཐེབས་མི་འདུག་ངའི་དྲི་བ་ནི། ཁྱེད་ནས་བཀའ་བློན་ཁྲི་པ་སུ་འདེམས་གི་ཡིན་ཞུས་པ་ཡིན། དེ་ལ་རྒྱུ་མཚན་ཡོད།
སླར་ཡང་བཀའ་དྲི་གནོང་དང་གསུང་བར། ཡང་དུ་དྲི་བ་ཞུ་རྒྱུར། གལ་སྲིད་ཁྱེད་ནས་དགོང་འཆར་སྟོན་པ་བཞིན་མེད་ན། ཁྱེད་ནས་ག་རེ་གནང་སྩིས་ཡོད་དམ། ཁ་བཤད་ཆུ་ཡིས་རྦོ་བ་ཟེར་བའི་དཔེ་བཞིན་མ་བཞུག་པར་དོན་དུ་ག་རེ་གནང་གི་ཡིན་ནམ། ད་ལྟའི་དུས་ཚོད་ནི་ཁ་རྐྱང་རྐྱང་བཤད་ནས་མ་བསྡད་པར་དོན་དུ་བྱ་སྤྱོད་དཔེལ་རྒྱུ་དེ་གལ་ཆིན་པོ་ཐོང་། ཁྱེད་ནས་གསུང་གསལ། རང་ཉིད་བོད་རིགས་ཤིག་ཡིན་པའི་ལས་དབང་འདི་ཉིད་ཀྱི་ཤ་ཚ་གཤེད་ཀྱི་བསྡམ་ཡོད་སྟབས། མ་ཤི་བར་དུ་བོད་དོན་དུ་སྐད་ཆ་རེ་བཤད་རྒྱུ་དེ་ནི་ང་དང་ཁྱེད། བོད་མི་སྐྱེ་བོ་ཡོངས་ཀྱི་ལས་འགན་དང་སྒྲུབ་བྱ་ཉེག་གཅིག་དེ་ཡིན་ལགས་བཅས། ཁྱེད་ནས་གསུང་བ་ལྟར་ན། ངའི་དོག་པ་རྣམ་རྟོགས་བྱེད་པའི་མི་དེ་འདྲ་རང་མིན་ས་རེད་སྙམ་ལ། ཁྱེད་བོད་མི་ཡིན་པ་ཤེས་སོང་ཡང་།
འཕན་པོ་བསྟན་དར་པས་བྲེལ་ཟིང་ཆེ་བའི་གྲོང་ཁྱེར་ནས་ ཕུལ།། །།