གནས་ཚུལ་མཁོ་གཏོང་བ། གཡང་འཛོམས།
བཀའ་ཟུར་༸སྐྱབས་མགོན་ཀིརྟི་རིན་པོ་ཆེ་མཆོག་རྡོར་གླིང་སུ་ཁེའི་ཀིརྟིའི་དགོན་དགེ་ལྡན་བཀྲ་ཤིས་ཆོས་གླིང་གསར་བཞེངས་ཀྱི་ཐོག་མའི་ས་ཆོག་རྟེན་འབྲེལ་མཛད་སྒོ་ཕྱི་ཚེས་༢༥ ཉིན་བསྐྱངས་གྲུབ་རྗེས། ཕྱི་ཚེས་༢༦ ཉིན་སྤོག་རི་སྦོང་སཾ་བྷོ་ཊ་གཏན་སློབ་དང་། དེ་ཁུལ་གྱི་ཁ་འཐོར་བོད་རིགས་མི་མང་གིས་གདན་ཞུའི་གསོལ་འདེབས་ཞུས་པ་བཞིན་ཆིབས་བསྒྱུར་བསྐྱངས་ཏེ་བླང་དོར་ལམ་སྟོན་གྱི་བཀའ་སློབ་སྩལ་ཡོད་པ་རེད། དེ་ཡང་ཁོང་གིས་ཤེས་ཡོན་སྲིད་བྱུས་རྩ་འཛིན་ལམ་སྟོན་ནང་བཞིན་སློབ་སྦྱོང་སྤྲོད་རྒྱུ་གལ་ཆེན་པོ་ཡིན་ཚུལ་དང་། བོད་པའི་ཆོས་དང་རིག་གཞུང་གི་རྩ་བ་དེ་བོད་པའི་སྐད་ཡིག་ལ་ཐུག་ཡོད་ཅིང་། སྐད་ཡིག་ཉམས་ན། ཆོས་རིག་ཉམས་འགྲོ་མ་ཟད། བོད་རིགས་ཀྱི་འདུ་ཤེས་དང་། བོད་མིའི་བསམ་བློ་ཡང་ཉམས་འགྲོ་བའི་སྐོར་དང་། དེ་བཞིན་མི་ཐོག་རྒན་པ་རྣམས་རྒྱ་གར་དུ་འབྱོར་བ་ནས་སྐུ་ལས་བསྐྱོན་ཏེ། ད་ལྟའི་དབུ་བཀའ་བློན་ནས་སྤྱི་འཐུས་ཚོགས་གཙོ་བར་སློབ་སྦྱོང་བྱས་ནས་ཡོང་མཁན་གྱི་མི་ཧྲ་ཐག་ཐག་ཅིག་གསོ་སྐྱོང་ཐུབ་ཡོད་པ་དང་།
དེའི་རྗེས་མ་གསོ་སྐྱོང་གནང་མཁན་ནི། ང་ཚོའི་མི་ཐོག་རྗེས་མ་ཁྱེད་རང་ཚོར་རག་ལས་ཤིང་། ཁྱེད་རང་ཚོའི་སྐབས་ནས་སྐུ་ལས་བསྐྱོན་ཏེ། ཕྲུ་གུ་ཆུང་ཆུང་ཚོར་ཤེས་ཡོན་སློབ་གསོ་དང་། བོད་པའི་ཆོས་དང་རིག་གཞུང་གི་སྟེང་ནས། བོད་མིའི་བསམ་བློ་ཡོད་མཁན་ཞིག་བཟོས་པ་ཡིན་ན། ཕྲུ་གུ་ཆུང་ཆུང་ཚོའི་གྲས་ནས་ད་ལྟའི་སྲིད་སྐྱོང་བློ་བཟང་སེངྒེ་ནང་བཞིན་དབུ་ཁྲིད་མཁན་ཐོན་སྲིད་སྐོར་སོགས་བཀའ་སློབ་ཞིབ་རྒྱས་གནང་རྗེས། ཉེ་བའི་ཆར་༸རྒྱལ་བ་རིན་པོ་ཆེ་མཆོག་བྱང་ཤར་ཁུལ་དུ་ཆིབས་སྒྱུར་བསྐྱངས་ཡོད་པ་དང་། ༸རྒྱལ་བ་རིན་པོ་ཆེ་ལ་མཇལ་ཞིང་ཕྱག་མདུད་རག་པ་ཙམ་ཞིག་མིན་པར། ༸རྒྱལ་བ་རིན་པོ་ཆེའི་གསུང་ཚིག་རེ་རེའི་ནང་། རང་ཉིད་ཀྱིས་གང་ཞིག་བསྒྲུབ་ཐུབ་པར་བལྟས་ནས། མི་རེ་ངོ་རེས་༸རྒྱལ་བ་རིན་པོ་ཆེ་མཆོག་གི་གསུང་གི་ནང་ནས། ངའི་འདི་བྱེད་ཐུབ་པ་ཞིག་བྱུང་ན། ༸རྒྱལ་བ་མཉེས་པའི་མཆོད་པ་དང་། སྐུ་ཚེ་ཞབས་བརྟན་ཡང་དེ་ལས་ལྷག་ཅིག་མེད་སྐོར་བཀའ་གནང་གྲུབ་པའི་མཇུག་ཏུ། ཕྲུ་གུ་ཚོའི་ཞལ་ལག་གི་དོད་དུ་ཧིན་སྒོར་ཁྲི་ལྔ་སྩལ་གནང་ཡོད་པ་རེད།
སྤྲུལ་བའི་སྐུ་ཟེར་ན་འདི་འདྲ་བ་ཡིན་དགོས།
བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་འཕྲིན་ལ་རྗེས་སུ་ཡི་རངས་ཞུ།
དབང་བསྡུད་ཀྱི་ཐབས་ལམ་གཏིང་ཚར་འདུག
བཀའ་ཟུར་མཆོག་གིས་བོད་བསྟན་སྲིད་ཐུགས་ལ་བསྣམས་པར་སྙིང་ནས་མོས་གུས་གྲངས་མེད་ཞུ།
བློོ༵་ལྡན་དཔའ་བོོ་གང་དེ་ཡིས། །བཟ༵ང་གསུམ་མཛད་པའི་གོ་མཚོན་གྱིས། །བསྟ༵ན་དང་འགྲོ་བར་ཕན་སླད་དུ། །འཛི༵ན་མའི་ཁྱོན་འདིར་བདུད་དཔུང་བརྟུལ། །
༄༅། །བློོ༵་ལྡན་དཔའ་བོོ་གང་དེ་ཡིས། །བཟ༵ང་གསུམ་མཛད་འཆར་རབ་བཀོད་དེ། །བསྟ༵ན་དང་འགྲོ་བར་ཕན་བདེའི་སླད། །འཛི༵ན་མའི་ཁྱོན་འདིར་སྒར་ཞིག་བཏབ། །
༄༅། །བློོ༵་ལྡན་དཔའ་བོོ་གང་དེ་ཡིས། །བཟ༵ང་གསུམ་མཛད་འཆར་རབ་བཀོད་དེ། །བསྟ༵ན་དང་འགྲོ་བར་ཕན་བདེའི་སླད། །འཛི༵ན་མའི་ཁྱོན་འདིར་སྒར་ཆེན་བཏབ། །
ད་ཐུགས་་ལྷོད་ལྷོད་གཞུག་གནང་དང་བོད་ཀིརྟི་དགོན་པའི་ལོ་ཉུང་གྲྭ་ཆུང་ཞི་དྲག་ལུས་ས་མེད།