བཀའ་ཟུར་བདེ་སྐྱིད་ཆོས་དབྱངས་ལགས་ལ་བཅར་འདྲི། Posted on 2016-03-102016-03-10 By ཁ་བརྡ 18 Comments on བཀའ་ཟུར་བདེ་སྐྱིད་ཆོས་དབྱངས་ལགས་ལ་བཅར་འདྲི། བཅར་འདྲི།
དྲིས་ལན་ལ་ལན་ཏག་ཏག་གཅིག་ཀྱང་བཏབ་མ་སོང། བློ་ཕམ་བྱུང་ཚུལ་དང། བློ་སེང་ལ་ཆ་རྐྱེན་དགུ་མ་ཚང་རབས་དང། སྤེན་ཚེ་ལ་རྒྱབ་སྐྱོར་བྱེད་པ་འདི་ཆོལ་ཁའི་ཕྱོགས་ཞེན་མིན་ཚུལ་སོགས་ལ་དྲི་བ་བཏོན་ཀྱང་དྲིས་ལན་མི་འདུག གལ་ཏེ་སྤེན་ཚེ་ཐོབ་ནས་མོ་རང་བཀའ་བློན་ལ་འོས་དམིགས་འདོན་རྒྱུ་བྱས་ཡོད་ཀྱང་གྲོས་ཚོགས་ནས་མོ་རང་ལ་རྒྱབ་སྐྱོར་བྱེད་ཁག་པོ་རེད། ལོ་དུས་མ་ཚང་ནས་དགོངས་ཞུ་བྱེད་མཁན་ཞིག་ལ་ཡིད་ཆེས་བྱེད་མཁན་ཁག་པོ་རེད་ད་རེ་བ་མ་བྱེད་ཨ།
གཞིས་བཞུགས་བུད་མེད་རྩོམ་པ་པོ་གྲགས་ཅན་འོད་ཟེར་ལགས་ནས་བདེ་སྐྱིད་ཆོས་དབྱངས་ལ་གདེང་འཇོག་གནང་བ་གཤམ་གྱི་འདི་རེད། 她当了四年多的噶伦,但似乎今晚才第一次对她有所认识。德吉曲央啦,一个很不寻常的图伯特女子,我要赞你独立的、勇气的、真正有担当的表达。
ཚེ་རིང་འོད་ཟེར་ནི་ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་གི་དཔྱད་བརྗོད་པ་རེད། བོད་ནང་ནས་ཁོ་མོ་ལས་ཡོག་མ་རེད་ལ། རྒྱབ་ལྗོངས་ངེས་ཅན་ཞིག་ཡོད་པ་དེ་ལས་ཤེས་ཐུབ། མོ་རང་གིས་བཙན་བྱོལ་ནང་ལག་པ་འཆིང་གིན་པ་ནི་ཡག་རྟགས་ཤིག་མིན། ཞེ་ས་ལྟར་ལབ་ན། དགོས་དབང་འོག་ཤོར་ཡོད་ལ། བཀོད་མངགས་འོག་ཚུད་ཡོད།
བདེ་སྐྱིད་ཆོས་དབྱངས་ལ་དོན་ཚན་དགུ་ལས་འཕྲོས་པའི་དྲི་བ་ཁག་ཅིག གཅིག སྲིད་སྐྱོང་གིས་ཐུན་མོང་གི་གེ་ཕན་མིན་པར་སྒེར་དོན་གྱི་ཆེད་དུ་བསྒྲུབས་པའི་ལས་དོན་དེ་གང་ཡིན་ནམ། དེ་ཁ་གསལ་གཏིང་གསལ་ཞིག་སྟོན་རྒྱུ་མེད་ན། སྲིད་སྐྱོང་གིས་སྒེར་དོན་ཁོག་བཅངས་བྱས་པ་ཇི་ལྟར་བཤད་ཐུབ་བམ། གཉིས། སྲིད་སྐྱོང་གིས་ཕྱི་གསལ་ནང་གསལ་མ་བྱས་པའི་ལས་དོན་གང་ཡིན་ནམ། གལ་ཏེ་དེ་འདྲ་ཞིག་ཡོད་ན་ད་ལྟ་བར་དུ་ཁྱེད་ཀྱིས་ཁ་བཙུམ་ནས་འདུག་དོན་ཅི་ནམ། མེད་ན་ཨོ་ཚོད་ཚོད་ཅིག་བཤད་ནས་མི་མང་གིས་ཡིད་ཆེས་ཇི་ལྟར་བྱེད་དམ། གསུམ། སྲིད་སྐྱོང་གིས་ཁྱེད་ལ་ནུས་པ་ཆ་ཚང་འདོན་མ་བཅུགས་དེ་གང་རེད་དམ། ག་དུས་རེད་དམ། འདི་དང་འདི་ཞེས་རེ་རེ་བཞིན་དུ་བཤད་རྒྱུ་མེད་ན་ཚིག་སྐམ་པོ་ཞིག་གིས་ཁྱེད་ལ་ཡིད་ཆེས་བྱས་ན་མྱོན་པ་མ་ཡིན་ནམ། བཞི། སྲིད་སྐྱོང་གིས་དུས་རྟག་ཏུ་ཕྱིའི་རྣམ་པ་ལས་ནང་གི་དོན་སྙིང་དེ་གལ་ཆེན་དུ་འཛིན་ནས་ལས་དོན་བསྒྲུབས་དང་སྒྲུབ་ཀྱིན་པ་ང་ཚོས་མཐོང་གསལ་མ་ཡིན་ནམ། མ་ཡིན་ན་ནང་གི་ལྗིད་ཁོག་ལས་ཕྱིའི་མཐོང་སྣང་གལ་ཆེན་བྱས་པའི་ལས་དོན་དེ་གང་རེད་དམ། ལྔ། སྲིད་སྐྱོང་གིས་ལས་གྲོགས་ལ་གུས་བརྩི་མ་བྱས་པའི་སྐོར་གྱི་གནད་དོན་རྣམས་རེ་རེ་བཞིན་དུ་མི་མང་ལ་ཁ་གསལ་པོ་བཤད་རྒྱུ་ཡོད་དམ། ཡོད་ན་མི་བཤད་པའི་རྒྱུ་མཚན་གང་ཡིན་ནམ། དྲུག སྲིད་སྐྱོང་གིས་གཞན་གྱིས་བསླབ་སྟོན་མ་ཉན་པར་བཤད་པ་ལ་ཁུངས་ཡོད་དམ། ཡོད་ན་བསླབ་སྟོན་གནང་མཁན་དང་། ཇི་ལྟར་གནང་བ། མ་ཉན་པའི་ཉེས་མིག་རྣམས་མི་མང་ལ་མི་བཤད་པའི་རྒྱུ་མཚན་ཅི་རེད་དམ། བདུན། དྲང་མོ་ཤོད། གལ་ཏེ་ཁྱེད་རང་ལ་སྲིད་སྐྱོང་ལ་གནང་བ་ནང་བཞིན་གྱི་༧གོང་ས་མཆོག་གིས་བསྔགས་བརྗོད་གནང་ཡོད་ན། ཁྱེད་ཀྱིས་ང་ལ་༧གོང་ས་མཆོག་གིས་བསྔགས་བརྗོད་གནང་བ་སྐལ་བ་བཟང་པོ་ཡིན་ཞེས་བཤད་ཀྱི་མིན་ནམ། ཡིན་ན་སྲིད་སྐྱོང་གིས་དེ་ལས་ལྷག་པ་ཞིག་ག་རེ་བཤད་སོང་ངམ། བརྒྱད། ༧གོང་ས་མཆོག་གིས་དེ་སྔོན་ཚོགས་གཙོ་ལ་བསྔགས་བརྗོད་གནང་བཞག་པ་ག་ཚོད་ཡོད་དམ། མེད་ན་ཚོགས་གཙོས་༧གོང་ས་མཆོག་གིས་བསྟོད་སྔགས་ཁ་ལ་ཁྱེར་ནས་ལས་དོན་མི་སྒྲུབ་པར་ཁྱེད་ཀྱིས་ཇི་ལྟར་ཤེས་སམ། དགུ། ཕོ་སར་རྫིག་པོ་འདུག་པས་འོས་འཕེན་གྱི་ཡིན་ཟེར་མཁན་དེ་སུ་རེད་དམ། མི་འདི་ཞེས་སྟོན་རྒྱུ་མེད་ན་སྲང་ལམ་གྱི་སྐད་ཆ་ཁྱེར་ནས་མཁྱེན་རྒྱ་ཡོད་འདོག་བྱེད་དོན་ཅི་ཡིན་ནམ། བཅུ། མི་མང་གིས་འོས་སུ་ལ་བླུགས་མིན་རང་དབང་མ་རེད་དམ། ཡིན་ན་ཁྱེར་རང་གི་འདོད་པ་ནང་བཞིན་བླུགས་དགོས་པའི་བརྡ་ལན་སྤྲད་དོན་ཅི་ཡིན་ནམ། བཅུ་གཅིག ཁྱེད་རང་གིས་བཀའ་བློན་ལོ་བཞིའི་རང་དུས་ཚོད་འཕྲོག་གླག་ཏུ་བཏང་ཡོད་དམ། མེད་ན་ཁྱེད་དང་སྲིད་ཀྱི་ལས་དོན་ནི་སྒྲོམ་གཞི་གཅིག་ཏུ་འདུས་ཡོད་པས་སྲིད་སྐྱོང་གིས་དུས་ཚོད་འཕྲོག་གླག་ཏུ་བཏང་སོང་འདོག་འདོག་བྱེད་དོན་ཅི་ཡིན་ནམ། མདོར་ན་ཚིག་སྐམ་སྤམ་པོ་ཁ་ཤས་ཀྱིས་མི་མང་མགོ་མི་འཁོར་བ་ཁྱེད་ཀྱིས་ཤེས་པར་གྱིས།
བདེ་སྐྱིད་ཆོས་དབྱངས་བཀའ་བློན་ནས་བུད་དགོས་ཡ་དེ་དོན་ཚན་གཉིས་ཀྱི་ཐོག་ནས་སྡོམས་རྒྱབ་ན་ཆོག། དང་པོ། འབྱུང་འགྱུར་བློ་སེང་སྲིད་སྐྱོང་གི་སྐབས་སུ་བདེ་ཆོས་སྐྱར་དུ་བཀའ་བློན་འོས་གཞི་ནང་སླེབ་རྒྱུ་མིན་པ་དང་། གཉིས་པ། ཆོལ་ཁའི་ཞེན་ཁོག་གིས་རེད། འོན་ཀྱང་ཨ་རླུང་དང་ཨེ་རླུང་ཚང་གི་སྤེན་ཚེ་ལ་རྒྱབ་སྐྱོར་བ་གསར་འགོད་པ་འགས་བློ་སེང་ནག་པོ་བཟོ་བྱེད་ཀྱི་བྱ་ཐབ་སྣ་ཚོགས་སྤྱོད་ནས་བདེ་ཆོས་བེད་སྤྱོད་རྒྱུར་འབད་རྩོན་ཧུར་ཐག་བྱེད་བཞིན་འདུག། གསར་འགོད་པ་ནི་ཕྱོགས་སུ་མ་ལྷུང་བའི་གསར་འགྱུར་འགོད་དགོས་ཀྱང་འདི་ཚོ་ནི་མིང་ཙམ་གྱི་གསར་འགོད་པའམ་ཕྱོགས་ལྷུང་ཅན་གྱི་གསར་འགོད་པ་དག་དག་རེད། གང་ལྟར་བདེ་ཆོས་ཀྱིས་ཆབ་སྲིད་འཁྲབ་པ་འདིས་བློ་སེང་ལ་ཕན་ཐོག་རྒྱུ་ལས་འགལ་རྐྱེན་དུ་མི་འགྱུར་སྟེ་དེ་ནི་སྤེན་ཚེ་ཡི་རྫུན་གྱི་རྒྱབ་སྐྱོར་དུ་ཧ་གོ་སོང་བས་རེད།
ཨ་ཇོ་བློ་བཟང་སེང་གེས། མི་སྣ་བསྐོ་ནོར་ཤོར་སོང་། ཨ་ཅག་བདེ་སྐྱིད་ཆོས་དབྱངས། བཀའ་བློན་གནས་བབས་སྤྲད་སོང་། དྲིན་བསམ་ཡེ་ནས་མེད་པར། སྐྱག་པ་སྟེར་ནས་ཕེབས་སོང་།
འཕྲོད་བསྟེན་བཀའ་བློན་གཅིག་བྱས། ཨ་རིའི་སྐལ་རྡོར་གཉིས་བྱས། བྷེབ་ཀོབ་གཞིས་འགོས་གསུམ་བྱས། བདེ་སྐྱིད་ཆོས་དབྱངས་བཞི་བྱས། མི་སྣ་དེ་དག་བཞི་པོ། ཁྱོད་ཀྱི་ཞབས་འདྲེན་ཆགས་སོང་།
གངས་ཕྲུག་ལགས་ཁྱེད་ཀྱིས་ཉོན་དང་།བདེ་ཆོས་བློ་ཕམ་སོང་ནི་རེད།ཡིད་སྐྱོ་སོང་ནི་རེད་།ལོ་བཞི་དང་ཕྱེད་ནང་སེམས་ཤི་སོང་ནི་རེད་།དེ་བློ་སེང་གི་རྫུན་གྱི་རྗེས་སུ་་འབྲངས་ན་མ་འདོད་ནི་རེད།
བཀའ་ཟུར་གྱིས་བོད་མི་ཚད་ལྡན་ཞིག་གི་འགན་འཁུར་ཡག་པོ་ཞིག་དང་གནད་འགག་ཅིག་གནང་སོང་བར་བཀྲིན་ཆེ་ཞུ་། བོད་མི་ཙམ་མར་ཁྱེད་ཀྱི་ལྟ་བའི་མིག་ཡོད་པ་ཤོག་། དེ་མིན་ན་སླར་ཡང་ལོ་ལྔ་ཕན་མེད་འགྲོ་ཡི་རེད་།
སྲིད་སྐྱོང་ནོར་ནས་ཕེབས་སོང་།། བཀའ་བློན་བདམས་ནས་ཕེབས་སོང་།། མཛངས་མ་བདེ་སྐྱིད་ཆོས་དབྱངས།། མགོ་སྐོར་འོག་ལ་མ་ཚུད།། བཀའ་བློན་བདམས་ནི་བདམས་སོང་།། བདམས་པ་བདམས་ནོར་བྱུང་སོང་།། བདེ་དབྱངས་བདམས་པ་ནོར་སོང་།། མགོ་སྐོར་འོག་ལ་མ་ཚུད།། བདེ་དབྱངས་ཀླད་པ་དྭངས་མོ།། རིག་པ་ནམ་མཁའི་གློག་དམར།། མཐོང་རྒྱ་འཛམ་གླིང་ཁྱོན་རེད།། མགོ་སྐོར་འོག་ལ་མ་ཚུད།། བདེ་དབྱངས་ལྷག་བསམ་ཅན་མ།། བོད་དོན་མིན་པ་མི་བསམ།། རྒྱལ་བ་ཡིད་བཞིན་ནོར་བུ།། སྙིང་གི་དཀྱིལ་ལ་བཅངས་འདུག།། བདེ་དབྱངས་བྱམས་བརྩེ་ཅན་མ།། བོད་འབངས་སེམས་ལ་བཞག་ཡོད།། སྲིད་སྐྱོང་ཝ་མོའི་སྤྱོད་པ།། ཡན་པོར་མི་གཏོང་ཐག་ཆོད།། བདེ་དབྱངས་དྲང་ཚུགས་ཅན་མ།། མགོ་བདེ་ཕྱོགས་ལ་མི་འགྲོ།། སྲིད་སྐྱོང་ཝ་མོའི་མདུན་ལ།། སྤྲེལ་ལད་འཁྲབ་མྱོང་མི་གདའ།། བདེ་དབྱངས་འཇོན་ཐང་ཅན་མ།། འཛམ་གླིང་གཡས་སྐོར་གཡོན་སྐོར།། བོད་མོ་སྙིང་སྟོབས་ཅན་མར།། ཀུན་གྱིས་མཐེ་བོང་བསྒྲེངས་སོང་།། སྲིད་སྐྱོང་ཝ་མོའི་སྤྱོད་ལམ།། བདེ་དབྱངས་སེམས་ལ་ཕོག་སོང་།། མགོ་བདེ་དྲན་འཕྲུལ་ཟེར་བ།། བདེ་དབྱངས་མཛངས་མའི་དུག་ཡིན།།
འདན་མའི་བུ་ཆུང་། ཁྱེད་ཀྱིས་བཏང་བའི་དྲི་བ་དེ་དག་གི་ལན། འདས་པའི་ཟླ་འགའི་རིང་གི་བློ་སེང་གི་བྱ་སྤྱོད་ལས་གསལ་བོ་བཏབ་མི་འདུག་གམ། དེ་ལས་ཁྱེད་ལ་ར་འཕྲོད་མེད་ན། བོང་བུ་དང་རྟ་གཡག་སོགས་ཀྱིས་གོ་ཐུབ་པ་ཞིག་དྲ་ཐོག་ནས་བཤད་ཐབས་ཡོད་མ་རེད། སྡིག་པ་མིག་བཙུམ་རང་བྱས་ཏེ་ཉོལ་སྡོད་དང་། ལོ་གཅིག་གཉིས་ཤིག་གི་རྗེས་ནས་ཁྱེད་ལ་འགྱོད་པ་རྟས་མི་ཟིན་པ་ཞིག་ཡོང་ངེས་ཡིན། དེ་དུས་ངུ་སྐད་ཤོར་ཡང་ཚར་རེད།
ཀརྨ་བློ་གསལ། ཁྱོད་ལ་ཧམ་པ་དང་སྐྱག་རྫུན་བཤད་རྒྱུར་ངོ་ཚ་དང་ཐེ་ཚོམ་སྤུ་ཙམ་མེད་པ་ཅི་ཞིག་གིས་ལན་སོང་བ་ཡིན་ནམ།
བདེ་སྐྱིད་ཆོས་དབྱིངས་ཀྱིས་བློ་སེང་གི་བྱེད་སྟངས་བྱེད་ལུགས་དང་། རྫུན་དང་ཧམ་བཤད་རྣམས་ཤེས་གི་ཡོད་རེད། ཁོ་མོ་གཅིག་པུ་ཀྱང་མ་རེད། གངས་སྐྱིད་ཁུལ་དུ་ལས་བྱེད་ཚང་མས་་ཤེས་གི་ཡོད་རེད། ཡིན་ནའང་མི་མང་ཚོས་དེ་ཙམ་ཧ་གོ་གི་མེད་པ་དང་དེ་ལས་ཀྱང་རྒྱབ་སྐྱོར་བ་ཚོས་གང་ཡང་ཤེས་ཀྱི་མི་འདུག་ བོད་མིའི་ལོ་རྒྱུས་ནང་དུ། བློ་སེང་ལྟ་བུའི་ཁྲམ་པ། ཧམ་པ་ཚ་བོ། སྐྱག་རྫུན་ལ་གོམས་པ་ཞིག་མཐོང་མྱོང་མེད་ལ། ཁོ་གསེར་རྩི་དབྱུག་པའི་ལྕགས་རྡོག་ཅིག་ལས་གང་ཡང་མེད་པ་ད་སྐབས་མི་མང་དང་ཁོའི་ཉེ་འཁོར་གྱི་ལས་གྲོགས་མང་པོར་གསལ་ཆ་བྱུང་ཡོད། བཀའ་ཟུར་བདེ་ཆོས་ནི་དེ་ལས་ལྷག་པའི་གསེར་རྡོག་གསེར་ནག་ཅིག་ཡིན་པ་ག་ལེར་ཐོན་ཡོང་གི་ཡོད། མི་འགྲོགས་ན་ཤེས། རྟ་གཤིབ་ན་ཤེས་ཟེར་བ་ངོ་མ་རེད། སྔོན་བཀའ་ཁྲི་ཟུར་བ་ཟམ་གདོང་རིན་པོ་ཆེ་ཐོག་མར་བཀའ་ཁྲི་ལ་ཕེབས་སྐབས་གངས་སྐྱིད་ལས་བྱེད་ནང་དུ་ངོ་རྒོལ་བྱེད་མཁན་རེ་ཟུང་བྱུང་ཡོད་ཀྱང་བཀའ་ཁྲི་ལོ་ལྔ་གནང་ཚར་སྐབས་གངས་སྐྱིད་ལས་བྱེད་ཚང་མས་བརྩི་བཀུར་ལྷ་ལས་མཉམ་པ་ཞིག་བྱས་ཡོད་པ་ཀུན་ལ་གསལ། བློ་སེང་དེ་ལས་ལྡོག་སྟེ་ཐོག་མར་བཀའ་ཁྲི་ལ་ལངས་སྐབས་མི་མང་དང་ལས་བྱེད་ཕལ་མོ་ཆེས་རྒྱབ་སྐྱོར་དང་རེ་བ་ཤུགས་ཆེན་པོ་བརྒྱབ་ཡོད་ཀྱང་ལོ་བཞི་དང་ཕྱེད་ཀའི་རྗེས་གངས་སྐྱིད་ཀྱི་ལས་བྱེད་ཕལ་མོ་ཆེས་ཁོ་ལ་ཐོབ་འོས་པའི་བརྩི་བཀུར་ཕར་ཞོགས། མི་སྤྱིར་བཏང་ཞིག་གི་མཐོང་ཡང་མེད་པར་ཁོ་ཕར་འཁོར་བ་དང་མི་ཚོས་ ཁྲམ་པ། རྫུན་མ། ཕྱི་རྫིགས་ནང་སྟོང་ཟེར་གི་ཡོད་རེད། ད་ཚད་གང་ལ་ལྷུང་འདུག་གམ།
བདེ་སྐྱིད་ཆོས་དབྱངས་ཀྱིས། སྲིད་སྐྱོང་ལ་སྐྱོན་བརྗོད་དེ་དག་མི་ཟུག་ཏེ། ལོ་ལྔའི་རིང་ལ། སྲིད་སྐྱོང་ནི། བོད་མི་དམངས་ཀྱིས། རང་མོས་ཀྱིས་མང་མོས་བདམས་ནས་བྱུང་བ་རེད་གདའ། དེ་ཡིནཙང་བདེ་ཆོས་རང་རང་སར་ལོག་ནས་སྐྱིད་པོར་སྡོད་ཅིག་ཀྱེེ།
དྲིས་ལན་ལ་ལན་ཏག་ཏག་གཅིག་ཀྱང་བཏབ་མ་སོང། བློ་ཕམ་བྱུང་ཚུལ་དང། བློ་སེང་ལ་ཆ་རྐྱེན་དགུ་མ་ཚང་རབས་དང། སྤེན་ཚེ་ལ་རྒྱབ་སྐྱོར་བྱེད་པ་འདི་ཆོལ་ཁའི་ཕྱོགས་ཞེན་མིན་ཚུལ་སོགས་ལ་དྲི་བ་བཏོན་ཀྱང་དྲིས་ལན་མི་འདུག གལ་ཏེ་སྤེན་ཚེ་ཐོབ་ནས་མོ་རང་བཀའ་བློན་ལ་འོས་དམིགས་འདོན་རྒྱུ་བྱས་ཡོད་ཀྱང་གྲོས་ཚོགས་ནས་མོ་རང་ལ་རྒྱབ་སྐྱོར་བྱེད་ཁག་པོ་རེད། ལོ་དུས་མ་ཚང་ནས་དགོངས་ཞུ་བྱེད་མཁན་ཞིག་ལ་ཡིད་ཆེས་བྱེད་མཁན་ཁག་པོ་རེད་ད་རེ་བ་མ་བྱེད་ཨ།
གཞིས་བཞུགས་བུད་མེད་རྩོམ་པ་པོ་གྲགས་ཅན་འོད་ཟེར་ལགས་ནས་བདེ་སྐྱིད་ཆོས་དབྱངས་ལ་གདེང་འཇོག་གནང་བ་གཤམ་གྱི་འདི་རེད།
她当了四年多的噶伦,但似乎今晚才第一次对她有所认识。德吉曲央啦,一个很不寻常的图伯特女子,我要赞你独立的、勇气的、真正有担当的表达。
ཚེ་རིང་འོད་ཟེར་ནི་ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་གི་དཔྱད་བརྗོད་པ་རེད། བོད་ནང་ནས་ཁོ་མོ་ལས་ཡོག་མ་རེད་ལ། རྒྱབ་ལྗོངས་ངེས་ཅན་ཞིག་ཡོད་པ་དེ་ལས་ཤེས་ཐུབ། མོ་རང་གིས་བཙན་བྱོལ་ནང་ལག་པ་འཆིང་གིན་པ་ནི་ཡག་རྟགས་ཤིག་མིན། ཞེ་ས་ལྟར་ལབ་ན། དགོས་དབང་འོག་ཤོར་ཡོད་ལ། བཀོད་མངགས་འོག་ཚུད་ཡོད།
བདེ་སྐྱིད་ཆོས་དབྱངས་ལ་དོན་ཚན་དགུ་ལས་འཕྲོས་པའི་དྲི་བ་ཁག་ཅིག
གཅིག སྲིད་སྐྱོང་གིས་ཐུན་མོང་གི་གེ་ཕན་མིན་པར་སྒེར་དོན་གྱི་ཆེད་དུ་བསྒྲུབས་པའི་ལས་དོན་དེ་གང་ཡིན་ནམ། དེ་ཁ་གསལ་གཏིང་གསལ་ཞིག་སྟོན་རྒྱུ་མེད་ན། སྲིད་སྐྱོང་གིས་སྒེར་དོན་ཁོག་བཅངས་བྱས་པ་ཇི་ལྟར་བཤད་ཐུབ་བམ།
གཉིས། སྲིད་སྐྱོང་གིས་ཕྱི་གསལ་ནང་གསལ་མ་བྱས་པའི་ལས་དོན་གང་ཡིན་ནམ། གལ་ཏེ་དེ་འདྲ་ཞིག་ཡོད་ན་ད་ལྟ་བར་དུ་ཁྱེད་ཀྱིས་ཁ་བཙུམ་ནས་འདུག་དོན་ཅི་ནམ། མེད་ན་ཨོ་ཚོད་ཚོད་ཅིག་བཤད་ནས་མི་མང་གིས་ཡིད་ཆེས་ཇི་ལྟར་བྱེད་དམ།
གསུམ། སྲིད་སྐྱོང་གིས་ཁྱེད་ལ་ནུས་པ་ཆ་ཚང་འདོན་མ་བཅུགས་དེ་གང་རེད་དམ། ག་དུས་རེད་དམ། འདི་དང་འདི་ཞེས་རེ་རེ་བཞིན་དུ་བཤད་རྒྱུ་མེད་ན་ཚིག་སྐམ་པོ་ཞིག་གིས་ཁྱེད་ལ་ཡིད་ཆེས་བྱས་ན་མྱོན་པ་མ་ཡིན་ནམ།
བཞི། སྲིད་སྐྱོང་གིས་དུས་རྟག་ཏུ་ཕྱིའི་རྣམ་པ་ལས་ནང་གི་དོན་སྙིང་དེ་གལ་ཆེན་དུ་འཛིན་ནས་ལས་དོན་བསྒྲུབས་དང་སྒྲུབ་ཀྱིན་པ་ང་ཚོས་མཐོང་གསལ་མ་ཡིན་ནམ། མ་ཡིན་ན་ནང་གི་ལྗིད་ཁོག་ལས་ཕྱིའི་མཐོང་སྣང་གལ་ཆེན་བྱས་པའི་ལས་དོན་དེ་གང་རེད་དམ།
ལྔ། སྲིད་སྐྱོང་གིས་ལས་གྲོགས་ལ་གུས་བརྩི་མ་བྱས་པའི་སྐོར་གྱི་གནད་དོན་རྣམས་རེ་རེ་བཞིན་དུ་མི་མང་ལ་ཁ་གསལ་པོ་བཤད་རྒྱུ་ཡོད་དམ། ཡོད་ན་མི་བཤད་པའི་རྒྱུ་མཚན་གང་ཡིན་ནམ།
དྲུག སྲིད་སྐྱོང་གིས་གཞན་གྱིས་བསླབ་སྟོན་མ་ཉན་པར་བཤད་པ་ལ་ཁུངས་ཡོད་དམ། ཡོད་ན་བསླབ་སྟོན་གནང་མཁན་དང་། ཇི་ལྟར་གནང་བ། མ་ཉན་པའི་ཉེས་མིག་རྣམས་མི་མང་ལ་མི་བཤད་པའི་རྒྱུ་མཚན་ཅི་རེད་དམ།
བདུན། དྲང་མོ་ཤོད། གལ་ཏེ་ཁྱེད་རང་ལ་སྲིད་སྐྱོང་ལ་གནང་བ་ནང་བཞིན་གྱི་༧གོང་ས་མཆོག་གིས་བསྔགས་བརྗོད་གནང་ཡོད་ན། ཁྱེད་ཀྱིས་ང་ལ་༧གོང་ས་མཆོག་གིས་བསྔགས་བརྗོད་གནང་བ་སྐལ་བ་བཟང་པོ་ཡིན་ཞེས་བཤད་ཀྱི་མིན་ནམ། ཡིན་ན་སྲིད་སྐྱོང་གིས་དེ་ལས་ལྷག་པ་ཞིག་ག་རེ་བཤད་སོང་ངམ།
བརྒྱད། ༧གོང་ས་མཆོག་གིས་དེ་སྔོན་ཚོགས་གཙོ་ལ་བསྔགས་བརྗོད་གནང་བཞག་པ་ག་ཚོད་ཡོད་དམ། མེད་ན་ཚོགས་གཙོས་༧གོང་ས་མཆོག་གིས་བསྟོད་སྔགས་ཁ་ལ་ཁྱེར་ནས་ལས་དོན་མི་སྒྲུབ་པར་ཁྱེད་ཀྱིས་ཇི་ལྟར་ཤེས་སམ།
དགུ། ཕོ་སར་རྫིག་པོ་འདུག་པས་འོས་འཕེན་གྱི་ཡིན་ཟེར་མཁན་དེ་སུ་རེད་དམ། མི་འདི་ཞེས་སྟོན་རྒྱུ་མེད་ན་སྲང་ལམ་གྱི་སྐད་ཆ་ཁྱེར་ནས་མཁྱེན་རྒྱ་ཡོད་འདོག་བྱེད་དོན་ཅི་ཡིན་ནམ།
བཅུ། མི་མང་གིས་འོས་སུ་ལ་བླུགས་མིན་རང་དབང་མ་རེད་དམ། ཡིན་ན་ཁྱེར་རང་གི་འདོད་པ་ནང་བཞིན་བླུགས་དགོས་པའི་བརྡ་ལན་སྤྲད་དོན་ཅི་ཡིན་ནམ།
བཅུ་གཅིག ཁྱེད་རང་གིས་བཀའ་བློན་ལོ་བཞིའི་རང་དུས་ཚོད་འཕྲོག་གླག་ཏུ་བཏང་ཡོད་དམ། མེད་ན་ཁྱེད་དང་སྲིད་ཀྱི་ལས་དོན་ནི་སྒྲོམ་གཞི་གཅིག་ཏུ་འདུས་ཡོད་པས་སྲིད་སྐྱོང་གིས་དུས་ཚོད་འཕྲོག་གླག་ཏུ་བཏང་སོང་འདོག་འདོག་བྱེད་དོན་ཅི་ཡིན་ནམ།
མདོར་ན་ཚིག་སྐམ་སྤམ་པོ་ཁ་ཤས་ཀྱིས་མི་མང་མགོ་མི་འཁོར་བ་ཁྱེད་ཀྱིས་ཤེས་པར་གྱིས།
བདེ་སྐྱིད་ཆོས་དབྱངས་བཀའ་བློན་ནས་བུད་དགོས་ཡ་དེ་དོན་ཚན་གཉིས་ཀྱི་ཐོག་ནས་སྡོམས་རྒྱབ་ན་ཆོག། དང་པོ། འབྱུང་འགྱུར་བློ་སེང་སྲིད་སྐྱོང་གི་སྐབས་སུ་བདེ་ཆོས་སྐྱར་དུ་བཀའ་བློན་འོས་གཞི་ནང་སླེབ་རྒྱུ་མིན་པ་དང་། གཉིས་པ། ཆོལ་ཁའི་ཞེན་ཁོག་གིས་རེད། འོན་ཀྱང་ཨ་རླུང་དང་ཨེ་རླུང་ཚང་གི་སྤེན་ཚེ་ལ་རྒྱབ་སྐྱོར་བ་གསར་འགོད་པ་འགས་བློ་སེང་ནག་པོ་བཟོ་བྱེད་ཀྱི་བྱ་ཐབ་སྣ་ཚོགས་སྤྱོད་ནས་བདེ་ཆོས་བེད་སྤྱོད་རྒྱུར་འབད་རྩོན་ཧུར་ཐག་བྱེད་བཞིན་འདུག། གསར་འགོད་པ་ནི་ཕྱོགས་སུ་མ་ལྷུང་བའི་གསར་འགྱུར་འགོད་དགོས་ཀྱང་འདི་ཚོ་ནི་མིང་ཙམ་གྱི་གསར་འགོད་པའམ་ཕྱོགས་ལྷུང་ཅན་གྱི་གསར་འགོད་པ་དག་དག་རེད། གང་ལྟར་བདེ་ཆོས་ཀྱིས་ཆབ་སྲིད་འཁྲབ་པ་འདིས་བློ་སེང་ལ་ཕན་ཐོག་རྒྱུ་ལས་འགལ་རྐྱེན་དུ་མི་འགྱུར་སྟེ་དེ་ནི་སྤེན་ཚེ་ཡི་རྫུན་གྱི་རྒྱབ་སྐྱོར་དུ་ཧ་གོ་སོང་བས་རེད།
ཆན་འབྲི་བ་རྣམས་ངོ་ཚ་ཡོད་པ་གནང་རོགས
ཨ་ཇོ་བློ་བཟང་སེང་གེས། མི་སྣ་བསྐོ་ནོར་ཤོར་སོང་།
ཨ་ཅག་བདེ་སྐྱིད་ཆོས་དབྱངས། བཀའ་བློན་གནས་བབས་སྤྲད་སོང་།
དྲིན་བསམ་ཡེ་ནས་མེད་པར། སྐྱག་པ་སྟེར་ནས་ཕེབས་སོང་།
འཕྲོད་བསྟེན་བཀའ་བློན་གཅིག་བྱས། ཨ་རིའི་སྐལ་རྡོར་གཉིས་བྱས།
བྷེབ་ཀོབ་གཞིས་འགོས་གསུམ་བྱས། བདེ་སྐྱིད་ཆོས་དབྱངས་བཞི་བྱས།
མི་སྣ་དེ་དག་བཞི་པོ། ཁྱོད་ཀྱི་ཞབས་འདྲེན་ཆགས་སོང་།
བོད་ལ་སྲིད་སྐྱོང་དགོས།
འོན་ཀྱང་བློ་སེང་མིན།
གངས་ཕྲུག་ལགས་ཁྱེད་ཀྱིས་ཉོན་དང་།བདེ་ཆོས་བློ་ཕམ་སོང་ནི་རེད།ཡིད་སྐྱོ་སོང་ནི་རེད་།ལོ་བཞི་དང་ཕྱེད་ནང་སེམས་ཤི་སོང་ནི་རེད་།དེ་བློ་སེང་གི་རྫུན་གྱི་རྗེས་སུ་་འབྲངས་ན་མ་འདོད་ནི་རེད།
བཀའ་ཟུར་གྱིས་བོད་མི་ཚད་ལྡན་ཞིག་གི་འགན་འཁུར་ཡག་པོ་ཞིག་དང་གནད་འགག་ཅིག་གནང་སོང་བར་བཀྲིན་ཆེ་ཞུ་།
བོད་མི་ཙམ་མར་ཁྱེད་ཀྱི་ལྟ་བའི་མིག་ཡོད་པ་ཤོག་།
དེ་མིན་ན་སླར་ཡང་ལོ་ལྔ་ཕན་མེད་འགྲོ་ཡི་རེད་།
སྲིད་སྐྱོང་ནོར་ནས་ཕེབས་སོང་།།
བཀའ་བློན་བདམས་ནས་ཕེབས་སོང་།།
མཛངས་མ་བདེ་སྐྱིད་ཆོས་དབྱངས།།
མགོ་སྐོར་འོག་ལ་མ་ཚུད།།
བཀའ་བློན་བདམས་ནི་བདམས་སོང་།།
བདམས་པ་བདམས་ནོར་བྱུང་སོང་།།
བདེ་དབྱངས་བདམས་པ་ནོར་སོང་།།
མགོ་སྐོར་འོག་ལ་མ་ཚུད།།
བདེ་དབྱངས་ཀླད་པ་དྭངས་མོ།།
རིག་པ་ནམ་མཁའི་གློག་དམར།།
མཐོང་རྒྱ་འཛམ་གླིང་ཁྱོན་རེད།།
མགོ་སྐོར་འོག་ལ་མ་ཚུད།།
བདེ་དབྱངས་ལྷག་བསམ་ཅན་མ།།
བོད་དོན་མིན་པ་མི་བསམ།།
རྒྱལ་བ་ཡིད་བཞིན་ནོར་བུ།།
སྙིང་གི་དཀྱིལ་ལ་བཅངས་འདུག།།
བདེ་དབྱངས་བྱམས་བརྩེ་ཅན་མ།།
བོད་འབངས་སེམས་ལ་བཞག་ཡོད།།
སྲིད་སྐྱོང་ཝ་མོའི་སྤྱོད་པ།།
ཡན་པོར་མི་གཏོང་ཐག་ཆོད།།
བདེ་དབྱངས་དྲང་ཚུགས་ཅན་མ།།
མགོ་བདེ་ཕྱོགས་ལ་མི་འགྲོ།།
སྲིད་སྐྱོང་ཝ་མོའི་མདུན་ལ།།
སྤྲེལ་ལད་འཁྲབ་མྱོང་མི་གདའ།།
བདེ་དབྱངས་འཇོན་ཐང་ཅན་མ།།
འཛམ་གླིང་གཡས་སྐོར་གཡོན་སྐོར།།
བོད་མོ་སྙིང་སྟོབས་ཅན་མར།།
ཀུན་གྱིས་མཐེ་བོང་བསྒྲེངས་སོང་།།
སྲིད་སྐྱོང་ཝ་མོའི་སྤྱོད་ལམ།།
བདེ་དབྱངས་སེམས་ལ་ཕོག་སོང་།།
མགོ་བདེ་དྲན་འཕྲུལ་ཟེར་བ།།
བདེ་དབྱངས་མཛངས་མའི་དུག་ཡིན།།
འདན་མའི་བུ་ཆུང་། ཁྱེད་ཀྱིས་བཏང་བའི་དྲི་བ་དེ་དག་གི་ལན། འདས་པའི་ཟླ་འགའི་རིང་གི་བློ་སེང་གི་བྱ་སྤྱོད་ལས་གསལ་བོ་བཏབ་མི་འདུག་གམ། དེ་ལས་ཁྱེད་ལ་ར་འཕྲོད་མེད་ན། བོང་བུ་དང་རྟ་གཡག་སོགས་ཀྱིས་གོ་ཐུབ་པ་ཞིག་དྲ་ཐོག་ནས་བཤད་ཐབས་ཡོད་མ་རེད། སྡིག་པ་མིག་བཙུམ་རང་བྱས་ཏེ་ཉོལ་སྡོད་དང་། ལོ་གཅིག་གཉིས་ཤིག་གི་རྗེས་ནས་ཁྱེད་ལ་འགྱོད་པ་རྟས་མི་ཟིན་པ་ཞིག་ཡོང་ངེས་ཡིན། དེ་དུས་ངུ་སྐད་ཤོར་ཡང་ཚར་རེད།
ཀརྨ་བློ་གསལ། ཁྱོད་ལ་ཧམ་པ་དང་སྐྱག་རྫུན་བཤད་རྒྱུར་ངོ་ཚ་དང་ཐེ་ཚོམ་སྤུ་ཙམ་མེད་པ་ཅི་ཞིག་གིས་ལན་སོང་བ་ཡིན་ནམ།
བདེ་སྐྱིད་ཆོས་དབྱིངས་ཀྱིས་བློ་སེང་གི་བྱེད་སྟངས་བྱེད་ལུགས་དང་། རྫུན་དང་ཧམ་བཤད་རྣམས་ཤེས་གི་ཡོད་རེད། ཁོ་མོ་གཅིག་པུ་ཀྱང་མ་རེད། གངས་སྐྱིད་ཁུལ་དུ་ལས་བྱེད་ཚང་མས་་ཤེས་གི་ཡོད་རེད། ཡིན་ནའང་མི་མང་ཚོས་དེ་ཙམ་ཧ་གོ་གི་མེད་པ་དང་དེ་ལས་ཀྱང་རྒྱབ་སྐྱོར་བ་ཚོས་གང་ཡང་ཤེས་ཀྱི་མི་འདུག་
བོད་མིའི་ལོ་རྒྱུས་ནང་དུ། བློ་སེང་ལྟ་བུའི་ཁྲམ་པ། ཧམ་པ་ཚ་བོ། སྐྱག་རྫུན་ལ་གོམས་པ་ཞིག་མཐོང་མྱོང་མེད་ལ། ཁོ་གསེར་རྩི་དབྱུག་པའི་ལྕགས་རྡོག་ཅིག་ལས་གང་ཡང་མེད་པ་ད་སྐབས་མི་མང་དང་ཁོའི་ཉེ་འཁོར་གྱི་ལས་གྲོགས་མང་པོར་གསལ་ཆ་བྱུང་ཡོད། བཀའ་ཟུར་བདེ་ཆོས་ནི་དེ་ལས་ལྷག་པའི་གསེར་རྡོག་གསེར་ནག་ཅིག་ཡིན་པ་ག་ལེར་ཐོན་ཡོང་གི་ཡོད། མི་འགྲོགས་ན་ཤེས། རྟ་གཤིབ་ན་ཤེས་ཟེར་བ་ངོ་མ་རེད།
སྔོན་བཀའ་ཁྲི་ཟུར་བ་ཟམ་གདོང་རིན་པོ་ཆེ་ཐོག་མར་བཀའ་ཁྲི་ལ་ཕེབས་སྐབས་གངས་སྐྱིད་ལས་བྱེད་ནང་དུ་ངོ་རྒོལ་བྱེད་མཁན་རེ་ཟུང་བྱུང་ཡོད་ཀྱང་བཀའ་ཁྲི་ལོ་ལྔ་གནང་ཚར་སྐབས་གངས་སྐྱིད་ལས་བྱེད་ཚང་མས་བརྩི་བཀུར་ལྷ་ལས་མཉམ་པ་ཞིག་བྱས་ཡོད་པ་ཀུན་ལ་གསལ། བློ་སེང་དེ་ལས་ལྡོག་སྟེ་ཐོག་མར་བཀའ་ཁྲི་ལ་ལངས་སྐབས་མི་མང་དང་ལས་བྱེད་ཕལ་མོ་ཆེས་རྒྱབ་སྐྱོར་དང་རེ་བ་ཤུགས་ཆེན་པོ་བརྒྱབ་ཡོད་ཀྱང་ལོ་བཞི་དང་ཕྱེད་ཀའི་རྗེས་གངས་སྐྱིད་ཀྱི་ལས་བྱེད་ཕལ་མོ་ཆེས་ཁོ་ལ་ཐོབ་འོས་པའི་བརྩི་བཀུར་ཕར་ཞོགས། མི་སྤྱིར་བཏང་ཞིག་གི་མཐོང་ཡང་མེད་པར་ཁོ་ཕར་འཁོར་བ་དང་མི་ཚོས་ ཁྲམ་པ། རྫུན་མ། ཕྱི་རྫིགས་ནང་སྟོང་ཟེར་གི་ཡོད་རེད། ད་ཚད་གང་ལ་ལྷུང་འདུག་གམ།
མི་གཅིག་གིས་བསམ་ཚུལ་གསན་འདོད་ཡོད་ན།
https://www.facebook.com/jampa.lungtok
བདེ་སྐྱིད་ཆོས་དབྱངས་ཀྱིས། སྲིད་སྐྱོང་ལ་སྐྱོན་བརྗོད་དེ་དག་མི་ཟུག་ཏེ། ལོ་ལྔའི་རིང་ལ། སྲིད་སྐྱོང་ནི། བོད་མི་དམངས་ཀྱིས། རང་མོས་ཀྱིས་མང་མོས་བདམས་ནས་བྱུང་བ་རེད་གདའ། དེ་ཡིནཙང་བདེ་ཆོས་རང་རང་སར་ལོག་ནས་སྐྱིད་པོར་སྡོད་ཅིག་ཀྱེེ།
སྲིད་སྐྱོང་བློ་སེང་མཆོག་གིས། ལྔ་དང་ལྔ་བཅུའི་འཆར་གཞི་ལ་རྒྱབ་སྐྱོར་བརྒྱ་ཆ་བརྒྱ་ཐམ་པ་ཡོད་དོ།།