ཁ་ཕྱོགས་མེད་ཀྱིས།
དེ་སྔར་བསམ་ཚུལ་སྤེལ་མཁན་ཁག་ཅིག་གིས་འབྱུང་འགྱུར་གྱི་བཀའ་ཁྲི་འདི་རྒན་གཞོན་བར་ གྱི་འཐབ་རྩོད་ཅིག་ཏུ་ངོས་བཟུང་སྟེ། གལ་སྲིད་གཞོན་སྐྱེས་ཤིག་ལ་བཀའ་ཁྲི་མ་ཐོབ་ཚེ་རྒན་པ་རྣམས་ཀྱིས་ཀླད་རྙིང་ མཁྲེགས་བཟུང་གིས་གཞོན་སྐྱེས་རྣམས་པ་གོ་སྐབས་སྤྲད་འདོད་མེད་པ་དང་སྒོ་ཀུན་ནས་ གཞོན་སྐྱེས་རྣམས་བཀག་གི་ཡོད་པའི་སྐོར་བརྗོད་མཁན་ཁག་ཅིག་བྱུང།
དེ་ནི་དོན་ངོ་མ་བརྗོད་མཁན་དེ་དག་རང་ཉིད་ཀྱི་དམིགས་ཡུལ་ཞིག་འགྲུབ་ཆེད་ཐབས་ཤེས་ སྣ་ཚོགས་སྤེལ་ཏེ་གཞོན་སྐྱེས་མང་བོ་རྒྱབ་རྩར་འཚོལ་བཞིན་པའི་གཡོ་ཐབས་ཤིག་རེད།
དོན་ དུ་རྒན་གཞོན་ནི་སྤྱི་ཚོགས་ཀྱི་གྲུབ་ཆ་ཞིག་ཡིན་ལ་གང་ཟག་སྒེར་རེ་རེར་བལྟོས་ ནས་དུས་ཀྱི་ཁྱད་པར་ཞིག་ཡོད་པ་ལས་སྤྱི་ཡོངས་ནས་གཞོན་སྐྱེས་རྣམས་ཚེ་རིང་ན་ རིམ་བཞིན་རྒན་པོར་འགྱུར་རྒྱུ་ཡིན་ལ། རྒན་པོ་རྣམས་ཀྱང་རྟག་བརྟན་ཞིག་མིན། དེ་ཕྱིར་སྤྱི་ཚོགས་ཀྱི་གྲུབ་ཆ་དེ་གཉིས་ཀྱི་བར་ལ་རྒྱལ་ཕམ་གྱི་འགྲན་རྩོད་ཅིག་ ནམ་ཡང་ཡོང་མི་སྲིད། གལ་ཏེ་ཁྱེད་ཅག་གི་མིག་མདུན་ན་སྤྱི་ཡོངས་ནས་རྒན་གཞོན་བར་ལ་རྒྱལ་ཕམ་འཐབ་རྩོད་ ཀྱི་འགལ་ཟླ་ཞིག་ཡོད་པར་མངོན་ན་དེ་ནི་ཁྱེད་ཅག་གི་མིག་ཡ་གཅིག་ཏུ་གྱུར་ཟིན་པས་ མངོན་རྟགས་དང་། མིག་ཡ་གཅིག་པོ་དེས་ཀྱང་རང་ཉིད་ལས་རྒྱང་རིང་མཐོང་བའི་ནུས་ཟད་པའི་རྟགས་མཚན་ ཡོངས་རྫོགས་གྲུབ་པ་རེད།
ང་ཚོའི་བཀའ་ཁྲི་འདི་རྒན་གཞོན་བར་གྱི་འཐབ་རྩོད་ཅིག་མིན་ལ་ཉམས་མྱོང་བསོག་ཡུལ་དང་སྦྱངས་བརྡར་བྱེད་ཡུལ་ཞིག་དེ་བས་ཀྱང་མིན། སྐབས་འདིར་ཡིན་རྒྱུ་ནི་སློབ་གྲྭ་ཆེན་མོ་བ་ཞིག་གི་སློབ་ལོ་སོན་པའི་གཞོན་རབས་པ་ ཞིག་དང་། ཤེས་ཡོན་དང་འཇོན་ཐང། ཉམས་མྱོང་དང་ལྷག་བསམ་རུམ་གང་བསྣམས་པའི་རྒན་རབས་ཁག་ཅིག་གི་བར་གྱི་འགྲན་རྩོད་ ཡིན། གལ་ཏེ་ང་ཚོའི་བཀའ་ཁྲི་འདི་སློབ་གྲྭ་ཆེན་མོའི་སློབ་ལོ་སོན་ཏེ་གཞུང་འཛིན་གྱི་ ཉམས་མྱོང་བསགས་སྦྱངས་ཅུང་ཟད་ཀྱང་མ་བྱས་པའི་གཞོན་རབས་པ་ཞིག་གི་ལག་ཏུ་སྤྲད་ ཚེ་དོན་དུ་བྱིས་པའི་ལག་ཏུ་མེ་མདའ་བཞག་པ་དང་མཚུངས་རང་གསོད་དང་རོགས་གསོད་མི་ ཤེས། དེའི་ ཕྱིར་ཉམས་མྱོང་དང་ཤེས་ཡོན་འཇོན་ཐང་སོགས་ཡོད་མཁན་ཞིག་བཀའ་ཁྲིར་སླེབས་རྒྱུར་ བོད་མི་བཙན་བྱོལ་བ་ཡོངས་ཀྱི་བསམ་བློ་གཏོང་དགོས་སའི་གནད་ཅིག་རེད་སྙམ།
མཐའ་བསྡོམས། ཤེས་ཡོན་ལྡན་པའི་གཞོན་རབས་པ་དག་གིས་བོད་ཀྱི་སྤྱི་ཚོགས་ཁྲོད་གཟེངས་སུ་ཐོན་ པའི་ཕྱག་ལས་གནོང་དང་མ་འོངས་པར་མི་མང་གིས་ཁྱེད་ཅག་བཀའ་ཁྲིར་འདེམས་ངེས་རེད། བློ་མ་ཕམ།
ཁ་ཕྱོགས་མེད་ལགས།
ཁྱེད་རང་བཤད་པ་དེ་པར་སྣང་། བཀའ་བློན་ཁྲི་བ་དེ་དམིགས་བསལ་གྱི་གཞོན་སྐྱེས་ཤིག་ཡིན་དགོས་པའི་ཁྱབ་པ་མེད་ལ། ད་ལྟ་བཀའ་བློན་ཁྲི་བ་དེ་རྒན་གཞོན་ག་འདྲ་ཞིག་སླེབས་ཀྱང་ལམ་སང་འགྱུར་བ་ཆེན་པོ་ཞིག་འགྲོ་རྒྱུའི་རེ་བ་མེད་པ་དེ་ཡང་གསལ་བོ་རེད། ཡིན་ནའང་ད་ལྟ་གཞོན་སྐྱེས་ནང་ཤེས་འཇོན་ལྡན་པའི་མི་ཁ་ཤས་ཡོད་པ་ཚང་མས་མཐོང་གསལ་ལྟར། འདི་ཚོ་ད་ལྟ་ནས་བཀའ་བློན་ཁྲི་བར་སླེབས་ཐབས་དང་གོ་སྐབས་གནང་ཚེ་བོད་ཀྱི་བསྟན་པ་ཆབ་སྲིད་ཡིན་གནས་ཡོང་ཐབས་ཀྱི་ཕུག་རྒྱང་རིང་བོའི་བསམ་བློ་ཞིག་མ་ཡིན་ནམ། ལྷག་པར་དུ་སྐུ་མདུན་ཞལ་བཞུགས་པའི་རིང་ཁོང་ཚོ་ལ་ཉམས་མྱོང་གསོག་ཏུ་འཇུག་རྒྱུ་ནི་དངོས་ཡོད་དགོས་པ་གལ་ཆེ་བ་ཞིག་ཏུ་མཐོང་།
ཁ་ཕྱོགས་མེད་ལགས།
སུས་ཟེར་གྱིན་འདུག དེ་ཁྱེད་རང་རྨི་ལམ་བཏང་དྲག་པའི་སྐྱོན་རེད། གང་བྱུང་མ་ཤོད།
ངས་ཨ་རིའི་སྲིད་འཛིན་ཨོ་བྷ་མ་སྲིན་འཛིན་འོས་མ་ཐོབ་སྔོན་ཕོ་བྲང་དཀར་པོར་སྲིད་འཛིན་ལོ་མང་བྱས་ཡོད་པོ་མ་ཤེས་། མི་སུ་ལ་ཤེས་འཛིན་ལྷག་བསམ་ཡོད་ན་དེར་འོས་འཕེན་པ་ལས་རྒན་པ་སྐྱག་ཐོག་ནས་་ཡར་ལོན་མི་ལོན་ཞིག་ལ་འོས་འཕིན་ན་ཁོས་ག་རེ་བྱ་ཐུབ།