ཨ་མའི་བུ་བསྟན་འཛིན་ཚེ་རིང་གིས།
ཀླད་ཀྱི་ཀླན་ཀ།
མཁས་བརྩོན་བཟང་གསུམ་གྱི་རླབས་ཆེན་གྱི་འོས་མི་ཚད་ལྡན་ཞིག་དངོས་གཞིའི་འོས་མིར་མི་སླེབས་པ་ནི། མ་འོངས་བོད་འབངས་ཆིག་སྒྲིལ་གྱི་འཕེལ་བགྲོད་ལ་གྱོང་གུད་ཆེན་པོ་ཞིག་ཕོག་པར་ཤིན་ཏུ་ཕངས། མིག་གཉིས་ཡོད་ཀྱང་དམ་པ་ངོ་མི་ཤེས་ཞེས་པའི་གཏམ་དཔེ་ལྟར་བཀའ་ཟུར་འབྲོང་ཆུང་དངོས་གྲུབ་ལགས་ཀྱི་རིན་ཐང་མི་འགའ་ཞིག་གིས་མ་རྟོགས་པའི་རྐྱེན་གྱིས། སྔོན་འགྲོའི་འོས་ཤོག་གི་གྲངས་ཚད་མཐོ་པོ་མ་ཐོབ་བའི་རྒྱུ་རྐྱེན་གཅིག་རེད། སངས་རྒྱས་མདུན་ཏུ་བཞག་སྟེ་ཕྱག་རྒྱབ་ཏུ་འཚལ་ཞེས་པའི་དཔེ་བཞིན་ལུག་པགས་གྱོན་པའི་ཁྱི་སྤྱང་ལྟ་བུ་ངོ་གཉིས་མང་བའི་རྒྱུ་རྐྱེན་གཉིས་རེད། མཁྲིས་ནད་ཅན་ཁྱུ་ཚོགས་ཤིག་ཆོལ་ནད་ཀྱི་ནད་ཡམས་ཀྱིས་སྨྱོ་སྟེ་སྙིགས་དོར་བཅུད་ལེན་གྱི་དཔྱོད་ཤེས་ལ་རྨོངས་རྗེས། ལུང་ཚན་རིང་ལུགས་པའི་འོས་མི་རྒྱལ་ཆེད་དུ། རྒྱལ་གཅེས་རིང་ལུགས་པའི་ལྟ་གྲུབ་བོར་བརླག་ཏུ་བཏང་བ་ནི་སྙིང་རྗེའི་ཡུལ་ཞིག་ཏུ་གྱུར། བོང་བུའི་ཨམ་མཆོག་ནང་མཁས་པའི་གདམས་ངག་མི་འཛུལ་ཞེས་པའི་བརྗོད་སྲོལ་ལྟར་མཚུངས་སོང་།
དེ་ཡང་གལ་པོ་ཆེ་ལ་ནན་ཏན་དང་། དམ་པའི་ཆོས་ལ་བརྒྱ་ཚར་བཞིན་བདག་གིས་སྐུ་ངོ་འབྲོང་ཆུང་ལགས་ཀྱི་རྒྱབ་སྐྱོར་བ་ཐུན་མོང་གི་འདྲེན་ཚབ་བྱས་ཏེ། བློ་དཀར་དམ་གཙང་གིས་ཐོག་རྒྱབ་སྐྱོར་ཞུས་པ་ནི་བོད་སྤྱི་བའི་བདེན་དོན་ཁོ་ནའི་ཆེད་དུ་ཡིན་པས། སྡོམ་ཚིག་གི་ཚུལ་དུ་གནོད་འགྱོད་སྤུ་ཙམ་མེད་པའི་གནས་ལུགས་བཅུ་ཞིག་གླེང་འདོད་པའི་ཚོར་བས་བསྐུལ་ཏེ་སྨྱུག་ཁ་དེ་ཤོག་དཀར་སྟེང་དུ་རིམ་པ་ལྟར་ཐེངས་ཤིག་ཤོར་ན།
༡༽གནད་དོན་དང་པོ་ནི། ཉེར་གཅིག་སྲིད་སྐྱོང་གི་འོས་མི་བཀའ་ཟུར་འབྲོང་ཆུང་དངོས་གྲུབ་མཆོག་ནི། ཆོལ་གསུམ་བོད་འབངས་ཐུན་མོང་གིས་བརྩི་བཀུར་ཞུ་ས་ཞིག་དང་། མི་མང་གིས་ལྟ་ཚུལ་ཡག་པོ་ཞིག་ཡོད་པའི་ཆ་ནས། ད་ལྟའི་སྐྱ་ཟད་སྔོ་གཏུགས་དང་སྣུམ་ཟད་ཀྱི་མར་མེ་ལྟ་བུའི་གནས་སྟངས་དེ། འབྱུང་འགྱུར་བབ་ལྷིང་བརྟན་གསུམ་གྱི་སྤྱི་ཚོགས་ཡར་ཐོན་ཅན་ཞིག་ཏུ་ཁོ་ལོ་སྒྱུར་བའི་དོན་དུ། ང་ཚོས་སེམས་པ་མདའ་ལས་དྲངས་ཤིང་ལྷག་བསམ་ཟོལ་མེད་ཀྱི་ངང་ནས། ཁ་མིག་ཡར་ལྟ། སྐུད་པ་ཡར་ཁེལ་ཞེས་པའི་དཔེ་ལྟར་བློ་དཀར་དམ་གཙང་གི་ཐོག་ནས་འཚོལ་སྙེག་བྱས་ཏེ་ཕྱར་གྲུ་མཉམ་འདེགས་ཀྱི་སྒོ་ནས་རྒྱབ་སྐྱོར་ཞུས་པ་གནོད་འགྱོད་སྤུ་ཙམ་མེད།
༢༽གནད་དོན་གཉིས་པ་ནི། འདས་པའི་ལོ་རྒྱུས་ལ་བསླབ་བྱ་བླངས་པའི་ངང་ནས། མ་འོངས་ཆོལ་གསུམ་བོད་འབངས་ཆིག་སྒྲིག་ཡོང་བའི་ཆེད་དང་། མ་ཟད། ཆོལ་གསུམ་བོད་འབངས་དབྱེ་བ་མེད་པའི་ཐོག་ཡར་རྒྱས་ཀྱི་ཕྱོགས་སུ་ལམ་སྣེ་འཁྲིད་ཐུབ་མཁན་གྱི་འགོ་ཁྲིད་ཀྱི་ཁྱད་ཡོན་ལྡན་པ་ཞིག་དགོས་མཁོ་མཐོང་པར་གཞི་བཟུང་། བཀུར་འོས་བཀའ་ཟུར་འབྲོང་ཆུང་དངོས་གྲུབ་ལགས་ལ་སྐུ་ཡོན་ཡང་དག་མངོན་པའི་ཆ་ནས། ང་ཚོས་ཕུགས་རྒྱང་ལ་བསམ་བློ་རྒྱ་ཆེར་བཏང་སྟེ་ཁོང་ལ་ཁ་ཞེ་གཉིས་མེད་ཀྱི་ཐོག་ནས་རྒྱབ་སྐྱོར་ཞུས་པ་ནི་གཟི་བརྗིད་དང་སྤོབས་པ་ཡིན་པས་གནོད་འགྱོད་མེད།
༣༽གནད་དོན་གསུམ་པ་ནི། ཉེར་གཅིག་སྲིད་སྐྱོང་གི་འོས་མིའི་ནང་། གཞིས་ལུས་རྒྱ་ཆེའི་མི་དམངས་ཀྱིས་རྒྱུས་མངའ་དང་རེ་འདོད་གནང་ས་ནི། སྐུ་ངོ་འབྲོང་ཆུང་དངོས་གྲུབ་ལགས་ཡིན་པར་དྭངས་གཙང་གི་མེ་ལོང་དུ་གཟུགས་བརྙན་འཆར་བ་ལྟ་བུ་ཚང་མས་མཁྱེན་གསལ་བཞིན། ཁོང་ལ་ཉེར་གཅིག་སྲིད་སྐྱོང་གི་ཞབས་སྟེབས་དེ་འོས་ཤིང་འཚམས། ད་དུང་། མར་ནས་སྤུ་འཐོག་པ་བཞིན་ཁོང་གིས་དེ་སྔ་བོད་པའི་སྤྱི་ཚོགས་ཁྲོད་རྒྱལ་བཙོང་བ་མང་པོ་ཐེར་འདོན་མཛད་ཡོད་པར་བརྟེན། མ་འོངས་པའི་དཀའ་ཚིགས་ཆེ་བའི་དུས་སྐབས་སུའང་བྱེའུ་གཟེབ་ཏུ་བྱེའུ་བཟུང་བ་ལྟར་ནང་རུལ་བ་དེ་དག་འཛིན་གཟུང་བྱ་ཐུབ། གནད་ལ་འཁེལ་བའི་རྒྱུ་མཚན་འདིའི་དབང་གིས། འུ་ཚོས་བོད་ཕྱི་ནང་གཉིས་ཀྱི་བདེ་སྡུག་ལ་བསམ་གཞིག་ནན་པོ་བྱས་ཏེ་ཁོང་ལ་རེ་འདུན་ཆེན་པོའི་ངང་རྒྱབ་སྐྱོར་ཞུས་པ་གནོང་འགྱོད་ཏིལ་འབྲུ་ཙམ་ཡང་མེད།
༤༽གནད་དོན་བཞི་པ་ནི། ཉེར་གཅིག་སྲིད་སྐྱོང་གི་འོས་འགན་གཙོ་བོ་ཞིག་ནི། ༸རྒྱལ་བའི་བདེ་འཇགས་སྲུང་སྐྱོབ་ཡིན་པ་སྨྲ་བསམ་བརྗོད་མེད་ཡིན། ༸རྒྱལ་བའི་སྐུ་ཕྱྭ་ནི། འཛམ་གླིང་ཞི་བདེ། བོད་ཀྱི་རྩ་དོན། ནང་བསྟན་ཆོས་ལུགས་བཅས་སྲ་བརྟན་ཡོང་ཐབས་སུ་ཤིན་ཏུ་གལ་ཆེ་ཤོས་ཤིག་ཡིན་པས། བདེ་སྲུང་གི་ཕྱག་ལས་ཐོག་མིག་མཐོང་ལག་འཛིན་གྱི་ཕུལ་དུ་བྱུང་བའི་ཉམས་མྱོང་དང་ཤེས་ཡོན་ནི། གུས་ཤིང་བཀུར་འོས་པའི་བཀའ་ཟུར་འབྲོང་ཆུང་དངོས་གྲུབ་ལགས་ལ་ཡོད་པར་ཀུན་གྱིས་ཤེས་གསལ་ལྟར། ༸རྒྱལ་བའི་སྐུ་ཕྱྭ་དང་བསྟན་སྲིད་སྐྱེ་འགྲོ་བདེ་ཐབས་སུ་དམིགས་ཤིང་། ང་ཚོས་སྤྱིར་དོན་གལ་ཆེན་དུ་བརྩིས་ཏེ་ཕྱོགས་ཞེན་གྱི་བསམ་པ་སྐད་ཅིག་ཙམ་ཡང་མེད་པའི་ངང་ནས། ཉེར་གཅིག་སྲིད་སྐྱོང་གི་འོས་མི་སྐུ་ངོ་འབྲོང་ཆུང་དངོས་གྲུབ་མཆོག་ལ་ཡ་རབས་བཟང་སྤྱོད་ཀྱི་ལམ་ནས་རྒྱབ་སྐྱོར་ཞུས་པ་གནོང་འགྱོད་ཆུ་ཐིགས་ཙམ་ཡང་མེད།
༥༽གནད་དོན་ལྔ་པ་ནི། ཉེར་གཅིག་སྲིད་སྐྱོང་གི་འོས་མི་སྐུ་ངོ་འབྲོང་ཆུང་དངོས་གྲུབ་མཆོག་ལ་རྒྱབ་སྐྱོར་བ་མང་དག་ཅིག་ནི། རང་རེའི་གཞུང་ཞབས་ཟུར་བ་མང་དག་ཅིག་ཡིན་པས། ལྷག་བསམ་རྣམ་དག་གི་སྲི་ཞུ་བ་དེ་དག་གིས་འདོད་པ་མེད་པའི་སྲིད་སྐྱོང་ཞིག་སླེབས་ཚེ། གཞུང་ཞབས་པ་མང་དག་སེམས་ཤུགས་བཅགས་ཏེ་འཐབ་རྩོད་དངོས་ལ་ཧོལ་རྒྱུགས་ཤོར་བའི་ཉེན་ཁ་མཐོང་། སོང་ཙང་། ང་ཚོས་ཀྱང་བཟང་ཕྱོགས་ཀྱི་མནོ་བསམ་འགུལ་ཞིང་དཔྱད་ཞིབ་ཀྱི་བརྡར་ཤ་བཅད་རྗེས། བོད་མིའི་སྒྲིག་འཛུགས་ཀྱི་གཞུང་ཞབས་པ་མང་པོའི་མངོན་འདོད་ལྟར། སྐུ་ངོ་འབྲོང་ཆུང་དངོས་གྲུབ་མཆོག་ལ་བཟང་ཕྱོགས་ཀྱི་དམིགས་ཡུལ་བཅངས་ཏེ་ཕྱི་གསལ་ནང་གསལ་གྱི་ཐོག་ནས་རྒྱབ་སྐྱོར་བྱས་པ་གནོང་འགྱོད་ཚིག་ཙམ་མེད།
༦༽གནད་དོན་དྲུག་པ་ནི། བོད་ནང་བོད་ཀྱི་རྩ་དོན་དང་རང་དབང་སླར་གསོའི་སླད་དུ་རང་སྲོག་འབེན་ཏུ་བཙུགས། རང་ལུས་བཙོན་དུ་བརྫངས་ཞེས་པའི་བརྗོད་སྲོལ་ལྟར། བློས་གཏོང་ཆེ་བའི་རྒྱལ་གཅེས་དཔའ་བོ་དཔའ་མོ་མང་པོས་སྐུ་ངོ་འབྲོང་ཆུང་དངོས་གྲུབ་ལགས་ལ་རྒྱབ་སྐྱོར་གནང་བའི་སྣང་ཚུལ་མཐོང་ཐོས་བྱུང་རྗེས། ང་ཚོས་ཀྱང་ནུས་པ་མཉམ་དཔུང་དང་བློ་སེམས་གཅིག་ཏུ་སྒྲིལ་ཏེ་ཁོང་ལ་རྒྱབ་སྐྱོར་ཞུས་པ་གནོང་འགྱོད་མེད།
༧༽གནད་དོན་བདུན་པ་ནི། ཉེར་གཅིག་སྲིད་སྐྱོང་གི་འོས་མི་བཀའ་ཟུར་འབྲོང་ཆུང་དངོས་གྲུབ་མཆོག་ལ་དམིགས་བསལ་གྱི་འགོ་ཁྲིད་ཀྱི་ཁྱད་ཡོན་ཞིག་ཡོད་པ་ནི། ལངས་ཕྱོགས་ཀྱི་ལྟ་བ་མཉམ་ཁྲིད་དང་སྤྱི་ཚོགས་ལྷིང་འཇགས་བཟོ་ཐབས། བསམ་བློ་བདེ་སྐྱིད་བཟོ་ནུས་བཅས་ལྡན་ཡོད་ཙང་། བཙན་བྱོལ་བོད་མིའི་ཉམས་ཞིབ་པ་དང་འབུམ་རམས་པ། སློབ་གསོ་བ། རྩོམ་པ་པོ། ལོ་རྒྱུས་སྨྲ་བ། སྲི་ཞུ་བ། ལོ་ཙཱ་བ། རྒྱལ་གཅེས་པ། ཁྲིམས་རྩོད་པ་སོགས་ཀྱིས་མཁས་བརྒྱའི་བགྲོ་གླེང་གི་འགྲོས་བཟང་བཞིན་ལྗིད་ཁོག་ལྡན་པའི་གནད་ལུགས་གཅིག་རྗེས་གཉིས་མཐུད་བསྙད་པའི་ཐོག་ནས་ཁོང་ལ་རྒྱབ་སྐྱོར་བྱས་པ་གནོང་འགྱོད་ཀྱི་དྲི་མ་མེད།
༨༽གནད་དོན་བརྒྱད་པ་ནི། ཁྱད་དུ་འཕགས་པའི་འགོ་ཁྲིད་ཅིག་ལ་ངེས་པར་དུ་མཁོ་བའི་ཉན་འཇོག་གི་ཁྱད་ཡོན་དེ། ཉེར་གཅིག་སྲིད་སྐྱོང་གི་འོས་མི་བཀའ་ཟུར་འབྲོང་ཆུང་དངོས་གྲུབ་ལགས་ལ་འགྱུར་ལྡོག་མེད་པར་ལྷན་སྐྱེས་སུ་ལྡན་ཡོད་པ་མ་ཚད། མཐོ་དམན་དབྱེ་མེད། ཕོ་མོ་དབྱེ་མེད། དབུལ་ཕྱུག་དབྱེ་མེད། སུ་དང་འཕྲད་ཀྱང་དཔོན་ཉམས་མེད་པ། ཉེ་རིང་མེད་པའི་ཐོག་ལྟ་ཚུལ་གཅིག་མཚུངས་འཛིན་གྱི་ཡོད། བྱས་ཙང་། མང་ཚོགས་ཀྱི་དཀའ་སྡུག་སེལ་ཐུབ་མཁན་ཁོང་ལྟ་བུའི་མི་གཞི་ཡག་པོའི་དཔོན་བཟང་ཞིག་དགོས་ངེས་ཆེ་བས། ང་ཚོས་གདེང་འཇོག་ཆེན་པོ་དང་དཔྱད་ཞིབ་ཐེངས་མང་བྱས་ཏེ་ཁོང་ལ་ངོ་དགའ་རྒྱབ་མདུན་མེད་པའི་ཐོག་ནས་རྒྱབ་སྐྱོར་ཞུས་པ་འགྱོད་སེམས་གཅིག་ཀྱང་མེད།
༩༽གནད་དོན་དགུ་བ་ནི། རྒྱ་བོད་གཉིས་ཀྱི་རྩོད་རྙོག་གསལ་དགོས་ཚེ། བོད་རྒྱ་འབྲེལ་མོལ་སླར་གསོ་མ་བྱེད་ཀ་མེད་དུ་གྱུར། ཉེར་གཅིག་སྲིད་སྐྱོང་གི་འོས་མིའི་ནང་ནས། བསྒྲུན་དུ་མེད་པའི་བོད་རྒྱ་འབྲེལ་མོལ་གྱི་ཆ་རྒྱུས་ཟབ་ཤོས་ནི་སྐུ་ངོ་འབྲོང་ཆུང་དངོས་གྲུབ་ལགས་ཡིན་པར་གདོན་མི་ཟ། དེ་བས་ག་ཚད། འཛམ་གླིང་ཤར་ནུབ་གང་ནས་ཤེས་ལྡན་པ་མང་པོས་ཀླད་སྨྱུག་འགུལ་ཏེ། ཁོང་ལ་ཆེ་བསྟོད་ཀྱི་ཚུལ་དུ་ཕུལ་བའི་དབྱིན་བོད་གཉིས་ཀྱི་ཐོག་རྩོམ་ཡིག་གི་གྲངས་ཚད་བཅུ་ཕྲག་མང་། དེ་ནི་འདས་ཟིན་པའི་ལོ་རྒྱུས་ཀྱི་ཤོག་ཚགས་སུ་བྱུང་མ་མྱོང་བའི་ཟིན་ཐོ་གསར་པ་ཞིག་ཀྱང་ཡིན་པར་སྨྲ་ཅི་ལ་དགོས། ལྗིད་དིག་དིག་གི་རྒྱུ་མཚན་དེ་གོང་དུ་བསུས་པའི་ཐོག ང་ཚོས་རྨོངས་པའི་བག་འཁུམ་བཟློགས་ཤིང་དཔྱོད་ཤེས་ཀྱི་བློ་མིག་འབྱེད་དེ་ཁོང་ལ་རྒྱབ་སྐྱོར་ཞུས་པ་གནོད་འགྱོད་གང་ཡང་མེད་ཅེས་སྐད་གསེང་མཐོན་པོ་བརྗོད་ཕོད།
༡༠༽ གནད་དོན་བཅུ་བ་ནི། རྒྱལ་ཁབ་ཅིག་གི་ཆབ་དཔལ་རིག་གསུམ་འཛིན་སྐྱོང་སྤེལ་གསུམ་གནང་མཁན་ཞིག་བསྐོ་གཞག་བྱེད་པའི་ཆེད་དུ་ཆ་རྐྱེན་གཙོ་བོ་ཞིག་ནི། གཞུང་དམངས་བར་ལ་འབྲེལ་ལམ་གཏིང་ཟབ་ཡོད་མཁན་ཞིག་དང་། ཐེམ་སྐས་རིམ་འཛེག་གི་ཉམས་མྱོང་ཡོད་པ། ལས་བྱེད་མི་སྣའི་བརྩི་མཐོང་ཡོད་པ། མི་མང་བྱིངས་ཀྱིས་གཟིགས་ཚུལ་ཡག་པོ་བཅས་ཀྱི་སྐུ་ཡོན་དགོས་གལ། གནས་ལུགས་འདི་ལ་བསམ་གཞིག་རེ་བྱས་རྗེས། བྱ་བ་ལ་མ་ལྟ། བྱས་ཤུལ་ལ་ལྟོས་ཞེས་པའི་དཔེ་བཞིན། ཉེར་གཅིག་སྲིད་སྐྱོང་གིས་འོས་མིའི་ནང་ནས་སྐུ་ངོ་འབྲོང་ཆུང་དངོས་གྲུབ་ལགས་ལ་ཁྱད་ཡོན་དེ་དག་ལྷད་མེད་མངོན་ཞིང་། བོད་བསྟན་སྲིད་ཀྱི་ཆེད་དུ་ཡོད་ཚད་བློས་གཏོང་ཐུབ་པའི་སྙིང་སྟོབས་ཅན་ཞིག་ཏུ་ངོས་འཛིན་ཐུབ་ཙང་། ང་ཅག་གིས་ཁོང་ལ་རེ་ལྟོས་ཀྱི་མིག་ཟུང་བགྲད་ཅིང་། ཕུགས་བསམ་ཀྱི་ཨམ་གཙིགས་བསྡམས་ཏེ་བློ་སྙིང་མཆིན་གསུམ་ནས་རྦད་དེ་རྒྱབ་སྐྱོར་ཞུས་པ་གནོང་འགྱོད་ཡུད་ཙམ་མེད།
མཇུག་བསྡོམ་ངག་གི་སྤུ་གྲི།
དེ་ཡང་མི་ཞིག་ཡང་དག་ཡིན་མིན་ནི། རྒྱབ་སྐྱོར་བའི་གྲངས་འབོར་ཇི་ཙམ་མཐོ་བ་འདིས་མི་དེ་ཡང་དག་པ་ཡིན་པའི་ཚབ་མཚོན་མི་ཐུབ། གཙོ་བོ་ནི་དོན་དངོས་སུ་བདེན་པ་ཡོད་པ་དེ་ཡང་དག་ཅིག་ཏུ་ངོས་འཛིན་བྱེད། གང་ལྟར། འུ་ཚོས་གཞན་ལ་ཁ་དགྲ་རྣ་དགྲ་བསགས་པའི་ནག་ཉེས་པ་མེད་ལ། ཕྱོགས་ཞེན་གྱི་ཁྱད་གསོད་དང་དོན་མེད་ཀྱི་སྙོན་དོར་སོགས་བྱས་པའི་སྡིག་ཉེས་དེ་བས་མེད། ང་ཚོས་ཉེར་གཅིག་གི་འོས་བསྡུ་ཆེན་མོ་ཞི་འཇམ་ཐུབ་པ་མ་ཚད་འབྱུང་འགྱུར་གི་རྐང་ལམ་ཕྲ་མོའི་ནང་དུ་འོད་དཀར་ཁྲ་ལྷམ་མེར་འཆར་བའི་མིག་དཔེ་བཟང་པོ་ཞིག་བསྟན་པའི་སྤོབས་པ་ངོམས།།།།
༢༠༢༡/༡/༡༠/ཉིན།
ཉེར་གཅིག་སྲིད་སྐྱོང་གི་འོས་མི་བཀའ་ཟུར་འབྲོང་ཆུང་དངོས་གྲུབ་ལགས་ལ་རྒྱབ་སྐྱོར་བ་ཐུན་མོང་གིས་འདྲེན་ཚབ་བྱས་ཏེ། ཧྥ་རན་སི་རུ་གནས་སྡོད་བྱེད་པའི་རྩོམ་པ་པོའི་མིང་ཟུར་ཙམ་ཡོད་པའི་ཨ་མའི་བུ་བསྟན་འཛིན་ཚེ་རིང་གིས་བྲིས་པར་དགེའོ།།
ཨ་མའི་བུ་བདེན་ནོ།། འདི་ནི་ཤེས་ཡོན་ཅན་ཞིག་གི་བལྟ་སྟངས་ཡིན་ཞིང་། ནོར་བ་མེད། འོན་ཀྱང་རང་རེའི་ཉག་ཕྲ་བའི་བོད་མིའི་སྤྱི་ཚོགས་འདིའི་ནང་གླེན་ཞིང་གཏི་མུག་པའི་བོད་མི་མང་དག་ཅིག་མཆིས་པ་རྣམས་ལ་སུས་རྣམ་དཔྱོད་སྦྱིན་ཐུབ། ཡ་ང་། བོད་བསྟན་པ་ཆབ་སྲིད་ཀྱི་གནས་སྟངས་འདི་ཤིན་ཏུ་ནས་སྙིང་རེ་རྗེ། ངོ་ཚ་རྒྱུ་ཡོད་ན་བོད་མི་དེ་རིགས་གཉིད་ལས་སངས་རྒྱུའི་དུས་ཚོད་ཡིན།
༸གོང་ས་མཆོག་བཀྲིན་ཆེ། བོད་མི་ཐེབས་ཆག་མང་པོ་འདི་དག་གི་ནང་དུའང་སེམས་ཤུགས་མ་ཆག་པར་སྐུ་ངལ་སྐྱོན་བཞིན་འཛམ་གླིང་མི་མང་སྤྱི་དང་ཡང་སྒོས་བོད་མིར་དབུ་ཁྲིད་དང་ལམ་སྟོན་སྩོལ་བཞིན་པ་ཡིན། སྐུ་ཚེ་ཡུན་བརྟན་གྱི་སྨོན་ལམ་ཞུ།
ད་ལྟའི་ཆར་གྱི་སྲིད་སྐྱོང་གི་འོས་གཞི་བཞི་པོའི་ནང་ལ་ལྟོས་དང་། གཉིས་ཙམ་ནི་ཆོལ་ཁ་དང་ཆོས་ལུགས་ཀྱི་དུག་གིས་ཟིན་ནས་སླེབས་ཡོད། དུག་དེའི་འགོ་དེ་ད་ལྟའི་སྲིད་སྐྱོང་བའི་མི་ཐེབས་ཆག་དེ་ཡིན། མི་དེ་ཡིས་ད་བར་བོད་མི་རིགས་སྤྱི་ལ་ཕན་པའི་ལས་ཀ་བྱེད་ཨེ་ཡོད་དམ། ཁོང་གི་ལས་ཀ་དུས་ཀུན་ཏུ་ཁ་དམག་ཁོ་ན་རྒྱག་རྒྱུ་དེ་ཡིན། མི་དེ་རིགས་ལ་ང་ཚོའི་ཆོས་སྐྱོང་སྲུང་མས་ཉེས་ཆད་མ་ཕོག་པ་གང་རེད་དམ། དེ་རིགས་ཀྱིས་བོད་མིའི་མངོན་འདོད་དང་རྒྱང་ཕུགས་ལ་དོ་ཕོག་ཤུགས་ཆེ་གཏོང་བཞིན་ཡོད་པས། བོད་མི་ལ་བསོད་ནམས་ཡོད་ན་དེ་དག་རྨེག་མེད་དུ་གྱུར་ཅིག།
འགྱོད་པ་སྐྱེ་དགོས་དོན་ག་རེ་ཡོད་རེད། ཡོད་མ་རེད། ང་ལ་མཚོན་ན། སྲིད་སྐྱོང་གི་འོས་འཕེན་སྐབས། དང་པོ་ནས་སེམས་ལ་གྲ་སྒྲིག་ཆ་ཚང་ཡོད། འོས་དང་པོ་དེ་ཚོགས་ཟུར་སྤེན་པ་ཚེ་རིང་ལགས་ལ་ཡིན། གལ་སྲིད་ཁོང་ལ་མ་ཐོབ་ན། འོས་ཤོག་གཉིས་པ་དེ་བཀའ་ཟུར་འབྲོང་ཆུང་དངོས་གྲུབ་ལགས་ཡིན། གལ་སྲིད། ཁོང་ལའང་མ་ཐོབ་ན། འོས་ཤོག་གསུམ་པ་དེ། བཀའ་ཟུར་རྒྱ་རི་སྒྲོལ་མ་ལགས་ལ་ཡིན། གལ་སྲིད། ཁོང་ལའང་མ་ཐོབ་ན། འོས་ཤོག་བཞི་པ་དེ། བཀའ་ཟུར་བློ་བཟང་སྙན་གྲགས་ལགས་ཡིན། དང་པོ་ནས་སོ་སོའི་སེམས་ལ་འོས་མི་བང་རིམ་འདི་ལྟར་བསྒྲིགས་ནས་བསྡད་པ་ཡིན།
ཚོགས་ཟུར་སྤེན་པ་ཚེ་རིང་དང་བཀའ་ཟུར་འབྲོང་ཆུང་དངོས་གྲུབ་གཉིས་ལ་ཡིད་ཆེས་དང་གུས་བརྩི་ཡོད། འདི་གཉིས་ཀྱི་སུ་ལ་སྲིད་སྐྱོང་ཐོབ་ནའང་ཁྱད་མེད་པར་ངོས་འཛིན་བྱེད་ཀི་ཡོད།
བཤད་མ་བཤད་མི་འདུག ཤོར་ནི་ཤོར་ཚར་རེད། ད་འགྱོད་ན་ཡང་བྱས་ཡ་ཡོད་མ་རེད་མ་ངུ་འ།
ཝར་ན་མཐོ་སློབ་ཏུ་དགོས་པའི་སློབ་སྦྱོང་ཡག་པོ་བྱོས། ཆབ་སྲིད་ལ་མ་ཇོན་ཇོན་མདོག་གིས་ཇུས་ཏོག་བྱས་ནས་སློབ་སྦྱོར་ཁུངས་མ་ཁྱོལ་བར་ལྷག་ཡོང་། བུ་ལགས།
སྤེན་ཚེ་དང་རྒྱ་སྒྲོལ། བླི་སྙན་དང་འབྲོང་ཆུང་བཞི་ལས་སུ་ཐོབ་ན་ཁྱད་པར་མི་འདུག
སྐལ་རྡོ་ད་ལོ་རྩེད་མོ་རྩེ་ག་ཡོང་པ་རེད།
ཚང་མས་གཟབ་གཟབ་མ་གནང་ན་མ་འོངས་པའི་ལོ་ལྔའི་ནང་བཙན་བྱོལ་སྒྲིག་འཛུགས་འདི་རྩེད་ཆས་་ཤིག་ལ་འགྱུར་མི་སྲིད་པ་མིན།
སེམས་པའི་མྱོང་ཚོར་དང་ལྟ་བའི་ནུས་ཤུགས་མིག་མདུན་དུ་མངོན་ཐུབ་པ་ནི་ཤིན་ཏུ་ལེགས།
དོན་ལ་གནད་པའི་གནས་ལུགས་ལྡན་བཞིན་རྩོམ་ཡིག་གི་སྒྲོམ་གཞི་ཤིན་ཏུ་ལེགས།
ན་གཞོན་ཁྱེད་ལྟ་བུ་ཆབ་སྲིད་དོ་སྣང་གཏིང་ཟབ་འདུག ད་ལྟ་འུ་ཚང་ལ་ན་གཞོན་ཁྱེད་ལྟ་བུ་ཤེས་ཡོན་ཅན་མང་པོ་གསོ་སྐྱོང་བྱེད་དགོས་གལ།
ཇོ་སྲང་ཚང་། སོ་སོས་བྱེད་རྒྱུ་མེད་ན། གཞན་ཤོད་རྒྱུ་ཕར་ཞོག མི་རིགས་ཀྱི་ལ་རྒྱ་ཡོད་ན། བསམ་བློ་གཏོང་དང་། འདས་པའི་ལོའི་ནང་ཧོང་ཀོང་གི་མཐོ་སློབ་ཀྱི་སློབ་མ་མང་པོ་སོ་སོའི་མི་རིགས་ཀྱི་བདེ་སྡུག་གི་རང་དབང་ཆེད་དུ། འཐབ་རྩོད་བྱས་པ་ནི་གུང་ཁྲན་ཏང་བྱེད་སྟངས་མི་ཤེས་པ་བཟོས་རེད། དཔེ་འདི་ལྟ་བུ་མཐོ་སློབ་ཀྱི་སློབ་མ་དང་རྩོམ་པ་པོ། ཤེས་ཡོན་པ། དགེ་རྒན་བཅས་འཐབ་རྩོད་ཀྱི་ལམ་ལ་མཉམ་ཞུགས་དགོས་པ་ནི་ཁ་ཚ་དགོས་གཏུགས་ཤིག་རེད། ཆབ་སྲིད་ལ་ཇུས་ཏོག་མ་བྱེད་ཅེས་པའི་སྐད་ཆ་ནི་གླེན་རྟགས་རེད། གཞོན་སྐྱེས་སེམས་ཤུགས་བཅག་མ་ཉན།
མི་གསར་གསར་པས་བོད་ཀྱི་ཆབ་སྲིད་ཀྱི་འོས་འགན་འཁྱེར་ཏེ་བསམ་བློ་སྣང་ཚོར་ངོ་མ་ཡག
མཐོ་རིམ་སློབ་མ་དང་སློབ་ཟུར་ཚོས་སྤྱི་ཚོགས་ཀྱི་གནད་དོན་ཐོག་བསམ་གཞིག་བྱས་ན་དེ་བས་ལེགས། ཆབ་སྲིད་ཀྱིས་ཕུང་བའི་སྐྱབས་བཅོལ་བའི་ན་གཞོན་ཚོས་ཆབ་སྲིད་ལ་ཇུས་ཏོག་བྱ་རྒྱུ་ཤིན་ཏུ་གལ། ལྷག་པར་དུ་མང་གཙོའི་ལས་དོན་ལ་མཉམ་ཞུགས་བྱ་རྒྱུ་ནི་མེད་དུ་མི་རུང་བའི་འོས་འགན་ཞིག་ཡིན། དེང་རབས་འུ་ཚོ་ལ་ཆེས་དཀོན་པ་ནི་གཞོན་སྐྱེས་ཁྱེད་ལྟ་བུའི་སྤྱི་དོན་ལ་ལྷག་བསམ་དང་ཕུགས་རེ་བྱེད་མཁན་ཤིན་ཏུ་དཀོན། ཁྱེད་ལ་མངོན་པར་བསྟོད།
སྤེན་ཚེ་དང་སྤེན་་ཚེའི་ཤོག་ཁག་ཚོས་ང་ཚོའི་སྤྱི་ཚོགས་ཆུང་ཆུང་འདི་ཁ་འཐོར་དགུ་འཐོར་ལ་འགྲོ་ན་བསམ་གྱིན་ཡོད་རེད། དེ་དེ་བཞིན་དུ་ཁྱེད་ཅག་གི་རེ་འདུན་ལ་རེ་སྒུག་བྱ་ཆོག
ཨ་མའི་བུ་བསྟན་འཛིན་ཚེ་རིང་ལགས། ཁྱེད་ཀྱི་རྩོམ་དེ་ཡག་པོ་འདུག གུས་མོ་ང་རང་ཡང་སྐུ་ངོ་བྲོང་ཆུང་ལགས་དང་སྐོུ་སྤེན་པ་ཚེ་རིང་ལགས་གཉིས་སུ་ཐོབ་ཀྱང་ཁྱེད་པར་སྤུ་ཙམ་མེད།
མི་ཉག་སྐལ་བཟང་ཁྱེད་ཀྱི་སྐད་ཆར་ངེད་མོས་མཐུན་མེད། ཁྱེད་ཀྱི་ཡིག་གེ་ཁྱ་རེ་ཁྱོ་རེ་ཚིག་འགའ་ཤས་འདིའི་ནང་ “སྤེན་ཚེ་དང་སྤེན་་ཚེའི་ཤོག་ཁག་ཚོས་ང་ཚོའི་སྤྱི་ཚོགས་ཆུང་ཆུང་འདི་ཁ་འཐོར་དགུ་འཐོར་ལ་འགྲོ་ན་བསམ་གྱིན་ཡོད་རེད། དེ་དེ་བཞིན་དུ་ཁྱེད་ཅག་གི་རེ་འདུན་ལ་རེ་སྒུག་བྱ་ཆོག” གཞན་ལ་སྐྱོན་ཆ་མ་གཏོགས་སྐད་ཆ་ཡག་ག་གཅིག་ཀྱང་བཤད་མི་འདུག གོང་གི་བུ་བསྟན་འཛིན་གྱི་རྩོམ་རིང་པོ་འདིའི་ནང་གཞན་ལ་སྐྱོན་གཅིག་ཀྱང་འདོགས་མི་འདུག་པ་ཁྱེད་གཉིས་ཀྱི་བར་ལ་ཁྱད་པར་ཇི་ཙམ་འདུག་ང་ཚོ་ཚང་མས་མཐོང་ཐུབ། མི་ཉག་ཁྱེད་ཀྱི་སྤྱི་ཚོགས་དཀྲུགས་རྒྱུའི་སྐད་ཆ་རང་བཤད་འདུག་པ་དེ་འདྲ་བཤད་པ་ལས་མ་བཤད་ན་དགའ། ང་ཚོའི་སྤྱི་ཚོགས་ནང་མི་དེ་འདྲ་རིགས་ཉུང་ཤས་གཅིག་ཡོད་པ་དེ་དག་གི་རྙོག་གྲ་བཟོ་རྒྱུའི་འབད་བརྩོན་བྱེད་ཀྱང་ངེད་བོད་མི་མང་བ་༸གོང་ས་མཆོག་གི་ཐུགས་རྗེ་བཀའ་དྲིན་ཉག་གཅིག་ལ་བརྟེན་ནས་སློབ་སྦྱོང་ཕྲན་བུ་ཐོབ་ཡོད་ཙང་དཀྲུགས་ཤིང་དེའི་རིགས་ལ་མགོ་འཁོར་གྱི་མེད་པ་ཡིད་ཆེས་བརྟན་པོ་ཡོད།
ད་ལོའི་འོས་མི་ཚང་མ་ཡག་པོ་འདུག སྐལ་རྡོ་ཟེར་བའི་ཁྱི་ངན་དེ་མིན།
སྤྱིར་འབྲོང་ཆུང་དངོས་གྲུབ་ལགས་སྲིད་སྐྱོང་དུ་འཐོབ་པ་ཡིན་ན་ཁོང་ལ་ཁ་ཆག་སྣ་རལ་མེད་པར་ཆོལ་གསུམ་མཐུན་སྒྲིལ་ལ་དགོས་ངེས་ཅན་གྱི་མི་སྣ་ཞིག་རེད། འོན་ཀྱང་བྱུང་མ་སོང་། སྐལ་རྡོར་ལ་ཡང་དེ་དེ་བཞིན་གྱི་མ་འགྲིག་པ་དང་མ་བྱུང་བ་མེད་ཅིང་། སྲིད་སྐྱོང་དུ་འཐོབ་ན་གཟི་བརྗིད་ཀྱི་རྡོ་རིང་ཞིག་དུ་བགྲང་ཆོག་མོད། འོན་ཀྱང་སྤེན་ཚེའི་ཕྱོགས་གཏོགས་པ་ལྟ་བ་ཕྱིན་ཅི་ལོག་པ་ཚོར་འདོད་བློ་ཁེངས་མི་སྲིད་ཀྱང་མང་གཙོའི་ལམ་དུ་མ་འགྲོ་ཀ་མེད་རེད། གལ་ཏེ་སྤེན་ཚེར་འཐོབ་པའི་དབང་དུ་བཏང་པ་ཡིན་ན་བོད་ཀྱི་སྤྱི་ཚོགས་ཆུང་ཆུང་འདི་ཁ་འཐོར་དགུ་འཐོར་དུ་འགྲོ་རྒྱུ་ནི་བརྒྱ་ཆ་བརྒྱ་ཐམ་པ་རེད།
མི་མིང་ཅན་་་་མི་ཉག་སྐལ་བཟང་ཟེར་བ་དེ! མི་ལུས་ཟོག་གི་མགོ་ཅན! ཞེན་ཁོག་གིས་ར་བཟི་་་་ཁྱི་སངས་ཀྱི་གདོན་ཁོག་ལ་ཞུགས་པ་རེད་མ་གཏོགས! སྐལ་རྡོར་་རྐུ་མ་ཞིག་གིས་སྲིད་སྐྱོང་བྱེད་ཐུབ་ན་་་ཀུན་སྤྱོད་དང་ཤེས་འཇོན་་་སྐལ་རྡོར་དང་་གནམ་སའི་་་ཁྱད་པར་ཡོད་པའི ་་ཚོགས་ཟུར་སྥེན་པས་སྲིད་སྐྱོང་མ་ཐུབ་པ་ག་རེ་ཡིན་ན! ཁ་ཐོར་རམ་ཁ་གཏོར་་་དགོས་ན་་་ཁྱི་སངས་་ཀྱིས་ལོ་བཅུའི་ནང་་་ཐོར་པ་མ་ཡིན་པར་་་གཏོར་ཚར་པ་རེད! ད ་འདི་ལས་ལྷག་་་ཐོར་ན་མ་གཏོགས་་གཏོར་ཡ་གང་ཡང་ལྷག་མི་འདུག
མི་ཉག་ཨ་བརྟན་མ་གཏོགས་་་་བཙན་བྱོལ་་ནང་ཡོད་པའི་་མི་ཉག
་མང་ཤོས་་་སྐུབ་ལ་རྔ་མ་མེད་པ་མ་གཏོགས! ལམ་ཟུར་གྱི་སྐྱགས་པ་ཟ་མཁན་ཞེ་གཅིག་རེད! ཁོ་ཚོ་ལ་མེད་པ་ནི! དྲང་ཚུགས་་་ཀུན་སྤྱོད་་་ཤེས་རབ་དམན་པ་་་་་གཞན་གྱི་རྐང་འོག་ཏུ་ཞབས་བྲོ་འཁྲབ་མཁན་་་ཞེ་གཅིག་མ་རེད་དམ|
གལ་ཏེ་འགྲོ་བ་མི་ཞིག་གིས་འགྲོ་བ་མི་ཞིག་ལ་ཁྱོད་ཁྱི་ངན་ཁྱོད་ཕག་པ་ཞེས་ཚིག་ངན་ཤ་སྟག་བེད་སྤྱོད་གཏོང་བ་ནི་ཚིག་ངན་བེད་སྤྱོད་གཏོང་མཁན་དེ་དང་དེའི་དབང་རྩ་ཞིག་ལ་སྐྱོན་ཡོད་པ་ནི་ཚན་རིག་པ་དང་སྨན་པས་ཤེས་ཤིང་། ཡང་ན་མི་དེ་དང་དེའི་ཕ་མ་དང་ཕ་མའི་ཕ་མ་སོགས་ཀྱིས་སློབ་གསོ་ངན་པའི་གོམས་གཤིས་ལྟ་བུར་འགྱུར་སོང་བ་རེད། དེར་ནང་པ་བ་ཞིག་གིས་སྙིང་རྗེ་བྱ་ཡུལ་ཙམ་རེད།
བློ་བཟང་གི་གསུངས་པ་ལྟར་བཙལ་བྱོལ་སྤྱི་ཚོགས་ཁ་ཐོར་དགུ་ཐོར་བློ་བཟང་སངས་རྒྱས་སྐབས་ཐོར་སོང་ངོ་། དེ་ལས་ལྷག་ཐོར་ཡ་གང་ཡང་ཡོད་མ་ཡིན། ད་སྐུ་ངོ་སྤེན་ཚེ་ནས་ཏོག་ཙམ་རུབ་རུབ་བཟོས་ཐུབ་ན་རབ་དང་དེ་མིན་ན་གང་ཡང་ཡོད་མ་རེད། ༸གོང་ས་མཆོག་དང་བཙལ་བྱོལ་གཞུང་ལ་བརྩི་བཀུར་ཞུས་མཁན་ཞིག་གིས་སྲིད་སྐྱོང་སུ་སླེབས་ཀྱང་ཁྱེད་ཡོད་མ་རེད་བསམ་གྱི་ཡོད། འོན་ཀྱང་བློ་བཟང་སངས་རྒྱས་འདྲ་པོ་སྲིད་སྐྱོང་ཧམ་ཆེན་དེ་འདྲ་སླེབས་ཀྱི་རེད་ནམ་ཡང་བསམ་གྱི་མི་འདུག
དྲང་པོ་བཤད་ན། སྐལ་རྡོ་སྲིད་སྐྱོང་འོས་མིར་ལངས་པ་ནི་ཁོ་རང་ལ་རང་ཚུགས་དངརང་དབང་ད་དུང་གདེང་ཚོད་སོགས་ཡོད་པས་མ་ཡིན་པར། སྲིད་སྐྱོང་ལས་ཐོག་བློ་བཟང་སངས་རྒྱས་ཀྱིས་མ་འོངས་ལོ་ལྔའི་ནང་ཁོའི་ལག་རྟེན་བྱ་འདོད་པས་ཡིན་པ་མིག་ལྡན་ཀུན་གྱིས་ཤེས་གསལ་རེད།
བློ་བཟང་སངས་རྒྱས་ཀྱིས་བཙན་བྱོལ་སྤྱི་ཚོགས་ཁ་འཐོར་དགུ་འཐོརཏུ་བཏང་ཚར་རེད།
ད་དུང་ཁོ་འདོད་པ་ཁེངས་ཡོད་མ་རེད།
ལྟས་ངན་རེད་འདུག་་་་་་ཁོ་རེ
བོད་ཕྲག་དོག་གིས་ཕུང་། རྒྱ་འགོ་ནད་ཀྱིས་ཕུང་། ཟེར་བའི་དཔེ་གསར་ལྟར་བོད་པ་ཁག་ཅིག་ལ་ཕྲག་དོག་གིས་རླུང་དམར་ལྡང་བ་ཙམ་ལས་འཇོན་ཐང་དང་ནུས་པ། ཤ་ཞེན་དང་ཕུགས་འདུན་ཅི་གང་ཡང་མེད་པར་བོད་ཡིག་ཐར་ཐོར་རེ་འབྲི་ཤེས་ན་ང་རྒྱལ་གྱིས་འཕུར་ན་འཕུར་ཆོག་ཆོག་དང་ཤི་ན་ཤི་ཆོག་ཆོག་རེད། བློ་བཟང་སེང་ལྟ་བུའི་སྲིད་སྐྱོང་འཇོན་ཐང་ཅན་དང་། ཤེས་ཡོན་ཅན་ཞིག་སྔོན་ཆད་ཀྱང་བྱུང་མ་མྱོང་ལ། མ་འོངས་པར་ཡང་འབྱུང་མི་སྲིད་པ་ནི་མི་མཐོང་ལག་ཟིན་རེད། སྤེན་ཚེར་འཇོན་ཐང་ཡོད་པ་ནི་ཚིག་རྩུབ་མོ་རེ་འགས་སྤྱི་ཚོགས་གཏོར་བརླག་གཏོང་ཐུབ་པའི་ནུས་པ་ཡོད་པ་ཁོ་ན་རེད། དེ་དང་དེའི་ཕྱོགས་གཏོགས་པའམ་ཕྱིར་ཅི་ལོག་པའི་མི་དེ་ཚོར་རྒྱལ་ཞེན་ཟེར་བ་དེ་རྩ་བ་ནས་མེད་བསྡད་མཁན་ཤ་སྟག་རེད་དོ།
་་མི་ཡིན་པ་ཙམ་གྱི་་་་མི་ཉག་སྐལ་བཟང་ན་རེ། ངས་དྲི་ལན་ལ་སྒུག་བཞིན་ཡོད།
ཁོ་ནི་་་་
མི་ལུས་ཟོག་གི་མགོ་ཅན! ཞེན་ཁོག་གིས་ར་བཟི་་་་ཁྱི་སངས་ཀྱི་གདོན་ཁོག་ལ་ཞུགས་པ་རེད་མ་གཏོགས! སྐལ་རྡོར་་རྐུ་མ་ཞིག་གིས་སྲིད་སྐྱོང་བྱེད་ཐུབ་ན་་་ཀུན་སྤྱོད་དང་ཤེས་འཇོན་་་སྐལ་རྡོར་དང་་གནམ་སའི་་་ཁྱད་པར་ཡོད་པའི ་་ཚོགས་ཟུར་སྥེན་པས་སྲིད་སྐྱོང་མ་ཐུབ་པ་ག་རེ་ཡིན་ན! ཁ་ཐོར་རམ་ཁ་གཏོར་་་དགོས་ན་་་ཁྱི་སངས་་ཀྱིས་ལོ་བཅུའི་ནང་་་ཐོར་པ་མ་ཡིན་པར་་་གཏོར་ཚར་པ་རེད! ད ་འདི་ལས་ལྷག་་་ཐོར་ན་མ་གཏོགས་་གཏོར་ཡ་གང་ཡང་ལྷག་མི་འདུག
མི་ཉག་ཨ་བརྟན་མ་གཏོགས་་་་བཙན་བྱོལ་་ནང་ཡོད་པའི་་མི་ཉག
་མང་ཤོས་་་སྐུབ་ལ་རྔ་མ་མེད་པ་མ་གཏོགས! ལམ་ཟུར་གྱི་སྐྱགས་པ་ཟ་མཁན་ཞེ་གཅིག་རེད! ཁོ་ཚོ་ལ་མེད་པ་ནི! དྲང་ཚུགས་་་ཀུན་སྤྱོད་་་ཤེས་རབ་དམན་པ་་་་་གཞན་གྱི་རྐང་འོག་ཏུ་ཞབས་བྲོ་འཁྲབ་མཁན་་་ཞེ་གཅིག་མ་རེད་དམ|
ཇོ་སྲས་ཚང་ལགས།
ཇོ་སྲས་ཚང་ཞེས་མིང་དེ་ཚིག་སྐམ་འདྲ།
གཞན་ལ་ཁ་ངན་ཚིག་བཤད་རྒྱུ་མྱུར།
ཕྲག་དོག་ཁྲག་གིས་སྨྱོ་ན་སྡུག་གྱོང་རེད།
ཨ་མའི་བུ་ལ་སློབ་གསོ་རྒྱག་རྒྱུ་ཞོག །
ཆབ་སྲིད་ཕུང་བའི་མི་རིགས་འདི་ལ།
ན་གཞོན་ཁོང་བཞིན་བཤད་རྩོམ་མཁོ།
བསམ་ཕོད་བྱེད་ཕོད་ཁོང་ལྟར་དཀོན།
སོ་སོས་དག་ཆ་ཡག་པོ་མ་ཤེས་པར།
རྩོམ་པོ་ཁོང་ལ་བཤད་རྒྱུ་བཞག་ན་ལེགས།
བློ་བཟང་སེང་གེས་སྲིད་སྐྱོང་འོས་བསྡུ་ཐེངས་གཉིས་ལངས་རེད། དང་པོའི་སྐབས་རྙོགས་ཁྲ་བྱུང་མེད། གཉིས་པའི་སྐབས་ཁ་གཏད་སྡུག་པས་རྐྱེན་ལས་རྙོགས་ཁྲ་ལངས་རེད།་དེ་སྐབས་ཁ་གཏད་དེ་སྤེན་ཚེ་རེད་དོ།
བོད་མི་མང་པོ་ཞིག་ཨ་གསར་ཚ་པོ་དང་དེ་སྔའི་བྱས་རྗེས་ལ་བལྟ་མོས་ཞུ་མཁན་ཉུང་ཤས་ཡིན་འདུག ༢༠༢༡ སྲིད་སྐྱོང་འོས་མི་གཞན་ལས་རྒྱ་སྒྲོལ་ལགས་འབྱོན་ནུས་ཆེ་བ་ཡོད་ནའང་བུད་མེད་ཡིན་པས་གུས་བརྩི་མ་ཞུས་པ་སྦེལ་ཀོབ་ལུགས་བསམ་དང་མིན་གྷོ་འདོད་རྒུ་གླིང་སོགས་གཞིས་ཆགས་ཀྱི་འོས་ལ་བལྟས་ན་ཤེས་ཀྱི་འདུག ང་ཚོའི་༧ དབུ་འཁྲིག་གང་གི་ཐུགས་རྗེ་ལས་གྲོས་ཚོགས་ནང་དམིགས་གསལ་བུད་མེད་ལ་ཞབས་སྟེགས་གནང་ཡོད་པ་ལས་དེ་མིན་སོ་སོར་འབྱོན་ནུས་མེད་ནའང་འབྱོན་ལྡན་བུད་མེད་ཡིན་ན་བཏང་ས་མ་རེད་དོ། དེ་སྔ་བོད་ནང་དབྱིན་ཇི་མ་བསླབ་པས་མཐར་ ༥༩ ལོར་སྐྱབས་བཅོལ་དུ་གྱར་སྐབས་དབྱིན་སྐད་མ་ཤེས་པས་ངལ་དུབ་ལོ་མང་ཞུ་དགོས་བྱུང་བ་གང་གིས་བྱས་སམ། མ་བརྗེད་བགྱིས།
ད་ཆ་འོསས་མི་ཡག་པ་ཕར་བཞག་ནས་འདམས་ཁ་མེད་པས་ད་ཡོད་འོས་མི་གཉིས་ནས་རེ་བ་ཆེ་ས་སྐལ་རྡོར་རམ་དབུ་དཀར་ཚང་སྐལ་བཟང་རྡོ་རྗེ་ལགས་སུ་རེ་བཅོལ་ཞུ་རྒྱུ་ཡིན་འདུག་སྟབས་བཀའ་ཟུར་རྒྱ་སྒྲོལ་ལགས་དང་བཀའ་ཟུར་འབྲོང་ཆུང་ལགས། བཀའ་ཟུར་བློ་སྙན་ལགས་སོགས་སུ་འོས་གནང་མཁན་ཚང་མས་སོ་སོའི་འོས་སྐལ་རྡོར་ལགས་གནང་རྒྱུ་ཡིན་ཡིན་ཡིན་ཀྱང་ད་དུང་སེམས་བསྐུལ་ཞུ་གི་ཡོད། ང་དང་ངའི་ངོ་ཤེས་རྒྱ་སྒྲོལ་ལགས་སུ་རེ་བསམ་ཞུ་མི་ཚོ་ནི་སྐལ་རྡོར་ལགས་སུ་འོས་ཞུ་ཡི་ཡིན་ནོ།།
ད་ལོ་ངས་གསལ་བར་་མཐོང་བ་ནི་མི་ཆེན་དཔོན་ཟུར་རེ་ཟུང་གི་ཧ་ཅང་མི་བརྟན་པའི་རང་གཤིས་དང། ཡང་གཞན་ཞིག་ནི་སྲིད་སྐྱོང་བློ་སེང་གིས་འོས་ཤོག་ཐོབ་ན་ཐོབ་ཚར་རེད་ཟེར་བ་དེ་ཁྱེད་ཚོས་བརྗེད་ཡོད་རྒྱུ་མརེད། ད་བདེན་བདེན་འདྲ་བའི་བརྫིན་གཏམ་བཤད་དེ་ཉི་མ་འཁྱོལ་མི་ཡོང།
རྒྱ་ཆེའི་མི་མང་གིས་སྐུ་ངོ་འབྲོང་ཆུང་དང་སྐུ་ངོ་སྤེན་པ་ཚེ་རིང་གཉིས་ལས་སུ་ལ་ཐོབ་ཀྱང་ཁྱད་མེད་པར་གཟིགས་ཚར་བ་རེད།
རྒྱ་ཆེའི་མི་མང་བདེན་པའི་ཕྱོགས་སུ་ལངས་ཡོད་པས་སུ་གང་གིས་ཐུགས་ཁྲལ་གནང་དགོས་མ་རེད།
རྒྱ་ཆེའི་མི་མང་གིས་བདེན་རྫུན་ཤན་འབྱེད་གནང་ནས་ཕེབས་ཀྱི་རེད། སུ་གང་གིས་འགོག་ཐུབ་ཀི་མ་རེད།
ད་ནི་ང་ཚོ་བདེན་པ་དང་ཁྲིམས་ཀྱི་དབང་བསྒྱུར་ལ་ཞུགས་ཟིན་པ་རེད། སྤྱོད་ངན་བསམ་ངན་ཉུང་ཤོས་ཤིག་གནས་སྐབས་རིང་ཚོར་བའི་དབང་དུ་ཤོར་ནས་མི་དགའ་བ་ཆགས་ཀྱི་ཡོད་ཀྱང་། ག་ལེར་འཇམ་འགྲོ་གི་རེད་དོ།།
མི་ཉག་སྐལ་བཟང་། ནམ་རྒྱུན་དབུས་གཙང་པ་གཡོ་སྒྱུ་ཆེ་རབས་དང་ཁམས་པ་ཁ་རི་ཁ་ཐུག་ཡིན་ཚུལ་ཤོད་མཁན་ཁྱོད་ཀྱི་རིགས་རྣམས་རེད། ད་སྐབས་ཁྱོད་འུ་ཨའུ་ཙམ་ཐུག་ཡོད་པ་འདྲ། ཁ་རི་ཁ་ཐུག་དེ་གཡོ་སྒྱུ་ཅན་ལ་བསྒྱུར་འདུག་གྰ། སྐུ་ངོ་འབྲོང་ཆུང་ཆོལ་གསུམ་མཐུན་སྒྲིལ་ལ་དགོས་ངེས་ཅན་གྱི་མི་ཡིན་ན། ད་བར་ཁྱོད་ཁ་མ་གྲགས་པར་ས་ལ་འཛུལ་བསྡད་པ་ཡིན་ནམ། ཡང་ན་ནམ་མཁར་ལྡིང་ནས་བསྡད་པ་ཡིན། གནད་འགག་དེ་འདྲ་ཤེས་ཀྱི་ཡོད་ན། སྔོན་འགྲོའི་འོས་བསྡུའི་གོང་ནས་མ་བཤད་པ་ག་རེ་བྱས་སོང་། གཡོ་སྒྱུ་མ་འཁྲབ་ཨྰ། ང་ཚོས་འོས་སུ་ལ་འཕང་དགོས་མིན་ཤེས་ཀྱི་ཡོད།
ད་བར་བཙན་བྱོལ་བོད་མི་སྤར་མོ་གང་དེ་ཁ་ཐོར་དགུ་ཐོར་གཏོང་མཁན་བློ་སེང་རེད། དང་པོ་ཧམ་བཤད་ཁོ་ནས་མི་མང་མགོ་བསྐོར་བཏང་ནས་སྲིད་སྐྱོང་དུ་སླེབས། མཇུག་འཁྱོལ་ཐབས་མེད་དུས་ནང་ཁུལ་ཕུ་དཀྲུགས་མདའ་དཀྲུགས་བྱས་ནས་ད་ལྟ་ང་ཚོ་ཟླུམ་ཐབས་མེད་པ་འདི་བློ་སེང་གིས་བཟོས་པ་རེད། དེ་ནི་ཁྱོད་ཀྱིས་བློ་སེང་ལ་བཤད་པའི་སྡོམ་ཚིག་སྟེ། སྔོན་ཆད་ཀྱང་མ་བྱུང་ལ། མ་འོངས་པ་ཡང་འབྱུང་མི་སྲིད། ཅེས་པ་ད་ག་རང་རེད། ལྟས་ངན་སྐལ་རྡོར་ཟེར་བ་ཁོ་ལ་ང་ཚོ་ཞར་བ་ཡིན་ན་མ་གཏོགས་འོས་འཕང་གི་མ་རེད།
འཇོན་པོ་རྒོད་པོ་རེ་ཡོད་ན། ནུས་པ་ཅན་རེ་ཡོད་ན། མི་བདེན་རྫུན་སྒྲོག་གི་སྐད་ཆ་ཉ་ཚེ་བ་དེ་འདྲ་བཤད་སྡོད་པ་ལས། ཕ་ཡུལ་གཅིག་པ་དང་ལུང་ཚན་གཅིག་པ་ཚོས་གཟེངས་རྟགས་འབུལ་བ་དེ་འདྲ་མ་ཡིན་པར། བཙན་བྱོལ་ནང་གི་བོད་ཆོལ་ཁ་གསུམ་གྱི་སྒྲིག་འཛུགས་ཐུན་མོང་གི་མིང་ཐོག་ནས་གཟེངས་རྟགས་འབུལ་བ་རྣམ་པ་ཞིག་བཟོ་ཐུབ་ན་ཧ་ཅང་ལེགས།