སྐལ་བཟང་སྤེན་པ།
དེང་སང་འཁྲུག་ཆ་དོད་པའི་བཙན་བྱོལ་བོད་པའི་འོས་བསྡུའི་བརྒྱུད་རིམ་ཁྲོད། སྔོན་དཔོག་མི་ཐུབ་པའི་གནད་དོན་མི་ཉུང་བ་ཞིག་གཅིག་རྗེས་གཉིད་མཐུད་དུ་འབྱུང་གིན་འདུག དེའི་དབང་གིས་མི་མང་རྣམས། མུ་མཐུད་ནས་རྨོངས་པའི་སྤྱི་ཚོགས་སུ་ལྷུང་ཡོང་གི་འདུག
ལྷག་པར་དུ། ཉེ་དུས་ཕྱི་དྲིལ་བཀའ་བློན་བདེ་སྐྱིད་ཆོས་དབྱངས་ལགས། བཀའ་བློན་གྱི་ལས་གནས་ནས་དགོངས་པ་ཞུས་པ་དེས། ང་ཚོ་ཚང་མ་ཧང་སངས་སོང་། གནད་དོན་མང་པོ་ཞིག་གི་ཐོག་ནས་ཧང་སངས་སོང་།
རེས་གཟའ་ཉི་མར་དགོངས་ཞུ་ཕུལ་བ། སྲིད་སྐྱོང་གི་རང་ཤག་ནས་དགོངས་ཞུ་དང་དགོངས་ཁྲོལ་གནང་བ། བཀའ་བློན་གྱི་གསར་འགོད་གསལ་བསྒྲགས་དང་སྲིད་སྐྱོང་གི་གསལ་བསྒྲགས་གཉིས་མི་མཐུན་པ། སྲིད་སྐྱོང་གིས་གསར་འགོད་གསལ་བསྒྲགས་གནང་གི་ཡོད་པ་འབའ་བ་སྐལ་བཟང་རྒྱལ་མཚན་གྱིས་མ་གཏོགས། འབྲེལ་ཡོད་བཀའ་བློན་དང་ལས་བྱེད་སུས་ཀྱང་མ་ཤེས་པ་སོགས་མདོར་ན། ཕྱོགས་མང་པོ་ཞིག་ནས་ང་ཚོ་མི་མང་རྣམས་རྦད་དེ་རྨོངས་སུ་བཅུགས་སོང་།
དེར་བརྟེན། བཀའ་ཟུར་མཆོག་གིས། འོས་བསྡུའི་སྔོན་ཚུད་ནས། ང་ཚོར་གསལ་བཤད་ཅིག་ངེས་པར་དུ་གནང་རོགས་གནང་། སྐུ་ངོ་སེང་གེའི་ཕྱག་ལས་གནང་ཕྱོགས་མི་ཉུང་བ་ཞིག་ལ། ཞན་ཆ་དང་ནོར་འཛོལ་ཡོད་པ་ཡོངས་གྲགས་རེད། འོན་ཀྱང་། སྐུ་ཉིད་གློ་བུར་དུ་ཐུགས་ཕམ་དང་བཅས་དགོངས་པ་ཞུ་དགོས་པའི་དོན་རྐྱེན་དེ་ནི། གནད་དོན་ཆུང་ཆུང་ཞིག་གཏན་ནས་མ་རེད། དེར་བརྟེན། བཀའ་ཟུར་མཆོག་གིས། གང་མགྱོགས་གསལ་བཤད་གནང་ཐུབ་ན། དགེ་མཚན་ཆེ་བ་ཡོད་པ་ནི་སྨྲོས་མེད་རེད།
དེ་མིན། འོས་བསྡུའི་རྗེས་སུ་གསལ་བཤད་གནང་ཚེ། དགེ་ལས་སྐྱོན་ཆེ་བ་ཡོད་པ་ནི་སྨྲོས་མེད་རེད། ང་ཚོས་སྐུ་ཉིད་ཐུགས་ཕམ་པ་ཤེས་སོང་། འོན་ཀྱང་། ང་ཚོས་སྐུ་ཉིད་ཐུགས་ཕམ་པའི་རྒྱུ་མཚན་ཤེས་མ་སོང་། རྒྱུ་མཚན་དེ་རིམ་པས་གསུང་བར་འཚལ།
་་་་་་་་་ དེར་བརྟེན། བཀའ་ཟུར་མཆོག་གིས། གང་མགྱོགས་གསལ་བཤད་གནང་ཐུབ་ན། དགེ་མཚན་ཆེ་བ་ཡོད་པ་ནི་སྨྲོས་མེད་རེད། ་་་་་་་་་
སྲིད་སྐྱོང་གིས།
https://www.facebook.com/sangayfortibet/videos/1487478391552357/
ཁ་བརྡ་དྲ་རྒྱ་དྲང་པོ་གནང་ན་ཡག་གི་རེད་ད་།
འགའ་ཤས་ཀྱི་བསམ་ཚུལ་དང་ཆན་བཀོད་ཡང་འགའ་ཤས་ཀྱི་བསམ་ཚུལ་དང་ཆན་མི་བཀོད་པ་དེ་དྲངྈབདེན་གྱི་གསར་འགྱུར་སྡེ་ཚན་ཞིག་ལ་ནམ་ཡང་ངོས་འཛིན་ཞུ་ཐུབ་མ་སོང་ངོ་།
ཇུང་ཏོག་ལགས། སུའི་མཆན་དང་བསམ་ཚུལ་བཀོད་མ་སོང་། ཁྱེད་ཀྱི་ཉོག་བཤད་ཚང་མ་བཀོད་འདུག་མོད།
བཀའ་ཟུར་བདེ་ཆོས་རང་ཉིད་ཀྱིས་གནད་དོན་ཆུང་ཆུང་མིན་ཆེན་པོ་ཡིན་གསུངས་པ་ལྟར་དུས་ལས་མ་ཡོལ་བར་གསལ་བཤད་ཅིག་གནང་ངེས་རེད། གསལ་བཤད་མ་གནང་ཚེ་མི་རྣམས་མགོ་འཐོམས་པའི་སྒང་ལ་འཐོམས་སྐྱོར་རྒྱག་རྒྱུ་ཉག་ཅིག་རེད།
སྐལ་བཟང་སྤེན་པ་ལགས་དང་། མཆན་འགོད་པ་འགའ་རེ་སྤྱི་ཚོགས་ནང་རྙོག་ཁྲ་ཞིག་ལང་རྒྱུར་རྔམས་ནི་སྒུག་བསྡད་ཡོད་པ་འདྲ། དེ་འདྲའི་སངས་རྒྱས་པ།
བདེ་ཆོས་བསྐོ་སོང་བཀའ་བློན། །
བདེ་ཆོས་བྱས་སོང་བཀའ་བློན། །
བདེ་ཆོས་ཞུས་སོང་དགོངས་པ། །
བདེ་ཆོས་ལོག་སོང་ཨ་རིར། །
བཀའ་ཟུར་རྒྱ་གར་ལ་མུ་མཐུད་ནས་ཕྱག་ལས་གནང་ན། དགའ་བསུ་ཡོད། དེ་མིན་ཨ་རིར་ལོག་ན། བོད་མི་སྐབས་འཚོལ་རིང་ལུགས་པ་ཅིག་ཡིན་པ་ལ། ངོས་འཛིན་བྱེད་བགྱིན་ཡིན་ནོ།།