འཕོ་འགྱུར་དང་གདམ་ཀ་གལ་ཆེན་ཞིག
སྤྱི་ལོ་ ༢༠༡༡ ལོའི་བཀའ་བློན་ཁྲི་བ་འོས་འདེམས།
བཀའ་བློན་ཁྲི་བ་ལས་ཐོག་པ་མཁས་དབང་ཟམ་གདོང་རིན་པོ་ཆེ། བཙན་བྱོལ་བོད་གཞུང་གི་སྲིད་བློན་མཆོག་གི་མཛད་འགན་སྤྱི་ལོ་༢༠༡༡ ལོའི་ཟླ་ ༨ པར་མཇུག་རྫོགས་རྒྱུར་ད་དུང་ལོ་ཤས་ཀྱི་དུས་ཚོད་ཡོད་མོད་ཀྱང༌། དེ་ཡི་རྗེས་སུ་ང་ཚོས་བཀའ་བློན་ཁྲི་བའི་འོས་གཞི་ཞིག་འདེམས་འཚོལ་འགོ་འཛུགས་བྱ་རྒྱུའི་དུས་སྐབས་ཆེས་རྩ་ཆེན་ཞིག་ཡིན། ད་ལྟ་ང་ཚོར་རླབས་ཆེ་བའི་དབུ་ཁྲིད་ཅིག་འཚོལ་རྒྱུའི་དུས་ཡུན་ལོ་གསུམ་ཡོད། བཀའ་བློན་ཁྲི་བའི་འོས་མི་གསར་བ་ཞིག་འཚོལ་རྒྱུར་དུས་ཡུན་འགྱང་པ་ཡིན་ན་ང་ཚོས་འགན་མ་འཁུར་བའི་མཚོན་རྟགས་ཤིག་རེད་ལ། དེ་ལས་དུས་ཡུན་རིང་པོར་འགྱང་ན་ཆག་སྒོ་ཆེན་པོ་ཞིག་ཏུ་ཚུད་ངེས་རེད་སྙམ།
བཀའ་བློན་ཁྲི་བ་རྗེས་མ་དེའི་ལས་ཡུན་ལོ་ལྔར་ཐུགས་གཏན་འཁེལ་ཡོད་པས། དུས་ཡུན་དེ་ནི་ཆེས་གནད་འགག་ཅན་གྱི་དུས་སྐབས་ཤིག་རེད། སྐབས་དེར་ྋསྤྱི་ནོར་ྋགོང་ས་སྐྱབས་མགོན་མཆོག་དགུང་གྲངས་བརྒྱད་ཅུ་གྱ་གཅིག་ཙམ་ལ་ཕེབས་པར་བརྟེན་བཀའ་ཁྲི་རྗེས་མའི་ལས་འགན་ཡོངས་སུ་མཇུག་སྒྲིལ་གྱི་ཡོད། དེར་བརྟེན། སྐབས་རྗེས་མའི་བཀའ་བློན་ཁྲི་བའི་ལས་སྣེ་དེ་ཆེས་གལ་ཆེན་ཞིག་ཏུ་གྱུར་ཡོད། བཀའ་བློན་ཁྲི་བའི་འོས་མི་ཆེས་མཚན་ཉིད་དང་ལྡན་པ་ཞིག་འོས་གཞིའི་ཁྲོད་སླེབས་རྒྱུ་ནི་ཁ་ཚ་དགོས་གཏུག་ཅིག་ཡིན། བཀའ་བློན་ཁྲི་བ་རྗེས་མའི་འོས་མི་དེ་ལ་དབུ་ཁྲིད་ཀྱི་འཇོན་ཐང་དམིགས་བསལ་ཡོད་པ་དང༌། སྲིད་གཞུང་སྣེ་ཁྲིད་ཀྱི་ཐབས་རྩལ་ཁྱད་འཕགས་ལྡན་པ། གཞོན་སྐྱེས་ཚོའི་བློ་ངོར་འབབ་པའི་ལྟ་ཚུལ་གསར་པ་དང༌། མི་མང་གི་སྤྲོ་སྣང་འདྲེན་པའི་སྟོབས་ཤུགས་འདང་ངེས་པའི་ཆ་རྐྱེན་དག་ཚང་ཡོད་པ་ཞིག་ཡིན་དགོས།
རྒྱབ་ལྗོངས།
སྤྱི་ལོ་ ༢༠༠༠ ལོར་ྋསྤྱི་ནོར་ྋགོང་ས་སྐྱབས་མགོན་མཆོག་གིས། བཀའ་བློན་ཁྲི་བ་དེ་མི་མང་གི་ངོས་ནས་ཐད་ཀར་འོས་འདེམས་བྱ་རྒྱུའི་དགོངས་འཆར་གསལ་བོར་བཏོན་གནང་བ་དང༌། དེ་ནས་བཟུང་སྟེ་བོད་མི་མང་གི་དབུ་ཁྲིད་དེ་ྋསྐྱབས་མགོན་རིན་པོ་ཆེས་བསྐོ་འཇོག་གནང་རྒྱུ་མིན་པ་དང༌། ཡང་ན་སྐྱབས་བཅོལ་བོད་གཞུང་གི་གྲོས་ཚོགས་ཀྱི་འཐུས་མི་ཚོ་ཡང་དམིགས་བསལ་ཐད་བསྐོ་མེད་པར་གྱུར་ཡོད། ལོ་རྒྱུས་སྟེང་གི་གལ་ཆེ་བའི་བརྡ་ཁྱབ་འདི་ནི་ཁ་འཐོར་དུ་གནས་པའི་བོད་རིགས་ཚོར་གོ་སྐབས་གལ་ཆེན་ཞིག་ཀྱང་གནང་པ་རེད།
སྲིད་བློན་ཞིག་འོས་འདེམས་བྱ་རྒྱུའི་ལས་འགན་དང་གཟི་བརྗིད་དང་ལྡན་པའི་ཐོབ་ཐང་དེ་བོད་མི་ཚོའི་ལག་ཏུ་ཡོད་པའི་རྐྱེན་གྱིས་འཛམ་གླིང་གང་སར་གནས་པའི་བོད་རིགས་ཚོས་སྤྲོ་གནང་དང་བཅས་བརྡ་ལན་ཡང་དག་པ་ཞིག་སྤྲོད་རྒྱུ་ནི་ཆེས་གལ་འགངས་ཆེན་པོ་ཞིག་ཡིན། བཀའ་ཁྲིའི་འོས་མི་དག་བཙལ་འཚོལ་དང་འདེམས་སྒྲིག་བྱེད་ཆེད་དུ་ང་ཚོས་དམིགས་ཡུལ་འཛིན་ས་ནི་འོས་མི་དེ་མ་མཐའ་ཡང་ཟམ་གདོང་རིན་པོ་ཆེ་མཆོག་དང་འདྲ་བར་གཏོང་ཕོད་ཆེ་བ་དང་སྲིད་གཞུང་གི་ཆེད་དུ་སྐུ་ངལ་ཚད་མེད་སྐྱོན་མཁན་ཁོང་དང་འདྲ་བ་ཞིག་དགོས། བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་མཆོག་གིས་དེང་སྐབས་བཀའ་བློན་སྐབས་གཉིས་པའི་ཕྱག་ལས་གནང་བཞིན་ཡོད་ལ། ཁོང་སྤྱི་ལོ་༢༠༠༡ ལོར་ཐོག་མར་བཀའ་བློན་དུ་བདམས་པ་དང༌། སྤྱི་ལོ་༢༠༠༦ ལོར་སྐབས་གཉིས་པའི་བཀའ་ཁྲིར་བསྐྱར་འདེམས་བྱུང་བ་རེད།
ལས་འཆར་དངོས།
ངའི་བསམ་པར་འདི་ནི་ཆེས་གལ་འགངས་ཆེ་བ་ཞིག་ཡིན་པ་དང༌། ང་ཚོའི་ལས་འཆར་འདིར་བོད་རིགས་ཡིན་ཚད་ཞུགས་ཆོག་པ་དང༌། ཁོང་ལ་དབུ་ཁྲིད་ཀྱི་འཇོན་ནུས་ཡོད་པའི་བདེན་དཔང་ཁག་དང༌། ཁོང་རྣམས་ཀྱི་མཚན་བཅས་ངོ་སྤྲོད་གནང་སྟེ། སྤྱི་ལོ་ ༢༠༡༡ ལོའི་བཀའ་བློན་འོས་འདེམས་ཀྱི་འོས་མིའི་ཁྲོད་འཛུལ་ཞུགས་བྱས་ཆོག་པའི་འཆར་འགོད་ཅིག་བཟོ་དགོས་ཀྱི་འདུག ལོ་འདི་དག་གི་རིང་ལ་ཁ་འཐོར་དུ་གནས་པའི་བོད་མི་ཚོར་ཆབ་སྲིད་ཀྱི་དབུ་ཁྲིད་མང་དག་ཅིག་གིས་ཁྱད་ནུས་ལྡན་པའི་ཞབས་འདེགས་ཞུས་མྱོང་སྟབས་མི་སྣ་དེ་དག་གིས་ང་ཚོར་ཁེ་ཕན་ཆེན་པོ་བྱུང་ཡོད་པ་རེད། ངས་ཁོང་ཚོ་མང་པོ་ཞིག་ང་ཚོའི་ཡོང་རྒྱུའི་བཀའ་བློན་ཁྲི་བའི་འོས་འདེམས་ཁྲོད་ཞུགས་མཁན་དག་ཡིན་པའི་རེ་བ་ཆེན་པོ་བཅིངས་ཡོད།
ཡིན་ན་ཡང༌། གོང་གི་དབུ་ཁྲིད་ཁག་མིན་པའི་གཞན་བོད་མི་སུ་ཞིག་ལ་བསམ་ཚུལ་མི་དང་ཐབས་ཤེས་མི་འདྲ་བ་ཡོད་མཁན་མང་པོ་ཞིག་ལ་རྒྱབ་སྐྱོར་བྱེད་མཁན་ཡང་མང་པོ་ཡོད་པ་མ་ཟད། དམིགས་བསལ་གྱི་དབུ་ཁྲིད་བྱེད་པར་གྲ་སྒྲིག་ཆ་ཚང་ལྡན་པའི་གཞོན་སྐྱེས་ཚོ་ལ་ཡང་གོ་སྐབས་ཡོད་པ་རེད། དེར་བརྟེན་གཞོན་སྐྱེས་ཚོ་འོས་འདེམས་ཁྲོད་འཛུལ་ཞུགས་བྱ་ཆོག་རྒྱུ་དེ་གལ་ཆེན་ཏུ་གྱུར་ཡོད་པས་འབྱུང་འགྱུར་གྱི་འོས་འདེམས་དེ་གོ་སྐབས་གལ་གནད་ཅན་ཞིག་ཀྱང་ཡིན། དེང་སྐབས་ཀྱི་བཙན་བྱོལ་བོད་མིའི་མི་འབོར་བརྒྱ་ཆ་བདུན་ཅུ་དོན་ལྔ་ལོ་ཚོད་ཞེ་ལྔའི་མན་ཡིན། དེ་ལྟའི་ལོ་ཚོད་ཅན་གྱིས་བཀའ་ཁྲིའི་འོས་མིའི་ཆ་ཤས་བླང་བ་ཡིན་ན་ང་ཚོའི་ཆབ་སྲིད་ཀྱི་འགྲོ་སྟངས་ལ་གསོན་ཤུགས་གསར་བ་ཞིག་རྒྱས་ངེས་ཡིན་པར་སེམས།
འོས་མི་འདྲ་མིན་སྣ་ཚོགས་འཛོམས་ཐུབ་པའི་ཁོར་ཡུག་བཟང་པོ་བསྐྲུན་པ་དེས་འབྱུང་འགྱུར་གྱི་བཀའ་བློན་ཁྲི་བ་དེ་དོན་དང་ལྡན་པའི་འདེམས་སྒྲུག་གི་གོ་སྐབས་བླ་མེད་ཅིག་ཐོབ་ངེས་རེད། ང་ཚོའི་བཅའ་ཁྲིམས་རིན་པོ་ཆེའི་ནང་འོས་མི་ཚོར་ཐབས་ཤེས་འདྲ་མིན་སྣ་ཚོགས་ཡོད་པ་ཞིག་དགོས་ཞེས་འཁོད་ཡོད་རེད། དེ་ལ་བརྟེན་ནས་ང་ཚོ་ལ་དབུ་ཁྲིད་འཇོན་ཐང་དང་ཉམས་མྱོང་ཚད་ལྡན་ཡོད་པ་ཞིག་དགོས་པ་དེ་ཡང་བསྟན་ཡོད་པ་རེད། འོས་མི་དེ་ནི་མི་མང་གི་ཆེད་དུ་སྐད་ཆ་བཤད་ཐུབ་མཁན་ཞིག་དང་མི་མང་གི་བློ་འགེལ་ཆོག་པ་ཞིག་ཡིན་དགོས།
ལས་རིམ་དངོས།
· ངས་བཀའ་བློན་ཁྲི་བ་ཟེར་བའི་དྲ་རྒྱ་ཞིག་བཟོ་སྐྲུན་བྱ་རྒྱུ་དང༌། དྲ་གནས་དེར་ཁ་འཐོར་དུ་གནས་བའི་བོད་རིགས་ཚང་མ་མགྲོན་དུ་བོས་ནས་ཁོང་ཚོ་རང་ཉིད་ཡིད་ཆེས་ཡོད་སའི་བཀའ་བློན་ཁྲི་བ་རྗེས་མའི་འོས་མི་ཡག་ཤོས་དེ་དག་གི་མཚན་ཐོ་འདོན་དུ་འཇུག་རྒྱུ།
· བཀའ་བློན་ཁྲི་བའི་དྲ་རྒྱ་དེ་སྤྱི་ལོ་༢༠༠༨ ལོའི་ཟླ་བཅུ་པར་སྒོ་འབྱེད་རྒྱུ་དང༌། མི་སྣའི་མཚན་ཐོ་ངོ་སྤྲོད་བྱ་རྒྱུ་ནི་འོས་འདེམས་ཀྱི་བརྒྱུད་རིམ་ཁྲོད་དགོས་ངེས་ཤིག་ཡིན། འོས་མི་གསར་བ་ཚོར་སྟེགས་བུ་དེར་དངོས་སུ་སླེབས་ཐུབ་པ་དང༌། རང་གི་ཉམས་མྱོང་ནུས་ཤུགས་ཕྱིར་སྟོན་བྱེད་པར་བགྲོ་གླེང་བྱ་རྒྱུའི་དུས་ཚོད་འདང་ངེས་དགོས་པ་རེད། ང་ཚོའི་བཅའ་ཁྲིམས་རིན་པོ་ཆེར་ཡང་འོས་མི་ཚོའི་ནུས་ཤུགས་དང་འཇོན་ཐང་ཤེས་ཐུབ་པའི་དུས་ཡུན་ཞིག་དགོས་པ་གསལ་ཡོད་པ་རེད། དེར་བརྟེན་ལོ་གསུམ་གྱི་གོང་ནས་འགོ་བཙུགས་པ་དེ་སྔ་དྲགས་པ་ཞིག་གཏན་ནས་མིན།
· གལ་སྲིད་དྲ་རྒྱའི་ནང་དུ་མིང་ཐོ་འགོད་མཁན་ཞིག་ཡིན་ན། འོས་མི་དེ་ལ་ངེས་པར་དུ་རང་བཙན་ལག་དེབ་ཡོད་པའི་བོད་མི་ལྔ་བཅུའི་རྒྱབ་སྐྱོར་ཡོད་དགོས། རང་བཙན་ལག་དེབ་དེ་ཡང་ས་གནས་བོད་མིའི་བདེ་དོན་ལས་ཐོག་གིས་དག་མཆན་ཡོད་དགོས།
· དྲ་རྒྱའི་སྟེང་འོས་མི་རྣམ་པའི་འདྲ་པར་རེ་དང་ལོ་རྒྱུས་མདོར་བསྡུས་ཞིག་དགོས་ངེས་ཐོག འོས་མི་ཚོར་ཡང་སོ་སོའི་ཁྱད་ནུས་འདོན་སའི་ས་མིག་ཤིག་དྲ་རྒྱའི་སྟེང་འགོད་རྒྱུ་ཡིན།
· དྲ་རྒྱའི་སྟེང་དུ་འདེམས་ཐོན་འོས་མི་ཁ་ཤས་སླེབས་པའི་མཚམས་སུ། བོད་ཀྱི་བརྙན་འཕྲིན་དང༌། རླུང་འཕྲིན། ཚགས་པར་དང་དུས་དེབ་སོགས་གསར་འགྱུར་རྒྱུད་ལམ་ཁག་བཅས་སུ་འོས་མི་ཚོ་ངོ་སྤྲོད་བྱ་རྒྱུ་དང་བཅར་འདྲི་བྱེད་རྒྱུའི་འབོད་སྐུལ་ཞུ་རྒྱུ་སོགས་དང༌། དངོས་གཞིའི་འོས་བསྡུ་དང་ཉེ་བའི་སྐབས་སུ་བཞུགས་སྒར་རྡ་རམ་ས་ལར་གཟུགས་མཐོང་བརྙན་འཕྲིན་བརྒྱུད་ཐད་གཏོང་བགྲོ་གླེང་ཞིག་བསྐོང་ཚོགས་བྱ་རྒྱུའི་འཆར་གཞི་བཀོད་ཡོད།
· དྲ་རྒྱ་དེ་བོད་གཞུང་དབུས་འོས་བསྡུ་ལྷན་ཁང་གིས་བཀའ་བློན་ཁྲི་བ་རྗེས་མའི་འོས་མི་གསལ་བསྒྲགས་མ་བྱས་གོང་གི་ཟླ་ཤས་གོང་ནས་སྒོ་བརྒྱག་རྒྱུ་ཡིན།
དགོས་པ་དང་དམིགས་ཡུལ།
ཐོག་མར་ངས་དམིགས་བསལ་གསལ་བཤད་བྱེད་དགོས་པ་ཞིག་ལ་ངའི་ལས་འཆར་འདི་ང་རང་སྒེར་ངོས་ནས་བརྩམས་པ་ཞིག་ལས་ཚོགས་སྡེ་གང་རུང་གི་སྟངས་འཛིན་འོག་མེད། ཡིན་ན་ཡང་བཞུགས་སྒར་རྡ་རམ་ས་ལར་ཡོད་པའི་གཞུང་ཞབས་མི་སྣ་དང༌། གཞུང་འབྲེལ་མིན་པའི་ཚོགས་པ་དང་དེ་བཞིན་དུ་ས་གནས་ཀྱི་ཚོགས་པའི་འགོ་ཁྲིད་ཚོ་དང་ལྷན་དུ་གྲོས་མོལ་གཏིང་ཟབ་བྱས་འབྲས་ལ་བརྟེན་ནས་བསམ་འཆར་འདི་བཏོན་པ་ཞིག་ཡིན།
ལས་འཆར་འདི་ལེགས་འགྲུབ་ཡོང་ཆེད་དང༌། སྤྱི་ཚོགས་ཁྲོད་ནས་ཀྱང་ལས་འགན་འདི་ལེགས་འགྲུབ་ཡོང་ཆེད་དུ་གཤམ་གསལ་གྱི་དོན་ཚན་འདི་གཉིས་བཏོན་པ་ཡིན།
༡༽ མི་སྣ་འདེམས་སྒྲུག་དེ་རྒྱ་ཁྱབ་རང་བཞིན་ཞིག་ཡོང་ཆེད་བཀའ་བློན་ཁྲི་བའི་འོས་མིར་འཛུལ་ཞུགས་བྱ་མཁན་གྱི་ཁྱབ་ཁུངས་རྒྱ་ཆེ་རུ་གཏོང་དགོས་ཀྱི་འདུག
༢༽ འོས་མི་འདེམས་སྒྲུག་བྱེད་པར་དུས་ཚོད་འཕྱི་དྲགས་པ་དང་ཡང་ན་གཤམ་གསལ་གྱི་གནད་དོན་གཉིས་ལ་བརྟེན་ནས་ལས་ཀ་བྱེད་པའི་སྐབས་སུ་དུས་ཚོད་མང་པོ་ཞིག་གཏོང་དགོས། དཔེར་ན།
དང་པོ། གལ་ཏེ་ང་ཚོ་རང་ངོས་ནས་བཀའ་བློན་ཁྲི་བ་རྗེས་མའི་འོས་མི་མ་རྙེད་པའི་རྐྱེན་གྱིས། མཐའ་མར་བཙན་བྱོལ་སྤྱི་འཐུས་གྲོས་ཚོགས་བརྒྱུད་ནས་ྋགོང་ས་མཆོག་གིས་བཀའ་བློན་ཁྲི་བ་རྗེས་མ་ཐད་བསྐོ་བྱེད་པར་སྐྱབས་འཇུག་ཞུ་དགོས་འབྱུང་ངེས་པ་དང༌།
གཉིས་པ་འོས་མི་ཆེས་ཉུང་ཤོས་ཞིག་ལས་མེད་སྟབས་གསར་འདེམས་བྱུང་བའི་འོས་མི་ཚོ་འོས་བསྡུའི་འགྲན་རྩོད་ཁྲོད་འཐབ་རྩོད་མེད་པར་རང་བཞིན་གྱིས་ཐོབ་འགྲོ་བ་ཞིག་དང༌། དེ་ལ་བརྟེན་ནས། འོས་མི་ཚོས་དོན་དངོས་ཀྱི་འཐབ་རྩོད་འདི་དང་ཁ་བྲལ་ཏེ་བཀའ་བློན་ཁྲི་བར་འགྱུར་འགྲོ་པ་རེད།
དེ་གཉིས་ལ་བརྟེན་ནས་ང་ཚོས་གང་ཡོང་གི་ཐབས་ཤེས་གནང་སྟེ་གོང་གསལ་གྱི་དོན་རྐྱེན་འདི་གཉིས་ལྟ་བུ་འབྱུང་དུ་འཇུག་མི་རུང༌།
མཇུག་གི་གཏམ།
གོང་གི་ལས་འཆར་འདིའི་འགོ་བརྗོད་ནང་བཤད་པ་གཞིར་བཟུང་ད་ལྟ་ང་ཚོའི་འདེམས་བསྐོའི་ལས་དོན་ལ་འགྱུར་བ་གཏོང་དགོས་པའི་དུས་སྐབས་གལ་ཆེན་ཞིག་ཏུ་སླེབས་ཡོད། མ་ཟད་དེང་དུས་ཀྱི་དྲ་རྒྱའི་འཕྲུལ་རྩལ་ལ་བརྟེན་ནས་ང་ཚོའི་སྤྱི་ཚོགས་ཀྱི་འགན་འཁུར་བ་རྣམ་པར་སོ་སོའི་བསམ་ཚུལ་བཤད་སའི་སྡིངས་ཆ་ཞིག་བསྐྲུན་པ་མ་ཟད། བོད་མི་དཀྱུས་མ་ཡོངས་ལའང་ཆེས་རྩ་ཆེ་བའི་དོན་ཆེན་ཐད་ལ་བགྲོ་གླེང་བྱས་ནས་སོ་སོས་བློ་གཏད་བཅོལ་སའི་འགོ་ཁྲིད་ཅིག་འདེམས་བསྐོ་བྱ་རྒྱུའི་གོ་སྐབས་ཡོད་པ་རེད། ངས་འབོད་སྐུལ་ཞུས་པ་འདི་གསར་བ་ཞིག་ཡིན་ཡང་ྋགོང་ས་མཆོག་གིས་སྐུ་ངལ་འཛེམ་མེད་ཀྱིས་བོད་མི་ཚོར་ཚད་ལྡན་གྱི་དམངས་གཙོའི་ལམ་ལུགས་ཞིག་གནང་བ་དེ་ལ་གུས་འདུད་རྒྱབ་སྐྱོར་ཤུགས་ཆེན་བྱས་པ་ཞིག་ཡིན།
འོས་མི་ཤེས་འཇོན་ལྡན་ཞིང་བསམ་ཚུལ་འདྲ་མིན་སྣ་ཚོགས་ཡོད་པའི་ཚོགས་པ་ཞིག་བསྡུ་རུབ་བྱས་ཏེ། མཁོ་ངེས་པའི་ལྟ་ཚུལ་གསར་བ་གང་མང་བརྗེ་རེས་བྱེད་ཐུབ་པ་ཡིན་ན། ཚད་དང་ལྡན་པའི་ཆབ་སྲིད་ཀྱི་ཚོགས་པ་ཞིག་མཐའ་མར་འབྱུང་ངེས་རེད། དེ་ལ་བརྟེན་ནས་ང་ཚོའི་ཆབ་སྲིད་ཀྱི་འགྲོ་ལུགས་གྲུང་ཤ་དོད་པ་ཞིག་ལ་རེ་བའང་བརྒྱབ་ཆོག་གི་རེད། དེ་ལྟའི་གསར་བ་ཡིན་ལ་ཤེས་འཇོན་སྣ་ཚོགས་ཡོད་པའི་འོས་མི་ཚོ་ལ་བརྟེན་ནས་ང་ཚོས་དུས་རྒྱུན་སེམས་འཁུར་བྱེད་པའི་གནད་དོན་དག་གླེང་སློང་ཤུགས་ཆེར་བྱེད་ཐུབ་པའི་ཁོར་ཡུག་ཡག་པོ་ཞིག་བསྐྲུན་ཐུབ་ངེས་རེད།
མཐའ་མ་དེར་ངའི་ལས་གཞི་འདིར་རྒྱབ་སྐྱོར་དང་དེ་བཞིན་དྲ་རྒྱ་འདི་ཡར་རྒྱས་གཏོང་རྒྱུ་དང་ཡིག་བསྒྱུར་གྱི་འགྲོ་སོང་སོགས་ལ་ཞལ་འདེབས་གནང་རྒྱུར་སྙིང་ཐག་པ་ནས་དགའ་བསུ་ཞུ་རྒྱུ་ཡིན།
ཐུགས་རྗེ་ཆེ།
ཁ་ན་ཌའི་གྲོང་ཁྱེར་མོན་ཁྲིར་རི་ཡ་རུ་གནས་སྡོད་ཐུབ་བསྟན་བསམ་འགྲུབ་ཀྱིས། ཡིག་བསྒྱུར་པ། གནམ་ལྷ་ཚེ་རིང་།
ཐུབ་བསྟན་བསམ་འགྲུབ་ཀྱིས་བཀའ་བློན་ཁྲི་པའི་འོས་མི་འཚོལ་ཞིབ་བྱེད་སྟངས་དེ་དང་རྒྱ་མི་རྣམས་ཀྱིས་བོད་དུ་ཡོང་ནས་བྱེ་མའི་ནང་ནས་གསེར་བཙགས་སྟངས་དེ་གཉིས་རིགས་པ་འདྲ་མཚུངས་སུ་འདུག ཡིན་ན་ཡང་གསེར་གཅིག་ཀྱང་མེད་པའི་བྱེ་ས་ཞིག་ཡིན་ན་ཅི་བྱེད། མཐའ་མཇུག་རྡོ་སྙིང་རྗེ་པོ་ཞིག་ལག་པས་བསྒྲུགས་ཡོང་བ་ལས་འོས་མེད།
གང་གི་བཀའ་མོལ་དེ་དངོས་གནས་བདེན་པ་མཐོང་སོང་། ༡༩༥༩ ལོར་བོད་པ་སྐྱབས་བཅོལ་བ་ཁྲི་བརྒྱད་པོ་དེ་ལ་བོད་གཞུང་ཟེར་མིང་བཏགས་པ་ནས་ད་བར་རྒྱལ་ཁབ་སུས་ཀྱང་བཙན་བྱོལ་གཞུང་གི་ངོས་ལེན་མ་ཐོབ་པ་དང་། དེ་ཡང་དམངསགཙོ་ཡར་མ་རྩོད་པར་མར་གནང་བ་ཟེར་ནས་དམངས་གཙོ་བཅོས་བསྒྱུར་ངོ་མ་ནམ་ཡང་ཡོང་ཐབ་མེད་པར་བཟོས། ད་ཆ་ཡུལ་འགྱར་བ་འབུམ་གཅིག་ལྷག་ཙམ་ཡོད་པ་དེ་ལ་བཅའ་འཁྲལ་ཕབས་ནས་བཀའ་བློན་ཁྲི་པ་ཟེར་བ་སོགས་ཀྱི་མིང་འདོགས་རིམ་པ་བཟོས་ནས་བོད་མི་བོད་གཞུང་གི་མིང་ལ་དད་ཅན་རྣམས་མགོ་རྨོངས་ཆེར་འགྱུར། རང་བཙན་སང་ཉིན་དང་སྣང་ཉིན་ཟེར་ནས་མི་ལོ་ལྔ་བཅུ་བསྐྱལ། རྒྱ་གར་གཞུང་གི་ཁྲིམས་ཀྱི་སྟེང་བོད་གཞུང་གི་ཁྲིམས་དང་ཁྲིམས་ཁང་སྣོན་མ་བཟོས་པ་བཅས་དོན་དངོས་དང་མ་མཐུན་པའི་འཆར་གཞི་དག་གི་ཐོག་ནས་སོང་བ་ད་ཆ་ཅི་དྲག་གང་དྲག་གི་གནས་སུ་ལྷུངས། ད་ཆ་མིང་དོན་མ་མཚུངས་པའི་བཀའ་བློན་ཁྲི་པ་བྱེད་མཁན་དེ་གསེར་མེད་པའི་བྱེ་མ་ནས་གསེར་འཚོལ་དགོས་པ་ལྟ་བུའི་གནས་སྟངས་འདིར་བསླེབས་པ་གང་དྲག མི་འུ་ཐུག་ན་ལྷ་ལ་ཞུས་ཟེར་བ་ལྟར་བོད་གཞུང་ནས་ལྷ་མང་པོ་ཞིག་ལ་ཟླ་ཕོག་སྤྲད་ནས་རྟག་ཉར་གནང་ཡོད་པ་དེ་ཚོའི་གང་བཤད་ལ་ཉན་ན་བླ་མའི་ཡང་སྲིད་ལྟར་ཐག་བཅོད་བྱེད་ཐབ་སྟབས་བདེ་གི་མ་རེད་དམ།་ ནོར་ལྷ་ནས།
མི་འུ་ཐུག་ན་ལྷ་ལ་འདྲི། ལྷ་འུ་ཐུག་ན་རྫུན་བཤད།
རྒྱ་མིས་ང་ཚོར་མགོ་སྐོར་བཏང་། ལྷས་ང་ཚོ་བསླུས། མཐར་དེད་ན་རང་གིས་རང་བསླུས་པ་ཞིག་མ་རེད་དམ།
ད་ང་ཚོ་འདི་ལྟར་འགྲོ་དགོས་པ་ཞིག་མ་གཏོགས་གདམ་ག་གསར་པ་འདྲ་འདུག་ཨེ།
ངས་ནམ་རྒྱུན་བསམ་བློ་ལ་བོད་ལ་མི་འཇོན་པོ་མེད་པའི་དཀའ་ངལ་ལ་འཕྲད་འདུག་བསམས་པ་ཞིག་མེད། བོད་ཀྱི་གཞུང་འཛིན་ལམ་ལུགས་འདིས་མི་འཇོན་པོ་ལ་ལས་ཀ་བྱེད་མ་བཅུག་པའི་བསམ་ཚུལ་ཞིག་ཡོད། མིའི་འཇོན་ཐང་ལ་བལྟ་རྒྱུ་ལས་མིའི་ཡོང་ཁུངས་དང་མིང་གྲགས་ལ་ལྟོས་ནས་ལས་ཀ་སྤྲོད་སྲོལ་དེས་ང་ཚོ་ལ་ཕམ་ཆེན་པོ་ཡོད། བོད་མི་ལ་བཀའ་བློན་ཁྲི་པར་འོས་པའི་མི་སྟོང་ཕྲག་རེ་ཡང་ཡོད་སྲིད་ལ་དེ་ལས་ཀྱང་མང་སྲིད། ལས་ཀ་བྱེད་མ་བཅུག་ན་འཇོན་ཐང་ག་ནས་མཐོང་ཐུབ།
རྒྱ་རི་ཚོགས་ཁག་གིས་བྱང་ཨ་རི་དང་ཡུ་རོབ། པེ་ཅིན་བཅས་སུ་འཛམ་གླིང་མི་དམངས་ལ་བོད་ཀྱི་ཆབ་སྲིད་ཀྱི་འཁྲབ་སྟོན་འཁྲུག་པོ་བྱས་ཏེ། རྡ་རམ་ས་ལ་ཆུང་བའི་སྒང་ལ་ཇེ་ཆུང་དུ་བཏང་སོང་། བཀའ་བློན་ཁྲི་བ་མ་གཏོགས་བཀའ་བློན་ཡང་ཁྲི་བྱུང་ནའང་དེས་གཞིས་ཆགས་ཐར་ཐོར་ཚོའི་བདེ་དོན་རེ་བཤད་ནས་འདུག་རྒྱུ་མ་གཏོགས། རྒྱ་རི་ཚོགས་ཁག་གི་གྲིབ་ནག་ལས་ཐར་རྒྱུ་དཀའ་མོ་རེད།
ཟམ་གདོང་བླ་མར་ཐལ་ཆེ་བའི་ངན་བཤད་མ་བརྒྱག ཁོས་སྲིད་སྐྱོང་མི་ཤེས་པ་གཏོགས། ཁོང་གིས་ཕྱི་ནང་གི་རིགས་པའི་གཞུང་ལུགས་ཀྱི་ལྟ་གྲུབ་སྣ་ཚོགས་ཁོང་དུ་ཆུད་ཡོད་པར་སུས་ཀྱང་ཁས་ལེན་མི་བྱེད་ཀ་མེད་རེད། ད་ལྟ་ང་ཚོས་གཞུང་འཛིན་བླ་རྒན་ཚོར་ཁ་གཏོང་བཞིན་ཉི་མ་འཁྱོལ་ཐབས་བྱེད་ཀྱི་ཡོད་མོད། བོད་ཀྱི་བདེ་སྡུག་འདི་བོད་སྐད་མ་གཏོགས་བོད་ཡིག་མི་ཤེས་པའི་རྒྱ་རི་ཚོགས་ཁག་དང་ཡང་ན་རག་སྡིས་ཚོགས་ཁག་གི་ལག་ཏུ་ཤོར་བའི་ཉིན་མོར། སྡུག་བསྔལ་ཆེ་ཤོས་ནི་བོད་ཡིག་མ་གཏོགས་འབྲི་མི་ཤེས་པའི་ཁ་བརྡའི་དྲ་ཉུལ་ཚོ་མ་གཏོགས་གཞན་སུ་གང་མིན་པར་འདོད།
བོད་སྐད་ཤེས་ནས་བོད་དོན་བརྗེད་པ་ལས། བོད་སྐད་བརྗེད་རུང་བོད་དོན་ལས་མཁན་དགའ་ཡོང་། ཨ་ལགས་ལེགས་ཅི་རེད། ད་ལོ་བྱང་ཨ་རི་དང་ཡོ་རོབ། པེ་ཅིན་སོགས་ནས་དགྲ་ལ་ཁ་གཏད་བྱས་པར་ཁྱོད་ལ་ཅིག་མ་འཕྲོད་པ་མིན་ནམ། ང་ཡིན་ན་གཞིས་ཆགས་ཁག་དང་ལྷག་པར་ཏུ་ཕྱི་ལོགས་ནས་དེང་དུས་སློབ་གཉེར་ཐོན་པའི་ན་གཞོན་ཕལ་ཆེ་བའི་སེམས་ཤུགས་དང་ཆབ་སྲིད་ཀྱི་འགྲོ་སྟངས་རང་མགོ་ཐོན་པ་ཡོད་པར་དགའ་ནས་བསྡད་ཡོད། རིགས་གཅིག་ལ་ཁ་བརྡར་ཡ་མ་གཏོགས་བསམ་བློ་གཏོང་ཤེས་མཁན་ཧ་ཅང་ཉུང་ཉུང་ཡིན་པ། དེ་ཡང་མཐར་གཏུགས་ན་དགྲ་བོས་བཟོས་པ་རེད་ལ། གྱོད་ལ་གཏུགས་ན་དགྲ་བོ་ལས་གཞན་འགྲོ་ས་ཡོད་པ་མ་རེད། ཨོ་་་་པེ་ཅིན་ན་བཞུགས་པའི་འོད་ཟེར་ལགས་ཀྱིས་བོད་ཡིག་མི་ཤེས་རུང་བོད་དོན་ཆེད་སྲོག་ཡན་ཆད་གཏོང་བར་དམ་བཅའ་འདུག་པ་མཐོང་མ་སོང་ངམ།།
དཀོན་མཆོག་གིས་བོད་ཡིག་མི་ཤེས་རུང་སྐྱོན་མེད་པའི་དཔེ་མཚོན་དུ་པེ་ཅིན་གྱི་འོད་ཟེར་དྲངས་ཡོངས་པ་འདིར་གནད་འགག་འདུག ངས་དེ་ལ་བསམ་ཚུལ་ཚིག་ཁ་ཤས་བཤད་རྒྱུ་ཡིན།
འོད་ཟེར་ལྟ་བུའི་མང་པོ་ཞིག་གིས་བོད་ཡིག་མི་ཤེས་པ་དེ་ཁོ་མོའི་གདམས་ཀ་རེད་དམ་ཡང་ན་སྲིད་ཇུས་ཀྱི་དབང་གིས་རེད་ང་ཚོས་དྲི་བ་འདྲི་དགོས། འོད་ཟེར་གྱིས་གལ་སྲིད་བོད་ཡིག་སྦྱངས་ཡོད་ཚེ། ཁོ་མོར་ད་ལྟའི་ཤུགས་རྐྱེན་འདི་འདྲ་ཞིག་འབྱུང་ཐུབ་མིན་ཡང་ང་ཚོས་དྲི་བ་འདྲི་དགོས།
བཙན་བྱོལ་དུ་གསར་འབྱོར་ཚོ་མ་གཏོགས་བོད་ཡིག་གི་ཐོག་ནས་རྩོམ་འབྲི་མཁན་དང་བོད་ཡིག་གི་ཐོག་ནས་གསར་འགྱུར་ཀློག་མཁན་གྱི་མི་རབས་ཕལ་ཆེར་རྫོགས་སོང་ཞེས་ངའི་གྲོགས་པོ་ཞིག་གིས་བཤད་མྱོང་ལ་དེ་དངོས་ཡོད་གནས་ཚུལ་རེད། གསར་འབྱོར་གྱི་ནང་ནས་ཀྱང་མང་ཆེ་བ་དབྱིན་ཡིག་གི་ཀློག་ངོ་ཆོད་ཙམ་ལས་མེད་ཅིང་། དེའི་ནང་ནས་ཀྱང་ཁག་ཅིག་ནི་གྲྭ་བ་རེད། ཁོང་ཚོར་སྐད་ཡིག་གཉིས་ཤེས་ན་བཟང་ཞེས་བཤད་ན། རྒྱལ་བ་རིན་པོ་ཆེས་ཀྱང་སྐད་སྒྱུར་འཁྲིད་ཀྱི་འདུག་ཅེས་ལན་བསློགས་ཀྱི་འདུག འདི་ལྟར་ལན་བསློགས་མཁན་ཀླུ་སྨྱོན་རེད། ངའི་བུ་ཕྲུག་གིས་བོད་ཡིག་སྦྱངས་ན་བོད་ཡིག་གི་དེབ་རྙིང་པ་ཕལ་ཆེར་ཆོས་རེད་ལ། གསར་བ་ཕལ་ཆེར་ཀླུ་སྨྱོན་ལྟ་བུའི་ཤེས་ཚད་ཅན་གྱི་མིས་བྲིས་པའི་དེབ་རེད། བོད་ཡིག་མ་གཏོགས་མ་ཤེས་ན་བྱིས་པ་འདི་ཚོར་ཀློག་དེབ་ཀྱི་གདམ་ཀ་ཆེན་པོ་མེད་པར་དགེ་བསྐོས་བཙན་པོ་ཀློག་དགོས་ཚེ་དཀའ་མོ་རེད།
དེ་བཞིན་དུ་ཆེ་ས་ནས་ཁ་བརྡའི་དྲ་ཉུལ་བ་ཁ་ཤས་ཀྱང་དེ་འདྲ་རེད། གདམས་ཀ་གཞན་མེད་ནས་འདིར་ཡོང་བཞིན་ཡོད་པས། ང་ཚོར་བོད་ཡིག་མི་ཤེས་པའི་དགེ་སྐྱོན་ཉམས་མྱོང་གི་ཐོག་ནས་བཤད་རྒྱུ་མང་པོ་ཡོད།
བོད་ཡིག་མི་ཤེས་རུང་འགྲིག་ན། དབུ་མའི་ལམ་ལ་དགག་པ་རྒྱོབ། དབུ་མའི་ལམ་གྱི་དགོངས་དོན་གཙོ་བོ་ནི་ཆོས་དང་རིག་གཞུང་སྲུང་སྐྱོབ་རེད། ཡིན་ནའང་དཀོན་མཆོག་གིས་དེ་འདྲ་བྱེད་ཐུབ་མདོག་མི་འདུག དེ་སྔ་མི་ཞིག་གིས་ཁྱོད་ལ་རྒྱལ་བ་རིན་པོ་ཆེ་ལ་དགའ་བ་དང་འཚེ་མེད་ཞི་བ་བསྲུང་མི་ཐུབ་པ་འདི་འགལ་བ་རེད་ཅེས་བཤད་སྐབས་ཁྱོས་དེ་ལ་གོ་བ་ལེན་འདོད་བསྟན་མ་སོང་།
ད་ཡང་ཁྱོད་ཀྱིས་འགོ་འཁྲིད་དང་མི་དམངས་གཉིས་བར་གྱི་ཁྱད་པར་ལ་དོ་སྣང་བྱེད་ཀྱི་མི་འདུག དབང་སྒྱུར་བྱེད་མཁན་གྱིས་བོད་ཡིག་མ་ཤེས་ཚེ་ཤེས་རིག་གི་སྲིད་ཇུས་འདིང་ཕྱོགས་ཀྱི་ཐོག་ནས་འཐུས་ཤོར་འགྲོ་གི་རེད། བཙན་བྱོལ་གྱི་ཤེས་རིག་སྲིད་ཇུས་ནི་འདིའི་དཔེ་མཚོན་བཟང་པོ་ཞིག་རེད། ཟམ་གདོང་བླ་མས་གནད་འགག་འདི་བཅོས་སྒྱུར་བྱེད་ཆེད་ཁོའི་བཀའ་བློན་གྱི་ལས་ཡུན་རྫོགས་རུང་ཁོའི་ཤེས་ཡོན་སྲིད་ཇུས་དེ་མུ་མཐུད་ནས་འདུག་ཐུབ་རྒྱུར་ཁྲིམས་བཟོ་ལྷན་ཚོགས་ཀྱི་རྒྱབ་སྐྱོར་ཐོབ་པར་བྱས་ཡོད་པ་ལྟ་བུ་ཡིན། སྲིད་དོན་གྱི་དབང་ཤེད་འཕྲོག་རྩོད་ལ་རྒྱུས་མེད་ཚེ། ཁ་བརྡ་འདིར་བྲོ་བ་ཡོང་ཁག་པོ་འདུག
ཐོག་མར་གསལ་བོར་བཤད་ཡ་ལ་ང་ཡིན་ན་རང་བཙན་གཙང་མ་འདོད་མཁན་ཞིག་ཡིན། དེ་ཡང་མྱུར་ཏུ་ཐོབ་ན་ཅི་མ་རུང་དྲན་ནས་བསྡད་ཡོད། གལ་ཏེ་རང་བཙན་དང་རིག་གཞུང་སྲུང་གཙི་གཉིས་འདེམས་ང་འདྲ་ཡིན་ན་ངས་དང་བོ་དེ་འདེམས་ས་རེད། རིག་གཞུང་བརླག་རུང་རང་བཙན་ཐོབ་ནས་སོས་དལ་སྡོད་པའི་མི་རིགས་མང་བོ་གཡས་གཡོན་ན་མཐོང་ཡ་འདུག ཡིན་ནའང་བསམ་བློ་འདི་ལྟ་བུ་ཡོད་ན་དབུ་མའི་ལམ་དང་༧གོང་ས་མཆོག་ལ་ཁ་གཏད་དུ་ལངས་དགོས་པ་ཞིག་ལ་ངས་ནམ་ཡང་མཐོང་གི་མི་འདུག མ་ཟད་དབུ་མའི་ལམ་ནི་རང་རེ་དམིགས་ཡུལ་ཡོད་སར་འགྲོ་བའི་ལམ་ཁ་ཡག་ཤོས་ཤིག་ལ་མཐོང་གི་འདུག དབུ་མའི་ལམ་གྱི་སྲིད་ཇུས་ལ་དགྲ་བོས་བོད་འདི་གནའ་ནས་ཁོ་བོའི་འོག་ཏུ་ཡིན་པ་ཁས་ལེན་དགོས་ཟེར་བའི་གནད་འགག་ཀྱང་མཐར་གཏུགས་ན་རང་རེར་ལམ་ཁ་གཞན་ཞིག་འགོག་གི་ཡོད་རེད། དེ་ནས་དེང་སང་མི་ཁ་ཤས་ཀྱི་རང་གི་འདོད་པ་གཅིག་བུ་ལས་རང་རེའི་གནས་སྟངས་ལ་དཔག་པའི་སྐད་ཆ་དྲང་མོ་དང་འགན་ཡོད་པ་དེ་འདྲ་བཤད་ཀི་མི་འདུག དེའི་གྲངས་ངས་ཉེན་ཁ་ཞིག་ལ་མཐོང་གི་ཡོད། དཔེར་ན་ཡེ་ཤེས་རེད། བོད་དོན་ལ་རེ་བ་ཡོད་མ་རེད་ཟེར་བཞིན་ང་བཀའ་ཁྲི་ལ་ལང་གི་ཡིན་ཟེར་བ་དང་། རང་རེའི་ལམ་དང་ལུགས་སྲོལ་མང་བོ་ཞིག་འགྲིག་གི་མི་འདུག་ཟེར་ནས་སྐད་འདོན་བཞིན་ཁེ་བཟང་རེག་ན་མ་ཤེས་ཁུལ་བྱས་འཇོག་པ་དེ་འདྲ་ངོ་མའི་རང་ལུགས་མེད་པ་གཟུར་གནས་ཤེས་ཡོན་པའི་ལས་ཀ་མ་རེད། དེ་བས་ངས་ཁོ་རང་བཀའ་ཁྲིར་མ་ལངས་རོགས་ཟེར་ནས་ཆ་ཀྱེན་ཞིག་བཏོན་པ་ལ་ཁོས་ཧུ་ཅིན་ཐོ་དང་རྦུ་ཤི་གཉིས་དྲུད་ཡོང་གི་འདུག ཁོ་རང་གཉིས་ཀའི་སྐད་ཡིག་གི་ནང་ལ་ཆབ་སྲིད་ཀྱི་ལག་ཆ་ཐམས་ཅད་གང་འདོད་ལེན་ཡ་ཡོད་རེད།
རང་རེའི་སྐད་ལ་དེ་འདྲ་མེད་པ་དངོས་འབྲེལ་ཡིན་པས་ངས་ལོགས་སུ་སྐད་ཅིག་ཤེས་དགོས་པ་གནད་འགག་ཅིག་ལ་མཐོང་བ་དེ་ལྟར་ཡིན།
དཀོན་མཆོག་ལ།
མི་རིགས་རང་གི་སྐད་ཡིག་ལ་རང་བཙན་མེད་པའི་ཆབ་སྲིད་ཀྱི་རང་བཙན་ཟེར་བ་དེ་ཅི་འདྲ་ཞིག་ཡིན་ནམ།
དེའི་དཔེ་མཚོན་ནི་བོད་བཙན་བྱོལ་སྤྱི་ཚོགས་ལྟ་བུ་རེད་དམ། ད་བར་དུ་དབྱིན་ཡིག་ཏུ་དཔེ་ཆ་རྩོམ་ཐུབ་མཁན་བོད་མི་ཁས་ཤིག་བྱུང་བ་དེ་ཚོ་དབྱིན་སྐད་ཤེས་མི་ཤེས་གཉིས་ཀའི་བོད་ཀྱི་རྒྱན་ལྟ་བུ་ཞིག་ཏུ་བརྩིས་ཏེ། དཔེར་ན་རྒྱལ་རབས་ལ་མཁས་པ་ཚེ་རིང་ཤཱཀྱ་ཞེས་ཟེར་ཡོང་གི་འདུག དབྱིན་ཡིག་མི་ཤེས་ཚེ་བོད་ཀྱི་མཁས་པ་འདི་ཚོའི་གསུངས་ཕར་ཞོག ཐ་ན་རྒྱལ་བ་རིན་པོ་ཆེའི་མཛད་རྣམ་ཡང་དེབ་གཅིག་མ་གཏོགས་ཀློག་རྒྱུ་མེད།
དབྱིན་ཡིག་གིས་ཆོག་ན་དང་པོ་ནས་རྒྱལ་བ་རིན་པོ་ཆེས་བཙན་བྱོལ་དུ་ཟུར་ནས་ས་རྒོད་བསློགས་ནས་བོད་ཀྱི་གཞིས་ཆགས་དང་སློབ་གྲྭ་འཛུགས་དགོས་དོན་མེད་མོད། ཡིན་ནའང་དེང་སང་བཙན་བྱོལ་དུ་གཞིས་ཆགས་སྟོངས་པར་ཉེ་ཞིང་། བོད་ཡིག་ནི་གསར་འབྱོར་ཁ་ཤས་ཀྱི་ཁ་ལག་གཉིས་ཀྱི་བར་ནས་མ་གཏོགས་མི་ལྷག་པ་མཐོང་ནས། རྒྱལ་བ་རིན་པོ་ཆེས་གང་མགྱོགས་བོད་དུ་རིག་གཞུང་གི་རང་སྐྱོང་མ་བཙལ་ཀ་མེད་ཆགས་པ་རེད། དེ་བས་སྐད་ཡིག་གི་རང་བཙན་ནི་དབུ་མའི་ལམ་གྱི་དམིགས་ཡུལ་ཆེན་པོ་གཅིག་རེད།
ཀླུ་སྨྱོན་ཁོ་གཡུག་ཞོག སྨྱོས་ཚར་འདུག ཡིན་ནའང་ཁྱོད་ཀྱིས་བོད་ཡིག་མི་དགོས་ཞིང་། འཚེ་མེད་ཞི་བ་ཡང་མི་དགོས་པའི་ཐོག་ནས་དབུ་མའི་ལམ་ལ་དགའ་ཞེན་སྟོན་པ་འདིར་ངས་གོ་བ་ལེན་ཐུབ་ཀྱི་མི་འདུག འདི་སྨྱོ་རྟགགས་མིན་རུང་ཉོག་རྟགས་མ་རེད་ཅེས་བཤད་དཀའ།
དབུ་མའི་ལམ་ལ་ཁ་གཏད་དུ་ལངས་ན་རྒྱལ་བ་རིན་པོ་ཆེ་ལ་དད་པ་ལོག་པ་དེ་འདྲ་མ་རེད། མ་གཞི་ནས་ང་ཚོའི་ཁྲོད་དུ་དབུ་མའི་ལམ་མ་ཡིན་པའི་རང་བཙན་གྱི་ལྟ་གྲུབ་འཛིན་མཁན་གཞོན་ནུའི་ཚོགས་མི་ཚོ་རེད་མོད། ཡིན་ནའང་རྒྱ་རིས་གཙོས་པའི་གཞོན་ནུའི་ཚོགས་མི་ཕལ་ཆེ་བར་གཞུང་གི་གོ་ས་རེག་ཚེ་ཆབ་སྲིད་ཀྱི་ལངས་ཕྱོགས་དོར་ཆོག་ཆོག་རེད། ཟམ་གདོང་གིས་ཉེ་ཆར་འདིའི་ཉེན་ཁའི་ཐོག་ལ་གསལ་བཤད་བྱས་པ་ནི་བསླབ་བྱའི་བདུད་རྩི་རེད། མི་ཞིག་གི་བསམ་ཚུལ་བྱེ་བྲག་ལ་མོས་མཐུན་མེད་པ་ཙམ་གྱིས་མི་དེའི་ཁ་གཏད་པར་བརྩི་བའི་གཤིས་ངན་དེ་ལ་རིམ་གྱིས་གསལ་བོར་བཟོ་དགོས་ཀྱི་འདུག
ལངས་ཕྱོགས་ཀྱི་ཐོག་ནས་རྡ་སའི་ཀླུ་མཁར་བྱམས་ལྟ་བུ་དཀོན་པོ་རེད་བསམ། གོ་ཐོས་ལ་ཁོས་གཞུང་གི་ལས་ཀ་དང་སྨྲ་བརྗོད་རང་དབང་གཉིས་ལས་རྗེས་མ་དེ་འདེམས་པ་རེད་ཟེར། ཀླུ་སྨྱོན་གྱི་གཏམ་སྤྱོད་གཉིས་ཀྱི་འགལ་བ་ལ་ང་ཡང་ཧ་ལས་སོང་། ཁ་ཤས་ཀྱིས་ཨ་མདོ་སྙན་ངག་པ་དེ་ཚོ་ཟེར་ནས་དམའ་འབེབས་གཏོང་ས་དེ་ཀླུ་སྨྱོན་གྱི་རིགས་ལ་བཤད་ཀྱི་མེད་འགྲོ ཐབས་སྐྱོ་བོ་འདྲ་ཞིག་མཐོང་གི་འདུག བཞུགས་ཁྲི་མེད་པའི་བླ་མ་དང་གདན་ས་མེད་པའི་གྲྭ་བ་འཁྱམས་པོ་འདི་ཚོ་ལས་ལྷག་གི་བསྟན་དགྲ་ཞིག་གང་ན་ཡོད། འདིར་བསྟན་དགྲ་ཟེར་དོན་ནི་ཁོང་ཚོའི་ལུས་ལྡོམ་པའི་ཐོག་ལ་སེམས་ཡང་ལྡོམ་པོ་རེད། དེང་རབས་ཀྱི་ལྟ་བ་ཐན་ཐུན་རེ་ཤེས་ན་དེས་གྲྭ་སའི་གྲྭ་བ་ཚོའི་མགོ་རྡུང་སྤྱད་བྱེད་ཀྱི་རེད། དེང་རབས་གྲྭ་བ་འདི་ཚོ་སེར་སྐྱ་གང་ལའང་མ་ཐེ་བའི་མ་ནིང་རེད། ད་ནས་བཟུང་ངས་ཀླུ་སྨྱོན་ལ་མ་ནིང་ཀླུ་སྨྱོན་ཞེས་འབོད་ཀྱི་ཡིན།
འདིར་ཨ་ལགས་ལགས་ནས་ང་ལ་གཞི་མེད་སྒྲོ་འདོགས་ཤིག་བྱས་འདུག མ་གཞི་ང་ནི་མི་མཁྲེགས་པོ་ལྕགས་ལྟ་བུ་ཞིག་ཡིན་པས་ཁྱད་པར་མེད་ན་ཡང་གསལ་བཤད་ཅིག་མ་བྱས་ན་དྲ་གྲོགས་ཚོའི་བར་གྱི་དམ་ཚིག་ལ་གནོད་པར་སེམས། ཉིད་ཀྱིས་ངས་གྲྭ་སའི་གྲྭ་པ་ཚོའི་མགོ་རྡུང་གིན་ཡོད་ལུགས་གསུངས་དེ་གང་ལ་དམིགས་པ་ཡིན། དེ་ནི་དགེ་བསྐོས་བཙན་པོ་ཚོས་དྲག་རྡུང་བྱེད་པ་ལ་དམིགས་པའི་རྩོམ་ཡིག་འགའ་སྤེལ་བ་ལ་ཟེར་བ་ཡིན་ན་དེ་ནི་མགོ་རྡུང་མཁན་དེ་ནི་ང་མིན་པར་དུས་རབས་ཉེར་གཅིག་པའི་སྤྱི་ཚོགས་འཕོ་འགྱུར་གྱི་རྦ་རླབས་དྲག་པོ་འདི་དང་འགྲོ་བ་མིའི་གཞི་རྩའི་ཐོབ་ཐང་སྲུང་སྐྱོབ་ཀྱི་ལམ་ལུགས་གཉིས་ཡིན་པ་དེ་མཁྱེན་གལ་ཆེ། ཉིད་ལྟ་བུའི་རིག་པ་དྭངས་གསལ་ཅན་གྱི་ཨ་མདོའི་གསར་བུ་དེང་རབས་པ་ཞིག་གིས་འདི་ལ་རྒྱབ་སྐྱོར་མེད་ན་ཡང་དེའི་སྟེང་དུ་ད་དུང་ལྡོག་ཕྱོགས་ཀྱི་ལྟ་བ་མཚོན་པའི་རྩོམ་ཡིག་སྤེལ་བ་ལ་ངོ་མ་བློ་ཕམ་བྱུང་། དེ་མ་གཏོགས་ཀླུ་སྨྱོན་བླ་མིན་མི་མིན་གྲྭ་མིན་གྲོང་མིན་ཕོ་མིན་མོ་མིན་ཟེར་བ་འདི་དག་ནི་སྤྱིར་ན་དྲ་ངོས་ཆུང་ཆུང་འདིའི་ཤོང་ཚད་ལ་གནོད་པའི་ཚིག་ལྷག་རེད་བསམས། གལ་སྲིད་ངས་དེ་དག་གི་ལན་དུ་ཁྱོད་ཚོ་དྲ་འབུ་རེད་ཅེས་ལན་བཏབ། དེ་ཡང་སྐྱར་ཁྱོད་ཚོས་ཁྱོས་སྐྱག་པ་ཟོ་ཟེར་ནས་ཚིག་མགོ་ནས་ཚིག་རྔ་བར་དུ་ཚིག་རྩུབ་བརྗོད། དེ་ལ་ངས་ཀྱང་ཁྱོད་ཚོ་དྲ་གདོན་རེད་ཟེར་ནས་ལན་བརྒྱབ། དེ་ནས་ཡང་ཁྱོད་ཚོས་ལན་དུ་ཁྱོད་དྲ་ངོས་འདིའི་སོ་ཉུལ་རེད་ཟེར་ནས་ལན་བརྒྱབ། འདི་ལྟར་ཆོ་མེད་བྲོ་མེད་ཀྱི་ནག་མོའི་ཅོ་འཛིང་བྱས་ནས་བསྡད་ན་ཁེ་བཟང་དེ་སུ་ལ་རག་གི་རེད།
ཁྱོའི་དགེ་སྐོས་བཙན་པོ་དེ་གཡུག་ཞོག བཙན་པོའི་འོག་ནས་མ་བསྡད་པའི་བོད་མི་ཉུང་ཉུང་རེད། ཁྱོས་གྲྭ་སའི་གྲྭ་བའི་མགོ་རྡུང་སྤྱད་གང་གང་བྱེད་པ་ངས་གསལ་བཤད་བྱེད། ཁྱོས་གྲྭ་བ་རྒྱ་ཡིག་མི་ཤེས་མཁན་ཚོའི་གྲས་ནས་ལུའུ་ཞུན་བཤད་དེ་ཁོ་ཚོའི་མགོ་རྡུང་གི་རེད། ཁྱོས་གྲྭ་བ་དབྱིན་ཡིག་མི་ཤེས་མཁན་ཚོའི་གྲས་ནས་ཟླ་བ་ནོར་བུ་དང་འཇམ་དབྱངས་ནོར་བུ་ཞེས་བགྲངས་ཀྱི་རེད། དེ་མིན་ན་ད་ལོ་ཁྱོས་འཇམ་ནོར་ལུའུ་ཞུན་འདྲ་བོ་འདུག་ཅེས་བཤད་མེད་དམ། ལུའུ་ཞུན་དང་འཇམ་ནོར་གྱི་འདྲ་ས་དང་མི་འདྲ་ས་བསྡུར་སའི་རྒྱ་ཡིག་དང་དབྱིན་ཡིག་གི་ཤེས་ཚད་ཁྱོད་ལ་ཡོད་དམ། སྒྱུར་རྩོམ་རེ་ཟུང་ཞིག་བཀླགས་རྗེས་དེས་མགོ་རྡུང་སྤྱད་བྱེད་ཀྱི་རེད།
ཡང་ཁྱོས་གྲོང་བའི་གྲས་ལ་ཡོང་ནས་ཆོས་བཤད་རྩིས་བྱེད་པ་མ་ཟད། ད་དུང་ང་ལ་ཨ་མདོའི་དེང་རབས་པ་ཟེར་ནས་དེང་རབས་ཀྱི་ཐ་སྙད་དང་ལྟ་བ་ལ་རྒྱུས་ཆེ་མདོག་སྟོན། དེང་རབས་ཀྱི་སྐད་ཆ་བཤད་མཁན་ཟི་ལིང་གི་ཞོགས་དུང་ངམ་བཀྲ་རྒྱལ་གྱི་གྲས་རེད། ལོ་རབས་བརྒྱད་ཅུའི་རྒྱ་ནག་ནུབ་བྱང་གི་སློབ་གྲྭ་ཆེན་མོ་ཐོན་མཁན་དེ་ཚོ་རེད། དེ་ཚོ་དང་ཁྱོད་གཉིས་གཅིག་པ་འདྲ་ཞིག་རེད། ང་ཁྱོད་ལ་ཆ་རྒྱུས་ཕྲན་བུ་ཡོད། ད་དུང་ཁྱོའི་སེམས་ཀྱི་གཏིང་ན་སྐྱུག་བྲོ་བའི་བོད་ཟེར་བའི་བརྗོད་གཞི་འདིའི་ཐོག་ལ་སྐད་ཆ་བཤད་འདོད་འགོག་ཏུ་མེད་པ་ཞིག་ཡོད་པ་ངས་ཤེས་ཀྱི་ཡོད། དགེ་སྐོས་བཙན་པོ་ཟེར་བ་དེའི་ཆ་ཤས་རེད། བཀྲ་རྒྱལ་དང་ཁྱོད་ཚོས་སྤྱི་ཚོགས་གཙོ་གྲས་ཀྱི་ཤུལ་ན་ལུས་པའི་ལྟ་བ་ལྡོམ་པོ་འགའ་ལ་བདག་བརྒྱབ་ནས་རང་གི་སྤྱི་ཚོགས་ཆུང་ཆུང་ལ་ཁབ་གཙགས་འབིག་གཙགས་བྱེད་ཀྱི་ཡོད། དེང་སང་ཡར་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་དེ་ཚོ་མ་གཏོགས་དེང་རབས་ཀྱི་ལྟ་བ་བཤད་མཁན་ཧ་ཅང་ཉུང་ཉུང་རེད། དེང་རབས་ཟེར་བ་དེ་བཤད་ན་མ་བཤད་ན་ནུབ་ཕྱོགས་ཀྱི་བློ་འབྱེད་རིང་ལུགས་(Enlightenment)ཟེར་བ་དེའི་ཐོན་རྫས་རེད། ནུབ་ཕྱོགས་ཀྱི་མི་ཚོས་དེང་སང་དུས་རབས་དེའི་བསམ་ཚུལ་ལ་ཁ་གཉེར་སྣ་གཉེར་བྱས་ཏེ་དེང་རབས་ཕྱི་དར་གྱི་ལྟ་བར་འཐམ་བཞིན་ཡོད། ཨ་རི་ན་ཁྱོད་ལ་ཆོས་བཤད་ས་ཁ་ཤས་ཡོད་པ་དེ་དེང་རབས་ཕྱི་དར་གྱི་བཀའ་དྲིན་རེད། དེང་རབས་པ་ཚོས་ཁྱོའི་ཆོས་ལ་ཉན་མདོག་ཁ་པོ་མ་རེད།
མགོན་པོ་དང་མེ་རོ་གཉིས་ཀྱིས་རོ་ལས་བྱེད་སྟངས་ཀྱི་ཐོག་ནས་སུ་ལ་ཤེས་རིག་ལྡན་པའི་རྩོད་པ་བརྒྱག་པ་འདིའི་འགག་རྩ་ཡང་དེང་རབས་ཀྱི་སྔ་ཕྱིའི་འགལ་བ་ལ་ཐུག་ཡོད།
ཡིན་ནའང་ཁྱོའི་སྒང་ན་བཟང་ཞིག་ཡོད་པ་དེ་ནུབ་ཕྱོགས་ཀྱི་ཤེར་རྟོགས་རིག་པ་བ་ཚོ་ཟེར་ནས་གྲྭ་སའི་གྲྭ་བ་ཚོའི་མགོ་རྡུང་སྤྱད་བྱེད་པ་ད་སྔ་གོ་མ་སོང་། ངས་ཁྱོད་ལ་བཙན་གཏམ་བཤད་པ་མིན་མོད། ཡིན་ནའང་མཚམས་མཚམས་ལ་ཁྱོའི་སྨྱོ་རྟགས་གྲུབ་རྟགས་དེར་སུན་གི། བཀའ་བློན་ཁྲི་བའི་འོས་གཞི་རྩེད་སྤྱད་མ་བྱེད་ཅེས་ངའི་གཞན་ཞིག་ཏུ་མཆན་བཏབ་པ་ལྟར་ཡིན། ཁྱོད་ལ་མ་ནིང་རེད་ཟེར་དོན་ནི་ཁྱོད་དགེ་སློང་ཞིག་གིས་གྲོང་བའི་གནས་ཚུལ་ཤེས་མི་ཤེས་དང་དགོས་མི་དགོས་ཚང་མའི་ཐོག་ལ་སྐེ་བསྲིངས་ནས་ཡོང་བ་དེར་ཟེར་གྱི་ཡོད།
ཚངས་དབྱངས་རྒྱ་མཚོས།
སྤྲིན་པ་ཁ་སེར་གཏིང་ནག
སད་དང་སེར་བའི་གཞི་མ།
བན་དེ་སེར་མིན་སྐྱ་མིན།
སངས་རྒྱས་བསྟན་པའི་དགྲ་བོ།།
ཞེས་པ་གསུངས་བ་ལྟར་སྐྱ་སེར་གང་ལའང་མ་གཏོགས་པའི་གྲུབ་རྟགས་སྟོན་མཁན་ཁྱོད་ལྟ་བུ་ཇེ་མང་དུ་སོང་ན་དེ་ལ་བསྟན་དགྲ་ཞེས་ཁྱད་གསོད་མི་བྱེད་པར་མིང་འཇམ་པོ་གཞན་ཞིག་གིས་ཇི་ལྟར་འབོད་དགོས་སམ། མི་རྒན་པས་ལ་ཕར་ཚུར་གྱི་ཉག་ཁ་དང་། སྒོ་ཕྱི་ནང་གི་ཐེམ་ཐོག་ནས་དགྱེས་སུ་འཇུག་ནས་འདུག་གི་མི་འཇུག་པ་དེ་དང་། སྐྱ་མིན་སེར་མིན་བྱས་ནས་མ་འདུག་ཟེར་བ་འདི་ཚང་མའི་བསྟན་དོན་གཅིག་རེད། གནས་དེ་རུ་བསྲི་གནོད་ཆེ། ཉེན་ཁ་ཆེ། མཉམ་པར་ཞོག འདི་ང་ཨ་ལགས་ཚང་གི་ལུང་བསྟན་ཡིན།
ད་ཁྱེད་ཚོར་བཀའ་བློན་ཁྲི་བའི་འོས་མི་འདོན་རྒྱུ་ཡོད་ན་ཡག་པོ་རེད། རྗེས་སུ་ཐུབ་བསམ་ལགས་ཀྱིས་དེའི་སྐོར་དྲ་གནས་བཟོས་ཚར་རྗེས་ང་ཚོས་བགྲོ་གླེང་ལྷུག་པོ་བྱེད་ཆོག དེ་མིན་ཡེ་ཤེས་ཀྱིས་རྩེད་མོ་རྩེད་བྱེད་དུ་བྲིས་པའི་འོས་མི་དེ་ཚོ་དང་རྗེས་འབྲེལ་གྱིས་གླེང་ཡོང་ན་ཉ་ཉོག་མཉམ་བསྲེས་རེད། དེ་བས་ངའི་བསམ་ཚུལ་ཐུང་ངུ་འདིའང་ང་འོས་མིར་ལང་གི་ཡིན་ཟེར་བ་དང་ངས་བདམས་པའི་བཀའ་ཁྲིའི་འོས་མི་ཉི་ཤུ་ངོ་སྤྲོད་ཟེར་བ་དེ་ཚོའི་གཤམ་དུ་བྲིས་མེད།
མ་གཞི་བཀའ་བློན་ཁྲི་བའི་འོས་མི་ཟེར་བ་དེ་གང་བྱུང་མང་བྱུང་བྲིས་ཡོང་ན་འགྲིགས་ཀྱི་ཨེ་ཡོད། མ་མཐའ་ཡང་འཛིན་སྐྱོང་སྐོར་སློབ་སྦྱོང་དང་ཡང་ན་མཉམ་མྱོང་ཡོད་པ་ཞིག་དགོས་ཀྱི་རེད་སྙམ། ང་ཡིན་ན་བཀའ་བློན་རྙིང་པ་སུ་གཅིག་ཀྱང་འདེམས་ས་མ་རེད།
ད་ཡིན་གཅིག་བཀའ་ཁྲིའི་འོས་མི་རེ་འཁྱེར་ཡོང་དགོས་ན་ངས་ནི་བུད་མེད་ཅིག་འདེམས་ས་རེད། དེ་ཡང་སེམས་ཤུགས་དང་ཤེས་ཡོན་གཉིས་ལྡན་ཞིག དཔེར་ན། མདོ་སྟོད་འཐུས་མི་དབུ་དཀར་གཡུ་གྲྲོན་གི་བཟོ་འདྲ་བོ་དེང་དུས་ཤེས་ཡོན་གྱི་སྟེང་དུ་བོད་སྐད་དག་མ་ཤོད་མཁན་དེ་འདྲ ། ཞིབ་འཇུག་བྱས་དང་མོ་གྲུང་མདོག་ཁ་བོ་ཞིག་ཡོད་རེད། དེ་ནས་བླ་མ་གྲ་བ་གོ་ས་དེར་ཧེབ་མ་ལང་རོགས། ལན་པོ་མི་འདུག་པ་མ་ཟད་དེའི་སྐོར་གྱི་ཤེས་བྱ་ཡང་ཡོད་མཁན་དཀོན་པོ་རེད། ཡིན་ནའང་ཆོས་པ་རྣམས་ཉོལ་ལ་སྡོད་ཟེར་གི་མེད། བོད་ཕྱི་ནང་གཉིས་ནས་དགྲ་ལ་ཁ་གཏད་བྱེད་མཁན་མང་ཆེ་ཤོས་གྲ་བ་རེད་ལ། མ་འོངས་པ་ན་ཡང་འགན་དེ་ག་རང་མུ་མཐུད་དགོས་རེད། དེ་ཡང་ལུགས་མཐུན་གྱི་སྒོ་ནས་མ་གཏོགས་གནམ་ལྡིང་ས་ལྡིང་བྱས་ན་གཞན་གྱི་མཐོང་སྣང་ལ་ཡག་པོ་ཡོད་མ་རེད། གཞིས་བྱེས་ངོ་མཇལ་མ་བྱུང་གི་བར་ཏུ་ཆོས་པ་སྲིད་དང་ཁ་བྲལ་ཐབས་ཡོད་མ་རེད། དེ་ནས་བོད་ལ་ལོག་ཡ་འདྲ་བྱུང་བའི་ཉིན་མོ་ནས་ཆོས་སྲིད་མཉམ་བསྲེས་བྱེད་ཡ་ཡོད་མ་རེད། བྱས་ཙང་ངས་ད་ལྟ་ནས་བྲག་ཁུང་ཡག་པོ་ཞིག་ལ་སེམས་པ་ཤོར་ནས་བསྡད་ཡོད།