སྲོང་བཙན།
དེ་རིང་གི་བཀའ་བློན་བདེ་སྐྱིད་ཆོས་དབྱངས་ཀྱི་དགོངས་ཞུ་དེ་ཏག་ཏག་གནད་ལ་ཁེལ་བ་བྱུང་ཡོད་ཅིང་། ཉེས་བརྡ་ཞིག་ཀྱང་བཏང་ཡོད་པས་ད་དུང་འཕག་འཚག་བརྒྱབ་ན་ཞིབ་ཕྲའི་གནས་ཚུལ་བཤད་རྒྱུ་ཡིན་པའི་གསར་འགོད་བསྒྲགས་གཏམ་ཞིག་ཀྱང་སྤེལ་ཡོད། ཉེས་བརྡ་འདི་དང་གསལ་བསྒྲགས་འདི་དུས་ཚིགས་འདི་འདྲ་ལ་སྤེལ་བ་ནི་ཧ་ཅང་འཚམ་པོ་ཞིག་ཆགས་ཡོད་པ་ཙམ་མ་ཟད། ད་དུང་ཁ་གསལ་མ་བཤད་པར་རྔ་ཅི་རྡུང་ལ་འཆམ་འཁྲབ་རྒྱུ་ཡོད་ལུགས་ཀྱི་རིགས་ལམ་དེའང་ཚད་མཐོན་པོ་ཞིག་གྱུར་ཡོད། མ་གཞི་ཕྱིལ་དྲིལ་བཀའ་བློན་དང་ནང་སྲིད་བཀའ་བློན་གཉིས་སྐབས་རྗེས་མའི་སྲིད་སྐྱོང་འོས་མིར་ལང་རྒྱུ་ལ་རྒྱུ་མཚན་མང་པོའི་ཐོག་ནས་འོས་བབ་ཡོད་པས་ཁོང་གཉིས་བསྟུན་མར་ལོ་བཅུའི་རིང་དུ་བཀའ་བློན་ཁུར་ཤེས་ཐབས་མེད་པ་ནི་ཧ་ཅང་གསལ་པོ་རེད། ཁྲིམས་སྒྲིག་གི་ཐོག་ནས་དུས་ཡུན་ལོ་བཅུ་ལ་བཀའ་བློན་གྱི་འགན་ཁུར་བའི་མི་ཞིག་བསྐྱར་དུ་སྲིད་སྐྱོང་དང་བཀའ་བློན་ལ་ཕེབས་ཐབས་མེད་པ་གསལ་ཡོད་སྟབས། ཁོང་གཉིས་པོ་བསྐྱར་དུ་དུས་ཡུན་ལོ་ལྔ་མི་བཞུགས་པར་དགོངས་ཞུ་གཏོང་ངེས་ཡིན་པ་ནི་སྔོན་ནས་ཐག་གཅོད་ཟིན་པ་ཞིག་རུང་ཕྱི་དྲིལ་བཀའ་བློན་གྱིས་དགོངས་ཞུ་སྔ་སྣུར་གྱིས་ཉེས་བརྡ་གཏོང་དགོས་ཐུག་ཡོད།
ད་ལོའི་དངོས་གཞིའི་འོས་བསྡུ་ཉེ་སྐབས་དཔལ་ལྡན་བཀའ་ཤག་ལ་ནག་མེད་ཉེས་འཛུགས་དང་གཟུགས་མེད་གྲིབ་བཟོའི་གནས་ཚུལ་ཉེས་འཚབ་ཆེ་བ་རེ་བྱུང་ཡོད་པ་ནི་ཀུན་གྱིས་ཤེས་གསལ་ལ། ད་དུང་བཀའ་ཤག་གི་བཀའ་ཡིག་ལའང་བརྩི་སྲུང་མི་ཞུ་བའི་གནད་དོན་རྫབ་ཆེན་རེ་ཐོན་ཡོད་པ་ཙམ་མ་ཟད། མི་ལོ་ཧྲིལ་པོ་བཞི་དང་ཕྱེད་ཀའི་རིང་དུ་དཀའ་ངལ་དང་སྡུག་རིས་བྱས་ཏེ་ཚད་མེད་པའི་མཛད་པ་བསྐྱངས་ཚུལ་ཐམས་ཅད་རྩམ་པ་རླུང་གིས་ཁུར་བ་ལྟར་བྱེད་རྩིས་གནང་བ་ནི་དཔལ་ལྡན་བཀའ་ཤག་གིས་བཟོས་སྒོམ་ཐུབ་པ་ཞིག་ག་ལ་ཡིན།
དུས་དབང་ཕྱིར་འགྱངས་དང་འབྲེལ་ནས་བཀའ་ཤག་གིས་བཀའ་ཡིག་ཕེབས་དགོས་བྱུང་ཡོད་ལ། བཀའ་ཤག་གི་བཀའ་ཡིག་ལ་བརྩི་སྲུང་གཏན་ནས་མ་བྱས་པར་འདི་ཟླ་ཚེས་༩ ཉིན་སྐུ་ངོ་སྤེན་པ་ཚེ་རིང་མཆོག་གི་སྒེར་གྱི་མཚན་ཐོག་ནས་ཡི་གེ་འབྱོར་ཡོད། སྐུ་ངོའི་ཡི་གེ་འདིས་དཔལ་ལྡན་བཀའ་ཤག་གིས་བཀའ་ཁྱབ་ངོས་ལེན་མི་ཐུབ་པའི་སྐོར་འཁོད་པ་ཙམ་མ་ཟད་བཀའ་བློན་ཚོར་བློ་ཕམ་དགོས་པའི་ནང་དོན་བཀོད་ཡོད་སྟབས་ད་ལྟའི་བཀའ་ཤག་གིས་ལས་ཁོངས་ཁག་སྒོ་བརྒྱབ་སྟེ་བཀའ་བློན་བརྒྱད་པོས་དགོངས་ཞུ་གཏོང་དགོས་ངེས་སུ་ཐུག་ཡོད་པ་སྨྲས་མེད་ཡིན་རུང་། དེ་ལྟར་མ་གནང་བར་ཕྱི་དྲིལ་བཀའ་བློན་བདེ་སྐྱིད་ཆོས་དབྱངས་སྒེར་གྱིས་ཉེས་བརྡ་གཏོང་ལུགས་འདི་དགོངས་པ་ཆེ་བཞེས་དང་སྤྱི་ཚོགས་སུ་བརྡབ་གསིག་ཤུགས་ཆེན་མི་འགྲོ་བའི་བྱ་ཐབས་མཁས་པོ་དང་དགོངས་ཡོངས་དཀྱེལ་ཆེ་རང་གནང་འདུག བཀའ་བློན་གཞན་གྱིས་དགོངས་ཞུ་མ་བཏང་བར་ཕྱི་དྲིལ་བཀའ་བློན་བདེ་སྐྱིད་ཆོས་དབྱངས་ཀྱིས་དགོངས་ཞུ་གཏོང་དགོས་དོན་ཅི་ཞིག་ཡིན་ནམ། འདི་ནི་རྒྱུ་མཚན་ལས་སླ་སྟེ། མོ་རང་མདོ་སྨད་ཆོལ་ཁ་ནས་ཡིན་སྟབས་ཆོལ་ཁའི་ཕྱོགས་ཞེན་རེད་ཅེས་ད་སྐབས་ཀྱི་ཚོགས་གཙོའི་རྒྱབ་སྐྱོར་བ་ཚོས་མངོན་སུམ་འཛེམས་མེད་ཀྱིས་ཉེས་འཛུགས་གནང་ས་དེ་མེད་ལ། ལྷག་པར་དུ་ཚོགས་གཙོ་དང་ཆོལ་ཁོངས་གཅིག་ནས་ཡིན་སྟབས་ཚོགས་གཙོ་ལ་ཉེས་བརྡ་གཏོང་ན་ཆབ་སྲིད་རང་བཞིན་གྱི་གནད་འགག་ཆེན་པོ་ལྡན་ཡོད།
དཔལ་ལྡན་ཚོགས་གཙོ་མཆོག་གིས་ད་ལྟའི་བཀའ་ཤག་གི་ལས་དོན་ཁག་ཡག་པོ་འགྲོ་བཞིན་མེད་ལུགས་དང་། ༧གོང་ས་མཆོག་ལ་མཛད་དཀའ་བཟོ་སྲིད་བ། བཀའ་ཁྲི་ཟམ་གདོང་རིན་པོ་ཆེས་ཧྲ་ཐག་ཐག་བཟོས་བཞག་པ་དེ་རྦོམ་ལུག་སྲིད་ཟེར་བ་དང་དུས་དབང་ཕྱིར་འགྱངས་ཀྱི་སྐོར་དེ་སྲིད་སྐྱོང་གི་བྱས་ཉེས་ཡིན་ཚུལ་སོགས་ཀྱི་ད་ལྟའི་བཀའ་ཤག་གི་གྲུབ་འབྲས་འབུར་དུ་ཐོན་པ་དག་ནག་བསུབ་བཏང་སྟེ་སྐྱོན་འཛུགས་ཤ་སྟག་བྱས་པའི་ཉེར་ལེན་ལ་བཀའ་ཤག་གིས་བཀའ་ཁྱབ་གཏོང་དགོས་ཐུག་ཡོད་ལ། དེ་རིང་ཕྱི་དྲིལ་བཀའ་བློན་བདེ་སྐྱིད་ཆོས་དབྱངས་ཀྱི་གསལ་འགོད་བསྒྲགས་གཏམ་དེ་སྤེལ་དགོས་ཐུག་ཡོད།
བཀའ་བློན་བདེ་སྐྱིད་ཆོས་དབྱངས་ཀྱིས་མི་ལོ་བཞི་ལྷག་ཙམ་རིང་ལ་རང་ཉིད་ཀྱི་ལས་དོན་བྱེད་ཕྱོགས་ཁག་བློ་ཁ་འཚིམ་པོ་བྱུང་ཡོད་ལུགས་དང་ད་རུང་སྤྱི་ཚོགས་སུ་ཞབས་ཞུ་གནང་བར་སེམས་ཤུགས་དང་གདེང་ཚོད་ཡོད་ལུགས་གསུངས་ཡོད་པར་བལྟས་ན་ཁོང་ཉིད་བཀའ་ཤག་གི་ལས་དོན་བྱེད་ཕྱོགས་ལ་འདོད་བློ་མ་ཁེངས་པ་དང་སྲིད་སྐྱོང་གི་གནང་ལུགས་ལ་བློ་ཕམ་གྱིས་དགོངས་ཞུ་གཏོང་དགོས་ཐུག་པ་ཞིག་མ་ཡིན་པར་ཧ་ཅང་གསལ་པོ་ཆགས་ཡོད།
སྲོང་བཙན་ལགས། ༼བཀའ་བློན་བདེ་སྐྱིད་ཆོས་དབྱངས་ཀྱིས་མི་ལོ་བཞི་ལྷག་ཙམ་རིང་ལ་རང་ཉིད་ཀྱི་ལས་དོན་བྱེད་ཕྱོགས་ཁག་བློ་ཁ་འཚིམ་པོ་བྱུང་ཡོད་ལུགས་དང་ད་རུང་སྤྱི་ཚོགས་སུ་ཞབས་ཞུ་གནང་བར་སེམས་ཤུགས་དང་གདེང་ཚོད་ཡོད་ལུགས་གསུངས་ཡོད་པར་བལྟས་ན་ཁོང་ཉིད་བཀའ་ཤག་གི་ལས་དོན་བྱེད་ཕྱོགས་ལ་འདོད་བློ་མ་ཁེངས་པ་དང་སྲིད་སྐྱོང་གི་གནང་ལུགས་ལ་བློ་ཕམ་གྱིས་དགོངས་ཞུ་གཏོང་དགོས་ཐུག་པ་ཞིག་མ་ཡིན་པར་ཧ་ཅང་གསལ་པོ་ཆགས་ཡོད།༽ ཞེས་བཀོད་པ་ལྟར་དངོས་བདེན་ཡིན་ན། དེང་སྐབས་སྲིད་སྐྱོང་བློ་སེང་ལགས་སུ་འཛིན་སྐྱོང་དང་བཀའ་བློན་ཚོར་འགན་ཇི་བཞིན་སྤྲོད་ཀྱི་མེད་པའི་སྐྱོན་བརྗོད་ཤུགས་ཆེ་བྱ་བཞིན་སྟབས་ཁོང་ལ་རྒྱབ་སྐྱོར་ཞུ་ཆེད་ལོ་དུས་མ་ཚང་བར་བཞུགས་དགོས་པ་ལས། ཧོབ་ཏེ་རྩ་དགོངས་ཞུ་དགོས་དོན་གང་ཡིན་ནམ། ཁྱེད་ནི་ཕྱོགས་ཞེན་གྱི་ར་བཟི་ནས་དྲན་གཏམ་བཤད་པ་ལས་དོན་དངོས་སྐད་ཆ་བཤད་རྒྱུ་མི་གདའ། རྒྱུ་མཚན་ངོ་མ་ཇི་ཡིན་ཕྱི་དྲིལ་བཀའ་བློན་བདེ་ཆོས་ལགས་ནས་རིང་མིན་གསལ་བཤད་ཡོང་རྒྱུ་ལགས།
ཨེ་མ་ཧོ་། ཆབ་སྲིད་སྐོར་སྣེ་གཅིག་མི་ཤེས་མཁན་སྲིད་སྐྱོང་བློ་སེང་དང་བློ་སེང་གི་རྒྱབ་སྐྱོར་བའི་གནས་ཚད་སྐྱོ་བ་ལ་།་
སྲོང་བཙན་ཟེར་བ་འདིས། བདེ་སྐྱིད་ཆོས་དབྱངས་ཀྱི་གསལ་བསྒྲགས་གོ་བ་ལོན་མི་འདུག མདོར་ན། དགོངས་པ་ཞུ་དོན་དེ། མུ་མཐུད་བཀའ་ཤག་འདིའི་ནང་ནས་བསྡད་ན། བོད་སྤྱི་བར་གནོད་ཀྱི་འདུག བཀའ་ཤག་འདི་ནས་ཕྱིར་བུད་ན་བོད་སྤྱི་བ་ལ་ཕན་གྱི་འདུག་ཟེར་ནས་དགོངས་པ་ཞུས་འདུག་ག དེ་ཙམ་ཡང་གོ་བ་མི་ལོན་པ་ཅི་རེད། དཔེར་ན། དང་པོར་དམིགས་བསལ་ཚོགས་ཆེན་གྱི་གྲོས་ཆོད་ནང་གོང་ས་མཆོག་ལ་མཛད་དཀའ་མི་བཟོ་བ་འཁོད་པ་ལ་ལྟོས་མེད་ཀྱིས། དུས་དབང་ཞུས་པ། དེ་ནས་ཆབ་སྲིད་ཆེད་ཡིན་པའི་ཕྱི་ནང་གསལ་པོ་ཆགས་ནས། གོང་ས་མཆོག་ཐུགས་ཕམ་དང་དང་ཕྱིར་འགྱངས་གནངས་པ། ཕྱིར་འགྱངས་སྐོར་དེར་བཀའ་ཤག་ནས་མང་ཚོགས་ལ་ནང་དོན་འགལ་ཟླ་ཅན་གྱི་གསལ་བསྒྲགས་སྤེལ་བ་སོགས་ལ་བཀའ་བློན་ནང་ཁུལ་ན་ལབ་གླེང་ཆེན་པོ་ཡོད་པ་རེད། ད་རེས་བཀའ་བློན་གཅིག་གིས་དགོངས་པ་ཞུས་པ་དེ། སྲིད་སྐྱོང་གི་ལས་ཀ་བྱེད་སྟངས་ལ་བློ་ཕམ་བྱུང་ནས་རེད། ཡཀད་མི་ཆེས་ན། སང་གནངས་གསལ་བསྒྲགས་དང་གསལ་བཤད་རིམ་པས་ཡོང་གི་རེད།
སྲོང་བཙན་གྱི་རྩོམ་ཡིག་འདིས། བདེ་སྐྱིད་ཆོས་དབྱངས་ཀྱིས་ཚོགས་གཙོས་བཀའ་ཤག་གི་འཐུས་ཤོར་གླེང་བ་དེ་ཚོ་ངོས་ལེན་གནང་བཞགམཔ་འདྲ་ཞིག་ཀྱང་བཤད་འདུག བཀའ་ཤག་གི་ཚབ་བྱས་ནས་ངོས་ལེན་གནང་བ་ཞིག་ཀྱང་བཤད་འདུག བཀའ་བློན་ཚང་མས་ངོས་ལེན་བྱས་ནས་བཀའ་ཤག་སྒོ་རྒྱག་དགོས་པ་འདྲ་ཞིག་ཀྱང་བཤད་འདུག སྲོང་བཙན་གྱིས་དོན་ངོ་མར་སྤེན་པ་ཚེ་རིང་ལ་རྒྱབ་སྐྱོར་བྱེད་ཀྱིན་འདུག འདི་ཡང་སྤེན་པ་ཚེ་རིང་ལ་ཞབས་བརྟན་རིམ་གྲོ་རང་རེད། བཀའ་བློན་གྱིས་། ད་ལྟའི་བཀའ་ཤག་ནང་སྡོད་པ་དེ་བོད་སྤྱི་བ་ལ་གནོད་སའཀྱེལ་བ་ཞིག་ལ་ཙོས་བཟུང་འདུག དེ་ཤེས་དགོས་པ་རེད། འདི་ནི་ད་ལྟའི་བཀའ་ཤག་གི་བཀའ་བློན་ལས་ཐོག་ཅིག་གིས། ད་ལྟའི་བཀའ་ཤག་འདིས་མང་ཚོགས་ལ་གནོད་སྐྱེལ་གྱི་་ཡོདཔ་ངོས་ལེན་བྱས་པ་ཞིག་རེད་ ད་འདིས་བློ་བཟང་སེང་གེར་ཕན་པ་དང་། སྤེན་ལ་ཚེ་རིང་ལ་གནོད་པར་བཤད་ན། ཁུངས་འཁྱོལ་གྱི་ཨེ་རེད།
ཕྱི་དྲིལ་བཀའ་བློན་གྱིས་ལས་གནས་ནས་དགོངས་པ་ཞུས་པ་ནི། སྲིད་སྐྱོང་གི་ལས་ཀ་བྱེད་སྟངས་ལ་བློ་ཕམ་དང་། ཉེ་ཆར་ནས་བཀའ་ཤག་གིས་དུས་དབང་ཕྱིར་འགྱངས་སྐོར་ལ་ནང་འགལ་ཅན་གྱི་གསལ་བསྒྲགས་སྤེལ་ནས་མང་ཚོགས་ལ་མགོ་སྐོར་གཏོང་ཐབས་བྱས་པ་སོགས་ལ་བློ་ཕམ་བྱུང་ནས་རེད། ད་ལྟའི་བཀའ་ཤག་ནང་བསྡད་ན། བོད་སྤྱི་བ་ལ་གནོད་ཀྱི་འདུག ལས་གནས་ནས་དགོངས་པ་ཞུས་བཞག་ན་བོད་སྤྱི་པ་ལ་ཕན་གྱི་འདུག་ཅེས་དགོངས་པ་ཞུས་པ་རེད། དགོངས་པ་ཞུ་དོན་འདི་རེད། སྲིད་སྐྱོང་དང་བཀའ་ཤག་གིས་བོད་སྤྱི་བར་གནོད་སྐྱེལ་གྱི་འདུག་ཟེར་གི་ཡོད་པ་རེད། འདི་བཀའ་བློན་ལས་ཐོག་ཅིག་གིས་བཤད་པ་རེད། ཉེན་ཁ་ཡོད་ན་མེད་ན། དངོས་ཡོད་གནས་སྟངས་འདི་རེད།
བཀའ་ཟུར་བདེ་ཆོས་ལགས་ཀྱིས་གློ་བུར་དུ་དགོངས་པ་ཞུ་སྟངས་དེ་ཆབ་སྲིད་བཙོག་པའི་ལས་དོན་འགྲུབ་སྟངས་ཤིག་རེད། གཞན་གང་ཡང་མ་རེད། རང་རེའི་ཕ་མ་སྤུན་མཆེད་ཀྱིས་གཙོས་པའི་གཞིས་ལུས་བོད་མིའི་རེ་བ་སྟོང་ཟད་དུ་གཏོང་ས་རེད། གཞོང་པ་སྟོང་པར་གཞོང་འཛིངས་རྒྱབ་ནི་ཉི་མ་སྐྱེལ་གྱིའདུག་གོ།
ད་བདེ་ཆོས་ལགས་ཀྱིས། བློ་སེང་དང་། སྤེན་ཚེ་སུ། སྲིད་སྐྱོང་དུ་འདམ་བགྱི་རེད། ལགས། མཁྱེན་མཁན་ཡོད་པེ། ལགས།
བཀའ་ཤག་ནང་འཁྲུགས་དང་སྲིད་སྐྱོང་དང་ཚོགས་གཉིས་སྲིད་སྟེགས་ལ་ཇི་ཙམ་ཕྱོགས་གཏོགས་ལ་འགན་བཀུར་ནས་བཙན་བྱོལ་སྤྱི་ཚོགས་དཀྲུགས་ཀྱང་འོས་ཤོག་མི་མང་ལག་ཏུ་ཡོད་པ་ལས་ཁོང་ཚོའི་ལག་ཏུ་ནམ་ཡང་མེད་དེ་། ཕྱི་དྲིལ་བཀའ་བློན་གྱི་གནང་སྟངས་དེ་ལ་བོད་མི་བསམ་ཡོད་སུ་གཅིག་གི་ཡཡིད་ཆེས་མི་བྱེད་དོ་།
བདེ་སྐྱིད་ཆོས་དབྱངས་ཀྱི་རང་དབང་དཔྱ་དེབ་སྦས་པ་ཡིན་ན། བློ་སེང་དང་སྤེན་ཚེ་སུ་ཡང་བླུག་ཐུབ་ནི་མ་རེད།
གཞོན་ནུ་ཟླ་མེད། གླེན་བཤད་དེ་འདྲ་ལ་ཨ།
བདེ་སྐྱིད་ཆོས་དབྱངས་ཀྱིས་མོ་རང་བློ་སེང་གིས་བཀའ་བློན་དུ་འཐེན་པའི་བཀའ་དྲིན་རྗེས་དྲན་ཡིན་ས་རེད། ཇ་ལན་ཆུ་འཇལ་ཟེར་བ་དེ་རེད། ནམ་ལང་ཁར་གཅིན་ཤོར་འདུག