གངས་རིའི་དོམ་ཁྲ།
བྱང་ཨ་རིའི་སྤྱི་འཐུས་ཚེ་དབང་རིགས་འཛིན་ལགས་གྱིས་” ང་རང་བོད་མི་མང་སྤྱི་འཐུས་ཤིག་ཡིན་པའི་ཆ་ནས། གངས་ཅན་པ་ཞིག་ཡིན་པའི་ཆ་ནས་ཞེས་སྐད་ཆ་མགོ་བཙུག་ས་ཏེ། སྐྱབས་བཅོལ་བོད་མི་དཀྱུས་མ་ཞིག་གིས་རང་གི་དང་བླང་དཔྱ་དེབ་རལ་སྲེག་བཏང་བའི་ཐད་ལ་”དམ་ཆོས་ཉི་མ་ཞུ་ཉིན་ཅིག་གིས། འཛམ་གླིང་འདིའི་སྟེང་གི་བོད་པ་ཞིག་ཡིན་པའི་ངོས་འཛིན། བློ་ཕམ་ཡོད། ནག་ཉེས་ཚབ་ཆེན་བསག་པ། དངོས་ཡོད་དཀའ་ངལ་ཞིག་གིས་བྱས་པ་ལ་ངོས་ལེན་མེད། དགྲ་དགའ་གཉེན་སྡུག་གི་བྱ་བ་རེད། ཕན་ཐོག་མེད་པ་དེ་ཨ་རིའི་མི་སེར་ཆགས་ཡོད་པས་ཡིན་རྒྱུ་རེད། དེ་མ་ཡིན་པའི་རྒྱབ་ལྗོངས་ན་ག་རེ་ཡོད་མེད་ང་ཚོས་ཤེས་ཀྱི་མ་རེད། བོད་རྒྱལ་ཁབ་དང་མི་རིགས་ལ་མཐོང་ཆུང་རེད། ཁོ་རང་གི་ཚབ་ཆེན་ལས་ཀ་དེ་བྱས་བར་སོང་ཙང་ངའི་ངོ་དེབ་དྲ་གྲོགས་ལས་ཕྱིར་འབུལ་བཏང་གི་ཡིན་སོགས་སྤོར་ཤོད་དང་མཐོང་ཆུང་། དམའ་འབེབ་ཀྱི་སྐད་ཆ་རྫབ་ཆེན་འགའ་གསུང་འདུག
བྱང་ཨ་རིའི་སྤྱི་འཐུས་ཚེ་དབང་རིགས་འཛིན་ཁོང་རང་ཉིད་གངས་ཅན་པ་ཞིག་ཡིན་་ཆ་ནས། སྐྱབས་བཅོལ་བོད་མི་ཞིག་ཡིན་པའི་ཆ་ནས། བོད་དོན་་འཐབ་རྩོད་པ་ཞིག་ཡིན་པའི་ཆ་ནས། རང་ཉིད་ཨ་རི་ན་ཡོད་པའི་ཆ་ནས། ལྷག་ཏུ་རང་ཉིད་ས་གནས་དེ་གའི་སྤྱི་འཐུས་ཤིག་ཡིན་པའི་ཆ་ནས་དངོས་བརྒྱུད་གང་རུང་ནས་འབྲེལ་བ་བྱས་ཏེ་དོན་དངོས་དཀའ་ངལ་ག་རེ་རེད། ཁོ་རང་གི་བསམ་བློ་འཁྱེར་སོ་ཅི་རེད། དེ་སེལ་ཐབས་ལ་གདོང་ལེན་གང་དང་གང་བྱ་དགོས་པ་སོགས་ལ་ཐུགས་བསམ་བཞེས་ནས་ཕྱག་ལས་ག་རེ་ག་རེ་གནང་ཡོད་དམ། སྐུ་ཉིད་ཀྱིས་ང་ཚོ་ཞེ་འཁྲེང་བའི་དམ་ཆོས་ཉི་མ་ལ་དངོས་དང་བརྒྱུད་ནས་འབྲེལ་བ་གང་ཡང་བྱས་མེད་ན་ཁྱེད་ས་ཁོངས་དེ་ནས་གདམས་ཐོན་བྱུང་་བོད་མི་མང་གི་སྤྱི་འཐུས་ཤིག་ཡིན་པའི་འགན་ཅི། གནས་ཐོབ་གང་ཡང་ཡོད་དགོས་ལ་འགན་ཅི་ཡང་མེད་དགོས་པའི་སྤྱི་འཐུས་ཤིག་ཡིན་ནམ།
”དམ་ཆོས་ཉི་མ་ཟེར་བ་ཞིག་གིས” ཞེས་མི་དེ་འདི་རེད་ཅེས་དམིགས་འཛུགས་ངོས་འཛིན་ཐུབ་ཀྱི་མེད་པའི་ཐ་སྙད་སྤྱད་ནས་གསུང་འདུག དམ་ཆོས་ཉི་མ་ནི་དོལ་རྒྱལ་ཁ་འཁྱེར་འགའ་ཕྱིར་གཞུང་ལམ་ཟུར་ལ་ཐོན་དེ་གོང་ས་མཆོག་ལ་ངོ་རྒོད་བྱེད་མཁན་ཚོའི་གདོང་ལ་བཏོན་ནས་ཁ་གཏད་གཅོག་མཁན་ཞིག་དང་། དྲ་གཉེར་བ་ཞིག ལྷག་པར་ཏུ་སྤྱི་འཐུས་རང་ཉིད་ཀྱི་ཁྱབ་ཁོངས་སུ་ཡོད་པའི་མི་སེར་ཞིག་ཡིན་པས་རྩད་གཅོད་མི་ཐུབ་ཞིག་གཏན་ནས་མིན་ཙང་། བཀུར་འོས་སྤྱི་འཐུས་རང་གིས་དངོས་ཡོད་གནས་ཚུལ་ལ་ཐུགས་སྣང་གནང་འདོད་མེད་པ་ཞིག་ལ་ངོས་འཛིན་མི་བྱེད་ཐབས་མེད་རེད། མགོ་འཁྲིད་ནི་མི་མང་གི་རྫི་བོ་ལྟ་བུ་ཡིན་དགོས་པས་བཀུར་འོས་སྤྱི་འཐུས་་རང་ཉིད་ཀྱི་ཁྱབ་ཁོངས་ནས་རང་མི་གཅིག་ཕྱི་ལ་འཕྱན་པས་རྫི་བོས་རྫི་གོབ་མ་ཆོད་པ་ཞིག་མ་ཡིན་ནམ།
བཀུར་འོས་སྤྱི་འཐུས་ལགས་ཀྱིས”ཁོ་རང་གི་ཚབ་ཆེན་གྱི་ལས་ཀ་དེ་བྱས་ཙང་ངའི་ངོ་དེབ་དྲ་གྲོགས་ནས་ཕྱིར་འབུལ་བྱེད་ཀྱི་ཡིན། བོད་རྒྱལ་ཁབ་དང་མི་རིགས་ལ་མཐོང་ཆུང་རེད”ཅེས་ གསུང་འདུག དཔལ་ལྡན་སྲིད་སྐྱོང་མཆོག་གིས་གསར་འགོད་པར” བོད་ལ་རྒྱལ་ཁབ་ཅིག་བྱུང་མྱོང་མེད”ཅེས་དང་། གྲོས་ཚོགས་སུ་དེའི་འགྲེལ་བཤད་དུ” ང་རང་རྒྱ་གར་དུ་སྐྱེས་པས་བོད་མཐོང་མྱོང་མེད་ཙང་བོད་ལ་རྒྱལ་ཁབ་ཅིག་ཡོད་པའི་ཚོར་སྣང་མི་འདུག་ཅེས་བཤད་རྩིས་ཡིན་ཀྱང” གསུང་བ་རེད། རྒྱ་གར་དུ་སྐྱེས་པའི་བྱིས་པ་ལོ་བརྒྱད་ཡན་གྱིས་བོད་རང་བཙན་གཙང་མ་ཡིན་ཞེས་ངག་ན་མ་ཎི་བགྲེང་བགྲེང་བྱེད་ཀྱི་ཡོད་རེད། མ་ཟད་དཔལ་ལྡན་སྲིད་སྐྱོང་བློ་སེང་ནི་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དབུས་སྤྱི་ཁྱབ་རྒྱུན་ལས་ལ་སླེབ་མྱོང་བའི་མིན་སྣ་ཞིག་རེད། བཀུར་འོས་སྤྱི་འཐུས་ཁྱེད་རང་ཡང་གངས་ཅན་པ་ཞིག་དང་གཞོན་ནུའི་ཚོགས་མི་ཙམ་དུ་མ་ཟད་ཚོགས་གཙོ་གནང་མྱོང་ཅན་ཞིག་རེད། གཅིག་བྱས་ན་སྐབས་དེར་གཞོན་ལྷན་ཚོགས་གཙོ་ལས་ཐོག་ཡང་ཡིན་སྲིད། དེ་འདྲའི་བཀའ་མོལ་རྫན་ཆེན་ཞིག་གསུང་ཡོང་བའི་སྐབས་དེར་བཀུར་འོས་སྤྱི་འཐུས་རང་ཉིད་ཀྱི་དེར་རྣམ་འགྱུར་ག་རེ་བསྟན་ཡོདདམ། མེད་ན་མི་ཆེན་དཔོན་ཆེན་ཚོའི་སྐྱོན་འགེབ་སྲུང་དང་མི་དཀྱུས་མ་ཞིག་སྐྱབས་བཅོལ་་བོད་ཚོགས་ནས་ཟག་འགྲོ་བར་བཙན་གཏམ་དེ་འདྲ་བཤད་ནས་ཕྱིར་འབུད་བཏངས་པ་ནི་འགྱེལ་བའི་སྒང་ལ་རྡོག་བརྫིས་བཏངས་པས་ཆིག་སྒྲིལ་ཇི་ལྟར་ཡོང་ངམ། མ་གཞི་ནས་རང་གི་མངའ་ཞབས་ཀྱི་མི་མང་ལ་བདག་པོ་བརྒྱག་སྟངས་ཇི་འདྲའི་ངན་པ་ལ།
ཐ་མའི་འབོད་བསྐུལ་དུ”སྤྱི་ཚོགས་དྲ་རྒྱ་དང་སྐད་འཕྲིན་ནང་དུ་ཆ་ཤས་ལེན་པའི་སྐབས་སུ་ངེས་པར་ཏུ་འགེན་བཞེས་པའི་ཐོག་ནས་ཆ་ཤས་ལེན་རོགས་གནང་། ་་་བོད་ཀྱི་རྩ་དོན་ལ་གནོད་བསྐྱལ་ཡ་དང་ཆིག་སྒྲིལ་ལ་དོ་ཕོག་འགྲོ་ཡ་གི་གནས་ཚུལ་དེ་འདྲ་བྱུང་ན་ཏག་ཏག་སྡད་ཡོད་པ་མ་རེད་་་་”སོགས་གསུང་འདུག བྱས་ན་བཀུར་འོས་སྤྱི་འཐུས་རང་ཉིད་ཀྱིས་ད་རེའི་བཀའ་མོལ་འདི་འགེན་བཞེས་པའི་ཐོག་གསུང་གི་ཡོད་ན། དམ་ཆོས་ཉི་མ་ལ་གོ་བསྐོན་བློ་འགུག་གནང་ཡོང་དམ། བྱང་ཨ་རིའི་དོན་གཅོད་ལ་ལས་འཚམས་འཇོག་བཅུག་པ་དེ་བོད་ཀྱི་རྩ་དོན་ལ་གནོད་ཅིང་ཆིག་སྒྲིལ་གཏོར་གྱིན་པ་མིག་མཐོང་ལག་ཟིན་ཡིན་པས་དེར་ལམ་སྟོན་དང་འབོད་བསྐུལ་ག་རེ་ཞུས་ཡོད། དཔེར་ན་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཉིན་གྱི་ལས་འགུལ་ཆེ་མོ་སྤེལ་བར་ཉིན་བཅུའི་གོང་དུ་སྐུ་ཚབ་དོན་གཅོད་པ་སྐུ་ངོ་སྤེན་པ་ཚེ་རིང་ལ་ལས་འཚམས་འཇོགས་དགོས་པའི་རང་ཁེ་སྤྱི་གནོད་ཀྱི་ལས་དོན་དེར་མི་མང་ནང་ངོ་རྒོད་ཡོད་པ་དང་། དེས་ལས་འགུལ་ཆེ་མོ་ལ་ཡང་དོ་ཕོག་བྱུང་ཉེན་མཐོང་སྐབས། སྐུ་ངོ་སྤེན་ཚེ་རིང་མཆོག་ལ་འབོད་བསྐུལ་གནང་བ་བཞིན་སྐུ་ངོ་སྐུ་ངོ་སྤེན་ཚེ་རིང་མཆོག་ནས་ཀྱང་མི་མང་ལ་དེར་མཉམ་ཞུགས་གནང་དགོས་འབོད་བསྐུལ་་གནང་ཞིང་། མི་མང་གིས་ཀྱང་དེང་ལེན་ཞུས་ཡོད་པ་རེད། དེ་བཞིན་བཀའ་ཤག་ལ་ཡང་རྩིས་སྤྲོད་རྩིས་ལས་ལེན་དེ་ལས་འགུལ་ཆེ་མོའི་རྗེས་ལ་བསྒྱངས་པར་རེ་བསྐུལ་ཞུ་དགོས་པ་ཁ་རྩ་དགོས་གཏུག་གི་འགན་ཡིན་པས་དེ་གནང་་ཡོད་དམ།
བྱང་ཨ་རིའི་སྐུ་ཚབ་དོན་གཅོང་ཁང་དུ་ཡོད་དགོས་ངེས་ཅན་གྱི་ཡིག་ཆ་ཞིག་མཐོང་རྒྱུ་མེད་སོང་བ་རེད། འདིས་དོན་གཅོད་ཀྱི་ཡིག་ཆ་ཆ་ཚང་རྩིས་སྤྲོད་བྱས་མེད་པ་ཤེས་ཐུབ་ལ། དོན་གཅོད་ཁང་ནི་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་ལས་ཁང་རེད་མ་གཏོང་དཔལ་ལྡན་སྲིད་སྐྱོང་གི་སྐུ་ཚབ་ཁང་མིན་པ་མཁྱེན་གྱི་ཡོད་ཤག་རེད། མདོར་ན་ད་ཐེངས་ཀྱི་དོན་གཅོད་འཕོ་འགྱུར་དང་མི་མང་གི་ངོ་རྒོལ། རོགས་དངུལ་ཧེ་བག ཆིག་སྒྲིལ་གཏོར་གཤིག རང་ཁེ་སྤྱི་གནོད་སོགས་ཀྱི་ཐད་ནས་ཀུར་འོས་སྤྱི་འཐུས་ལགས་ཀྱིས་རང་གི་ཕྲག་པ་བབ་སྡད་པའི་འགན་དེ་དག་ལས་ཅི་ཙམ་འཁུར་ཐུབ་གྱི་འདུག་དང་མི་འདུག་མ་འོང་བར་གྲོས་ཚོགས་འཚོག་སྐབས་སུ་བལྟ་ཡ་ཡིན་གདའ།
ཐུགས་རྗེ་ཆེ། རྗེས་སུ མཇལ་ཡོང་།
༢༠༡༨/༡/༢ ཉིན་གངས་རིའི་དོམ་ཁྲ་ཡིས་བྲིས།
ཚེ་དབང་རིག་འཛིན་ནི་སྒེར་གཅོད་པའི་གཤིས་ཀ་ཅན་ཞིག་རེད། ཉེ་སྔོན་ཨེ་ཤི་ཡ་རླུང་འཕྲིན་གྱིས་སྐུ་ངོ་སྤེན་ཚེ་གནང་དབྱུང་བཏང་བའི་ཐད་དགོངས་ཚུལ་དྲིས་པར། ཁོས་དེ་ནི་བཀའ་ཤག་གི་སྐུ་དབང་ཡིན་ཚུལ་ལས། དྲང་བདེན་དང་ཁྲིམས་ལུགས་ཀྱི་སྐོར་ལ་ནི་ཚིག་ཟུར་ཙམ་ཡང་གླེང་གི་མི་འདུག ཧ་ལམ་བཀའ་ཤག་གིས་གང་ཐག་བཅད་ན་དེ་ལ་བརྩི་བཀུར་བྱེད་དགོས་པའི་ཕྱོགས་གཅིག་ཁོ་ན་ལམ་སྟོན་གནང་སོང་།
དབུ་འཁྲིད་འབྱོན་ཐང་དང་ཉམས་མྱོང་། ལྷག་བསམ་དང་བྱས་རྗེས་ཅན་ཞིག་ལས་མེད་དུ་བསྐྱུར་ན་སྤྱི་ཚོགས་ལ་གྱོང་ཆེ་བ་དང་། ལྷག་པར་མི་དཀར་ལ་ཞྭ་ནག་པོ་བསྐྱོན་དེ་མི་སེམས་ཟང་ཟིང་ལང་ལོང་དུ་བཟོ་བའི་དབང་ཆ་སྒེར་གཅོད་ཀྱི་ལས་རྣམས་ནི་ཕུགས་དེད་ན་ཆིག་བསྒྲིལ་གཏོར་བྱེད་དང་སྟོབས་ཤུགས་ཉམས་བྱེད་ཡིན་པའི་དངོས་དོན་དག་ལ་གདོང་ལེན་བྱེད་པ་ཕར་ཞོག དེ་ལས་ལྡོག་སྟེ་མཐུན་སྦྱོར་གྱི་ལས་ལ་འཇུག་ན། བློ་ཕམ་གྱི་གནས་རེད།
གནས་ལུགས་ཅན་ཞིག་བྲིས་འདུག རྒྱབ་སྐྱོར་ཞུ།
སྤྱི་འཐུས་ཚེ་དབང་རིག་འཛིན་གྱིས་དམ་ཆོས་ཉི་མས་བསྲེགས་པའི་རང་བཙན་ལག་དེབ་སྐོར་གྱི་གཏམ་བཤད་དེ་ལ་ངོ་རྒོལ་མཐའ་གཅིག་ཏུ་ཡོད། རྒྱུ་མཚན་ནི་དམ་ཆོས་ཉི་མས་ཁ་གསལ་གཏིང་གསལ་གྱིས་སྲིད་སྐྱོང་ལ་ངོ་རྒོལ་ཡིན་ཞེ་བཤད་བྱུང་། ཡིན་ཡང་ཚེ་དབང་རིག་འཛིན་གྱིས་མ་ཤེས་ཁུལ་གྱིས་ཁྱེད་ལ་ཨ་རིའི་ལག་འཁྱེར་རག་པས་རེད་ཅེས་འུ་ཚུགས་བྱས་ཏེ་བཤད་ཀྱིན་འདུག འདི་འདྲའི་མི་ནམ་ཡང་སྤྱི་འཐུས་ལ་འདེམས་མི་རུང་། །
ཚེ་དབང་རིག་འཛིན་ཞེས་པ་དེ་སྔོན་མ་གཞོན་ནུའི་ཚོགས་གཙོ་སྐབས་ནས་བཟུང་དྲང་བདེན་མེད་པ་དང་། ཁ་ཞེ་མི་མཚུངས་པ། སྤྱི་སེམས་མེད་པར་མགོ་བདེ་དྲན་འཁྲུལ་ཅན་ཞིག་ཡིན་པ་ཁོ་ལ་འབྲེལ་བ་ཡོད་མཁན་ཀུན་ལ་གསལ་ཆ་ཡོད། ད་ཐེངས་ཡང་སྲིད་འཛིན་སློབ་སངས་ལ་སྤྲེལ་་ལད་འཁྲབ་པའི་ཚུལ་གྱི་རང་མདོག་བསྟན་འདུག
གངས་རིའི་དོམ་ཁྲ།
་་་་་་་་་་ད་ཆ་རྫབ་ཆེན་འགའ་༼གསུང་༽འདུག ་་་་་་་
་་་་་་་་ ་་་་་་ལམ་ཟུར་ལ་ཐོན་དེ་༼གོང་ས་༽མཆོག་ལ་༼ངོ་རྒོད་༽བྱེད་མཁན་ཚོའི་གདོང་ལ་བཏོན་ནས་་ ་་་་་་་་་རང་མི་གཅིག་ཕྱི་ལ་འཕྱན་པས་རྫི་བོས་༼རྫི་གོབ་༽མ་ཆོད་པ་ཞིག་མ་ཡིན་ནམ།་་་་་་
་་་་་་་བཀུར་འོས་སྤྱི་ནསའཐུས་རང་ཉིད་ཀྱིས་ད་རེའི་བཀའ་མོལ་འདི་༼འགེན་བཞེས་པའི་༽ཐོག་གསུང་གི་ཡོད་ན་་་་་་་་ ་་་་་་་ལས་དོན་དེར་མི་མང་ནང་༼ངོ་རྒོད་༽ཡོད་པ་དང་།་་་་་་་་ དེ་ལས་འགུལ་ཆེ་མོའི་རྗེས་ལ་༼བསྒྱངས་པར༽་་་་་་་་་་
བྱང་ཨ་རིའི་སྐུ་ཚབ་༼དོན་གཅོང་༽ཁང་དུ་་་་་་་་་ དོན་གཅོད་ཁང་ནི་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་ལས་ཁང་༼རེད་མ་གཏོང་༽དཔལ་ལྡན་སྲིད་སྐྱོང་གི་སྐུ་ཚབ་ཁང་མིན་པ་མཁྱེན་གྱི་ཡོད་ཤག་རེད།་་་་་
ཐུགས་རྗེ་ཆེ། རྗེས་སུ མཇལ་ཡོང་།
༢༠༡༨/༡/༢ ཉིན་གངས་རིའི་དོམ་ཁྲ་ཡིས་བྲིས། ་་་་་་་་
་
གངས་རིའི་དོམ་ཁྲའི་ཆེ་རྩོམ་གཅིག་ནང་ལ། ཡིག་ནོར་ག་ཚད་བྱུང་མི་འདུག་གམ། ལགས།
ཚེ་དབང་རིག་འཛིན་ནི་སྔོན་མ་ནས་སྐབས་འཚོལ་བ་ཞིག་ཡིན་པ་ཁོ་ལ་རྒྱུས་ཡོད་མང་པོས་གླེང་བཞིན་པ་དེ་རེད། སྐབས་འཚོལ་བ་རྣམས་ཀྱིས་ཐོབ་དང་གོ་སའི་ཆེད་དུ་གང་ཡིན་ཡང་བྱེད་པ་ལ་ངོ་ཚ་དང་འཛེམ་དོགས་བྱེད་ཀྱི་མ་རེད།
ཁོས་ད་རེས་ངོ་དེབ་དུ་བཤད་པ་དེ་ཡང་རང་གི་ཁེ་ཕན་ཆེད་དུ་དམིགས་ཡུལ་ཞིག་བཟུང་ནས་བཤད་པ་ལས་སྤྱི་མི་ཞིག་གི་འགན་འཁུར་ནས་བཤད་པ་མིན་པ་ནི་གསལ་བོ་རེད། ཁོས་མ་འོངས་པའི་རྐུབ་བཀྱག་དེ་ཁམས་པའི་ཕྱོགས་ནས་ཁེ་ཕན་རེག་རྒྱུར་དམིགས་པ་རེད། ཁོ་དབུས་གཙང་བ་ཡིན་ཡང་དབུས་གཙང་ཕྱོགས་ནས་ཁོ་ལ་རྒྱབ་སྐྱོར་དེ་ཙམ་མེད་ལ། མདོ་སྨད་ལ་མི་གྲངས་ཆ་ནས་ཁོས་རེ་བ་མི་རྒྱག བློ་སེང་ལ་ངོ་དགའ་བྱས་ན། ཆོལ་ཞེན་དང་གླེན་རྟགས་ཆེ་བའི་ཁམས་པ་ཚོར་རེ་བ་ཆེན་པོ་ཡོད་པ་ཁོས་ཤེས་པ་ཡིན་ཙང་དེ་ལྟར་འཁྲབ་སྟོན་བྱས་པ་རེད། ད་ང་ཚོས་འཁྲབ་སྟོན་ཇི་ལྟར་འཁྲབ་མིན་ལྟ་དགོས་རེད།
བོད་རྒྱལ་ཁབ་དང་མི་རིགས་ཀྱི་ཆེད་དུ་སོ་སོ་ལ་བྱས་རྗེས་ཏིལ་འབྲུ་ཙམ་ཡང་བསྟོན་རྒྱུ་མེད་ན་འང་རྣམས་ཀུན་ཏུ་མི་གཞན་གྱི་སྐྱོན་མཚང་ཁོ་ན་འབྲུ་ལ་མཁས་པའི་མི་བུ་དག་གི་ཁ་ནང་ལ་ཐལ་བ་སྦར་མོ་གང་རེ་བཏབ་ནས་ལོ་གསར་པའི་ནང་དུ་ང་ཚོས་བོད་རྒྱལ་ཁབ་དང་མི་རིགས་ཀྱི་ཆེད་དུ་མཐུན་ལམ་རྡོག་རྩ་གཅིག་སྒྲིལ་ཡོང་བའི་སྨོན་འདུན་ཞུ།
སྤྱི་མཐུས་ནི་མི་དམངས་ཀྱི་མཐུས་མི་ཞིག་ཡིན་པ་ལས་དཔོན་པོ་ཞིག་རྩ་བ་ནས་མ་རེད། ཁྱེད་རང་དམ་ཆོས་ཀྱི་མཐུས་མི་ཡིན་པ་ལས་དམ་ཆོས་ཀྱི་དཔོན་པོ་མིན་པ་དེ་ཤེས་དགོས་སོ་།
[གོང་གི་དེ་ལ་ཆད་སྐྱོན་བྱུང་པས་བསྐྱར་དུ་བཏང་པ་ཡིན]
ཁ་བརྡ་དྲ་བདག་ལ་བརྗོད་པ།
གུས་པའི་མཆན་མི་ལེན་པའི་རྒྱུ་མཚན་ཅི་ཡིན་ནམ། རེ་སྐུལ་ཇི་ལྟར་བརྒྱབས་ཀྱང་གསལ་བཤད་ཙམ་ཡང་མེད་པ་ནི་འགྲོ་སྟངས་འགྲོ་ལུགས་མེད་པའི་མ་རབས་ཀྱི་ལས་ཤིག་མ་རེད་དམ། རང་རེའི་བཙན་བྱོལ་བོད་པའི་ཁྲོད་བོད་ཡིག་དྲ་ལམ་དུ་ཞུགས་མཁན་ཉུང་ཐོག བོད་ཡིག་སྤྱོད་མཁན་ཡང་ཉུང་ནས་ཉུང་དུ་འགྲོ་བཞིན་པའི་དུས་འདི་འདྲ་ལ། མི་གཅིག་ཡིན་ཀྱང་བོད་ཡིག་གི་ཁོར་ཡུག་ནང་དུ་ལེན་ཐུབ་ན་ཡག་པོ་མ་རེད་དམ།
དེ་ནི་དམ་ཆོས་ཉི་མ་ཟེར་བས་ནོར་བ་རེད།
རྩ་བ་བོར་ནས་ཡལ་ག་འཇུས་པ་དང་གཅིག་མཚུངས་རེད། ལག་དེབ་ལྗང་ཁུ་མེར་བསྲེགས་དགོས་དོན་མིན་འདུག་་་་ངོ་མ་རྣམ་དཔྱོད་དང་འཇོན་ཐང་ཡོད་ན་རིག་པའི་བརྡར་ཤ་གཅོད་དང་་་་་་དེ་འདྲ་ཞིག་བྱུང་ན་ཁྱེད་དཔའ་བོར་བརྩི་གི་ཡིན།
ཨ་རིའི་མི་སེར་ལག་འཁྱེར་རག་ཚར་དུས་་་་་་་་ལག་དེབ་ལྗང་ཁུའི་དངུལ་སྤྲོད་འདོད་མེད་པས་ཡིན་ནམ།
དམ་ཆོས་རྫུན་མ།
ེཚ་དབང་རིན་འཛིན་ལགས་སུ་གུས་ཞབས་བཞུ་ གང་ལ་ཟེར་ན་ཁྱེད་གི་ ལོ་མང་རིང་བུ་ཕྲུག་བཟའ་ཟླ་(མི་ནི་སོ་ཏྲ་Minnesota)རུ་ལྷག་ནས་ རང་དབང་ཅན་བདེ་མཚན་བོད་ཀྱི་གཞོན་ནུའི་ནང་ཕྱགས་ལས་གནང་ ད་ཆ་བྱང་ཨ་རི་སྤྱི་མཐུས་ཐོབས་ རིམ་བཞིན་ཨ་རི་བོད་མི་ནང་བཙོད་སྙོགས་གང་ཙམ་བྱུང་ དེའི་བྱུང་སྐྱེན་བཙོ་བོ་ནི་ བློ་བཟང་སེང་གེ་དང་ཁོའི་ལས་རོགས་རེད་ དེ་མཚོ་ ཁྱེད་ནས་ཧ་ཁོ་མ་སོང་ངམ་ཡང་ན་གོ་མ་ཆོད་དམ་?
(བོས་ཏྲོན་BOSTON) ནང་གནས་སྡོད་མིང་ཅན་ དམ་ཆོད་ཉི་མས་(Dhamcheo Nyima) སྤྱི་ཚོགས་ནང་ཞབས་བཞུ་གང་ཙམ་སྒྲུབས་སོང་མཉམ་ དེ་ཁྱེད་ནས་ཧ་གོ་མ་སོང་ངམ་ ཡང་ན་མཐོང་མ་་སོང་ངམ་? བོདཀྱི་ཙ་དོན་ གངས་ཅན་པ་ཧཧཧཧ་
༄༅། གདོང་འདྲེ་སེམས་ལ་ཞུགས་ན་་་རང་བཙན་ལག་དེབ་མེར་བསྲེགས་རྒྱུ་མ་ཚད
་སོ་སོའི་རྒྱལ་ཁབ་དང་མི་རིགས། ཕ་མར་བརྩི་མེད་རྐང་པའི་འོག་ཏུ་བཅུག་པ་
དང་ཁྱེད་པར་མེད་། དེ་ཚོའི་གྲས་ནི་དུས་ནམ་ཡང་སྐྱིད་པོ་དང་བདེ་བ་ཡོང་རྒྱུ་མེད།
ཡོང་རྒྱུ་མེད་པ་ལོང་བས་བལྟས་ཀྱང་ཁམས་གསུམ་མཐོང་ཟེར་བ་ལྟར་རོ།
ཕལ་ཆེར་མི་དེ་ཡི་འཚོ་བ་དགྲ་བོས་སྦྱར་གྱི་ཡོད་ས་རེད།
༄༅། མི་ལུས་རིན་ཆེན་གསེར་ལས་དཀོན་། ཁྱོད་འདྲའི་མི་ལུས་དཀོན་རྒྱུ་མེད།
་འཚོ་བ་དགྲ་ཡིས་སྦྱར་བ་འདི་། མི་ལུས་ཐོབ་ཀྱང་ངན་འགྲོར་ངེས།
རང་དབང་ལག་དེབ་མེ་བསྲེགས་གཏོང་མཁན་ངོ་མ་དེ་སྲིད་སྐྱོང་བློ་སངས་རེད།
ག་དུས།
༼གསུང་༽འདུག ་་་་་་་ གསུངས་འདུག
་་་་་་ལམ་ཟུར་ལ་ཐོན་དེ་༼གོང་ས་༽མཆོག་ལ་་་་་ ༸གོངས་
༼ངོ་རྒོད་༽བྱེད་མཁན་ ངོ་རྒོལ། ་་་་་་་་་རང་མི་གཅིག་ཕྱི་ལ་འཕྱན་པས་རྫི་བོས་༼རྫི་གོབ་༽ རྫི་དགོས། མ་ཆོད་པ་ཞིག་མ་ཡིན་ནམ།་་་་་་
་་་་་་་བཀུར་འོས་སྤྱི་ནསའཐུས་རང་ཉིད་ཀྱིས་ད་རེའི་བཀའ་མོལ་འདི་༼འགེན་བཞེས་པའི་༽ འགན་བཞེས་པའི། ཐོག་གསུང་གི་ཡོད་ན་་་་་་་་ ་་
་་་་་ལས་དོན་དེར་མི་མང་ནང་༼ངོ་རྒོད་༽ ངོ་རྒོལ། ཡོད་པ་དང་།་་་་་་་་ དེ་ལས་འགུལ་ཆེ་མོའི་རྗེས་ལ་༼བསྒྱངས་པར༽ མགྱངས་པར། ་་་་་་་་་་
བྱང་ཨ་རིའི་སྐུ་ཚབ་༼དོན་གཅོང་༽ དོནགཅོད། ཁང་དུ་་་་་་་་་
དོན་གཅོད་ཁང་ནི་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་ལས་ཁང་༼རེད་མ་གཏོང་༽ རེད་མ་གཏོགས། ད