བཀའ་བློན་ཁྲི་ཟུར་འཇུ་ཆེན་ཐུབ་བསྟན་རྣམ་རྒྱལ་མཆོག་སྙུན་གཞིའི་རྐྱེན་གྱིས་ཕྱི་ལོ་ ༢༠༡༡ ཟླ་ ༨ ཚེས་ ༣༡ ཉིན་དགོང་མོར་རྒྱ་གར་རྒྱལ་ས་ལྡི་ལིའི་སྨན་ཁང་ཞིག་ནས་སྐུ་གཤེགས་པའི་ཡིད་སྐྱོའི་གནས་ཚུལ་ཐོན་ཡོད། བཀའ་ཟུར་ཁོང་ནི། མདོ་ཁམས་སྡེ་དགེའི་ཁོངས་རྨེ་ཤོད་སྡེ་དགེ་ཚང་གི་མདུན་འཁོར་འཇུ་ཆེན་ཚང་ཞེས་པའི་ཁྱིམ་དེར་ཕྱི་ལོ་ ༡༩༢༩ ལོར་འཁྲུངས།
ཕྱི་ལོ་ ༡༩༥༥ ལོར་སྡེ་དགེ་ཚང་གིས་བོད་དབུས་ཕྱོགས་སུ་ཐེངས་ལྔར་མངགས་པའི་སྐུ་ཚབ། ཕྱི་ལོ་ ༡༩༥༩ ལོའི་ལྷ་སའི་ཟིང་ཆ་བྱུང་སྐབས་ནོར་གླིང་ཕོ་བྲང་དུ་མི་མང་དང་བླངས་དམག་ཁོངས་ཕེབས་ཏེ་སྡེ་དགེ་ཤོག་གི་མི་གྲངས་ ༢༠༠ སྐོར་ཡོད་འགོ་ཁྲིད།
ཕྱི་ལོ་ ༡༩༦༠ ལོར་མའེ་སོར་གཞིས་ཆགས་ཀྱི་བཅུ་དཔོན་དང་མི་མང་འཐུས་མི།
ཕྱི་ལོ་ ༡༩༦༥ ལོ་ནས་་མའི་སོར་སྡོད་སྒར་གཉིས་པའི་སྤྱི་མི་ལོ་བརྒྱད་དང་མཉམ་འབྲེལ་ཚོགས་མི་ལོ་དགུ་གནང་།
ཕྱི་ལོ་ ༡༩༧༢ ལོར་རང་བཙན་ལས་འགུལ་ཚོགས་ཆུང་གི་ཚོགས་གཙོ།
ཕྱི་ལོ ༡༩༧༢ ལོ་ནས་ ༡༩༧༦ བར་སྐབས་ལྔ་པའི་སྤྱི་འཐུས་ཚོགས་གཙོའི་མཛད་འགན་བཞེས།
ཕྱི་ལོ་ ༡༩༧༦ ལོར་དྲིལ་བསྒྲགས་བཀའ་བློན་བཀའ་བློན་དུ་བསྐོ་གཞག་སྩལ། ཕྱི་ལོ་ ༡༩༧༩ ལོར་རྒྱ་ནག་བརྒྱུད་བོད་ནང་ལྟ་སྐོར་སྐུ་ཚབ་ཐེངས་དང་པོའི་ཚོགས་གཙོར་ཕེབས། ཕྱི་ལོ་ ༡༩༨༢ ལོར་རྒྱ་ནག་ཏུ་སྐུ་ཚབ་མི་གསུམ་བསྐོ་གཏོང་གནང་བའི་ཚོགས་གཙོའི་འགན་བཞེས། རྗེས་ཤེས་རིག་དང་། ཆོས་རིག ནང་སྲིད་སོགས་ཀྱི་བཀའ་བློན་དེ་བཞིན་བཀའ་བློན་ཁྲི་པ་སོགས་སུ་བསྐོ་གཞག་སྩལ་ཕེབས་ལྟར་བཀའ་བློན་གྱི་མཛད་ཁུར་ཁོ་ན་ལོ་ངོ་ ༡༥ བཞེས་མྱོང་ཡོད། རྩ་ཁྲིམས་བསྐྱར་བཅོས་ཚོགས་ཆུང་གི་འགན་འཛིན་དང་། དམིགས་བསལ་ཞིབ་འཇུག་ཚོགས་ཆུང་གི་ཚོགས་གཙོ་བཅས་ཀྱི་ཐུགས་འགན་བསྐྱེད་བཞེས་དང་མཛད་རྗེས་ཅན་ཞིག་ཡིན།
འདས་པོ་སྐུ་ངོ་མཆོག་ལ་མྱ་ངན་ཞུ།
བོད་མི་རིགས་ཀྱི་རླབས་ཆེན་གྱི་དབུ་འཁྲིད་ཞིག་ཕྱི་མའི་ལྔར་ལམ་དུ་གྱུར་པར་མྱ་ངན་གུས་འདུད་དང་། དམ་པ་དེ་ཉིད་གནས་སྐབས་བར་དོའི་འཇིག་སྐྲག་ལས་གྲོལ་ཞིང་། ཞི་བ་མྱང་འདས་ཀྱི་གོ་འཕང་རིན་པོ་ཆེར་འགོད་པ་དང་། རྗེས་ཤུལ་ཁྱིམ་བཞུགས་ལྷན་རྒྱས་ལ་ཡང་སེམས་གསོ་ཞུ་རྒྱུ་ཡིན།
དཔལ་ལྡན་མི་རྗེ་བཀའ་བློན་ཁྲི་ཟུར་འཇུ་ཆེན་ཐུབ་བསྟན་མཆོག་སྐུ་གཤེགས་པར་ཡིད་སྐྱོ་བའི་རྗེས་དྲན་མྱ་ངན་དང་། དམ་པ་དེ་ཉིད་ཚེ་རབས་ཕྲེང་བར་བྱས་བསགས་སྡིག་ལྟུང་རྣམས་དག་ནས་དལ་རྟེན་རིམ་བརྒྱུད་བླ་མེད་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་མྱུར་དུ་ཐོབ་པའི་སྨོན་མདུན་བཅས། སྐུ་ངོ་དམ་པ་ཁོང་ནི་སྐུ་ཚེ་གང་བོར་བོད་བསྟན་པ་ཆབ་སྲིད་ཀྱིས་ཆེད་དུ་སྐུ་ཚེ་རྫོགས་པ་དང་བོད་མི་རིགས་ཀྱི་ལོ་རྒྱུས་ནང་བྱས་རྗེས་དང་གཟི་བརྗིད་ལྡན་པའི་སྲི་ཞུ་བའི་ཕྱག་ལས་སྣེ་མང་གནང་མྱོང་ཡོད་པའི་གལ་ཆེའི་མི་སྣ་ཞིག་ཀྱང་རེད། རྗེས་ལུས་ནང་མི་རྣམས་ལ་ཐུགས་གསོའི་མཚམས་འདྲི་ཡང་ཡང་ཞུ།
མི་ཤི་དྲིན་དང་། བ་བོར་དྲིན་ཟེར་བའི་དཔེ་ལྟར།
ད་གཞི་ནས་མི་ཚང་མས་ཁོང་འཇོན་རབ་དང་ཡག་རབ་བཤད་ཀྱི་རེད།
འཇུ་ཆེན་དཀོན་མཆོག་ཆོས་སྒྲོན་གྱི་ཕ་དམ་པའི་བྱས་རྗེས་དང་འདྲ་བའི་ལས་དོན་ལམ་སློང་ཡོང་བའི་སྨོན་འདུན་ཡོད།
ཁོང་གི་ལོ་རྒྱུས་ལ་བལྟས་ཡོང་དུས། ཚེ་གཅིག་བོད་མི་རིགས་དང་བོད་གཞུང་། རྒྱལ་བ་རིན་པོ་ཆེའི་བཀའ་འོག་ལ་ཞབས་ཕྱི་ཞུས་འདུག ངོ་མ་ཡི་རངས་ཞུ་རྒྱུ་དང་། བདག་གཞན་ཀུན་གྱི་བསགས་པའི་དགེ་བ་ཇི་ཡོད་ཁོང་གི་ཆེད་དུ་བསྔོ་བར་བྱའོ། ཁོང་གི་བྱས་རྗེས་ཆེ་ཤོས་ནི། སྔོན་མ་བོད་གཞུང་དགའ་ལྡན་ཕོ་བྲང་འོག་ལ་མེད་པའི་ཁམས་རིགས་རྣམས་རྒྱལ་བ་རིན་པོ་ཆེའི་གཞུང་གི་འོག་ལ་བསྡུ་གང་ཐུབ་བྱས་པ་འདི་བྱས་རྗེས་ཆེན་པོ་རེད་འདུག
བོད་ཀྱི་དོན་དུ་ལུས་སྲོག་ལོངས་སྤྱོད་དང་བཅས་པ་ག་དུས་ཀྱང་བློས་གཏོང་གིན་པའི་མི་ཕོ་འདིར་ལ་མྱ་ངན་གུས་འདུད་དང་། ད་ལྟའི་གཞོན་སྐྱེས་ཚོས་ཁོང་ཅག་གི་རྗེས་ཆོད་པའི་སྨོན་ལམ་འདེགས།
ཨ་ཁ་ཁ། རི་རབ་ལྟར་ལྕི་བའི་གནའ་མི་རྒོད་པོ་འདི་ཚོ་རེ་རེ་བཞིན་བུད་ནས། བྱ་སྤུ་ལས་ཡང་བའི་ང་ཚོ་རྐྱང་རྐྱང་ལྷག་མདོག་ཁ་པོ་རེད། ཀྱེ་མ་ཀྱི་ཧུད་་་་་་་་་་་་་་་་
དམ་པ་དེ་ཉིད་ནི་བོད་མི་རིག་ཀྱི་དཔའ་བོ་དང་བཀའ་དྲིན་ཅན་མཛད་རྗེས་བླ་ན་མེད་པའི་ཁ་དང་ཁོག་པ་མཐུན་པའི་རྒྱལ་གཅེས་པ་ཞིག་ཡིན་པ་དང་། ཁོང་རང་ཉིད་ཀྱི་གཏམ་སྙེན་གྲགས་ཀྱི་ཆེད་དུ་ལས་དོན་སྒྲུབ་མྱོང་མེད་ལ་ལྐོག་ཟ་རུལ་སོང་གི་ལོ་རྒྱུས་དེ་བས་མེད་། འོན་ཀྱང་ཁོང་གློ་བུལ་དུ་འདས་གྲོངས་དུ་གྱུར་པ་དེ་ནི་ང་ཚོ་བོད་མི་རིགས་ཡོངས་ཀྱི་གྱོང་གུན་གནམ་ས་ལ་མི་ཤོང་བ་ཞིག་རེད་། དེར་བརྟེན་གུས་པས་ཁོང་སླར་ཡང་བོད་མི་རིགས་ལ་ཞབས་འདེགས་ཞུ་མཁན་ཞིག་ཏུ་སྐྱེ་བའི་སྨོན་ལམ་དང་མྱ་ངན་གུས་འདུད་ཞུ་བཞིན་ཡོད་།
རླབས་ཆེན་གྱི་རྒྱལ་གཅེས་རིང་ལུགས་པ་བཀའ་བློན་ཁྲི་ཟུར་འཇུ་ཆེན་ཐུབ་བསྟན་མཆོག་སྐུ་གཤིགས་པར་ཡིད་སྐྱོ་བའི་མྱང་ངན་དང་གཞི་ལུས་ནང་མི་རྣམས་ལ་ཐུགས་གསོའི་མཚམས་འདྲི་དམ་པ་དེ་ཉིད་ཀྱི་མཛད་རྗེས་རྣམས་དུས་ནམས་ཡངས་མི་ནུབ་པར་རྒྱུར་གཅིག།
སྐུ་གཤེགས་པ་དམ་པ་ཁོང་ལ་མྱ་ངན་ཡོད།
བོད་རྒྱལ་ཁབ་ཀྱི་དོན་དུ་རླབས་ཆེ་བའི་མཛད་རྗེས་གང་མང་འཇོག་མཁན་ཁོང་གི་ལས་སྤྱོད་ལ་
གུད་དུད་དང་སྐུ་མི་རྟག་མྱ་ངན་འདས་ཚུལ་ལ་འཕངས་སེམས་ཀྱི་མྱ་ངན་ཞུ་རྒྱུ་རང་རེད།
བཙན་བྱོལ་བོད་གཞུང་གི་བཀའ་བློན་ཁྲི་ཟུར་སྐུ་ངོ་འཇུ་ཆེན་ཐུབ་རྣམ་མཆོག་གློ་བུར་དུ་འདས་གྲོངས་སོང་བའི་ཡིད་སྐྱོའི་གནས་ཚུལ་ཐོས་པར་ཡིད་གདུང་དྲག་པོས་མྱ་ངན་ཞུ་རྒྱུ་དང་།དམ་པ་ཁོང་ནི་བཙན་བྱོལ་བོད་མིའི་ལོ་རྒྱུས་ཀྱི་མི་སྣ་གལ་ཆེན་ཞིག་ཡིན་པས་དམ་པ་ཁོང་གི་མཛད་རྗེས་བཟང་པོ་རྣམས་ལ་གཟེངས་བསྟོད་དང་སྤང་བླང་མ་འཛོལ་བར་རྒྱུན་འཛིན་བྱ་རྒྱུ་གལ་ཆེ་ཡིན།
༡༽བཙན་བྱོལ་བོད་གཞུང་གི་བཀའ་བློན་ཁྲི་ཟུར་སྐུ་ངོ་འཇུ་ཆེན་ཐུབ་རྣམ་མཆོག་གློ་བུར་དུ་འདས་གྲོངས་སོང་བའི་ཡིད་སྐྱོའི་གནས་ཚུལ་ཐོས་པར་ཡིད་གདུང་དྲག་པོས་མྱ་ངན་ཞུ་རྒྱུ་དང་།དམ་པ་ཁོང་གྲོངས་པ་དེས་བཙན་བྱོལ་བོད་མིའི་ལོ་རྒྱུས་ཀྱི་མི་སྣ་གལ་ཆེན་ཞིག་མེད་པར་སོང་བ་རེད།
༢༽དམ་པ་ཁོང་ནི་བཙན་བྱོལ་བོད་མིའི་ལོ་རྒྱུས་ཀྱི་མི་སྣ་གལ་ཆེན་ཞིག་ཡིན་པས་དམ་པ་ཁོང་གི་མཛད་རྗེས་བཟང་པོ་རྣམས་ལ་གཟེངས་བསྟོད་དང་སྤང་བླང་མ་འཛོལ་བར་རྒྱུན་འཛིན་བྱ་རྒྱུ་གལ་ཆེ་ཡིན།
༣༽དམ་པ་ཁོང་གི་སྐུ་ཚེའི་མཛད་རྗེས་གལ་ཆེ་བ་རྣམས་ལ་དངོས་ཡོད་ལོ་རྒྱུས་དཔར་བཞག་གི་དྲ་ཐོག་བགྲོ་གླེང་བྱུང་ནའང་དེ་ཡང་ཁོང་ལ་མྱ་ངན་ཞུ་བའི་ཆ་ཤས་ཤིག་ཡིན་པར་སྙམ།
༤༽དམ་པ་ཁོང་འདས་གྲོངས་ལ་ཕེབས་པ་དེས་བཙན་བྱོལ་ནང་གི་སྲིད་དོན་པ་དང་སྐབས་འཚོལ་བ་ཉུང་ཤས་ཤིག་གི་ལག་པ་ཕྱིས་ས་གལ་ཆེན་ཞིག་མེད་པར་སོང་བ་རེད།
༥༽གལ་ཏེ་དམ་པ་ཁོང་༢༠༠༡ལོར་བཀའ་ཁྲིའི་འོས་ཤོག་ཐོབ་ནས་སྐབས་གཉིས་རིང་བཀའ་གནང་ཡོད་ཚེ་ལས་གནས་རྩིས་འཕྲོད་གནང་ནས་ཉིན་༡༥རྗེས་ལ་འདས་གྲོངས་སོང་བས་དེ་ཡང་ངོ་མཚར་ཆེ་བ་ཞིག་ལ་ངོས་འཛིན་བྱས་ཆོག་པ་རེད།
སྐུ་ངོ་འཇུ་ཆེན་ལགས་འཇིག་རྟེན་འདི་ནས་ཕྱི་མའི་ལྔ་ལམ་དུ་གཤེགས་པར་བསྔོ་སྨོན་རྣམ་དག་ཅིག་གིས་རྫོང་བ་བྱེད་ལོས་དགོས། སྐུ་ངོ་ལགས་ཀྱིས་སྐུ་ཚེ་གང་བོར་༸གོང་ས་མཆོག་གི་བཀའ་དགོངས་སྙིང་བཅིང་གིས་བོད་མི་རིགས་ཀྱི་ཆེད་དུ་རླབས་ཆེའི་མཛད་འཕྲིན་ཤ་སྟག་བསྐྱངས་པ་རེད་ལ། ལྷག་པར་བཙན་བྱོལ་བོད་གཞུང་གི་སྐུ་ངོ་ལྷན་རྒྱས་ཀྱི་ནང་ནས་རིས་མེད་ཀྱི་དགོངས་དཀྱེལ་ཤིན་ཏུ་ཡངས་པའི་གྲལ་ཡིན་པས་སྐུ་དངོས་སུ་བཞུགས་སྐབས་ནས་བཟུང་གུས་པས་བསྔགས་བརྗོད་ཡང་ཡང་ཞུ་མྱོང་།
བར་སྐབས་བཙན་བྱོལ་ནང་སྐུ་དབང་ཆེ་ལ་ལོ་རྒྱུས་སྣ་འཛོམས་ཀྱི་མི་གྲགས་ཤིག་དགོངས་པ་རྫོགས་པར་བློ་ཕམ་ཡོད། དམ་པ་དེ་ཉིད་ཀྱི་ཚེ་རབས་ཀུན་ཏུ་བྱས་བསགས་ལས་ངན་སྡིག་ལྟུང་རྣམས་དག་ནས་འཕགས་མཆོག་གྲུ་འཛིན་མགོན་པོའི་ཞབས་དྲུང་དུ་སྐྱེ་བར་ཤོག
ནམ་རྒྱུན་སྐུ་དྲགས་ལ་དགྲར་འཛིན་པའི་གསར་བུ་དྲིན་ལན་ལོག་འཇལ་བ་དག་ནི་དགའ་ཚོད་ཡིན་པས་མྱ་
ངན་བྱེད་པའང་ཕྱིས་དྲགས་པ་དང་བཅོས་མའི་རྣམ་འགྱུར་ཙམ་དུ་ཟད་དོ།
གསར་པ་ཐམས་ཅད་དྲང་བདེན་རིང་ལུགས་པར་འདོད་ཅིང་།།
རྙིང་པ་མཐའ་དག་ལྐོག་ཟ་རུལ་སུངས་པར་བརྩི་བའི།།
སྐུ་དྲགས་དགག་བྱར་འཛིན་མཁན་ཨ་གསར་བ་རྣམས་ལ།།
དོན་མཐུན་མྱ་ངན་ཞུ་བའི་གཙང་སེམས་ཤིག་མཆིས་མིན།།
ཡུན་ཐུང་ལོ་རྒྱུས་ཁྲོད་ནས་ར་སྤྲོད་ཅིག་ཡོད་དོ།།
དམ་པ་ཁོང་སྐྱེ་ཞིང་སྐྱེ་བ་དང་ནི་ཐམས་ཅད་དུ་བོད་མི་ཁ་ཁོག་མཚུངས་པ་འབའ་ཞིག་ཏུ་སྐྱེ་བར་ཤོག་ཅེས་སྨོན་ལམ་གྲངས་མེད་ཞུ་རྒྱུ་ཡིན།ཨོྂབཛྲ་སཱཏཱོ་ཧཱུྂ་་་་་་་་་་་་་་་་་་་་་་་
ཨ་ལེ། སྐུ་ངོ་ཁོང་གྲོངས་པ་རེད། ཨོ་མ་ཎི་པདྨེ་
བཀའ་བློན་ཁྲི་ཟུར་སྐུ་ངོ་འཇུ་ཆེན་སྐུ་གཤེགས་པར་ཡིད་སྐྱོའི་མྱ་ངན་ཞུ། འགའ་ཤིག་གིས་སྐུ་ངོ་འཇུ་ཆེན་ཡག་རབས་དང་འགའ་ཞིག་གིས་སྐུ་ངོ་འཇུ་ཆེན་སྡུག་རབས་བཤད་མཁན་ཡོད། ངས་དང་ཐོག་དེར་དོ་སྣང་ཆེར་མ་བྱས་ཀྱང་། མི་ཁའི་གླེང་ཕྱོགས་ཤུགས་ཆེ་བ་དང་ལྷག་པར་བཀའ་ཁྲིའི་འོས་མི་སྐུ་ངོ་བཀྲ་ཤིས་དབང་འདུད་དང་བློ་བཟང་སེང་གེ་གཉིས་ཀྱིས་སྒྲོལ་མ་གླིང་དུ། འོས་གཞིར་ལངས་པ་དེ་སྐུ་ངོ་འཇུ་ཆེན་དང་འབྲེལ་བ་མེད་ཚུལ་གྱིས་གསལ་བཤད་བྱས། ང་དེར་ཡ་མཚན་སྐྱེས་ཏེ་ཁོང་གཉིས་འོས་གཞིར་ལངས་པ་དེ་སྐུ་ངོ་དང་འབྲེལ་བ་ཡོད་ན་སྐྱོན་ཅི་ཡོད་དམ་སྙམ། དེ་ནས་ངས་ཁོང་གི་དགེ་སྐྱོན་འཚོལ་ཐབས་བྱས་ཀྱང་བོད་དུ་སྐུ་ཚབ་ཕེབས་སྐབས་ཡ་མཚན་པའི་བཀའ་མོལ་ཞིག་གནང་ཡོད་པ་དང་། བཙན་བྱོལ་དུ་ལོ་མང་བཀའ་བློན་གནང་བ་གཉིས་དང་། བཀའ་བློན་སྐབས་རྒྱ་རི་དང་འཇུ་ཆེན་གཉིས་འཐབ་རྩོད་ཤུགས་ཆེ་ཡོད་པ་སྐུ་ངོ་ཞེ་བོའི་ལོ་རྒྱུས་ནང་གསལ་བ་དེ་ལས་གཞན་མ་ཤེས། འོན་ཀྱང་ངའི་རེ་བ་ད་དུང་བརླགས་མེད་པ་མི་རིང་བར་ཁོང་གི་མི་ཚེའི་ལོ་རྒྱུས་འདོན་སྤེལ་བྱེད་ངེས་པ་སྐབས་དེ་དུས་ངས་ཁོང་ལ་གདེངས་འཇོག་རྣལ་མ་ཞིག་བྱེད་ངེས།
ལྷ་རིགས་འཇུ་ཡི་བརྒྱུད་དུ་བལྟམས་པའི་བུ། །
ལྷ་ཆོས་འཛིན་པའི་བོད་ཀྱི་རྒྱལ་ཁབ་ན། །
ལྷ་གཅིག་ཕྱག་ན་པད་མོའི་བཀའ་ཡི་བློན། །
ལྷ་ཕྲུག་ཁྱེད་ནི་དག་པའི་ཞིང་དུ་བཞུད། །
ས་སྟེང་འདི་ན་འགྲན་པའི་ཟླ་མེད་པ། །
ས་སྐྱོང་སྡེ་དགེ་རྒྱལ་པོའི་མདུན་ན་འདོན། །
ས་དགེ་བཀའ་རྙིང་རིས་མེད་བསྟན་པ་དར། །
ས་སྤྱོད་ཞིང་དེའི་ངོ་མཚར་སྟོང་གི་གནས། །
འཕགས་པ་སྤྱན་རས་གཟིགས་ཀྱིས་ལམ་སྣ་དྲོང་། ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ།
ཁ་སང་ངས་ཡིད་སྐྱོའི་གནས་ཚུལ་དེ་གོ་མ་ཐག་སེམས་སྐྱོ་སྣང་དང་ཡ་མཚན་སྣང་གི་ངང་ནས་སྤུན་ཉེ་ཁག་ཅིག་ལ་ཁ་པར་གཏང་བ་ཡིན་པས། ཚང་མས་ཨ་ཁཱ་ཞེས་ཡིད་སྐྱོ་སྣང་དང་ཕམ་སྣང་གི་ངང་ནས་མ་ཎི་འདོན་བཞིན་འདུག དེའི་ཐད་ནས་ངའི་སྤུན་མཆེད་གི་ནང་ནས་ཁོང་ལ་གདེང་འཇོག་ཧ་ཅང་ཆེན་པོ་ཡོད་པ་ང་དང་གཅིག་མཚུངས་རེད་འདུག དེ་མིན་སྤྱི་ཚོགས་སྟེང་ལ་དེ་སྔོན་ངན་ཕྱོགས་ཀྱི་ལབ་གླེང་མང་པོ་ཞིག་ཡོད་ལ་ད་ཆ་བཟང་ཕྱོགས་ཀྱི་བྱས་རྗེས་མང་དག་ཞིག་གླེང་ངེས་ཡིན། དེ་ནི་བོད་མིའི་ཁྱད་ཆོས་བཅོས་མ་མ་ཡིན་པ་ཞིག་རེད།
ཨ་ཕོ་ཡོད་དུས་ཨ་ཕོས་མི་འགྲིག་མང། །
ཨ་ཕོ་ཕྱིན་རྗེས་ཨ་ཕོར་བྱས་རྗེས་མང། །
ཨ་ཕོའི་བཟང་ངན་སྲང་གིས་ཚད་ཞལ་ཚེ། །
བཟང་ལ་རྒྱ་གང་ངན་ལ་སྲང་གང་ཡིན། །
ད་ནི་བཟང་ངན་འཇལ་བར་མ་བརྩོན་པར་འདས་པོའི་ཆེད་ལ་མ་ཎི་འཕྲེང་སྐོར་ཞིག་འབྲང་ན་དོན་གོ་ཆེ། ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ།
དེ་ངས་ཁ་སང་དུས་བབ་དུ་གཅིག་བྲིས་པ་ཡིན།
རིགས་བཟང་འཇུ་ཡི་རྒྱུད་སྐྱེས་ཆོས་དང་མཇལ། །རིགས་ཞེན་ལྷག་བསམ་དཀར་པོ་སྙིང་ལ་བཅང་། །རིགས་རུས་བསྟོད་སྨད་གང་ཞིག་བརྗོད་ཀྱང་བཟོད། །རིགས་སྨྲ་མིན་ཀྱང་རང་ཚོད་ཐིག་མོ་ཡོད། །འདི་ཡིས་སྡོམ་བརྒྱབ་ཏེ། །སྐུ་ངོ་སྲིད་པའི་འཇིགས་ལས་གྲོལ་བར་ཤོག །་ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ།
ཁྱེད་ནི་འཇིག་རྟེན་བོད་མིའི་སྨོན་པའི་ཡུལ། ཁྱེད་ནི་གངས་ཅན་མུན་ཁྲག་འདྲེས་པའི་དུས། ཁྱེད་ནི་དཀར་གསལ་ཟླ་བའི་བསིལ་ཟེར་འགྲན། ཁྱེད་ནི་ནམ་ཡང་བོད་མིས་བརྗེད་མི་སྲིད།། །འདིར་སྣང་འཇིག་རྟེན་བཀོད་པ་བསྡུ་བའི་དུས། ཁྱེད་ལ་ཞེན་པའི་བོད་མིའི་སེམས་ཁམས་སུ། ཡལ་ཡོལ་བདེ་བའི་སྣང་བ་ཐེངས་གཅིག་ནུབ། ཁྱེད་ཀྱི་རླབས་ཆེན་མཛད་པའི་འཕྲིན་ལས་རྣམས། ནམ་ཡང་ནུབ་པར་མི་སྲིད་སྲིད་འདིར་གནས།། །ཀྱེ་ཧུད། འཇིག་རྟེན་འདི་ལ་སྙིང་རྗེ་སྤུ་ཙམ་མེད། འཇིག་རྟེན་འདི་ཡིས་བཟང་ངན་ཅི་མི་ཤེས། འཇིག་རྟེན་སྐྱབས་པའི་སྐྱེས་བུ་འདི་འདྲ་བ། འཇིག་རྟེན་ཕ་རོལ་ཇི་ལྟར་བཏང་བ་ལགས།།
གངས་ཅན་བོད་ཀྱི་ཆོས་སྲིད་སྐྱོང་མཁས་ཞིང་།
མདོ་ཁམས་སྒང་གི་མདོ་རྩ་འཛིན་པའི་བུ།
གངས་ཕྲུག་སྐར་ཚོགས་ས་ཡ་དྲུག་གི་དབུས།
ཁྱེད་ནི་དོན་གནད་གསལ་བའི་ཟླ་བ་ཉིད།
སྲིད་ན་དཀོན་པའི་མི་རྗེ་དབང་པོ་སྟེ།
སྲིད་ཀྱི་བློན་པོ་འཇུ་ཆེན་ཐུབ་བསྟན་མཆོག
སྲིད་པའི་ཟླ་བ་ནུབ་རིར་གཤེགས་ན་ཡང་།
སྲིད་པའི་གྲགས་དཀར་སླར་ཡང་ཅིས་མི་གསལ།
མི་ཚོགས་ཀྱི་མདུན་དུ་ཐོན་ནས་སྨྲ་ཕོད་པ་དང་བསམ་ཕོད་པའི་མི་སྣ་ཁྱད་པར་བ་ཞིག། ལོ་མང་རིང་ཆབ་སྲིད་ཀྱི་སྟེགས་བུར་བཞེངས་ནས་སྐུ་ལས་བསྐྱོན་མྱོང་མཁན་ཁོང་ལྟ་བུའི་མི་སྣ་ཞིག་འདི་ལྟར་སྐུ་ཚེ་མ་ཟིན་པར་བཞུད་པ་ནི། ཡིད་སྐྱོ་བ་དང་མྱ་ངན་གུས་འདུད་ཞུ་འོས་པ་རེད། བཙན་བྱོལ་སྤྱི་ཚོགས་འདི། འདི་ལྟར་སྲ་ཐག་ཐག་ཅིག་ཡོད་པ་ཁོང་དང་ཁོང་ལྟ་བུའི་དབུ་ཁྲིད་དག་གིས་ཕྱག་ལས་མཛད་པའི་བཀའ་དྲིན་ཉག་གཅིག་ལས་བྱུང་བ་རེད་ལ། གོང་ས་མཆོག་གི་དགོངས་གཞི་དང་མཐུན་པར་ཆབ་སྲིད་ཀྱི་ལམ་དུ་ཞུགས་མཁན་ཚང་མ་ལ་བསྟན་འཛིན་གྱི་སྐྱེས་བུ་ཞེས་འབོད་གི་ཡིན་ལ། ངེད་བོད་ཆོལ་ཁ་གསུམ་གྱི་བོད་རིགས་ཡོད་དོ་ཅོག་ནས་ཚེ་ཚེ་རབས་རབས་སུ་དཀྱིལ་འཁོར་གཅིག་གི་ལྷ་ཚབ་བྱས་ནས་སྨོན་ལམ་འདེབས་ཆོག
དམ་པ་ཁོང་འདས་གྲོངས་སུ་གྱུར་པ་ནི་ང་ཚོ་རྗེས་རབས་དག་གི་གོྱང་གུད་ཅིག་རེད་ ད་ནི་མྱ་ངན་གིྱ་སྨེྲ་ངག་འདོན་རྒྱུ་ལས་ཅི་ཞིག་ཡོད་ ང་ཚོས་དམ་པ་ཁོང་དང་ཁོང་རྣམས་ཀིྱ་དྲང་བདེན་དང་ལྷག་བསམ་ སྙིང་སྟོབས་ལ་རྒྱལ་ རྣམ་དཔྱོད་བཅས་ལ་དཔེ་ལྟ་ནས་དམ་པ་གོང་མ་རྣམས་ཀིྱ་རྗེས་ཆོད་པ་བྱེད་དགོས་སྙམ
སྒོ་གསུམ་དག་པའི་དགེ་བ་གང་བགྱིས་པ། ཁམས་གསུམ་སེམས་ཅན་རྣམས་ཀྱི་དོན་དུ་བསྔོས། དུས་གསུམ་བསགས་པའི་ལས་སྒྲིབ་ཀུན་བྱང་ནས། སྐུ་གསུམ་རྫོགས་པའི་སངས་རྒྱས་མྱུར་ཐོབ་ཤོག
ཉེ་ལམ་སྐུ་ངོ་ཁྲི་ཟུར་འཇུ་ཆེན་དང་འདུལ་བ་འཛིན་པ་འཁྲུལ་ཞིག་རིན་པོ་ཆེ་གཉིས་འདས་གྲོངས་སོང་བར་སྙིང་དབུས་ནས་མྱ་ངན་དང་བློ་ཕམ་ཚད་མེད་བྱུང་། ལོ་རྒྱུས་ཀྱི་བསླབ་བྱ་དང་ཤ་ཚ་བའི་ཉམས་མྱོང་གི་བསླབ་བྱ་བཅས་མངའ་བའི་མི་རབས་རྒན་པ་རྣམས་ང་ཚོ་གསར་བུ་བས་བོད་མི་རིགས་ཀྱི་འགན་འཁུར་བར་དེ་བས་མཁོ། མི་རབས་རྒན་པ་འདས་གྲོངས་སོང་བ་རྣམས་ལ་བྱས་པ་དྲན་བཞིན་སྨོན་ལམ་རྗེས་དྲན་ཞུ་རྒྱུ་དང་། འཚོ་བཞུགས་རྣམས་སྐུ་ཚེ་རིང་བའི་སྨོན་ལམ་འདེབས། ཆབས་ཅིག་འདས་པ་རྣམས་ཀྱི་ལོ་རྒྱུས་ལ་ཕྱོགས་བསྡོམས་ཀྱིས་བླང་བྱ་དང་དོར་བྱ་ངོས་འཛིན་དགོས། འཁྲུལ་ཞིག་རིན་པོ་ཆེ་ནི་རྩོད་མེད་ཡོངས་གྲགས་ཀྱི་མཁན་ཆེན་ཞི་བ་འཚོ་དང་གཉིས་སུ་མེད་པའི་རིས་མེད་ཀུན་གྱིས་མཆོག་ཏུ་བཀུར་འོས་པའི་འདུལ་བ་འཛིན་པ་ཆེན་པོ་ཞིག་ཡིན། སྐུ་ངོ་ཁྲི་ཟུར་འཇུ་ཆེན་ཐུབ་བསྟན་མཆོག་ནི་བཟང་ངན་གྱི་གླེང་ཕྱོགས་ཧ་ཅང་ཆེ་བའི་མི་ཞིག་ཡིན། ཁ་ཅིག་གིས་བཤད་ན། སྐུ་ངོ་སྡུག་རབས་ཟེར། རྒྱུ་མཚན་དྲིས་ཚེ་ཨ་ཐར་ནོར་བུར་རྒྱབ་ནས་ངན་སྐུལ་བྱེད་མཁན་དང་ཆོལ་ཁའི་རྩོད་རྙོག་སློང་མཁན་གཙོ་བོ་ཞིག་རེད་ཟེར། འགའ་ཞིག་གིས་སྐུ་ངོ་བཀའ་དྲིན་དང་མཛད་རྗེས་ཆེན་པོ་རེད་ཟེར། བཀའ་བློན་ལོ་མང་གནང་བ་དང་ཁོང་གི་ཀླད་པ་ནི་གློག་ཀླད་བཞིན་ཧ་ཅང་བརྟན་ཞིང་ངེས་པ་དང་། བོད་ཀྱི་བཅའ་ཁྲིམས་ཟིན་བྲིས་འདེབས་མཁན་གཙོ་བོའི་གྲས་ཡིན་པ་དང་། ལྡི་ལི་ཆུ་བཞི་སྒང་དྲུག་དང་བོད་གཞུང་བར་སྡུམ་བཏང་བ། གཉའ་གནོན་ལ་མགོ་མི་སྒུར་བའི་གྱོང་པོ་ཞིག་ཡིན་ཟེར། ངས་བལྟས་ན། ཁོང་གིས་བཞག་པའི་བཟང་ངན་གྱི་འབྲས་བུ་གཉིས་ཀ་མངོན་གསལ་དོད་པོས་ང་ཚོའི་མིག་མདུན་མི་འདུག་ལ། རྣམ་རྟོག་དགྲར་ལངས་ཁང་སྟོང་རྐུན་བུ་སྡང་བའི་དཔེ་ལྟར་ཕྱོགས་གཉིས་པོ་རྣམ་རྟོག་དབང་དུ་ཤོར་བ་ཞིག་རེད། དེ་ལྟའི་གླེང་ཕྱོགས་གཉིས་ང་ཚོའི་རྣ་བར་ཕྱོགས་ག་ནས་འོངས་སམ། ང་ཚོས་དེར་བརྟག་དཔྱད་བྱེད་དགོས། ད་དུང་། གཞིས་ཀྱི་བོད་མིར་ངོ་ཚ་དགོས་པའི་ལོ་རྒྱུས་ཀྱི་ནག་ཉེས་ཆེན་པོ་ཆིག་སྒྲིལ་ཚོགས་པ་ཟེར་བ་དང་ཚོ་ཁག་བཅུ་གསུམ་ཟེར་བའི་འཐབ་རྩོད། ཀུན་བཟང་བླ་མ་དང་རྒྱ་རི་ཉི་མ་རྒྱལ་པོ་གཉིས་ཐའེ་ཝན་བོད་སོག་ལས་ཁུངས་ཀྱི་ཕོགས་བཟས་ཚུལ་གྱི་འཐབ་རྩོད། ཨ་ཐར་ནོར་བུས་འགོ་འཁྲིད་པའི་སྐབས་དེའི་ཆུ་བཞི་སྒང་དྲུག་དང་བོད་སོག་ལས་ཁུངས་གཉིས་ཀྱིས་༸གོང་ས་མཆོག་གི་བླ་ན་མེད་པའི་སྐུ་དབང་དང་བོད་གཞུང་དབང་འཛིན་པ་རྡོག་རོལ་བཏང་སྟེ་བོད་སོག་ལས་ཁུངས་དང་ཆིངས་ཡིག་བཞག་པ་བཅས་དང་འབྲེལ་བའི་ཞིབ་འཇུག་རེ་བྱེད་ཐུབ་ཚེ། ཁོང་གི་གླེང་ཕྱོགས་རྣམས་དུ་བ་རང་ཡལ་དུ་འགྲོ་ངེས་འདུག
ཁ་སང་ཕྱི་ཟླ་ ༩ ཚེས་ ༧ ཉིན་བལ་ཡུལ་མཆོད་རྟེན་དུ་སྡེ་དགེ་བདེ་དོན་ཚོགས་ཁོང་སུ་ཡོད་པའི་མི་མང་རྣམས་ནས་སྐུ་ངོ་དམ་པ་ཁོང་གི་ཆེད་དུ་སྟོང་མཆོད་འབུལ་བཤམས་དང་གསོལ་འདེབས་སྨོན་ལམ་ཞུས་འདུག ད་དུང་དགོངས་ཞག་ཞེ་དགུ་བར་བདུན་རེ་ལ་མཆོད་འབུལ་ཞུ་འཆར་རེད་འདུག