Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བཀའ་བློན་ཁྲི་ཟུར་བསོད་ནམས་སྟོབས་རྒྱལ་མཆོག་སྐུ་གཤེགས་པ།

Posted on 2012-12-312012-12-31 By ཁ་བརྡ་ 20 Comments on བཀའ་བློན་ཁྲི་ཟུར་བསོད་ནམས་སྟོབས་རྒྱལ་མཆོག་སྐུ་གཤེགས་པ།

བོད་གཞུང་མང་ལ་བཀའ་དྲིན་ཆེ་བ་བཀའ་བློན་ཁྲི་ཟུར་བསོད་ནམས་སྟོབས་རྒྱལ་མཆོག་ནི། ཡབ་བྲག་གཡབ་མཛེས་ཆུ་ཚང་ཀུན་བཟང་ཚེ་བརྟན་དང་། ཡུམ་ཆབ་མདོ་ཡབ་ཚང་གི་སྲས་མོ་ཨ་ཡག་ལྷ་མོ་གཉིས་ཀྱི་སྲས་སུ་ཕྱི་ལོ་ ༡༩༣༥ ལོར་ཆབ་མདོ་རི་ཐུང་དུ་སྐུ་འཁྲུངས་ཤིང་། གཞིས་བྱེས་སྤྱི་ཚོགས་གཉིས་ནང་སློབ་གཉེར་དང་ཕྱག་ལས་ཆེ་ཕྲ་གནང་མྱོང་མཁན་ཞིག་དང་། བོད་བསྟན་སྲིད་ཀྱི་གནས་བབ་ཤིན་ཏུ་ནས་གཉན་འཕྲང་ཆེ་བའི་སྐབས་སུ། ཕན་དགེའི་དྲངས་པའི་ཕྱག་ལས་ཆེ་ཕྲ་རིམ་ཅན་གནང་བའི་མཛད་རྗེས་ཅན་ཞིག་ཡིན།

༡༩༤༧ ལོ་སྟེ་དགུང་གྲངས་ ༡༢ བར་ཆབ་མདོར་བཞུགསཤིང་དགུང་གྲངས་ ༧ པ་ནས་ཡི་གེ་འབྲི་ཀློག་བསླབ། ༡༩༥༡ ལོ་སྟེ་དགུང་གྲངས་ ༡༦ ནས་བྲག་གཡབ་བླ་བྲང་གི་རྩེ་སྐོར་མགྲོན་ལས་ཀྱི་ཕྱག་ལས་གནང་མགོ་ཚུགས། ༡༩༥༣ ལོར་སྙེ་ཐང་བདེ་བ་ཅན་ནམ་ར་སྟོད་གྲྭ་ཚང་དུ་ཆོས་ཞུགས་ཀྱིས་སློབ་གཉེར་གནང་།

༡༩༥༩ ཟླ་ ༣ ཚེས་ ༡༠ ཉིན་ལྷ་ལྡན་རྒྱལ་ས་ནས་རྒྱ་གར་ནང་བཙན་བྱོལ་དུ་ཕེབས།

༡༩༦༠ ལོ་ནས་ལོ་ངོ་གསུམ་རིང་ཝ་ར་ཎ་སི་ལེགས་སྦྱར་མཐོ་རིམ་སློབ་གྲྭར་ལེགས་སྦྱར་སྐད་ཡིག་སློབ་སྦྱོང་གནང་།

༡༩༦༣ ལོ་ནས་ ༡༩༦༧ ལོ་བར་ཝ་ར་ཎ་སི་ཧིན་རྡུའི་སློབ་གཉེར་ཁང་དུ་ཡིག་སྒྱུར་དང་བོད་ཡིག་འཛིན་གྲྭ་གཉེར།

༡༩༦༨ ལོར་༼ཤེས་བྱ༽གསར་དེབ་ཐོག་མར་གསར་བཏོད་གནང་མཁན་གྲས་སུ་ཞུགས་ཤིང་ཕྱག་ལས་གནང་།

༡༩༧༠ ལོར་བོད་ཀྱི་གཞོན་ནུ་ལྷན་ཚོགས་གསར་འཛུགས་གནང་མཁན་གྲས་སུ་ཞུགས།

༡༩༧༡ ལོར་དྲིལ་བསྒྲགས་ལས་ཁུངས་ཀྱི་དྲུང་གཞོན་གྱི་ཕྱག་ལས་གནང་།

༡༩༧༣ ལོ་ནས་དྲིལ་བསྒྲགས་དྲུང་ཆེའི་ཕྱག་ལས་གནང་།

༡༩༧༧ ལོ་ནས་བཀའ་དྲུང་ལས་འཕར་གྱི་ཕྱག་ལས་གནང་།

༡༩༨༠ ལོ་ནས་དྲིལ་བསྒྲགས་དྲུང་ཆེའི་ལས་གནས་དང་འབྲེལ་བའི་ཕྱག་ལས་གནང་།

༡༩༩༡ ལོ་ནས་བཀའ་ཤག་ཁྱབ་ཁོངས་ཆབ་སྲིད་ཚོགས་ཆུང་གི་རྒྱུན་ལས་དྲུང་ཆེའི་ཕྱག་ལས་གནང་།

༡༩༩༣ ཟླ་ ༧ ཚེས་ ༣༡ ལ་བཀའ་བློན་དུ་འདེམས་ཐོན་གྱིས་བཀའ་བློན་གྱི་ཕྱག་ལས་གནང་།

༡༩༩༥ ཟླ་ ༥ པ་ནས་བཀའ་བློན་ཁྲི་པའི་མཛད་འགན་བཞེས།

༢༠༠༡ ཟླ་ ༨ པ་བར་བཀའ་ཁྲིའི་མཛད་འགན་དང་འབྲེལ་བའི་ཕྱག་ལས་གནང་།

༢༠༠༡ ལོར་བགྲེས་ཡོལ་གྱིས་ ༢༠༠༢ བར་རྡེ་ར་རྡུན་བདེ་སྐྱིད་གླིང་དུ་བཞུགས།

༢༠༠༢ ཟླ་ ༤ ཚེས་ ༢༥ ནས་ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་གིས་གདན་ཞུས་ལྟར། མཛད་རྣམ་སྡེ་ཚན་དུ་ཕེབས་འབྲེལ་༸གོང་ས་མཆོག་གི་མཛད་རྣམ་༼ ལྷར་བཅས་འགྲོ་བའི་འདྲེན་མཆོག་སྲིད་ཞིའི་གཙུག་རྒྱན་༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་༸རྒྱལ་བའི་དབང་པོ་ཐམས་ཅད་མཁྱེན་པ་སྐུ་འཕྲེང་བཅུ་བཞི་པ་ཆེན་པོའི་རྣམ་པར་ཐར་པ་རྒྱ་ཆེན་སྙིང་རྗེའི་རོལ་མཚོ་རླབས་འཕྲེང་བརྒྱ་ལྡན༽འབྲི་རྩོམ་གནང་མཁན་ཁོངས་ཞུགས་ཏེ། ད་ཕན་མཛད་རྣམ་གླེགས་བམ་དགུ་དཔར་ཐོན་རིམ་པའི་ནང་ཕྱག་རྗེས་བཞག་ཡོད།

༢༠༡༢ ཟླ་ ༡༢ ཚེས་ ༣༠ ཉིན་ནོར་གླིང་འདབས་འབྲེལ་དུ་ཡོད་པའི་གཟིག་ཤག་ནས་སྐུ་གཤེགས།

གསར་འགྱུར།

Post navigation

Previous Post: ས་རིས་བྲིས་པ་ཡིན།
Next Post: གྲུབ་དབང་རྫོགས་ཆེན་པའི་མཁན་སྤྲུལ་ལྷན་འཛོམས་ཐེངས་གསུམ་པ།

Comments (20) on “བཀའ་བློན་ཁྲི་ཟུར་བསོད་ནམས་སྟོབས་རྒྱལ་མཆོག་སྐུ་གཤེགས་པ།”

  1. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2012-12-31 at 2:52 am

    དམ་པ་བསོད་ནམས་སྟོབས་རྒྱལ་མཆོག་སྐུ་གཤེགས་པར་གདུང་སེམས་ཀྱིས་སྐུ་གཤེགས་གང་གིས་བདེ་འགྲོ་ལྷ་མིའི་གོ་འཕང་བརྒྱུད་མཐར་ཐུག་རྣམ་པ་ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་སྟེ། འགྲོ་བ་གྲངས་ལས་འདས་པ་ཕན་པ་དང་། བདེ་བའི་ལམ་ལ་འགོད་པའི་མཛད་པ་སྐྱོང་བར་གྱུར་ཅིག་ཅེས་ཡིད་སྨོན་དང་། དམ་པ་མཆོག་གི་ཁྱིམ་ཚང་ལ་གདུང་སེམས་མཉམ་བསྐྱེད་ཞུའོ།།

  2. ཐུ་བ་རྒྱ་མཚོ། says:
    2012-12-31 at 2:59 am

    སྐུ་གཤེགས་བཀའ་ཟུར་བསོད་ནམས་སྟོབས་རྒྱལ་མཆོག་ལ་མྱ་ངན་གུས་འདུད་དང་གདུང་སེམས་མཉམ་བསྐྱེད་ཞུ།
    ཁོང་གི་སྐུ་ཚེ་གང་བོར་བོད་གཞུང་མང་ལ་ལྷག་བསམ་རྣམ་དག་དང་ཞབས་ཞུ་མི་མདན་པ་བསྒྲུབས་འདུག

  3. ཀརྡོ་གཉེར་ཕྱག་པ་ says:
    2012-12-31 at 3:15 am

    ཤུལ་ལུས་ནང་མི་ལ་མྱ་ངན་གདུང་སེམས་ཡོད། དལ་འབྱོར་རྟེན་བཟང་མྱུར་དུ་ཐོབ་ནས་འཕགས་མཆོག་སྤྱན་རས་གཟིགས་ཀྱིས་རྗེས་སུ་བཟུང་བར་ཤོག །

  4. སེང་གེ says:
    2012-12-31 at 4:16 am

    བཀའ་ཟུར་མཆོག་ལ་སྙིང་ནས་གུས་འདུད་ཞུ།

  5. ནམ་མཁའ says:
    2012-12-31 at 4:40 am

    བཀའ་ཟུར་ཁོང་ནི་དྲང་བདེན་དང་ས་ཁུལ་ཕྱོགས་ཞེན་མེད་པར་བོད་མི་དམངས་ལ་ཞབས་ཞུ་སྒྲུབས་མཁན་ཞིག་ཡིན་པ་མ་ཟད།ཉམས་ཆུང་ཚུལ་མཐུན་གྱིས་ཕྱག་ལས་གནང་མཁན་ཞིག་ཡིན་པས་ཁོང་ལ་མྱ་ངན་གུས་འདུད་དང་ཤུལ་ལུས་ནང་མི་ཚོ་ཡང་གདུངས་སེམས་མཉམ་བསྐྱེད།ལྷག་པར་དུ་ཁོང་ནི་བོད་ཀྱི་རིག་གཞུང་ལ་དོན་སྣང་དང་ཐུགས་ཁུར་ཆེ་བཞེས་ཅན་ཞིག་ཡིན། བཀའ་ཁྲི་ཟུར་བ་ཁོང་གིས་གལ་སྲིད་ཐ་མག་ཞིག་ཉོ་དགོས་ཚེ་ཡང་ཁོང་རང་ཉིད་དངོས་སུ་ཕེབས་ནས་ཉོ་གི་ཡོད་པ་ཕྲན་གྱིས་ཐེངས་མང་གངས་སྐྱིད་ནས་མཐོང་མྱོང་།དེ་མིན་དེང་སང་གི་དྲུང་ཆེ་ཕལ་བ་ཡིན་ན་ཡང་འོག་གི་མི་ཞིག་ལས་བཅོལ་བྱེད་ཀྱི་ཡོད།ཁོ་རང་ནི་དེ་འདྲ་ཞིག་རྩ་བ་ནས་མ་ཡིན་པར་ཉམས་ཆུང་ཚུལ་མཐུན་དེ་བཅོས་མ་མ་ཡིན་པ་ཞིག་ཡིན།

  6. ཚངས་པ། says:
    2012-12-31 at 6:00 am

    ཨོཾམཎིཔདྨེཧཱུཾཿཨོཾམཎིཔདྨེཧཱུཾཿཨོཾམཎིཔདྨེཧཱུཾཿཨོཾམཎིཔདྨེཧཱུཾཿཨོཾམཎིཔདྨེཧཱུཾཿཨོཾམཎིཔདྨེཧཱུཾཿཨོཾམཎིཔདྨེཧཱུཾཿཨོཾམཎིཔདྨེཧཱུཾཿཨོཾམཎིཔདྨེཧཱུཾཿཨོཾམཎིཔདྨེཧཱུཾཿཨོཾམཎིཔདྨེཧཱུཾཿཨོཾམཎིཔདྨེཧཱུཾཿཨོཾམཎིཔདྨེཧཱུཾཿཨོཾམཎིཔདྨེཧཱུཾཿཨོཾམཎིཔདྨེཧཱུཾཿཨོཾམཎིཔདྨེཧཱུཾཿཨོཾམཎིཔདྨེཧཱུཾཿཨོཾམཎིཔདྨེཧཱུཾཿཨོཾམཎིཔདྨེཧཱུཾཿཨོཾམཎིཔདྨེཧཱུཾཿཨོཾམཎིཔདྨེཧཱུཾཿཨོཾམཎིཔདྨེཧཱུཾཿཨོཾམཎིཔདྨེཧཱུཾཿཨོཾམཎིཔདྨེཧཱུཾཿཨོཾམཎིཔདྨེཧཱུཾཿཨོཾམཎིཔདྨེཧཱུཾཿཨོཾམཎིཔདྨེཧཱུཾཿཨོཾམཎིཔདྨེཧཱུཾཿཨོཾམཎིཔདྨེཧཱུཾཿཨོཾམཎིཔདྨེཧཱུཾཿཨོཾམཎིཔདྨེཧཱུཾཿཨོཾམཎིཔདྨེཧཱུཾཿཨོཾམཎིཔདྨེཧཱུཾཿཨོཾམཎིཔདྨེཧཱུཾཿཨོཾམཎིཔདྨེཧཱུཾཿཨོཾམཎིཔདྨེཧཱུཾཿཨོཾམཎིཔདྨེཧཱུཾཿཨོཾམཎིཔདྨེཧཱུཾཿཨོཾམཎིཔདྨེཧཱུཾཿཨོཾམཎིཔདྨེཧཱུཾཿཨོཾམཎིཔདྨེཧཱུཾཿཨོཾམཎིཔདྨེཧཱུཾཿཨོཾམཎིཔདྨེཧཱུཾཿཨོཾམཎིཔདྨེཧཱུཾཿཨོཾམཎིཔདྨེཧཱུཾཿཨོཾམཎིཔདྨེཧཱུཾཿཨོཾམཎིཔདྨེཧཱུཾཿཨོཾམཎིཔདྨེཧཱུཾཿཨོཾམཎིཔདྨེཧཱུཾཿཨོཾམཎིཔདྨེཧཱུཾཿཨོཾམཎིཔདྨེཧཱུཾཿཨོཾམཎིཔདྨེཧཱུཾཿཨོཾམཎིཔདྨེཧཱུཾཿཨོཾམཎིཔདྨེཧཱུཾཿཨོཾམཎིཔདྨེཧཱུཾཿཨོཾམཎིཔདྨེཧཱུཾཿཨོཾམཎིཔདྨེཧཱུཾཿཨོཾམཎིཔདྨེཧཱུཾཿཨོཾམཎིཔདྨེཧཱུཾཿཨོཾམཎིཔདྨེཧཱུཾཿཨོཾམཎིཔདྨེཧཱུཾཿཨོཾམཎིཔདྨེཧཱུཾཿཨོཾམཎིཔདྨེཧཱུཾཿཨོཾམཎིཔདྨེཧཱུཾཿཨོཾམཎིཔདྨེཧཱུཾཿཨོཾམཎིཔདྨེཧཱུཾཿཨོཾམཎིཔདྨེཧཱུཾཿཨོཾམཎིཔདྨེཧཱུཾཿཨོཾམཎིཔདྨེཧཱུཾཿཨོཾམཎིཔདྨེཧཱུཾཿཨོཾམཎིཔདྨེཧཱུཾཿཨོཾམཎིཔདྨེཧཱུཾཿཨོཾམཎིཔདྨེཧཱུཾཿཨོཾམཎིཔདྨེཧཱུཾཿཨོཾམཎིཔདྨེཧཱུཾཿཨོཾམཎིཔདྨེཧཱུཾཿཨོཾམཎིཔདྨེཧཱུཾཿཨོཾམཎིཔདྨེཧཱུཾཿཨོཾམཎིཔདྨེཧཱུཾཿཨོཾམཎིཔདྨེཧཱུཾཿཨོཾམཎིཔདྨེཧཱུཾཿཨོཾམཎིཔདྨེཧཱུཾཿཨོཾམཎིཔདྨེཧཱུཾཿཨོཾམཎིཔདྨེཧཱུཾཿཨོཾམཎིཔདྨེཧཱུཾཿཨོཾམཎིཔདྨེཧཱུཾཿཨོཾམཎིཔདྨེཧཱུཾཿཨོཾམཎིཔདྨེཧཱུཾཿཨོཾམཎིཔདྨེཧཱུཾཿཨོཾམཎིཔདྨེཧཱུཾཿཨོཾམཎིཔདྨེཧཱུཾཿཨོཾམཎིཔདྨེཧཱུཾཿཨོཾམཎིཔདྨེཧཱུཾཿཨོཾམཎིཔདྨེཧཱུཾཿཨོཾམཎིཔདྨེཧཱུཾཿཨོཾམཎིཔདྨེཧཱུཾཿཨོཾམཎིཔདྨེཧཱུཾཿཨོཾམཎིཔདྨེཧཱུཾཿཨོཾམཎིཔདྨེཧཱུཾཿཨོཾམཎིཔདྨེཧཱུཾཿཨོཾམཎིཔདྨེཧཱུཾཿཨོཾམཎིཔདྨེཧཱུཾཿཨོཾམཎིཔདྨེཧཱུཾཿཨོཾམཎིཔདྨེཧཱུཾཿཨོཾམཎིཔདྨེཧཱུཾཿཨོཾམཎིཔདྨེཧཱུཾཿཨོཾམཎིཔདྨེཧཱུཾཿཨོཾམཎིཔདྨེཧཱུཾཿཨོཾམཎིཔདྨེཧཱུཾཿཨོཾམཎིཔདྨེཧཱུཾཿཨོཾམཎིཔདྨེཧཱུཾཿཨོཾམཎིཔདྨེཧཱུཾཿཨོཾམཎིཔདྨེཧཱུཾཿཨོཾམཎིཔདྨེཧཱུཾཿཨོཾམཎིཔདྨེཧཱུཾཿཨོཾམཎིཔདྨེཧཱུཾཿཨོཾམཎིཔདྨེཧཱུཾཿཨོཾམཎིཔདྨེཧཱུཾཿཨོཾམཎིཔདྨེཧཱུཾཿཨོཾམཎིཔདྨེཧཱུཾཿཨོཾམཎིཔདྨེཧཱུཾཿཨོཾམཎིཔདྨེཧཱུཾཿཨོཾམཎིཔདྨེཧཱུཾཿཨོཾམཎིཔདྨེཧཱུཾཿཨོཾམཎིཔདྨེཧཱུཾཿཨོཾམཎིཔདྨེཧཱུཾཿཨོཾམཎིཔདྨེཧཱུཾཿཨོཾམཎིཔདྨེཧཱུཾཿཨོཾམཎིཔདྨེཧཱུཾཿཨོཾམཎིཔདྨེཧཱུཾཿཨོཾམཎིཔདྨེཧཱུཾཿཨོཾམཎིཔདྨེཧཱུཾཿཨོཾམཎིཔདྨེཧཱུཾཿཨོཾམཎིཔདྨེཧཱུཾཿཨོཾམཎིཔདྨེཧཱུཾཿཨོཾམཎིཔདྨེཧཱུཾཿཨོཾམཎིཔདྨེཧཱུཾཿཨོཾམཎིཔདྨེཧཱུཾཿཨོཾམཎིཔདྨེཧཱུཾཿཨོཾམཎིཔདྨེཧཱུཾཿཨོཾམཎིཔདྨེཧཱུཾཿཨོཾམཎིཔདྨེཧཱུཾཿཨོཾམཎིཔདྨེཧཱུཾཿཨོཾམཎིཔདྨེཧཱུཾཿཨོཾམཎིཔདྨེཧཱུཾཿཨོཾམཎིཔདྨེཧཱུཾཿཨོཾམཎིཔདྨེཧཱུཾཿཨོཾམཎིཔདྨེཧཱུཾཿཨོཾམཎིཔདྨེཧཱུཾཿཨོཾམཎིཔདྨེཧཱུཾཿ

  7. རིག་པའི་བུ says:
    2012-12-31 at 8:15 am

    དམ་པ་ཁོང་སྐུ་གཤེགས་པ་མྱ་ངན་གྱི་གུས་འདུད་ཞུ།

  8. སྐྱུ་རྩི་ནས། says:
    2012-12-31 at 8:19 am

    མི་ཡག་པོ་ཡོད་པ་གོ་ཐོས་བྱུང་། གྲོངས་པ་སེམས་ཕམ་ཡང་རྒས་ནས་འགྲོ་དགོས་པ་འཇིག་རྟེན་ཆོས་ཉིད་ལ་འགྱུར་བ་གཏོང་ཐབས་མེད། སྐྱེ་བ་ཕྱི་མ་དུད་འགྲོ་ལས་ཡག་པ་ཞིག་ཏུ་སྐྱེ་བར་ཤོག ཁྱི་རུ་སྐྱེ་ཡང་གྱོང་མེད།

  9. ལེགས་བཤད། says:
    2012-12-31 at 8:37 am

    བཙན་བྱོལ་ནང་གི་མི་སྣ་གྲགས་ཅན་ཞིག་སྐུ་ཚེའི་འཕེན་པ་རྫོགས་པ་རེད། རྒྱལ་བའི་དབང་པོ་སྐུ་འཕྲེང་བཅུ་བཞི་པ་ཆེན་པོའི་རྣམ་ཐར་རྒྱ་ཆེན་སྙིང་རྗེའི་རོལ་མཚོ་འབྲི་རྩོམ་གྱི་ཁོངས་སུ་ཞུགས་ཏེ་ཕྱག་ལས་གནང་བར་བཀའ་དྲིན་རྗེས་དྲན་ཞུ་འོས།

  10. གཅན་བཟོད་རྒྱམ། says:
    2012-12-31 at 11:22 am

    སྐུ་ངོ་བཀའ་ཟུར་བསོད་ནམས་སྟོབས་རྒྱལ་སྐུ་འདས་པར་མྱ་ངན་ཞུ། ཁྱོད་ཀྱི་མཛད་རྗེས་བོད་ཕྱི་རབས་པས་ནམ་ཡང་བརྗེད་མི་སྲིད་ལབོད་ཀྱི་ལོ་རྒྱུས་ཀྱིས་ནམ་ཡང་འདོར་མི་ནུས། བདེ་ལེགས་གཤེགས་ཤིག ཕྱིས་ཀྱང་མི་ལུས་ཐོབ་ཅིང་བོད་དོན་བསྒྲུབ་པའི་མཛད་བཟང་སྐྱོངས་ཤིག

  11. ལོ་མ་ལྗང་ཁུ་། says:
    2012-12-31 at 11:41 am

    དམ་པ་ཁོང་ལ་གུས་འདུན་ཞུ་།

  12. འཇམ་གཅེས says:
    2012-12-31 at 12:05 pm

    ཧ་ཧ་་་་སྤྱིར་བཀའ་ཟུར་ཁོངས་བཙན་བྱོལ་ནང་གི་ལས་བྱེད་རྒན་གྲས་དང་། ལྷག་བསམ་ཅན་ཞིག་ཡིན་མོད། ཡིན་ན་ཡང་། སྐྱོན་མེད་ཡོན་ཏན་ཅན་གྱི་མི་དཀོན། །ཟེར་སྲོལ་བཞིན་ཁོངས་ཉིད་འཇིག་རྟེན་འདིར་འཚོ་བཞུགས་སྐབས་སུ་མི་མང་པོའི་ཁོང་ལ་སྐྱོན་འཛུག་བཟོས་པ་ཉུང་ཉུང་གཏན་ནས་མིན་ག་སྐྱོན་ཡང་ཡོད་པ་ཡིན། ད་ནི་འཇིག་རྟེན་ཕྱི་མའི་ལམ་དུ་གཤེགས་ཟིན་རྗེས་སུ་སྐྱོན་མེད་ཡོན་ཏན་ཅན་གྱི་མི་ལ་ངོས་འཛིན་པ་འདི་ནི་ཆེས་ཕྱི་དྲག་ཐག་ཆོད་པ་རེད། འོན་ཀྱང་འདི་ནི་བོད་པ་ཚང་གི་ལུགས་སྲོལ་ཞིག་རེད་འདོད།

  13. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2012-12-31 at 12:21 pm

    གསུང་རྩོམ་འདི་སླར་འདིར་ཡང་། སྐུ་གཤེགས་དམ་པ་བསོད་ནམས་སྟོབས་རྒྱལ་མཆོག་ཁམས་ན་འཁྲུངས་པ་དང་། དཔེ་འདི་ཡང་ཁམས་ལ་བྲིས་པས། བོད་ཁམས་ཀྱི་་མཁས་པ་རྣམས་ལ་དམིགས་བསལ་གྱིས་ཀློག་པར་ཕུལ་བ་ལགས་སོ།།

    མཐུན་པ་སྤུན་བཞིར་བསྔགས་བརྗོད།
    ་ ་ ་
    ཨོཾ་སྭསྟི། བདག་ཉིད་ཆེ་རྣམས་སྙིང་རྗེ་རྗེས་འགྲོ་ཞིང་།
    དམན་པའི་རྟེན་ལ་གནས་ཀྱང་བློ་རབ་དྭངས།
    ལུས་ཉམས་ཆུང་ཡང་སྙིང་སྟོབས་མངོན་མཐོ་བས།
    སྲིད་ན་ཆེ་བའི་ལྷས་ཀྱང་སྙན་པ་སྒྲོགས།།

    ་ ་ ་
    ཀཱ་ཤའི་གྲོང་ཁྱེར་དང་ཉེའི་ནགས་ཀྱི་ཚལ།
    ཁ་དོག་སྔོ་ལྗང་བཀྲ་བའི་ལྗོན་ཤིང་རྩེར།
    ག་བུར་དྲི་འཐུལ་མེ་ཏོག་འབྲས་བུས་དུད།
    ང་དང་ཁྱོད་ཅེས་བདག་འཛིན་མེད་པ་དེར།། ༡ །།
    ་ ་ ་
    ཅ་དེར་གཞན་དོན་སེམས་པའི་གོང་མ་སྲེག
    ཆ་ལུགས་ཞི་དུལ་ལྡན་པའི་རི་བོང་དང་།
    ཇ་བཟང་ཁུ་བའི་མདོག་ལྡན་གཉེར་མའི་བཞིན།
    ཉ་རྒྱས་ཟླ་ལྟར་དཀར་བའི་གླང་ཆེན་བཅས།། ༢ །།
    ་ ་ ་
    ཏ་ལའི་ལྗོན་བཟང་འཁྲུངས་པའི་གཏན་ཚིགས་ལས།
    ཐ་དད་རྒན་གཞོན་དབྱེ་བ་ངེས་བྱས་ཏེ།
    ད་ནས་རྒན་རབས་བཀུར་ཞེས་དམ་བཅས་ནས།
    ན་གཞོན་རིམ་པས་ཕུ་དུད་ལྷག་པར་བྱས།། ༣ །།
    ་ ་
    པ་སངས་ལྟར་དཀར་བསམ་དང་སྦྱོར་བ་དེར།
    ཕ་རོལ་རིགས་མཐུན་རྣམས་ཀྱང་འབད་པས་སྦྱར།
    བ་དན་རྒྱལ་མཚན་བསྒྲེངས་འདྲའི་སྙན་གྲགས་དེ།
    མ་ལུས་ས་སྟེང་དྲང་སྲོང་གཏམ་གྱིས་བསྒྲགས།། ༤ །།
    ་ ་ ་
    ཙ་ཀོ་ར་ཡི་གདམས་པས་གཏན་ཁྲིམས་ལྔར།
    ཚང་ཚིང་ཁྲོད་ཀྱི་བྱ་དང་རི་དྭགས་བཀོད།
    ཛ་ལང་རྒྱས་པའི་ཡུལ་དེའི་རྒྱལ་འབངས་ཀྱང་།
    ཝ་ལེར་བཟང་སྤྱོད་དེ་ཡི་རྗེས་སུ་ཞུགས།། ༥ །།

    ཞྭ་ལྟར་མཐོ་བ་ལྷ་ཡི་ཕོ་བྲང་ན།
    ཟ་མ་བདུད་རྩིར་སྤྱོད་པའི་བརྒྱ་བྱིན་དེས།
    འ་འུར་རང་འཁོར་ཆེས་ཆེར་རྒྱས་མཐོང་སྟེ།
    ཡ་མཚན་གཏམ་གྱིས་ལྷ་ཡུལ་འགེངས་པར་བྱས།། ༦ །།
    ་ ་ ་
    རྭ་སྒྲོ་ལྡན་པ་བྱོལ་སོང་འདུས་གྱུར་ཀྱང་།
    ལས་དཀར་སྤྱོད་པས་ལྷ་ཡུལ་བགྲོད་བྱེད་ན།
    ཤ་ཚུགས་མི་ཡི་ལུས་ཀྱིས་གཏན་བདེའི་ཐབས།
    ས་ལམ་རིམ་པར་ཅིའི་ཕྱིར་འབད་མི་རིགས།། ༧ །།
    ་ ་ ་
    ཧ་ལས་བྱང་ཆུབ་སེམས་དཔའི་མགོན་ཡོད་ན།
    ཧ་ཅང་རྨོངས་པའི་དུད་འགྲོ་སྐལ་བ་བཟང་།
    ཨ་འཐས་ཚེ་འདིའི་སྲེད་པ་ཡོངས་བཏང་ནས།
    ཨ་རེ་དགའ་བའི་རྣམ་ཐར་བཟང་དེར་སླེབས།། ༨ །།

    ཞེས་སྟོན་པ་ཐུགས་རྗེ་ཅན་གྱི་འཁྲུངས་རབས་ལས་མཐུན་པ་སྤུན་བཞིའི་བཀོད་པ་བསྔགས་བརྗོད་དང་བཅས་པ་འདི་ནི། བློ་བཟང་ཁྲུལ་ཁྲིམས་ཆོས་འཕེལ་གྱིས། བར་ཁམས་དཔའ་ཤོད་རྣམ་རྒྱལ་ཕོ་བྲང་དུ་བྲིས་པ་ཕྱོགས་དུས་ཐམས་ཅད་དུ་བཀྲ་ཤིས་པར་གྱུར་ཅིག །
    ཅེས་པ་འདི་རྗེ་བཙུན་བླ་མ་རི་རྫོང་སྲས་རིན་པོ་ཆེ་སྐུ་ཐོག་གསུམ་པ་རང་ཉིད་ཀྱི་ཕྱག་བྲིས་དངོས་ཡིན། ༡༩༧༣ བདག་རི་རྫོང་དགོན་དུ་མཇལ་སྐབས་སུ། ད་ལྟ་དགའ་ལྡན་ཁྲི་པ། རི་རྫོང་སྲས་རིན་པོ་ཆེ་སྐུ་ཐོག་བཞི་པས། བདག་གིས་འདྲ་བཤུས་བྱེད་སྐབས་སུ། མ་དཔེ་ཆ་མཚུངས་པ་གཉིས་ཡོད་པ་ནས། གཅིག་བདག་ལ་སྩལ་པའི་དཔེ་དངོས་དེ། བདག་གི་ལུང་པའི་དཀྱིལ་ན་མཆོད་རྟེན་ཞིག་ཡོད་པ་༢༠༡༠ལ་ཆུ་ལོག་གིས་བཤིགས། སླར་བ་མགོ་པ་ཡུལ་པས་མཆོད་རྟེན་གསར་བཞེངས་བྱས་པའི་ནང་དུ། ༢༠༡༡ ལོར་གཟུངས་འཇུག་ཏུ་བཞུགས་ཡོད། རི་རྫོང་སྲས་སྐུ་གོང་མས་གསུང་རྩོམ་མཛད་པ་རྣམས་ཀྱི་སྤར་ཤིང་རི་རྫོང་དགོན་དུ་བཞུགས། བླ་མ་རིན་པོ་ཆེ་འདིས་དབུ་ཅན་དང་། དབུ་མེད་གཉིས་ཀའི་ཚུགས་དབྱིབས་ལེགས་པ་བཞུགས། ཕྱག་བྲིས་མཛད་པ་རྣམས་ལ་ཆད་ལྷག་མེད་པ་ངོ་མཚར་དུ་མཁས་པ་རྣམས་ཀྱིས་གཟིགས་པ་ཐོས། རྒྱུད་བླ་མའི་འགྲེལ་པ་ཞིག་ཡོད་པ་རྒྱལ་བ་ཀརྨ་པ་སྐུ་གོང་མ་་རིན་པོ་ཆེ་རི་རྫོང་དུ་བྱོན་སྐབས་གཡར་ནས་བསྣམས་འདུག་པ་ད་ལྟ་འབྲས་ལྗོངས་རུམ་ཏེགས་ན་ཡོད་དམ་སྙམ། ཕྱག་དཔེ་དེ་མ་འོངས་པ་ན་རི་རྫོངས་དགོན་དུ་སླར་ཕེབས་པའི་རེ་སྨོན་ཞུ། བླ་མ་མཆོག་འདི་ཡི་ཕྱག་བྲིས་དངོས་ཡིན་པའི་དག་ཡིག་ཟ་མ་ཏོག་བདག་ཅག་གི་ལག་ཏུ་གསོན་པ་༡༩༧༣ལོར་སྤར་ཏུ་བཏབ་པ་ས་སྟེང་གི་དཔེ་མཛོད་ཆེ་བ་དག་ན་བཞུགས་སོ། །

  14. རིག་པའི་བུ says:
    2012-12-31 at 12:34 pm

    ལ་དྭགས་པ་ཐུགས་རྗེ་ཆེ།

  15. ངོ་ལུག says:
    2012-12-31 at 4:16 pm

    བོད་པ་ཞིག་གི་ངོས་ནས་བཤད་ན། ཁྱེད་ཀྱི་མི་ཚེ་ནི་གཟི་བརྗིད་དང་ལྡན་པ་ཞིག་རེད། རང་གི་མི་རིགས་དང་བླ་མའི་ཆེད་དུ་ཚེ་གང་ཞབས་ཕྱི་ཞུ་བའི་བསྐལ་བ་བྱུང་བ་དེ་ཁོ་ན་ཡིས་ཁྱེད་ཀྱི་མི་ཚེ་ལ་མཛེས་པ་སྤུངས་ཡོད་པས་སོ། བདེ་བར་ཕེབས། ཁ་བཏག་དཀར་པོས་ཁྱེད་ལ་སྐྱེལ་མ་བྱེད།

  16. པདྨ་འཕྲིན་ལས་། says:
    2012-12-31 at 6:35 pm

    དམ་པ་ཁོང་ལ་གུས་འདུན་ཞུ། ད་ལོ་གཉིས་སྟོང་བཅུ་གཉིས་ལོ་ལ་བཀའ་ཟུར་གཉིས་སྐུ་གཤེགས་པ་རེད། དམ་པ་ཁོང་གཉིས་ལས་ཐོག་ན་ཡོད་དུས་ཕན་ཚན་ལ་འབྲེལ་བ་ཧ་ཅང་ཡག་པོ་ཡོད་པ་དང། ལས་གནས་ནས་བགྲེས་ཡོལ་ལ་ཕེབས་ཚར་པའི་རྫེས་སུ་ཡང་དམ་པ་གཉིས་སྔར་ལས་ལྷག་པའི་འབྲེལ་བ་ཡོད་པ་ནི་ཧ་ལས་པའི་ཡག་པོ་རེད་བསམས་ཡོད། འདི་འདྲའི་ཕན་ཚན་འབྲེལ་བ་ཡག་པོ་ཡོད་དགོས་བ་ནི་མི་རབས་རྫེས་མ་ཚོའི་སློབ་སྦྱོང་བྱེད་འོས་བ་ཞིག་རེད།

  17. ཟུར་གནས། says:
    2013-01-01 at 12:39 am

    སྐྱེས་བུ་དམ་པ་གཤེགས་གྱུར་ཀྱང་།
    ཕན་བདེའི་ཞབས་རྗེས་གསོན་པོར་ཞུགས་

    ཅེས་པ་ལྟར། དམ་པ་ཁོང་གི་བརྩོན་འགྱུས་དང་གཞན་ཕན་གྱི་བྱས་རྗེས་ནི་ངེད་ཚོའི་སེམས་ལ་རི་མོ་གསལ་པོར་གནས། དེས་ན། གུས་པས་འདས་པོར་བསྔོ་བ་སྨོན་ལམ་དང་ནང་མི་རྣམས་ལ་ཐུགས་གསོའི་འཚམ་འདྲི་ཞུའོ། སླད་གུས་པ་ང་ཡང་ཁོང་ལྟ་བུར། ལུས་ངག་ཡིད་གསུམ་གངས་ལྗོངས་བདེ་རྩའི་ཆེད་དུ་གཏོང་ཐུབ་པའི་སྨོན་ལམ་དང་དམ་པ་ཁོང་གི་གཉིས་ཕན་དགོངས་བཞེད་གྲུབ་པར་སྨོན།

  18. ངས་པོ་རྒྱལ་མཚན། says:
    2013-01-01 at 4:35 am

    དམ་པ་ཁོང་ལ་མཛད་རྗེས་ལ་ཡི་རངས་དང་སྐུ་གཤེགས་པར་མྱ་ངན་ཞུ།

  19. ལྷ་སྡེ་གནམ་ལོ་ཡག says:
    2013-01-01 at 5:27 am

    བཀའ་བློ་ཁྲི་ཟུར་བསོད་ནམས་སྟོབས་རྒྱལ་མཆོག་དགོངས་པ་ཆོས་དབྱིངས་སུ་འཐིམས་པར་མྱ་ངན་དང་། ཁོང་གིས་བོད་དོན་ཐད་མི་ཚེ་ཕུལ་བར་ཡི་རངས་གུས་བཀུར་བླ་ན་མེད་པ་ཞུ་བ་དང་ཆབས་ཅིག མི་འགྱངས་པར་སླར་ཡང་གངས་རིའི་ལྗོངས་སུ་འཁྲུངས་པའི་སྨོན་འདུན་ཡོད།

  20. གངས་མི says:
    2013-01-04 at 9:18 am

    བོད་ཁ་བ་རི་པའི་བསྟན་སྲིད་ཀྱི་དོན་དུ་རང་ཉིད་ཀྱི་མི་ཚེའི་དུས་ཚོད་སྐར་ཆ་གཅིག་ཡིན་ནའང་བཏང་མཁན་སྐྱེ་བོ་འདས་པོ་རྣམས་ལ་བསྔོ་སྨོན་འཚམས་སྦྱོར་དང་གསོན་པོར་གནས་པ་རྣམས་ལ་ལེགས་སོའི་མངགས་བརྗོད་ཞུ་དགོས་པ་འུ་ཅག་བོད་མི་རང་ངོ་ཤེས་མཁན་ཚང་མའི་འོས་འགན་ཞིག་ཡིན་ནོ

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།
  • རང་མི་རང་ལས། རང་ཁ་རང་གསོ། རང་དོན་རང་གཅེས། རང་འགན་རང་འཁུར་བྱས་ནས་གཞན་བརྟེན་འཚོ་སྐྱེལ་གྱི་བསམ་བློ་དོར་དགོས་པའི་དུས་ལ་བབས་མི་འདུག་གམ།
  • དྷ་ས་ནས་དིང་རིའི་ས་ཡོམ་ལ་ལྟ་བ།
  • སྤྱི་འཐུས་ཀྱི་འོས་བསྡུའི་ལས་རིམ་དང་འབྲེལ་བའི་སྐོར་ལ་རང་གི་བསམ་ཚུལ་གླེང་བ།
  • ཨ་རྒྱ་ར་གསུམ་གྱི་ཆབ་སྲིད་འགལ་འབྲེལ་བདེན་གཏམ་གཅེར་བུ་མ།
  • མང་གཙོ་ཁྲིམས་ཀྱི་དབང་བསྒྱུར་ནས་དམངས་གཙོ་གྲལ་རིམ་གཅིག་བསྡུས་ལ་ཁ་ཕྱོགས་པ་མ་རེད་དམ།

ཉེ་ཆར་གྱི་མཆན་བུ།

  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།
  • འབྲོང་བུ་སོག་ཚ། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།
  • ཚེ་བརྟན་འགྱུར་མེད། on དིང་རིར་ས་འགུལ་རྒྱུག་ནས་དྷ་ས་སེམས་འགུལ་ཐེབས།
  • ཀླུ་སྨྱོན་ཧེ་རུ་ཀ on སྐལ་བཟང་ཟླ་བ་མཐོ་རིས་བོ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།   (65)
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ། (54)
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།   (36)
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ། (29)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme