དབུ་མའི་ལམ་མི་མང་ལས་འགུལ་ཁང་གི་ཆབ་སྲིད་དཔྱད་གླེང་གསར་འཕྲིན་འདོན་ཐེངས་གཉིས་པ་ལས་དྲངས།
རང་རེའི་བོད་ཀྱི་བཙན་པོའི་རྒྱལ་རབས་དེ་བཤད་སྲོལ་དང་ཡིག་ཐོག་ཏུ་བཀོད་པར་གཞིགས་ན་གཉའ་ཁྲི་བཙན་པོ་ནས་འགོ་ཚུགས་པ་དང། མཁར་དང་པོ་ཡུམ་བུ་བླ་སྒང་རེད། གཉའ་ཁྲི་བཙན་པོ་ནས་རྒྱལ་རབས་ ༣༣ སྟེ་སྲོང་བཙན་སྒམ་པོའི་དུས་སུ་སྤྱི་ལོའི་དུས་རབས་༧པ་ཡིན་ཞིང། སྐབས་དེར་ཁོང་གི་དྲག་ཤུགས་ལ་བརྟེན་ནས་བོད་ཡོངས་རྫོགས་གཅིག་གྱུར་གནང་བ་དང། བསྐྱར་དུ་གཅིག་གྱུར་གྱི་བཙན་པོའི་རྒྱལ་རབས་བཙུགས་གནང་བར་བརྟེན་བོད་ཀྱི་ཆོས་སྲིད་ཕྱོགས་གང་ཅིའི་ཐད་རིམ་པས་གོང་འཕེལ་བྱུང་བ་རེད། དེའི་གོང་གོ་རྒྱལ་རབས་ ༣༢ རིང་ཞིང་ལས་དང་འབྲོག་ལས་ཐོན་སྐྱེད་སོགས་ཕྱོགས་གང་ཅིའི་ཐད་གོང་འཕེལ་བྱུང་ཡོད་ན་ཡང་སྲོང་བཙན་སྒམ་པོའི་སྐབས་ཀྱི་གོང་འཕེལ་མགྱོགས་པོ་དེ་འདྲ་བྱུང་མེད། སྲོང་བཙན་སྒམ་པོས་བོད་ཧྲིལ་བོ་གཅུག་གྱུར་གནང་རྗེས་ཞིང་ལས་དང་འབྲོག་ལས་སོགས་གང་ཅིའི་ཐད་གོང་འཕེལ་ཆེན་པོ་བྱུང་བ་མ་ཟད། ཐང་བོད་དབར་གྱི་འབྲེལ་བ་ཡང་ཉིན་བཞིན་གཏིང་ཟབ་དུ་ཕྱིན་ཡོད། གནས་ཚུལ་དེ་ཚོ་དང་ལོ་རྒྱུས་ཀྱི་ལྟ་སྟངས་དེ་ཚོའི་ཐད་ཚང་མས་གསལ་བོ་མཁྱེན་གྱི་ཡོད་ལ་གཅིག་གྱུར་ཡང་རེད།
སྤྱི་ལོ ༨༤༢ ལོར་བོད་ཀྱི་བཙན་པོའི་རྒྱལ་རབས་ཐོར་ཞིག་འགྲོ་འགོ་ཚུགས་པ་རེད། བཙན་པོ ༤༡ པ་གླང་དར་མ་ལྷ་ལུང་དཔལ་རྡོར་གྱིས་བསད་རྗེས་བཙན་པོའི་རྒྱལ་རབས་རིམ་བཞིན་ཐོར་ཞིག་སོང་བ་རེད། སྤྱི་ལོ ༨༦༧ ལོའི་ཡས་མས་སུ་བཙན་པོའི་མངའ་ཁོངས་སུ་འབངས་མི་དང་བྲན་གཡོག་གི་འོས་ལངས་གཞི་རྒྱ་ཆེན་པོ་ལངས་པ་རེད། གཉའ་ཁྲི་བཙན་པོ་ནས་གླང་དར་མའི་བར་དར་རྒུད་སྣ་ཚོགས་བྱུང་བ་དང་གཞི་རྒྱ་ཆེ་ཆུང་མི་འདྲ་བའི་དམག་འཐབ་གྲངས་མེད་བྱུང་བ་རེད། འོན་ཀྱང་སྐབས་དེར་བོད་འདི་རང་བཙན་རྒྱལ་ཁབ་ཅིག་ཡིན་པ་བསྙོན་མེད་རེད།
གོང་དུ་བཤད་པ་ལྟར་སྤྱི་ལོ ༨༧༧ ལོ་ནས་བཟུང་བོད་སིལ་བུའི་དུས་སྐབས་སུ་ལོ ༤༢༠ ལྷག་ཙམ་གནས་ཤིང། དེའི་རིང་བོད་ནི་གཅིག་གྱུར་གྱི་རྒྱལ་ཁབ་ཅིག་མིན་ཁར་ནང་གི་འཁྲུག་རྩོད་བྱུང་ཡོད་ཀྱང་ཕྱིའི་རྒྱལ་ཁབ་ཀྱིས་དབང་བསྒྱུར་བྱས་པའི་ལོ་རྒྱུས་མེད་པས་གང་ལྟར་རང་བཙན་རྒྱལ་ཁབ་ཅིག་རེད། ངའི་ལྟ་ཚུལ་འདི་ནི་བོད་ཡིག་ཏུ་གསལ་བའི་ལོ་རྒྱུས་ཀྱི་ཐོག་ནས་བྱུང་བ་ཞིག་ཡིན། སྤྱི་ལོ ༡༢༥༢ ལོར་ཡོན་གོང་མས་བོད་དུ་དམག་མི་བཏང་བ་ནས་བཟུང་ཡུན་རིང་གི་སིལ་བུའི་དུས་སྐབས་དེ་མཇུག་སྒྲིལ་བ་དང་་བོད་གཅིག་གྱུར་བཟོས་ནས་མེས་རྒྱལ་གྱི་ཁ་བྲལ་ཐབས་མེད་པའི་ཆ་ཤས་ཤིག་ཏུ་གྱུར་བའི་ལོ་རྒྱུས་དངོས་དོན་འདི་སུས་ཀྱང་བསུབ་ཐུབ་ཀྱི་མ་རེད། ཡོན་གོང་མས་འགྲོ་མགོན་ཆོས་འཕགས་ལ་བོད་ཁྲི་སྐོར་བཅུ་གསུམ་དང་ཆོལ་གསུམ་གྱི་དབང་སྒྱུར་བྱེད་དབང་ཕུལ་ཞིང། བོད་རིགས་ཀྱི་བཤད་རྒྱུན་ལྟར་ན་ཆོལ་ཁ་གསུམ་དབུས་གཙང་མངའ་རིས་གསུམ་པོ་”ཆོས་ཀྱི་ཆོལ་ཁ’’། མཚོ་སྔོན་རྒྱུད་ལ་’’རྟ་ཡི་ཆོལ་ཁ’’། ཆབ་མདོ་དང་དར་མདོར་’’མི་ཡི་ཆོལ་ཁ་’’ཡིན་ཟེར་ཞིང། ཆོལ་ཁ་གསུམ་ལ་བོད་རིགས་ས་ཁུལ་ཡོངས་རྫོགས་འདུས་ཡོད། ཡོན་གོང་མས་ཐོག་མར་བོད་ཁྲི་བཅུ་གསུམ་གྱི་དབང་བསྒྱུར་བྱེད་དབང་འགྲོ་མགོན་ཆོས་འཕགས་ལ་ཕུལ་བ་དང། དེའི་རྗེས་བོད་རིགས་ས་ཁུལ་ཧྲིལ་པོ་སྟེ་ཆོལ་ཁ་གསུམ་པོ་ཡོངས་རྫོགས་འགྲོ་མགོན་ཆོས་འཕགས་ལ་ཕུལ་བ་རེད།
འོན་ཀྱང་ཡོན་གོང་མས་བོད་དུ་ཙོང་ཀྲི་ཡོན་ཟེར་བའི་ལས་ཁུངས་བཙུགས་པ་དང་དེ་རྗེས་མིང་བསྒྱུར་ནས་ཤོན་ཀྲང་ཡོན་ཟེར་གྱི་ཡོད་པ་རེད། ལས་ཁུངས་དེ་ནི་བོད་ས་ཁུལ་གྱི་དམག་སྲིད་དང་རྒྱལ་ཡོངས་ནང་བསྟན་ཆོས་ལུགས་ཀྱི་བྱ་བ། ས་སྐྱའི་དཔོན་ཆེན་༼བློན་ཆེན་གྱི་དོན༽དངོས་སུ་བསྐོ་བཞག་བྱ་རྒྱུའི་བྱ་བ་བཅས་ཚང་མར་བདག་འདོམས་བྱེད་མཁན་རེད། རྗེས་སུ་ས་སྐྱ་དཔོན་ཆེན་བསྐོ་བཞག་བྱེད་པའི་དབང་ཆ་ནི་ཡོན་གོང་མ་རང་གི་ཕྱག་ཏུ་བཞེས་པ་བཅས་གནས་ཚུལ་འདི་ཚོ་ཚང་མའི་ཐོག་ནས་བཟུང་བོད་རང་བཙན་མ་ཡིན། དེང་སང་བོད་ཀྱི་ནང་དང་ལྷག་པར་བོད་ཀྱི་ཕྱི་ནས་མི་འགའ་རེས་བོད་རང་བཙན་ཡིན་ཟེར་བ་སོགས་བཤད་ཀྱི་ཡོད་པ་དེ་གང་འདྲ་ཞིག་ཡིན་ཞེ་ན། བོད་རིགས་བློ་མཐུན་མང་པོས་མཁྱེན་གསལ་ལྟར་ཕྱི་རྒྱལ་དུ་ཡུལ་གྱར་བའི་ཞྭ་སྒབ་པ་དབང་ཕྱུག་བདེ་ལྡན་༼དེ་སྔའི་བོད་ས་གནས་སྲིད་གཞུང་གི་རྩིས་དཔོན༽གྱིས་བརྩམས་པའི་<བོད་ཀྱི་སྲིད་དོན་རྒྱལ་རབས་>ཞེས་པའི་དེབ་གཉིས་ཡོད་པ་དང། དེབ་སྟོད་ཆའི་ཤོག་ལྷེ་༣༠༡ གི་ནང་འདི་འདྲ་ཞིག་བྲིས་འདུག “ནུབ་ཕྱོགས་པ་ཚོས་གོང་གི་ལོ་རྒྱུས་ལ་ཞིབ་ཚ་ནན་པོ་ཞིག་བྱས་ན་ཁོང་གིས་འཕགས་པ་རིན་པོ་ཆེའི་ཐུགས་དང་མི་འགལ་བ་ཞུ་རྒྱུ་ཞུས་པ་དེ་ག་རང་ནས་བོད་ཀྱི་མཐོ་ཤོས་འཕགས་པ་རིན་པོ་ཆེ་ཉིད་ལ་ཡོད་པ་ཁོང་གིས་ཁས་ལན་ཞུས་ཡོད་པ་དང། ད་དུང་ཁོང་གི་ཆོས་ཞུ་སྟངས་དང། གུས་ཞབས་ཞུ་སྟངས། སྨན་རྩའི་ཡུལ་ལེན་དུས་བཀའ་སློབ་ཞུ་སྟངས། ཐམ་ག་དང། མཚན་བསྟོད་ཀྱི་ཚིག་དོན། ཨ་མདོའི་ཡུལ་བར་ཕེབས་སྐྱེལ་དུ་ངོ་བཅར་ཞུ་སྟངས། བླ་མའི་བཀའ་ཡིན་དབང་ལ་ཆ་བཞག་སྟེ་བོད་དུ་ཞིབ་དཔྱོད་པ་གཏོང་སྟངས་སོགས་གང་ས་ནས་རྒྱལ་ཁབ་ཕན་ཚུན་གཉིས་གཅིག་ཕན་གཅིག་གྲོགས་དང། ཆེ་མཐོང་འབུལ་རེས་བྱས་པ་མ་གཏོགས་རྒྱལ་ཁབ་གཅིག་གི་འོག་ཏུ་གཅིག་མེད་པ་གསལ་བོར་མཚོན་པ་དེ་ལྟར་མཆོད་ཡོན་གྱི་འབྲེལ་བ་འདི་གཞི་ལ་བཞག་སྟེ། བོད་དང་རྒྱ་ནག་གཉིས་བར་ལའང་རབ་བྱུང་བཅོ་ལྔ་པའི་ལྕགས་ཕག་ ༡༩༡༡ ལོར་ཆིང་ངམ་མན་ཇུ་གོང་མའི་དུས་རབས་མ་རྫོགས་བར་དུ་ཕན་ཚུན་མཆོད་ཡོན་གྱི་འབྲེལ་བའི་བྱ་བ་གོང་མཚུངས་ལྟ་བུར་ཡོད་དོ།”ཞེས་བཀོད་འདུག འདི་ནི་ཞྭ་སྒབ་པས་བོད་རང་བཙན་ཡིན་པའི་སྡོམ་ཚིག་རེད། སྡོམ་ཚིག་འདིའི་ནང་ནས་བོད་ཀྱི་སེར་སྐྱ་མི་སྣ་ཚོས་མཐོང་དོན། ཕྱི་རྒྱལ་དུ་ཡུལ་གྱར་བའི་ཁ་བྲལ་རིང་ལུགས་པ་ཉུང་ཤས་ཀྱིས་རྫུན་གཏམ་ལ་བརྟེན་ནས་རང་རྒྱལ་གྱི་ཡོན་རྒྱལ་རབས་ནས་མིང་དང་ཆང་རྒྱལ་རབས་བར་གྱི་ལོ་རྒྱུས་དང། བོད་ས་ཁུལ་ལ་བལྟས་ནས་ས་སྐྱའི་དུས་ནས་སྣེ་གདོང་རྒྱལ་རབས་དང་ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པ་ནས་བཅུ་གསུམ་པའི་བར་གྱི་རྒྱ་བོད་ཀྱི་འབྲེལ་བའི་ལོ་རྒྱུས་ལ་འཁྱོག་བཤད་བྱས་པ་རེད། ཞྭ་སྒབ་པའི་སྡོམ་ཚིག་འདིའི་ནང་ཕན་ཚུན་འགལ་ཟླར་གྱུར་པའི་སྐད་ཆ་མང་པོ་འདུག་ཅིང། དཔེར་ན། སྐབས་དེའི་ཡོན་གོང་མ་དང་བོད་ཀྱི་འབྲེལ་བ་ནི་ཆོས་ཀྱི་འབྲེལ་བ་ཙམ་ལས་སྲིད་ཀྱི་འབྲེལ་བ་མ་རེད་ཟེར་བ་དེར་ཚང་མས་དགོངས་པ་བཞེས་དང། སྐབས་དེར་ཡོན་གོང་མས་འགྲོ་མགོན་ཆོས་འཕགས་དབུ་བླར་བསྟེན་པ་མ་ཟད་ཐམ་ག་དང་འཇའ་ས་སོགས་གནང་བ་རེད། རང་རེའི་ཤེས་གསལ་བཞིན། རང་བཙན་རྒྱལ་ཁབ་ཅིག་གིས་རང་བཙན་རྒྱལ་ཁབ་གཞན་ཞིག་ལ་ཐམ་ག་སྤྲད་རྗེས་རང་བཙན་རྒྱལ་ཁབ་གཞན་དེར་གཞི་ནས་དབང་བསྒྱུར་གྱི་དབང་ཆ་ཐོབ་པ་ཞིག་ཏུ་གྱུར་བའི་དཔེ་ནི་འཛམ་གླིང་དུ་མ་གྲགས་པ་ཞིག་རེད།
དེར་བརྟེན་ཞྭ་སྒབ་པ་རང་ཉིད་ཀྱི་ལྟ་ཚུལ་དེ་ངོས་ནས་བཤད་ཀྱང་སྐབས་དེའི་བོད་ནི་རང་བཙན་ཡིན་པའི་ཁུངས་སྐྱེལ་བྱེད་མི་ཐུབ། གང་ལགས་ཞེ་ན། ཐམ་ག་དང་འཇའ་ས་སོགས་ཚང་མ་ནི་གོང་ནས་གཤམ་ལ་གནང་བ་ཤ་སྟག་རེད། དཔེར་ན་ད་ལྟ་ང་ཚོའི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁབ་ཀྱི་ངོས་ནས་བཤད་ན་ཀྲུང་གོའམ་ཨོ་གླིང་ཤར་མའི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁབ་བམ། ཡང་ན་ཁྲའོ་ཞན་སོགས་ཀྱི་བར་ལ་རྒྱལ་ཁབ་གཅིག་གིས་གཅིག་ལ་ཐམ་ག་དང་དབང་ཆ་སྤྲད་རྗེས་དབང་བསྒྱུར་བྱེད་དབང་ཐོབ་པའི་དཔེ་ནི་སྟོན་ཡ་མེད། ཕན་ཚུན་འདྲ་མཉམ་གྱི་རྒྱལ་ཁབ་བར་ལ་གནས་ཚུལ་དེ་རིགས་བྱུང་མྱོང་མེད། མ་རྩའི་རིང་ལུགས་ཀྱི་རྒྱལ་ཁབ་ལ་མཚོན་ནའང་གནས་ཚུལ་དེ་རིགས་བྱུང་མྱོང་མེད་ཅིང། རིག་གནས་ཀྱི་ཐད་ལ་པཎྜི་ཏ་སོགས་ཀྱི་མཚན་རྟགས་སྤྲོད་སྲོལ་ཡོད་ཀྱང། ཐམ་ག་སྤྲད་རྗེས་དབང་བསྒྱུར་བྱེད་ཆོག་པའི་ཐོབ་ཐང་ཡོད་པའི་གནས་ཚུལ་ནི་བྱུང་མི་འདུག ཡོན་གོང་མས་འགྲོ་མགོན་ཆོས་འཕགས་ལ་བོད་ཀྱི་ཁ་ལོ་སྒྱུར་བྱེད་ཀྱི་ཐམ་ག་དང་འཇའ་ས་གནང་བ་དེ་རང་གི་ཐོག་ནས་ཡོན་གོང་མའི་མངའ་འོག་ཏུ་གཞི་ནས་དབང་ཆ་སྤྱོད་ཀྱི་ཡོད་པ་ལས་བོད་འདི་རང་བཙན་རྒྱལ་ཁབ་ཅིག་གཏན་ནས་མིན་པའི་ར་འཕྲོད་ཡོད།
གཞན་ཡང་སྡོམ་ཚིག་དེའི་ནང་དུ། བླ་མའི་བཀའ་ཡིན་པར་ཆ་བཞག་སྟེ་བོད་དུ་ཞིབ་དཔྱོད་པ་གཏོང་སྟངས་ཀྱི་ཐད་ནས་ཀྱང་གཅིག་ཕན་གཅིག་གྲོགས་དང་ཆེ་མཐོང་འབུལ་རེས་བྱེད་པའི་རྒྱལ་ཁབ་གཉིས་ཡིན་པ་མཚོན་ཡོད་ཅེས་བཤད་འདུག དེའི་གོ་དོན་གང་ཡིན་ཞེ་ན། བོད་ཀྱི་ལོ་རྒྱུས་ཡིག་ཆ་མཐོང་མྱོང་བའི་བོད་རིགས་བློ་མཐུན་ཚང་མས་མཁྱེན་གསལ་བཞིན། ཡོན་གོང་མས་འགྲོ་མགོན་ཆོས་འཕགས་ལ་ཁྲི་སྐོར་བཅུ་གསུམ་དང་ཆོལ་ཁ་གསུམ་གྱི་བདག་འདོམས་དབང་ཆ་ཕུལ་བ་དང་འགྲོ་མགོན་ཆོས་འཕགས་ས་སྐྱར་ཕྱིར་ཕེབས་རྗེས་འཕགས་པའི་གསོལ་དཔོན་དང་དཔོན་ཆེན་ཞིག་གི་བར་དུ་མ་མཐུན་པ་བྱུང་པས།གསོལ་དཔོན་གྱིས་དཔོན་ཆེན་གྱིས་ཆོས་འཕགས་ཀྱི་ཞལ་ལ་ཉན་གྱི་མི་འདུག་ཟེར་ནས་ཡོན་གོང་མར་དཀྲུག་ཤིང་བརྒྱབས་པ་རེད། ཆོས་རྒྱལ་འཕགས་པ་རང་གིས་བཏང་གནང་བའི་ཚུལ་བྱས་ཏེ་ཡོན་གོང་མར་ཡི་གེ་བཏང་བ་དང་ཡོན་གོང་མས་བོད་དུ་ཞིབ་དཔྱོད་བྱེད་མཁན་མངགས་པ་མ་ཟད། དམག་མི་ཡང་ཡོད་སྟབས་གསོལ་དཔོན་རྫུན་རྐུབ་བརྡོལ་རྒྱུར་སྐྲག་ནས་འཕགས་པར་དུག་ཕུལ་སྟེ་དཀྲོངས་པ་རེད། དེར་བརྟེན་འཕགས་པ་དགུང་ལོ་ཞེ་དྲུག་ལས་བཞུགས་ཐུབ་མེད། དེའི་རྗེས་གསོལ་དཔོན་རང་ཉིད་ཀྱང་དུག་ཟོས་ཏེ་ཤི་བ་དང། གོང་མས་མངགས་པའི་ཞིབ་དཔྱོད་པ་དང་དམག་མི་བཅས་ས་སྐྱར་འབྱོར་སྐབས་འཕགས་པ་དང་གསོལ་དཔོན་གྲོངས་ཟིན་པ་དང་དཔོན་ཆེན་གཅིག་པུ་ལས་ལྷག་མེད། ཞིབ་དཔྱོད་པས་དཔོན་ཆེན་གྱི་གནས་ཚུལ་ཇི་བཞིན་མ་ཤེས་པར་འཛིན་བཟུང་བྱས་སྟེ་ཁྱེད་ཀྱིས་ཆོས་འཕགས་ཀྱི་བཀའ་ལ་ཉན་མི་འདུག་ཅེས་སྐེ་བཅད་དེ་བསད་པ་རེད། ད་ལྟ་ང་ཚོའི་བོད་ལ་ཡིག་ངག་གཉིས་སུ་བཤད་སྲོལ་ཡོད་པར་དཔོན་ཆེན་དེ་སྐེ་གཅོད་སྐབས་ཁོས་ཞྭ་ནག་པོ་དང་གོས་དཀར་པོ་གྱོན་ནས་ཡོང་བ་རེད། དུས་དེ་ནས་ང་ཚོའི་ཁ་རྒྱུན་ལ་མི་དཀར་པོར་ཞྭ་ནག་པོ་གཡོགས་ཀྱི་འདུག་ཟེར་བ་དེ་ནི་ནོར་འཁྲུལ་མེད་ཀྱང་མ་ཉེས་ཁག་གཡོག་བྱས་པ་དེ་བོད་ཡོངས་གྲགས་ཀྱི་དཔེ་ལ་ཡོད། གནས་ཚུལ་དེའི་ཐོག་ནས་སྐབས་དེར་ཆོས་རྒྱལ་འཕགས་པས་བོད་ལ་དབང་བསྒྱུར་གནང་བའི་དབང་ཆ་ནི་ཡོན་གོང་མས་གནང་བ་དང། གསོལ་དཔོན་གྱིས་འཕགས་པའི་མཚན་ཐོག་གོང་མར་སྙན་སེང་ཞུས་མ་ཟད། ཡོན་གོང་མས་ཞིབ་དཔྱོད་པས་བཏང་སྟེ་ཞིབ་དཔྱོད་བྱས་པ་དང།
་་་་་་་་་མུ་འགོད།
ཆབ་སྲིད་དཔྱད་གླེང་གསར་འཕྲིན་རྒྱ་བལ་འབྲུག་གསུམ་གྱི་གཞིས་ཆགས་དང་སློབ་གྲྭ་ཁག་༤༣ དང་དེ་བཞིན་ཨ་རི་དང་ཡོ་རོབ་ཁུལ་གྱི་མཁས་པ་ཁག་ཅིག་དང། རླུང་འཕྲིན་ཁང་ཁ་ཤས་བཅས་སུ་འགྲེམས་སྤེལ་བྱེད་ཀྱི་ཡོད་ནའང། ད་དུང་བོད་མི་གནས་སྡོད་ཡོངས་སུ་རྫོགས་པར་འགྲེམས་སྤེལ་བྱེད་ཐུབ་མེད་པས། གསར་ཤོག་གཟིགས་མཁན་ཚོས་འདིར་བསྣུན་ནས་Midpath PDF2‘བརྒྱུད་གཟིགས་གནང་རོགས།
ཤར་ཕྱོགས་ཁུག་རྟས་དབུ་མའི་ལམ་ལ་ལོ་རྒྱུས་ཡུན་རིང་ལྡན་ཁུལ་གྱི་ཕུགས་རེ་བཅངས་ཏེ་
གཞན་དབང་གི་ཁྲོད་ནས་རྩོམ་བསྒྲིགས་བྱས་པའི་དམིགས་ཡུལ་གཉིས་ལྡན་གྱི་ལོ་རྒྱུས་འདི་རིགས་
འགྲེམས་སྤེལ་གནང་བ་ནི་རྒྱ་ནག་གཞུང་ལ་བླ་ན་མེད་པའི་རོགས་རམ་གནང་བ་ཞིག་ཏུ་མངོན་པས་དེ་ནི་དབུ་མའི་ལམ་གྱི་དམིགས་ཡུལ་མ་ཡིན་པར་བོད་རྒྱ་ཁོངས་སྒྲུབ་ཆེད་ཀྱི་
དམིགས་ཡུལ་ཙམ་དུ་ཟད་དོ།
ལར་ནས་དེ་དག་དངོས་ཡོད་གནས་ཚུལ་ཡིན་པའི་དབང་དུ་བཏང་ཡང་བཀའ་ཟུར་ང་ཕོད་
ཀྱིས་སྲིད་དོན་རྒྱལ་རབས་ཀྱི་འབྲུ་དོན་རྣམས་ཚོགས་བཅར་བ་རྣམས་སྤྱན་འབུལ་ཞུ་ཆེད་དམ།ཡང་ན་བོད་བཙན་གྱི་གཞི་རྩའི་ཐོབ་ཐང་ཡོད་པ་གླེང་སློང་གནང་བའི་ཐབས་
མཁས་ཀྱི་རང་བཞིན་ཞིག་ཏུ་མངོན་ཏེ། རང་དབང་གི་ཕྱི་རྒྱལ་ལུང་པ་ནས་རང་དབང་ཅན་གྱི་རྩོམ་པ་པོ་རྩིས་དཔོན་ཞྭ་སྒབ་པ་དབང་ཕྱུག་བདེ་ལྡན་གྱིས་དངོས་ཡོད་ཀྱི་གནོད་པ་བསྟན་པ་རྣམས་ཚོགས་བཅར་བ་རིགས་པའི་རྩལ་དང་ལྡན་པ་རྣམས་ལ་བོད་རང་བཙན་གྱི་གོ་བརྡ་སྤྲོད་བྱེད་ཀྱི་འུ་ཐུག་གི་ཐབས་ལམ་བཟང་ཤོས་ཤིག་ཡིན་པ་གོར་མ་ཆག་གོ།།
གལ་སྲིད་དེ་ལྟར་མིན་ན། ཁོང་གིས། ང་ཚོའི་གཞུང་གི་སྐུ་ཚབ་ཚོགས་པ་འམ་༸གོང་ས་ཏྰ་ལའི་བླ་མའི་དམིགས་གསལ་སྐུ་ཚབ་ལ་ང་ཚོ་དགའ་ལྡན་ཕོ་བྲང་གཞུང་གིས་རྒྱ་ནག་མན་ཇུའི་གཞུང་དང་། གོ་མིན་ཏང་སྲིད་གཞུང་ལ་ཁྲལ་རྩ་བ་ནས་འཇལ་མྱོང་མེད་ཅེས་པའི་ཚིག་དེ་གཉིས་ནང་འགལ་འབའ་ཞིག་ཏུ་མཐོང་བས། རིགས་པའི་རྩལ་དང་ཆབ་སྲིད་ཀྱི་གནད་ལ་བྱང་བའི་རླབས་ཆེན་གྱི་མི་སྣ་དེས་ནང་འགལ་གྱི་སྐད་ཆ་དེ་འདྲ་ཡོང་མི་སྲིད་དེ། ཁོང་གི་གཏམ་བཤད་རིམ་པ་མང་པོ་ནས་གཙོ་འདོན་གྱི་སྒྲུབ་བྱ་གང་ཡིན་མིན་ཤེས་ཐུབ། དེ་མིན་རྒྱ་ནག་གཞུང་གིས་ཀྱང་རླབས་ཆེན་གྱི་མི་སྣ་དེ་འདྲ་ཞིག་མིན་ན་གོ་གནས་དེ་ཙམ་སྤྲོད་པའི་གདེངས་ཚོད་གང་ནས་ཡོང་སྟེ་མི་ཡོང་ངོ།།
དེ་དང་འབྲེལ་ནས་རྣམ་པ་ཚོར་བཀའ་འདྲི་ཞུ་རྒྱུ་ཞིག་ལ།
རྒྱ་དམར་ནག་གཞུང་གིས་བོད་དུ་བཙན་འཛུལ་བྱས་པ་ནས་ད་བར་ཁ་ཡོད་ལག་ཡོད་ཀྱི་
དབང་ཆ་མཐོ་ཤོས་སྤྲད་པའི་མི་སྣ་སུ་སུ་ཡིན་མིན་ལོ་རྒྱུས་དང་བཅས་པ་ཞིག་གསུངས་རྒྱུ་ཡོད་དམ། གལ་སྲིད་ཡོད་ན་སྒྲུབ་བྱེད་ཀྱི་གཏན་ཚིགས་དང་དེ་ལྟར་བསྐོ་དགོས་པའི་རྒྱུ་མཚན་དང་
བཅས་ཏེ་འགོད་པར་འཚལ་ཞེས་རེ་བ་ནན་ཏན་ཞུ་བ་ལགས་སོ།
(ས་ཕག་ལོ་ནས་མེ་ཡོས་ལོ་བར་། ནན་སུང་རྒྱལ་རབས་ཅྭ་ཞི་ཁྲི་ལོ་གསུམ་པ་ནས་ཡོན་རྒྱལ་རབས་ཀྲི་ཡོན་ཁྲི་ལོ་བཞི་པའི་བར། སྤྱི་ལོ་1239 ནས་1267བར་)
དེ་ལྟ་བུ་བླ་མ་ཆེན་པོ་འཕགས་པ་དང་ཡུམ་གཅིག་པའི་གཅུང་པོ་འགྲོ་བའི་མགོན་པོ་ཕྱག་ན་རྡོ་རྗེ་ནི། ཡབ་དགུང་ལོ་ང་དྲུག་ལ་ཞི་བར་གཤེགས་པའི་ས་མོ་ཕག་གི་ལོ་གཡས་རུ་མདོག་གི་གད་ལོ་ལོ་ཞེས་བྱ་བར་ཡུམ་མདོག་སྟོད་ཚ་ན་མ། མ་གཅིག་ཀུན་སྐྱིད་ལ་ལེགས་པར་འཁྲུངས་ཤིང་། དགུང་ལོ་དྲུག་པ་ལ་ཆོས་རྗེ་ས་པཎ་གྱི་ཕྱག་ཕྱིར་ཧོར་ཡུལ་ལ་ཕེབས། འདི་ལ་ཧོར་རྒྱལ་པོ་སེ་ཆེན་གྱིས། ས་ལེན་དབང་གི་ལུང་དང་། གསེར་ཐམ་ཐོང་ཕྱི་གཡས་གཡོན་གྱི་ཁྲིམས་ར་དང་། གཞན་ཡང་འདིའི་བཙུན་མོར་རྒྱལ་པོའི་སྲས་མོ་མེ་ཁ་བདུན་བྱ་བ་གནང་། ཧོར་གྱི་ཆས་སུ་བཅུག་སྟེ་ས་ཆོལ་ཁ་གསུམ་གྱི་ཁྲིམས་བདག་དུ་བསྐོས།
བོད་ལ་ཏི་ཤྲི་དང་དབང་གི་ལས་ཁ་ཐོག་མར་སྐུ་མཆེན་འདི་གཉིས་ཀྱི་སྐུ་རིང་ལ་བྱུང་བར་གྲགས་པས་བོད་ལ་བཀའ་དྲིན་ཤིན་ཏུ་ཆེ་ཞིང་། བྱང་ངོས་སུ་ལོ་བཅོ་བརྒྱད་ཙམ་བཞུགས་ནས། དེ་ནས་དགུང་ལོ་ཉེར་ལྔ་པ་ལ་གདན་ས་ཆེན་པོ་ཆོས་འཁོར་ལ་ཕེབས། དེ་ནས་ལོ་གསུམ་ཙམ་གྱི་བར་དུ་གྲུབ་པའི་སྤྱོད་པས་འགྲོ་བ་མང་སྨིན་གྲོལ་ལ་་་་བཀོད་ནས། དགུང་ལོ་ཉེར་དགུ་པ་མེ་མོ་ཡོས་ལོ་ཟླ་བ་བདུན་པ་གྲོ་བཞིན་ཟླ་བའི་ཡར་ཚེས་གཅིག་ལ་སྒོ་རུམ་དཔེ་ཁང་དུ་མྱ་ངན་ལས་འདའ་བའི་ཚུལ་བསྟན་ཡིན་ནོ།་་་ཞེས་(ས་སྐྱའི་དགུང་རབས་རིན་ཆེན་བང་མཛོད་)་་་ཤོག་གྲངས་141་ནས་142་བར་གསལ།
དགེ་ཆོས་མཆོག་གིས།
དུས་གསུམ་དུས་ཀྱི་འཁོར་ལོ་འཁོར་བ་ན།
བྱུང་ནས་ཡལ་བའི་སྔོན་གྱི་གཟུགས་བརྙན་རྣམས།
སྟོང་པའི་མཁའ་ལ་སེམས་ཀྱི་སེམས་བྲིས་འདི།
ཤིན་ཏུ་ངོ་མཚར་སྒྱུ་མའི་རྒྱལ་རབས་ཉིད། ཅེས་གསུངས་པ་ལྟར་ལོ་ཟླ་ཡི་འཁོར་ལོ་འཁོར་དུས་སུ་སྔོན་བྱུང་གི་ལོ་རྒྱུས་ལ་ཆབ་སྲིད་པ་ཚོས་རྫུན་བཟོ་དང་ནག་ཐིག་བཟོས་པ་ཤིན་ཏུ་མང་བས་དཔྱོད་ལྡན་བོད་མི་ཚོས་དྲང་པོའི་ཐོག་ནས་དཔྱོད་དགོས་པ་ནི་གལ་ཆེན་རེད་འདོད།
གོང་དུ་ང་ཕོད་ཀྱི་དགོངས་པ་ཡིན་མིན་བཤད་བཀའ་ཡང་བཀོད་པ་འདིའི་ནང་དུ་བོད་བཙན་པོའི་སྐབས་སུ་རང་བཙན་དང་བོད་སིལ་བུའི་སྐབས་སུ་རང་བཙན་ཡིན་པར་འདོད་འདུག་ཀྱང་། ས་སྐྱའི་སྐབས་སུ་རང་བཙན་ཤོར་སོང་བར་བསྟན་འདུག ང་ཕོད་ཀྱིས།་་་ ཡོན་གོང་མས་འགྲོ་མགོན་ཆོས་འཕགས་ལ་བོད་ཀྱི་ཁ་ལོ་སྒྱུར་བྱེད་ཀྱི་ཐམ་ག་དང་འཇའ་ས་གནང་བ་དེ་རང་གི་ཐོག་ནས་ཡོན་གོང་མའི་མངའ་འོག་ཏུ་གཞི་ནས་དབང་ཆ་སྤྱོད་ཀྱི་ཡོད་པ་ལས་བོད་འདི་རང་བཙན་རྒྱལ་ཁབ་ཅིག་གཏན་ནས་མིན་པའི་ར་འཕྲོད་ཡོད།ཅེས་གསུངས་པར་འདི་ལའང་རྒྱུ་མཚན་ཅང་མི་འདུག་འདོད།
ཡོན་གོང་མས་ཐམ་ག་འགྲོ་མགོན་འཕགས་པ་ཆོས་རྒྱལ་ལ་གནང་བས་འགྲོ་མགོན་པའི་སྲིད་དབང་ཡོན་གོང་མ་ལ་དར་བ་མིན་པར་ཡོན་གོང་མའི་སྲིད་དབང་འགྲོ་མགོན་འཕགས་པ་ཆོས་རྒྱལ་ལ་དབང་བར་བསྟན། ༧གོང་ས་མཆོག་གི་བོད་ཀྱི་སྲིད་སྐྱོང་བའི་ཐམ་ག་བཀའ་ཁྲི་བློ་བཟང་སེང་གེ་མཆོག་ལ་གནང་དུས་སྲིད་དབང་བཀའ་ཁྲི་ལ་དབང་སོང་བར་བསྟན་པ་ལྟ་བུ་རེད་འདོད་དོ།།
མ་ཟད་་་་འདི་ལ་ཧོར་རྒྱལ་པོ་སེ་ཆེན་གྱིས། ས་ལེན་དབང་གི་ལུང་དང་། གསེར་ཐམ་ཐོང་ཕྱི་གཡས་གཡོན་གྱི་ཁྲིམས་ར་དང་། གཞན་ཡང་འདིའི་བཙུན་མོར་རྒྱལ་པོའི་སྲས་མོ་མེ་ཁ་བདུན་བྱ་བ་གནང་། ཧོར་གྱི་ཆས་སུ་བཅུག་སྟེ་ས་ཆོལ་ཁ་གསུམ་གྱི་ཁྲིམས་བདག་དུ་བསྐོས།ཅེས་པ་འདི་དང་ང་ཕོད་ཀྱི་སྐད་ཆ་མཐུན་གྱི་མིན་དཔྱོད་པ་གནང་རོགས་བྱོས།
ས་སྐྱའི་གདུང་རབས་རིན་ཆེན་བང་མཛོད་ཅེས་བཅོས་རོགས་གནང་་་་མཛུབ་མནན་ནོར་འདུག
གོང་གསལ་གྱི་དཔྱད་གླེང་དེའི་ཐོག་ནས་བོད་དེ་རྒྱའི་མངའ་འོག་མ་ཡིན་པ་གསལ་པོར་གསུངས་འདུག ཡོན་རྒྱལ་རབ་ནི་རྒྱ་མི་དང་ཤིན་ཏུ་ནས་ཐ་དད་ཡིན་པར་འདོད་དོ། གོ་རྒྱུ་ཆེན་པོ་འདུག་ན་མུ་འགོད་གནང་རྒྱུར་ཐུགས་རྗེ་ཆེ་ཞུ་བ་ལགས་སོ།
ཨོ་ཡ་་་་ཁ་ལག་ཞིག་ཟས་ནས་བསམ་བློ་ཡང་བཏང་ཞིག་བྱས་དུས་ཡང་བསྐྱར་གཅིག་འབྲི་དགོས་ཐལ་སོང་བས་ཁ་བརྡ་ཚང་དགོངས་པ་མ་འཚལ་རོགས་བྱོས།
བོད་བླ་མའི་དེང་རབས་ལ་རྒྱ་ཡི་གོང་མ་དང་ཧོར་གྱི་རྒྱལ་པོ་སོགས་ཀྱིས་འགྲོ་མགོན་འཕགས་ཆོས་རྒྱལ་ནས་བརྩིས་པའི་ཏ་ལའི་བླ་མའི་བར་དུ་རྩ་བའི་བླ་མ་བརྟེན་མྱངས་ཡོད་ལ་རྒྱལ་པོ་དེ་དག་གིས་རང་རང་གིས་སྲིད་དབང་རྩ་བའི་བླ་མ་རྣམས་ལ་ཕུལ་བའི་མཚོན་རྟགས་ནི་ཐམ་ག་ཡིན།
སྔོན་དུས་སུ་རྩ་བའི་བླ་མ་ནི་ཡོད་ཚོད་ཐམས་ཅད་ཡིན་ལ་རྒྱུ་དངུལ་ཕུལ་གྱི་རེད། དེ་ལས་ཀྱང་རྩ་བ་ཆེ་བའི་རྒྱལ་ཁབ་ཀྱི་སྲིད་དབང་ཕུལ་བ་རེད། རྒྱལ་ཁབ་ཀྱི་སྲིད་དབང་ཕུལ་སྐབས་སུ་མཚོན་རྟགས་གཙོ་བོ་ནི་རྒྱལ་ཁབ་ཀྱི་ཐམ་ག་ཡིན།
བོད་བླ་མའི་དེང་རབས་ནང་རྒྱ་སོག་གཉིས་ཀྱིས་བོད་ཀྱི་རྩ་བའི་བླ་མ་རྣམས་ལ་སྲིད་དབང་ཚུར་ཕུལ་བ་ལས་ཕར་འཕྲོག་ཆེད་དུ་ཐམ་ག་ཕུལ་བ་མིན་ནི་གསལ་པོ་རེད་འདོད་དོ།།།
འཇིག་རྟེན་གྱི་གཏམ་དཔེར།
གཏམ་ཨ་ཕས་བཤད་རྒྱུར་མནའ་མས་བཤད།
གཡག་བདག་པོས་བཤའ་རྒྱུར་རྐུ་མས་བཤའ། ཟེར་བ་ལྟར་གུན་ཁྲན་ཏང་གི་རྗེས་འཇིགས་པ་ཚོས་གོ་ལྡོག་གི་སྐད་ཆ་བཤད་ཀྱི་འདུག
གོང་མའི་སྲིད་དབང་བོད་ཀྱི་རྩ་བའི་བླ་མ་ལ་ཕུལ་བ་མ་གཏོགས་བོད་ཀྱི་སྲིད་དབང་ཕར་སྤྲད་མྱངས་བ་ཞིག་རེད་མི་འདུག་འདོད། ཕར་སྤྲད་མྱངས་ཡོད་ན་བོད་རྒྱལ་ཁབ་ཀྱི་ཐམ་ག་རྒྱ་སོགས་གཉིས་ཀྱི་རྒྱལ་པོ་རྣམས་ལ་ཕུལ་དགོས་ཀྱང་དེ་ནི་ཅང་གོ་ཡ་མི་འདུག་ག
གནས་ཚུལ་འདི་དག་དབུ་མའི་ལམ་དམངས་མི་ལས་འགུལ་ཁང་གིས་ཤེས་པ་བྱོས།
༡༢༧༩ ལོ་ནས། ཡོན་རྒྱལ་རབས་ཀྱི་གོང་མ་ཧུ་པེ་ལིས་རྒྱ་ནག་སུང་ལྷོ་མར་དམག་དྲངས་ནས་མངའ་འོག་ཏུ་བསྡུས། ༡༣༦༨ལོ། ཡོན་གོང་མ་ཐོ་ཀན་ཐེའི་མུར་བར་ལོ་༨༩ རིང་ཡོན་རྒྱལ་ས་བཟུང་བ་རེད། འདི་སོག་པོའི་རྒྱ་ནག་ལ་དབང་བསྒྱུར་བྱས་པ་རེད། དེ་བཞིན་བོད་སོག་བར་འབྲེལ་བ་ཆགས་པ་ལ་རྒྱ་ནག་དང་འབྲེལ་བྱུང་ཡོད་ཚོད་མི་འདུག
བཀའ་ཟུར་ང་ཕོད་ལགས་ཀྱིས་གཏམ་བཤད་དེ་དྲ་ཐོག་ལ་བཀོད་པ་ལས་་་་་་་་་་་་་་་འབའ་བ་ཕུན་དབང་ལགས་ཀྱི་ཧུ་ཅིན་ཐོ་ལ་ཕུལ་བའི་བོད་དོན་ཀྱི་སྙན་ཞུ་དེ་འགོད་ཐུབ་ན་དགེ་མཚན་ཆེ་བ་ཡོད་ས་རེད་
ཐམ་ག་དང་འཇའ་ས་ཆོལ་ལོ་སོགས་གནང་བ་ནི་སྐབས་དེའི་སྤྱི་ཚོགས་ཀྱི་ལུགས་སྲོལ་གཞི་ལ་བཞག་ནས་དཔྱད་ན་རྒྱལ་པོ་སྟོབས་ཤུགས་ཆེ་བ་ཚོས་སྟོབས་ཤུགས་ཆུང་བའི་རྒྱལ་ཕྲན་རྣམས་དབང་བསྒྱུར་བྱེད་པའི་སྔོ་འགྲོའི་ཆ་རྐྱེན་ཞིག་ཡིན་པ་མ་ཟད། ཐམ་ག་དང་འཇའ་ས་སོགས་ཀྱི་རྒྱབ་ལ་དྲག་པོའི་དབང་ཤུགས་ཡོད་པ་བརྗོད་མི་དགོས་པ་ཞིག་ཡིན། འོན་ཀྱང་ང་ཚོས་གསལ་པོ་ཤེས་དགོས་པ་ནི། སོག་པོ་རྒྱལ་པོས་བོད་ལ་དབང་བསྒྱུར་བྱེད་པ་དེས་བོད་རྒྱ་ནག་གི་ཆ་ཤས་ཡིན་པའི་སྒྲུབ་བྱེད་ཇེ་ལྟར་སོང་བ་དེ་ཡིན། ང་ཚོས་འདིའི་ཐོག་ལ་བསམ་ཚུལ་གླེང་དགོས།། །།
ངས་དང་པོ་ནས་ང་ཕོད་ཡི་སྐད་ཆ་ཡག་པོ་ཞིག་མི་བཤད་པ་ཡིད་ཆེས་ཡོད་ལ། དེ་དོན་འཁྲུལ་མེད་མི་འུདུག ཁུག་རྟས་རྩོམ་ཡིག་འདི་བཀོད་དགོས་དོན་བོད་རྒྱ་ཁོངས་ཡིན་པ་སྒྲུབ་བྱེད་དུ་འགྱུར་བས་ནམ་ཡང་ངོས་ལེན་མེད། ང་ཕོད་ལོ་རྒྱུས་མཁས་པ་ཡིན་པ་གོ་མྱོང་མེད་ལ། ཁོང་ལོ་རྒྱུས་ལ་མཁས་པ་ཞིག་ཀྱང་མ་རེད། རྩ་མ་ཟོས་བ་སྐྱི་བ་བཏང་རྒྱུ་ག་ལ་ཡོད། ཁོང་གིས་བོད་རྒྱལ་ཁབ་བཙོང་བའི་ཉེས་བ་འགོག་ཆེད་བོད་ལ་རྒྱལ་ཁབ་མེད་པ་བསྒྲུབས་ཆེད་རེད། བོད་དང་རྒྱལ་ཁབ་ཡོང་དང་མི་ཡོང་ནི་བོད་མི་རྣམས་ཀྱིས་རྣམ་དཔྱོད་དང་ནུས་བ་བརྟེན་པ་ལས་འཇིག་རྟེན་ན་ཚོད་འཛིན་བྱེད་ཐབས་མེད། རྒྱལ་ཚོགས་ཀྱི་ཁྲིམས་ལའང་མི་རིགས་ཤིག་ལ་རང་ཐག་རང་གཅོད་ཀྱི་ཐོབ་ཐང་ཡོད་པས་བོད་ལ་ནུས་བ་ཡོད་ན་རང་བཙན་ནམ་ཡང་རྩོད་ཆོག་ཆོག་ཡིན། རྒྱུ་མཚན་ནི་བོད་ས་ཆ་ཡོད་ཅིང་དེ་མཐུན་གྱི་མི་རིགས་ཡོད་པ་མ་ཟད། བོད་རྒྱ་མ་ཡིན་པས་ཕྱིར། རང་ལ་ནུས་བ་ཡོད་ན་མི་རིགས་དང་རིག་གཞུང་། སྐད་ཡིག་གཅིག་པའི་མི་རིགས་མང་པོ་ཞིག་ལ་རང་བཙན་ཡོད། དེ་ནི་འཇར་མན་དང་ཨོ་སི་ཁྲི་རི་ཡ་ལྟ་བུ། དབྱིན་ཇི་དང་ཨོ་སི་ཁྲོ་ལི་ཡ་ལྟ་བུ། ལོ་རྒྱུས་ཐོག་རང་བཙན་ཐོབ་མྱོང་དེ་ཙམ་མེད་པའི་ཆེ་ཁི་དང་སི་ལོ་ཝ་ཁི་ལྟ་བུ། མི་ལོ་གཉིས་སྟོང་རིང་རྒྱལ་ཁབ་མེད་པ་ཡོ་གླིང་དུ་འཁྱམ་བའི་ཨེ་གཟི་རལ་ལྟ་བུ། ལོ་རྒྱུས་དང་གནས་ཚུལ། ཁ་མཁས་ཀྱི་འགྲེལ་བཤད་གང་ཞིག་བརྒྱབ་ཀྱང་རང་བཙན་རྩོད་མིན་ནི་ལོ་རྒྱུས་ལ་ལྟོས་བ་མེད་པ་བོད་མི་མང་གི་འདོད་མོས་ལ་རེག་ལས་བ་ཡིན།
ང་ཕོས་ ༼ སྤྱི་ལོ་ ༡༢༥༢ ལོར་ཡོན་གོང་མས་བོད་དུ་དམག་མི་བཏང་བ་ནས་བཟུང་ཡུན་རིང་གི་སིལ་བུའི་དུས་སྐབས་དེ་མཇུག་སྒྲིལ་བ་དང་བོད་གཅིག་གྱུར་བཟོས་ནས་མེས་རྒྱལ་གྱི་ཁ་བྲལ་ཐབས་མེད་པའི་ཆ་ཤས་ཤིག་ཏུ་གྱུར་བའི་ལོ་རྒྱུས་དངོས་དོན་འདི་སུས་ཀྱང་བསུབ་ཐུབ་ཀྱི་མ་རེད། ༽ ཅེས་བཤད་འདུག་པས།
ད་རུང་ང་ཕོ་ལ་བསྟོད་ར་ཞིག་ཡོད་དུས་ཁྱི་སྐྱག་ལག་པས་འགེབས་ཐབས་བྱེད་པའི་ལྐུགས་ཞེན་གྱི་སྐྱག་དྲི་ཐིལ་བའི་ལག་ངན་དེ་དག་གིས་ཁ་བརྡ་ཚང་གི་སྒྲོག་ཙེ་ཐོག་མི་གཙང་བ་བཟོ་ངེས་རེད།
རྕོད་རྙོག་འདིའི་སྐོར་ལ་རྒྱས་པར་ཤེས་འདོད་ན་ཧྥ་རན་སི་ལ་བཞུག་པའི་མདོ་སྨད་པ་ཡོན་ཏན་རྒྱ་མཚོས་བརྩམས་པའི་བོད་ཀྱི་རྒྱལ་རབས་མདོ་སྡུས་ཟེས་པ་དེར་གཟིགས་རོགས། ཤར་ཕྱོགས་ཙི་ནིའི་ཁུག་རྟས་བྲིས་པ་གཅིག་ཀྱང་མི་ཀློག་པའི་ཆོད་སེམས་ཡོད་ཀྱང་འདིར་འབྲི་མཁན་སུ་ཡིན་མ་ཤེས་པས་བཀླགས་ཤོར་སོང་བས་ལན་འདི་སྤྲད་པ་ཡིན།།
ཤར་ཕྱོགས་ཀྱི་སྐྱབས་གནས་སྐུ་ངོས་ཟླ་བ་ཚེ་རིང་དང་ཁུང་ཏུག་ས་སྐུ་ངོས་ང་ཕོད་རེད་། དེ་བརྟན་ཤར་ཕྱོགས་ཀྱི་བསམ་བློའི་ཁ་ཕྱོགས་དངོས་ལ་བང་རིམ་ཡོད་པ་གསལ་པོ་རེད་། ཁེ་ཕན་དེ་ལ་རྒྱ་ལས་རིན་ཐང་ཆེ་བ་འཚོ་གི་ཡོད་པ་རེད་། དེ་འདྲིའི་བསམ་བློ་བ་བོད་པའི་སྤྱི་ཚོགས་ནང་གྲངས་ཚད་འཕར་བ་ཡིན་ན་བོད་འདི་ཉིན་རེ་ནས་ཉིན་རེ་ཕམ་པ་རེད། རྒྱུ་མཚན་གསལ་པོ་རེད་། ད་བར་གཞིས་བཞུགས་སྤུན་ཟླས་སྙིང་སྟོབས་དེ་དག་ནི་བློ་བཏང་ཁོ་ན་ལས་སྒེར་གྱི་ཁེ་ཕན་ལ་བསམ་པ་མེད་།
བློ་མཐུན་ང་ཕོད་ཀྱིས་གསུངས་སྟངས་འདི་ཡ་མཚན་ཞིག་རེད་འདོད། ངས་ད་བར་བཙན་བྱོལ་ནང་ང་ཆབ་སྲིད་པ་ཟེར་མཁན་ཚོས་གསུངས་སྟངས་འདི་འདྲ་འཁྱོང་གི་མ་རེད། གཉིས་ནས། ང་ཕོད་དང་བཙན་བྱོལ་ནང་གི་བཀའ་བློན་ཟེར་བ་ཚོ་དང་བསྡུར་ན་སུ་ལ་བྱས་རྗེས་ཆེ་མིན་དང། སུས་བོད་ཀྱི་མདུན་ལྗོངས་ལ་ཚོད་དཔག་ཐེབས་ཡོད་མེད་གསལ་ཁ་མེད་དུས། ཞིབ་ཏུ་བསམ་བློ་བཏང་ན་བློ་མཐུན་ང་ཕོད་འདི་ཆུང་ཆུང་ཞིག་མིན་པ་གསལ་བོ་རེད། ང་ཚོས་སྐབས་འདིར་ཁོང་གི་གསུང་མོལ་གྱི་ནང་དོན་ནས་གླེང་ན་མ་གཏོགས་ཁོང་གི་སྐུ་ཚེའི་གང་བོའི་བྱས་རྗེས་ཐད་གླེང་སློང་བྱེད་མི་ཤེས་པ་གསལ་བོ་རེད།།།།།
ཧཧ་བློ མཐུན་ང་ཕོད། ང་ཕོད་དང་བློ་མཐུན་པའི་རྒྱལ་ཚོང་པ་མང་པོ་འདུག སྐྱག་པ་སྔོགས་ན་དྲི་མ་ཁ་རྒྱུ་ལས་མེད་པ་དེ་སྔོན་ནས་ཤེས་ཡོད། ང་ཕོད་དང་པདྨ་འཕྲིན་ལས། བྱམས་པ་ཕུན་སོགས་ནི་རང་གི་ཁེ་ཕན་ཆེད་རྒྱ་མིའི་རྒྱུགས་ཀྱི་ཁོ་ན་ཡིན་པས་རབས་ཡིན་ན་མི་འདི་ཚོར་ཆེ་བསྟོད་མ་བྱས་ན་ལགས། རང་ལ་ཁེ་ཕན་མེད་ཚེ་མི་འདི་ཚོ་རྒྱབ་རྩ་ན་བྱས་ན་ལགས། དངོས་གནས་ཡུལ་མང་པོ་ཞིག དངུལ་གྱི་ཡུལ་གྱར་བ་རེད། རྒྱལ་ཚོང་པ་ལ་རྒྱབ་སྐྱོར་བྱེད་མཁན་འདུག སང་ཉིན་ངས་མི་ཞིག་གསད་ཀྱང་རྒྱབ་སྐྱོར་བྱེད་མཁན་ཡོད་ས་རེད། དེ་ལྟར་ཡིན་ན་བཙན་བྱོལ་སྤྱི་ཚོགས་ནང་དཀར་ནག་གི་ཁྱད་པ་མི་འདུག བཙན་བྱོལ་པ་སྡར་མ་ཆགས་ཟིན་འདུག རེ་བ་མི་འདུག བཙན་བྱོལ་བའི་མི་རབས་གོང་མ་རྣམས་ཀྱི་བློ་སྟོབས་དང་དཔའ་མཛངས་ཀྱི་སྙིང་སྟོབས་ལས་བཙན་བྱོལ་གཞུང་བཙུགས། ད་ད་ལྟའི་སྡར་མའི་མི་རབས་ཀྱིས་གཞུང་བསྒྲིགས་ལ་བརྗེས། ད་མང་པོ་མི་འགོར་བ་རྒྱ་ནག་གི་ཚོད་རྩིས་ལྟར་འཇིག་ངེས་རེད། རྒྱུ་མཚན་དབུ་མ་རྒྱ་ནག་བཏོད་ཀྱིས་ཆེད་མངགས་ཀྱིས་བཙན་བྱོལ་བོད་པ་ཁ་འཁོར་བཏང་སླད་རེད། ངས་དར་སྔོན་དེའི་སྐོར་གྱི་རྩོམ་ཞིག་བསྐུར་ཡང་ཁ་བརྡས་བཀོད་མ་སོང་། མ་བཀོད་པ་ཁུག་རྟ་དང་འབྲེལ་བ་ཡོད་པ་འདོད།
ནོར་བཅོས།
ཧཧ་བློ་མཐུན་ང་ཕོད། ང་ཕོད་དང་བློ་མཐུན་པའི་རྒྱལ་ཚོང་པ་མང་པོ་འདུག སྐྱག་པ་སྔོགས་ན་དྲི་མ་ཁ་རྒྱུ་ལས་མེད་པ་དེ་སྔོན་ནས་ཤེས་ཡོད། ང་ཕོད་དང་པདྨ་འཕྲིན་ལས། བྱམས་པ་ཕུན་སོགས་ནི་རང་གི་ཁེ་ཕན་ཆེད་རྒྱ་མིའི་རྒྱུགས་ཁྱི་ཁོ་ན་ཡིན་པས་རབས་ཡིན་ན་མི་འདི་ཚོར་ཆེ་བསྟོད་མ་བྱས་ན་ལགས། རང་ལ་ཁེ་ཕན་མེད་ཚེ་མི་འདི་ཚོ་ལ་རྒྱབ་རྩ་མ་་བྱས་ན་ལགས། དངོས་གནས་ཡུལ་མི་མང་པོ་ཞིག དངུལ་གྱི་ཡུལ་གྱར་བ་རེད། རྒྱལ་ཚོང་པ་ལ་རྒྱབ་སྐྱོར་བྱེད་མཁན་འདུག སང་ཉིན་ངས་མི་ཞིག་གསད་ཀྱང་རྒྱབ་སྐྱོར་བྱེད་མཁན་ཡོད་ས་རེད། དེ་ལྟར་ཡིན་ན་བཙན་བྱོལ་སྤྱི་ཚོགས་ནང་དཀར་ནག་གི་ཁྱད་པ་མི་འདུག བཙན་བྱོལ་པ་སྡར་མ་ཆགས་ཟིན་འདུག རེ་བ་མི་འདུག བཙན་བྱོལ་བའི་མི་རབས་གོང་མ་རྣམས་ཀྱི་བློ་སྟོབས་དང་དཔའ་མཛངས་ཀྱི་སྙིང་སྟོབས་ལས་བཙན་བྱོལ་གཞུང་བཙུགས། ད་ལྟའི་སྡར་མའི་མི་རབས་ཀྱིས་གཞུང་བསྒྲིགས་ལ་བརྗེས་ནས་ངོམས་སོ་བྱེད། རྗེས་མ་ཅི་ཡང་མེད་པ་བཏང་ནས་ངོམས་སོ་བྱེད་ས་རེད། ད་མང་པོ་མི་འགོར་བ་རྒྱ་ནག་གི་ཚོད་རྩིས་ལྟར་འཇིག་ངེས་རེད། རྒྱུ་མཚན་དབུ་མ་རྒྱ་ནག་བཏོད་ཀྱིས་ཆེད་མངགས་ཀྱིས་བཙན་བྱོལ་བོད་པ་ཁ་འཁོར་བཏང་སླད་བཟོས་པ་རེད། ངས་དེ་སྔོན་དེའི་སྐོར་གྱི་རྩོམ་ཞིག་བསྐུར་ཡང་ཁ་བརྡས་བཀོད་མ་སོང་། མ་བཀོད་པ་ཁུག་རྟ་དང་འབྲེལ་བ་ཡོད་པ་འདོད།
ང་ཕོད་ཀྱི་གསུང་རྗེས་མ་ཚོར་བལྟས་ནས་བཤད་ཆོག ང་ཕོད་ལ་སྔ་ཕྱི་བར་གསུམ་བོད་ལ་ཞེན་ཆགས་ཡོད།
འབབ་པ་ཕུན་ཚོགས་དབང་རྒྱལ་དང་པོ་ལྷག་བསམ་རྣམ་པར་དག་པས་རྒྱ་དམར་ལ་དགའ། ལོ་བཅོ་བརྒྱད་ཀྱི་རིང་ལ་ངན་བཙོན་མྱང་རྗེས་རྒྱ་ལ་ཡིད་ཐང་ཆད་ནས་བོད་ལ་དགའ་བ་རེད། ལྷག་པར་འབབ་པ་ཁོང་ཕྱི་རྒྱལ་དུ་ཐེངས་ཤས་སླེབས་པ་ནས་བོད་དོན་ལ་སྐད་ཆ་བཤད་ཡོད་པ་རེད་བསམ།
ང་ཕོད་ཀྱི་བསྒྲགས་གཏམ་མམ་ཡིག་ཆ་འདི་གང་ནས་རྐུན་མ་རྒྱབ་པ་ཡིན་ནམ། སྔོམ་མ་ལས་ཀ་བྱེད་ས་ནས་རྐུས་ཏེ་ད་ལྟ་སྒེར་སྤྱོད་བྱེད་ཀྱི་ཡོད་ས་རེད།