གསར་འགོད་གསལ་བསྒྲགས།
ཕྱི་ལོ་ ༢༠༡༡ ཟླ་ ༡༢ ཚེས་ ༡༤ རེས་གཟའ་ལྷག་པའི་དགོང་མོ་ཟི་ཁྲོན་ཞིང་ཆེན་གྱི་རྒྱལ་ས་ཁྲིན་ཏུའི་ནང་རྟེན་ གཞི་བྱས་པའི་ལྕགས་ལམ་བཟོ་སྐྲུན་ཆེད་ལས་འབྲིང་རིམ་སློབ་གྲྭའི་ནང་། བོད་རིགས་སློབ་མ་དང་རྒྱ་རིགས་སློབ་མའི་བར་འཁྲུག་འཛིང་ཤོར་བའི་གནས་ཚུལ་ལྷག་ པར་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ལ་ཧ་ཅང་སེམས་འཚབ་དང་བློ་ཕམ་ཆེན་པོ་བྱུང། སྐབས་དེར་རྒྱ་རིགས་སློབ་མ་གྲངས་ ༣༠༠༠ ཙམ་གྱིས་བོད་རིགས་སློབ་མ་ ༡༠༠ ཙམ་ལ་རྒོལ་འཛིང་བྱས་རྐྱེན་བོད་རིགས་སློབ་མ་འགའ་ཤས་ལ་རྨས་སྐྱོན་ཚབས་ཆེ་ཕོག་ སྟེ་སྨན་ཁང་དུ་ལུས་པའི་གནས་ཚུལ་ཐོན་འདུག སྟབས་མ་ལེགས་པ་ཞིག་ལ་ཐེངས་འདིའི་ཁྲིན་ཏུའི་ས་ཁུལ་ནང་བོད་རྒྱ་མི་རིགས་གཉིས་ ཀྱི་སློབ་མའི་དབར་འཁོན་རྩོད་ཀྱི་དཀའ་ངལ་བྱུང་བ་དེ་ཐོག་མ་ཆགས་མེད། ཨེ་ཤི་ཡ་རང་དབང་རླུང་འཕྲིན་གྱི་རྒྱ་སྐད་ཚན་པས་གནས་ཚུལ་སྤེལ་བར་གཞིགས་ན་གནས་ ཚུལ་དེ་མཚུངས་ཕྱི་ལོ་ ༢༠༡༠ ནང་ཐེངས་གཉིས་ཙམ་བཟོ་སྐྲུན་མཐོ་སློབ་གཞན་ཞིག་གི་ནང་དུ་བྱུང་ཡོད།
ཟི་ཁྲོན་ཞིང་ཆེན་གྱི་ཙི་ཀུང་གྲོང་ཁྱེར་དུ་རྟེན་གཞི་བྱས་པའི་གློག་ལས་བཟོ་ སྐྲུན་གྱི་སློབ་གྲྭ་ཞིག་གི་ནང་འཁྲུག་འཛིང་འོག་བོད་པའི་སློབ་མ་པ་སངས་ཞེས་པ་ ཞིག་ལ་རྒྱ་མིས་གྲི་བརྒྱབ་རྐྱེན་འདས་གྲོངས་སུ་གྱུར་ཡོད། རྙོག་གྲ་སློང་མཁན་འཛིན་བཟུང་དང་ཁྲིམས་བཅད་བཏང་ཡོད་མེད་ཀྱི་གནས་ཚུལ་ད་བར་ ཤེས་རྟོགས་གང་ཡང་བྱུང་མེད། གནས་ཚུལ་དེ་རིགས་རྒྱ་ནག་གི་ས་ཁུལ་གཞན་ཁག་ཏུ་ཡོད་པའི་སློབ་གྲྭའི་ནང་ཕྲན་བུ་ འབྱུང་བཞིན་ཡོད་པའི་གནས་ཚུལ་དེ་འདྲ་གོ་རྒྱུ་འདུག་པས་ང་ཚོར་ཧ་ཅང་སེམས་འཚབ་ ཆེན་པོ་འདུག ང་ཚོས་བོད་པའི་སློབ་མ་ཚོར། སློབ་སྦྱོང་ལ་དོ་སྣང་མུ་མཐུད་གནང་རྒྱུ་དང་རྒྱ་རིགས་སློབ་མ་ཚོ་དང་ལྷན་འཆམ་ མཐུན་གྱི་འབྲེལ་ལམ་རྒྱུན་སྲིང་གནང་སྟེ་བོད་པའི་ཡ་རབས་བཟང་པོའི་ལེགས་བྱང་ལ་ དམ་འཛིན་གནང་རོགས་ཞེས་འབོད་སྐུལ་ཞུ་རྒྱུ་དང། ང་ཚོ་བོད་པ་ཚོས་ཤེས་ཡོན་གྱི་ནམ་འཕང་གཅད་དེ་རང་ཉིད་བོད་པ་ཡིན་བསམ་པའི་སྤོབས་ པ་བྱེད་རྒྱུ་ལས་དྲག་ཤུགས་ངོམས་རྒྱུ་མིན་པ་གོ་སྐབས་འདི་བརྒྱུད་གསལ་སྟོན་ཐུབ་ དགོས། ང་ཚོས་རྒྱ་ནག་གི་གྲོང་ཁྱེར་འདྲ་མིན་ནང་སློབ་སྦྱོང་བྱེད་བཞིན་པའི་བོད་རིགས་ སློབ་མ་ཚོའི་བདེ་འཇགས་ལ་སྲུང་སྐྱོབས་གནང་རོགས་ཞེས་རྒྱ་ནག་གཞུང་ལ་ཛ་དྲག་གི་ འབོད་སྐུལ་ཞུ་རྒྱུ་ཡིན། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་འཆམ་མཐུན་གྱི་སྤྱི་ཚོགས་ཤིག་བསྐྲུན་ རྒྱུའི་ཁས་ལེན་བྱས་པ་ལྟར། རྒྱ་བོད་མི་རིགས་ཕན་ཚུན་འཁོན་འཛིན་དེ་མེད་པ་བཟོ་ཆེད་རྒྱ་ནག་གཞུང་གིས་ཐབས་ ཤེས་གང་ཡོད་འདོན་རྒྱུར་ང་ཚོས་རེ་བ་བྱེད་བཞིན་ཡོད། བོད་མིའི་སྒྲིག་འཛུགས་བཀའ་ཤག་གིས་བོད་མིའི་འཐབ་རྩོད་དེ་རྒྱ་ནག་དང་རྒྱ་མི་ རིགས་ལ་ངོ་རྒོལ་བྱ་རྒྱུ་ཞིག་མིན་པར། ཞི་བའི་ལམ་ནས་བོད་ནང་རང་དབང་བསྐྱར་གསོ་ཡོང་ཆེད་ཡིན་པ་འདིར་ནན་བརྗོད་ཞུ་ རྒྱུ་ཡིན།
བོད་གཞུང་དྲ་རྒྱ་ལས་བཤུས།
ད་ལྟའི་རྒྱ་ནག་གཞུང་འདི་རྒྱ་ནག་མ་ཡིན་པའི་སྒྲུབ་བྱེད་ཅིག་མི་རྗེ་བཀའ་ཁྲི་མཁས་དབང་མཆོག་ལ་ཨེ་ཡོད་ན། ཡང་རྒྱ་ནག་མི་མང་གིས་ངོས་ལེན་མ་བྱས་པའི་རྒྱ་ནག་ཅིག་ཀྱང་བཀའ་ཁྲི་མཆོག་ཕལ་ཆེར་ཡོད་ཚོད་གདའ་བས། ཧ་ཝི་ཌི་གཙུག་ལག་སློབ་གཉེར་ཁང་ནས་རྒྱ་རིགས་མཁས་པ་དང་ཤེས་ཡོན་ཅན་ཚོས་རྒྱ་ནག་གཞན་པ་ཞིག་ཁོང་གི་ཀླད་པར་བླུགས་ཡོད་ཚོད་རེད་འདུག་པས། བཀའ་ཁྲི་མཆོག་གིས་འཐབ་རྩོད་བྱ་སའི་རྒྱ་ནག་དེ་ང་ཚོར་མིག་སྟོན་ཞིག་གནང་ན། སྐད་ཆ་སྦོམ་པའི་གསེང་ནས་མིན་ན་ཡིན་མདོག་གིས་བསྡད་དགོས་ཀྱི་མ་རེད་ཨང་།
ལར་ནས་ཞི་བའི་ལམ་ནས་བོད་རང་དབང་བསྐྱར་གསོ་བྱེད་དགོས་པ་ཐུགས་ཤིན་ཏུ་མད་ཀྱང་། རང་དབང་རྦད་དེ་འཕྲོག་མཁན་དེ་རྒྱ་ནག་དང་རྒྱ་མི་རིགས་ཀྱིས་གྲུབ་པ་མིན་པའི་རྒྱ་ནག་ཅིག་གམ་རྒྱ་ནག་གཞུང་སྲིད་པ་འདིར་ཡོད་ཚོད་མི་འདུག་པས། ཁྲིམས་ལུགས་ཆེད་མཁས་པ་ཁྲིམས་ཐོག་ནས་རྒྱ་ནག་གཞན་ཞིག་སྣང་གི་ཡོད་ན་མ་གཏོགས། ངོ་མ་སྐད་ཆ་འདི་ཚོ་སྣང་བ་གང་དྲན་རང་མ་རེད་པཱས།
ཁུག་རྟ་ལགས་ཁྱེད་ཀྱིས་གསུངས་པ་དེ་དེ་བཞིན་ནོ།།
ཤར་ཕྱོགས་ཁུག་རྟའི་ཤར་དེ་ཤར་རྒྱ་ནག་ལ་གོ་དགོས་མིན་འགྲོ་སྙམ་པའི་དོགས་པ་ཟ་བྱུང་། དེ་ལྟར་མིན་ན་ཁོ་བོས་རྟག་ཏུ་བོད་ཀྱི་ཆེད་དུ་ཕྱག་ལས་གནང་མཁན་བོད་མིའི་སྒྲིག་འཛུགསདང་། དབུ་ཁྲིད། དགེ་འདུན་པ་སོགས་ལ་ཁུངས་མེད་ཀྱི་སྐྱོན་འདོགས་ཁོ་ན་བྱེད་དགོས་དོན་གང་ཡིན་ནམ། བསམ་ཞིང་བསམ་ཞིང་ཤར་ཁུག་རྟའི་ཤར་དེ་བོད་ཀྱི་ཤར་རྒྱ་ནག་ལ་ངོས་མི་འཛིན་དཀའ་མེད་རེད།
ཤར་ཕྱོགས་ཁུག་རྟ། བཀའ་ཁྲིའི་རྗེས་འདེད་བྱ་སྟངས་ལ་བསམ་འཆར་མེད། རྒྱ་ནག་དང་རྒྱ་ནག་གཞུང་། རྒྱ་ནག་དང་རྒྱ་མི་རིགས། ཐ་སྙད་འདི་ཚོར་དབྱེ་བ་ཡོད་པ་ཁྱེད་རང་གིས་ཤེས་ཀྱི་མེད་པ་འདྲ། འདི་བཀའ་ཁྲི་ནོར་བ་མ་རེད། ཁྱེད་རང་གིས་གོ་བ་ལེན་ཕྱོགས་ནོར་བ་རེད།
ཁུག་རྟ་ལགས།
རྒྱ་ནག་ཟེར་ན་གུང་ཁྲན་ཏང་མ་བསླེབས་པའི་སྔོན་གྱི་གོས་ནག་གྱོན་པའི་རྒྱའི་མི་རིགས་དང་གོང་མའི་སྲིད་གཞུང་གི་འཛིན་པའི་རྒྱལ་ཁབ་དེ་ལ་རྒྱ་ནག་ཟེར་ནི་རེད། ད་སྐབས་ཡོད་པ་དེ་ལ་གུང་ཁྲན་ཏང་ཟེར་ནི་་རེད། ཁོ་ཚོས་བཟུང་བའི་གཞུང་དེ་ལ་ཀྲུང་ཡ་སྲིད་གཞུང་ཟེར་ནི་རེད། རྒྱལ་ཁབ་ཀྱི་མིང་ལ་བོད་སྐད་ཀྱི་ཐོག་ནས་རྒྱ་དམར་ཟེར་ནི་རེད།གཞུང་འཛིན་མི་སྣ་ཏང་མི་ཁྲི་ཚོ་བརྒྱད་ཁོ་ན་ལ་དབང་བསྡད་པ་ཞིག་ཡིན་ནི་རེད།
རྒྱ་དམར་ནག་གཉིས་ཀྱི་ཁྱད་པ་ཕྱེས་མ་ཤེས་ན་སྲིད་འཛིན་བློ་བཟང་སེང་གེ་མཆོག་ལ་དགག་པ་བརྒྱབ་ཀྱང་ཕན་ནི་མ་རེད།
ད་དུང་ཁྱོད་ཚོས་མ་ཤེས་པ་ཞིག་ལ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཞེས་ལབ་ཀྱི་ཡོད་ཁུ་མོང་། འདི་ཡང་ནོར་ནི་རེད། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཟེར་ནི་ཞིག་ལས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཟེར་ནི་ཞིག་མེད། དེ་ཙམ་ཡང་ཤེས་མ་སོང་ངམ།
ཨོ་ཡ་་་་ད་མང་པོ་མི་བཤད་མྱི་དམ་འདི་ཚོས་མྱི་སྐད་གོ་ནི་མ་རེད།
རྒྱ་ནག་གཞུང་དང་རྒྱ་ནག རྒྱ་མི་རིགས་བཅས་ལ་ཁྱད་པར་ཡོད་གདའ་ཡོད། རྒྱ་ནག་ཅེས་པའི་མིང་འདི་དེང་སང་གི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་མ་བཙུགས་སྔོན་ནས་ཡོད་པའི་མིང་ཞིག་ཡིན་ཡང་། ༡༩༤༩ ཟླ ༡༠ ཚེས ༡ ལ་འགོ་བཙུགས་པའི་རྒྱལ་ཁབ་འདི་རྒྱ་ནག་གི་དར་རྒུད་རིང་མོ་དེའི་སྲིད་གཞུང་རྗེས་མ། ད་ལྟ་མཚམས་ཆད་མེད་པ་ཞིག་ལ་ངོས་འཛིན་གནང་མཁན་དེང་གི་འཛམ་བུ་གླིང་གོར་གོར་འདི་ཧྲིལ་བོ་རེད། དེས་རྐྱེན་ང་ཚོའི་ཕྱོགས་ནས་རྒྱ་ནག་དེ་ཁོང་ཚོའི་རྒྱལ་རབས་སྔོན་མ་དག་གི་མིང་ཡིན་ཟེར་ན་འདོད་ཀྱི་ཡོད་དུས། རང་ཅག་གིས་བོད་ཅེས་པ་འདིའང་བཏགས་བཏགས་པར་འགྲོ་ཆོག་གི་ཡོད་མེད་ཀྱི་རིག་མཚུངས་ཐོག་ལྟར་ཟགས་ཡོང་གི་རེད་ལ། དེ་མིན་ཨུ་ཚུགས་བྱེད་པ་དང་བསམ་བློ་གློ་བུར་བ་ཁ་ཤས་ཀྱིས་ས་གཞི་གཡོག་ཐབས་བྱེད་པ་དེ་རྣམ་དཔྱོད་ཅིག་ཏུ་འགྱུར་ཐབས་ཀྱི་མ་རེད། མ་གཞི་ནས་ད་ལྟའི་རྒྱ་ནག་སྐམ་སའི་དམངས་ཁྲོད་ནས་ཁོང་ཚོས་ཁོང་ཚོའི་གཞུང་དེ་ངོས་ལེན་བྱེད་ཀྱི་མེད་པ་དང་ཡང་ན་རྒྱ་ནག་གི་ཁྲིམས་མཐུན་གྱི་གཞུང་ཡིན་པར་འདོད་ཀྱི་མེད་པའི་དྲི་མ་འདྲ་ཚོར་ཡོད་ཀྱི་མ་རེད་པཱ། གཅིག་བྱས་ན་རང་རེའི་མི་མང་གི་ལྟ་སྟངས་དེ་རྒྱ་ནག་དམངས་ཁྲོད་ལའང་བཙན་སྦྱར་བྱེད་པའི་ཆབ་སྲིད་པ་ཐབས་ཆག་དག་ལ་དབུ་འཁོར་མེད་པར་ཤོག་ལ། རྒྱ་ནག་དམངས་ཁྲོད་ཀྱིས་ཧུའུ་ཅིན་ཐའོ་གཙོ་སྐུ་ཡིན་པའི་དཀྱིལ་འཁོར་སྲིད་གཞུང་ལ་ངོས་འཛིན་གནང་སྟངས་འཕྱུག་མེད་ཅིག་བཀའ་ཁྲི་མཆོག་གིས་ཀྱང་མཁྱེན་པར་ཤོག
གཞན་རྒྱ་མི་རིགས་དང་རྒྱ་ནག་གཅིག་པ་མིན་པར་གསུངས་བ་དེ་རྒྱུ་མཚན་ལོས་ཡོད། དེ་དངོས་ཡོད་མངོན་སུམ་གྱི་སྒྲུབ་བྱེད་ཀྱང་ཡོད། མི་རིགས་ཞེས་པ་རིགས་རྒྱུད་ཀྱི་སྟེང་ནས་འཇོག་ཐབས་མེད་པ་དང་ཡང་ན་ཐའེ་ཝན་གཙོས་ཡུལ་ལུང་མང་པོར་རྒྱ་རིགས་གཙང་མ་བགྲང་གིས་མ་ལངས་པ་མཐའ་དག་གིས། བཀའ་མོལ་འདི་རྣམ་དཔྱོད་ཅན་གྱི་བཀའ་མོལ་ཞིག་མིན་ན་ཅི་ཡིན། མ་གཞི་ནས་བཀའ་མོལ་འདི་ཐོག་མ་ནས་རླབས་ཆེན་གྱི་སྐྱེས་བུ་ཞིག་གི་གསུངས་ཚར་བ་རེད་འདུག་པས། གསར་གཏོད་གེ་མ་རེད།
ཡིན་ནའང་། ད་ཐེངས་བློ་སེང་གིས་རྒྱ་མི་རིགས་ཞེས་པའི་མཉམ་ཏུ་རྒྱ་ནག་ཅེས་པའི་ཚིག་ཐོལ་བ་ཞིག་བཅུག་ཁུལ་བྱས་འདུག དངོས་གནས་བྱས་ན་དགོད་སྤྱད་དང་ཤ་འདར་བ་རང་རེད་འདུག་ཀྱང་། མི་འདི་ཚོས་བསམ་བློ་གཟབ་ནན་མ་བཏང་དུས་ཉེན་ཁ་ཆེན་པོ་རེད། མ་ཟད། བཀའ་མོལ་འདི་བཀའ་ཤག་ལྷན་རྒྱས་ལ་གྲོས་བསྡུར་བྱས་ཨེ་ཡོད་ན་བསམས་སོང་། དེ་ངའི་དོགས་པ་ཡིན། ཡོད་ན། བཀའ་ཤག་སྦུག་ནས་སྐད་ཆ་འདི་འདྲ་ཞིག་ཐོན་མདོག་ཁ་བོ་མ་རེད།
ལྷོ་པ་ལུང་རིགས་ལགས། སྐད་ཆ་དྲང་མོ་བཤད་ན་ཆོག་དུས། བཤད་ས་གང་ཡིན་ན་ང་ལ་ཁྱད་པར་མེད། བོད་མི་རིགས་ལ་བདེ་སྐྱིད་བྱུང་ན། དམར་པོ་དང་མང་གཙོ་ཁྱད་པར་མེད་པའང་དམ་པ་དག་གིས་གསུངས་ཚར་འདུག ཨོ། ངའི་ཤར་དེ། མི་སུ་ཡིན་ཡང་རང་ཉིད་དབུས་སུ་བཞག་ནས་ཁ་ཤར་ཕྱོགས་ལ་འཁོར་ཏེ་ཉི་མ་འཆར་བར་རེ་སྒུག་བྱེད་ནི་རེད། ཤར་ཕྱོགས་རི་བོའི་རྩེ་ནས། བོད་ལ་ཉི་མ་ད་དུང་ཤར་མེད་ཀྱང་། འགྲོ་བ་མི་ཞིག་ཡིན་ཕྱིན་དྭངས་མ་དང་གཙང་མའི་འཚོ་གནས་ཞིག་ལ་རེ་བ་བྱེད་པ་དེ་ཆོས་ཉིད་རེད། བྱས་ཙང་ངའི་ཤར་དེ་གཟུགས་བརྙན་བརྒྱུད་དེ་རྣམ་ཤེས་འཚོལ་བའི་བསམ་གཞིག་གི་འགྲོས་མ་བསྟེན་ན་ཅང་གོ་ཐུབ་ཀྱི་མ་རེད་བསམས་སོང་། ཨ་ལ་རྩེད་མོ་ཡིན། སྔོན་མ་རྗེ་བླ་མས་དབུས་གཙང་ནས་རང་གི་འཁྲུངས་ཡུལ་ལ་ཤར་ཕྱོགས་ཞེས་འབོད་ཀི་རེད་ཟེར། རྗེས་ནས། ལྷ་ས་མཐིལ་ནས་ཁྱེད་ལྟར་ང་ཚོ་ཤར་ཕྱོགས་ཀྱི་མཐའ་མཚམས་པར་ཙི་ནའི་ཡུལ་དུ་བསྡད་འདུག་བསམས་ཡོད་པ་འདྲ།
ངའི་མིང་ནོར་འདུག བོད་ལ་ཞེན་གྱི་ཐ་མག་ལྷོ་པ་ལུང་རིགས་ལ་སྤྲད་འདུག མ་གཞི་ནས་ལུང་རིགས་འདི་ངའི་ཐག་ཉེ་འདྲ་ཞིག་ཡིན་ཚོད་འདུག་པས། ངས་སྐུ་ཞབས་མཁས་པ་ཞིག་གི་རྗེས་འདེད་གཏོང་ཐུབ་ཀྱི་མ་རེད་ལ། གཏོང་བསམས་པའི་རྨི་ལམ་དེ་བས་ཀྱང་མེད། ང་འདྲ་བས་རྗེས་འདེད་བཏང་ཡང་ཁོང་གི་བ་སྤུ་གཅིག་ཀྱང་སྒུལ་ཐུབ་ཀི་མ་རེད། དེ་བས་རྣམ་རྟོག་དགྲར་ལངས་ཀྱི་གཟིགས་ཕྱོགས་བསྒྱུར་རོགས་གནང་།
ཁུག་ཁུག་་་་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཟེར་ནི་ཞིག་དེང་སང་ཡོད་དམ།
དྲ་གྲོགས་ལྷན་རྒྱས་མཚོ།
ང་ཚོའི་བརྗོད་བཞིན་པའི་རྒྱ་ནག་ཞེས་པ་དེ་གྲུང་གོ་ལ་འཇུག་མིནདང་། 中国
གྲུང་གོ་ཞེས་བ་དུས་ནམ་ཞིག་ལ་བཏགས་པ་དང་ཅིའི་ཕྱིར་བཏགས་པ་ཡིན་ནམ།
རྒྱུ་མཚན་གསལ་བོ་རེ་མཁྱེན་མཁན་ཡོད་ན་ལན་གསལ་བོ་ཞིག་གནང་རོགས།
ད་ག་རེ་གསུངས་ཀྱི་ཡོད་པ་རེད་དམ། དམར་ཕྱོགས་ཚོགས་པ་བློ་སེང་གིས་རྒྱ་ནག་གི་གཞུང་འཛིན་པར་ཁས་ལེན་བྱེད་ཀྱི་ཡོད་པ་མ་རེད་དམ། ཀྲུང་གོ་ཟེར་བ་རྒྱ་ནག་ལ་འཛམ་བུ་གླིང་དུ་ངོས་འཛིན་གནང་ནས་ལས་ཀ་བྱེད་འགྲོ་དུས་བོད་པ་ཚོས་སྐྱག་པ་རྩོད་ཀྱི་མིན་ན་ཅང་ལྷགས་ཡོད་པ་མ་རེད། དེ་བས་དངོས་ཡོད་ཆབ་སྲིད་ནང་གོམ་པ་རྒྱག་གི་ཡིན་ཟེར་ན། མི་ཤེས་ཤེས་མདོག་མ་བྱེད་སྐུ་ཞབས་གཏམ་གྲགས་ལ་དགའ་བའི་སྒང་ཏོག་གི་བུ་ཆུང་བློ་བཟང་སེང་གེ་ལགས།
དྲ་གྲོགས་རྣམ་བ་རྩོད་སའི་ཁ་ཕྱོགས་ནོར་ཡོད། གཟབ་གཟབ་བྱེད་རོགས།
རང་སྲིད་རང་སྐྱོང་གི་བསམ་འཆར་ནང་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཅེས་བཀོད་འདུག ད་དུང་མང་དམངས་གཉིས་བྲིས་འདུག ཡིག་ཆ་གཟིགས་ཡོད་དམ། མི་ཤེས་ན་སྐྱག་ཁ་བཙུམས་ནས་ཞིབ་འཇུག་བྱོས།
རེད་རེད། ཤར་ཁུག་གིས་བཤད་པ་ལྟར། དེང་སང་བཀའ་ཁྲིའི་གྲོགས་པོ་རྒྱ་རིགས་མཁས་དབང་དེ་ཚོ་གང་དུ་ཕེབས་སོང་བ་ཡིན་ནམ། ས་ལ་འཛུལ་ཡོད་ཀྱི་མ་རེད་གནམ་ཟླ་དགུན་ཁ་རེད། གནམ་ལ་འཕུར་ན་འདོད་ཀྱི་མ་རེད། བུ་ཕྲུག་དང་ཆུང་མ་ལྷགས་འགྲོ་གི་རེད། ཧཧཧཧཧཧ
ཟམ་གདོང་རིན་པོ་ཆེའི་གཏམ་བཤད་ལ་ཉན་མྱོང་མཁན་ཞིག་ཡིན་ན། རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཟེར་བ་འདི་རྣ་ལ་འཇགས་ན་ཆོག་ཆོག་ཅིག་རེད།
ད་བར་དུ་མ་ཐོན་པའི་སྐད་ཆ་ཞིག་གསར་དུ་བཟོས་ན་གཟབ་གཟབ་དེ་ལ་བྱེད་དགོས་ཀྱི་རེད། ༧གོང་ས་མཆོག་གིས་རྒྱ་ནག་གི་འགོ་ཁྲིད་ཚོར་ཡིད་ཆེས་བརླག་འགྲོ་ཡི་འདུག ཡིན་ནའང་རྒྱ་ནག་མི་མང་ལ་ཡིད་ཆེས་ཡོད་གསུངས་པ་དེས། ད་ལྟའི་གཞུང་འདི་རྒྱ་ནག་གཞུང་མ་རེད་ཅེས་གསུངས་འདུག་གམ། ད་ལྟའི་གཞུང་འདིས་རྒྱ་ནག་གི་གཞུང་མཚོན་གྱི་མ་རེད་ཅེས་གསུངས་འདུག་གམ། རྒྱ་ནག་མི་མང་གིས་རང་གི་གཞུང་དེ་བརྩི་ཡི་མེད་པ་དང་ཡང་ན་རྒྱ་ནག་གཞུང་ལ་བརྩི་ཡི་མེད་པ་གུང་བྲན་ཏང་གི་ཚོགས་པ་ཞིག་བརྩི་ཡི་འདུག་ཚུལ་གསུངས་འདུག་གམ། རྩ་བ་ཉིད་ནས་གསུངས་ཡོད་པ་མ་རེད། ད་ལྟའི་གཞུང་འདིས་གུ་ཡངས་དང་མང་གཙོ་ཚད་དང་ལྡན་པ་ལག་ལེན་བསྟར་ན་བོད་ལ་དེ་བརྒྱུད་ནས་རང་དབང་ཡོང་གི་ཡོད་སྟབས། མི་དགོས་ས་ནས་རྩོད་གཞི་གསར་པ་ཞིག་བློ་བཟང་སེང་གེས་ག་རེ་བྱས་ནས་ཁྱེར་ཡོང་བ་རེད། སང་ཉིན་རྒྱ་ནག་གིས་འདི་ལ་ག་རེ་ཟེར་གྱི་རེད། རྒྱ་ནག་གིས་ཅི་ཞིག་ཟེར་བཞིན་དུས་ཚོད་ག་ཚོད་འཕྲོ་བརླག་ལ་གཏོང་གི་རེད། ང་ཚོ་དུས་ཚོད་མེད་པཱ། ག་རེ་བྱས་ནས་རྩོད་གཞི་གཞན་ཞིག་ཁྱེར་ཡོང་གི་ཡོད་པ་རེད་དམ། བློ་བཟང་སེང་གེས་རང་ལ་ལས་ཀ་བཟོ་ཡི་ཡོད་པ་རེད་དམ། ག་རེ་བྱས་ནས་སྔོན་མའི་ལམ་དུ་མི་ཞུགས་པ་རེད། འདི་ཚོ་དངོས་གནས་དོན་དག་ཆུང་ཆུང་མ་རེད། རྒྱ་རི་རིན་པོ་ཆེས་སྔོན་མ་གསུངས་ཡོད་པཱ། ད་བར་དུ་བྱས་པ་ནང་བཞིན་འཕེལ་རྒྱས་གཏོང་མི་ཐུབ་ནའང་། ཉམས་ཆག་ཏུ་གཏོང་མི་ཉན་ཞེས་ཁ་རི་ཁ་ཐུག་གསུངས་ཡོད་པཱ། དོན་དག་ག་རེ་ཡིན་ན། ཕོ་གསར་གྱི་སྣང་བ་ཚད་འོལ་ཚོད་བྱས་པ་ཡིན་ན། བོད་མི་མང་སྙིང་རྗེ།
ཤེས་ལྡན་པ་ཚོས་གུ་ཡངས་པོ་དང་གནས་ལུགས་ཡོད་པའི་ཐོག་ནས་བགྲོ་གླེང་བྱེད་རོགས། ང་ཚོ་མཁས་མ་མཁས་ཟེར་བ་ཞིག་ལ་འཆང་ཉན་གྱི་མ་རེད། མདོ་དོན་སྤྱི་དོན་གླེང་དུས་རང་དོན་ཡོངས་སུ་སྤང་ཐུབ་པའི་ཀུན་སློང་ཞིག་བསྟེན་ཐུབ་པ་ཡིན་ན་ཏན་ཏན་ཁ་ནས་སྤྱི་ལ་ཕན་པའི་ཚིག་ཅིག་ཐོན་གི་རེད་བསམས། དེ་བས་ང་ཚོས་ཀླད་པ་དཀྲུག་དགོས་ཀྱི་རེད། སྣང་ཆུང་གཏན་ནས་གཏོང་ཉན་གྱི་མ་རེད།
ཁ་བྱང་རང་ནས་ཀློག་ཡོང་དུས་ཁྱད་མཚར་བོ་ཞིག་འདུག བོད་ཀྱི་བདེན་པའི་འཐབ་རྩོད་དེ་བཀའ་ཤག་གི་མགོ་འདོགས་རིང་ལུགས་ཀྱི་ལངས་ཕྱོགས་སུ་མཁྲེགས་འཛིན་བྱས་ན་དེ་བས་ཀྱང་འོས་འཚམས་མི་འདུག བརྒྱ་ལ་རྒྱ་ནག་དམངས་གཙོར་གྱུར་ཡང་རྒྱ་རིགས་ཚོའི་མི་རིགས་ཆེན་པོའི་ལྟ་བ་དེ་ནམ་ཡང་འགྱུར་མི་སྲིད། ལྟ་བ་དེ་མ་འགྱུར་བར་དུ་བོད་རྒྱ་གཉིས་འཆམ་མཐུན་ཡོང་རེ་མེད་ཅིང་། དེ་མ་བྱུང་ན་རྒྱ་འོག་ནས་མིང་དོན་མཚུངས་པའི་ས་གནས་རང་སྐྱོང་ཟེར་བ་ནི་རང་མགོ་རང་གིས་རྡུང་ཆས་ཤིག་ཏུ་འགྱུར་མི་སྲིད་པ་མིན། བོད་མི་རིགས་ཀྱི་དགྲའི་གཏེ་བོ་ལ་ངོ་རྒོལ་བྱེད་རྒྱུའི་ཚབ་ཏུ་་་ད་དུང་ནན་གྱིས་མཐེ་བོང་ཀེར་ནས་ངོ་སོ་བསྟོད་དགོས་ན། སེང་གེའི་བཀའ་ཤག་གི་བོད་དོན་འཐབ་རྩོད་ནི་དོན་ངོ་མར་ཅི་འདྲ་ཞིག་ཡིན་ནམ། སེང་གེའི་བཀའ་ཤག་གི་རིང་ནས་ལོ་རྒྱུས་ཀྱི་བདེན་དོན་ཡོད་པའི་བཙན་བྱོལ་བོད་གཞུང་གི་མིང་མེད་པར་གྱུར་པ་དེས། བོད་ཀྱི་བདེན་དོན་དེ་རབ་རིབ་ནས་རབ་རིབ་ཏུ་གྱུར་ཡོད་ལ། དུས་མཚུངས་བོད་ཀྱི་འཐབ་རྩོད་དེ་ཡང་མི་གསལ་བ་ནས་མི་མངོན་པའི་དབྱིངས་སུ་ཐིམ་ཉེན་ཆེ། འདིར་གསལ་ཆ་དགོས་པ་ཞིག་ནི། དེ་སྔོན་གྱི་བཙན་བྱོལ་བོད་གཞུང་ཞེས་པ་དེའི་མིང་ཚབ་ལ། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཟེར་དགོས་སམ། ཡང་ན་དབུས་བོད་མིའི་སྒྲིག་འཛུགས་ཟེར་དགོས་སམ། དེ་མིན་བོད་མིའི་སྒྲིག་འཛུགས་ཟེར་དགོས་སམ། ང་ཚོར་གཏན་ཁེལ་དང་གཅིག་གྱུར་ཡིན་པའི་གཞུང་མིང་ཞིག་དགོས་ངེས་སུ་མཆིས། འདི་ཐད་གཞུང་འབྲེལ་ཡིག་ཆ་ཁག་གི་ནང་དུའང་སྣ་ཚོགས་བྲིས་འདུག
དེ་ནས་བཀའ་ཁྲིའི་བསྒྲགས་གཏམ་ནང་་་རང་ཉིད་བོད་པ་ཡིན་བསམ་པའི་སྤོབས་པ་བྱེད་རྒྱུ་ལས་དྲག་ཤུགས་ངོམས་རྒྱུ་མིན་པ་གོ་སྐབས་འདི་བརྒྱུད་གསལ་སྟོན་ཐུབ་དགོས།་་་ཞེས་པའི་ཐད་ནས་གཞིས་བཞུགས་བོད་རིགས་ཚོས་སོ་སོ་བོད་པ་ཡིན་བསམ་པའི་སྤོབས་པ་བྱེད་ཀྱི་ཡོད་མེད་གང་ལྟར་ཡང་། འདུ་ཤེས་དེའི་ཐོག་ནས་བོད་མི་སུ་ཞིག་གིས་ཀྱང་དྲག་ཤུགས་ངོམ་མཁན་ཡོང་གི་མ་རེད་བསམ་ཡོད། ད་རེབ་ཀྱི་དོན་རྐྱེན་འདིའི་ཐད་ནས་ཀྱང་རྒྱ་གཞུང་གིས་ཐད་ཀར་ངན་རྒྱབ་ཇག་ལངས་རང་བྱས་འདུག་པ་ནི་ཟུར་བལྟས་ལེབ་མཐོང་རེད།
བསམ་བློ་མང་ཙམ་ཐོངས། སྐད་ཆ་ཉུང་ཙམ་ཤོད།
དྲ་གྲོགས་རྣམ་པ་ཚོར་ཞུ་རྒྱུར། སྥྱིར་ཁོ་བོ་ལ་མཚོན་ན་བོད་ཡིག་གི་དྲ་རྒྱ་བལྟ་ཀློག་བྱེད་པ་དང་མཆན་འབྲི་མཁན་ཉུང་ཤོས་ཤིག་ཡིན། འོན་ཀྱང་དེ་རིང་ངས་འདིར་ཚིག་ཁ་ཤས་འབྲི་འདོད་བྱུང་། དེ་ཡང་སྐབས་འདིར་མཆན་བཅུ་དགུ་ཙམ་བྲིས་འདུག དེ་དག་ཞིབ་ཏུ་རེ་རེ་བཞིན་ཐེངས་ཁ་ཤས་བཀླགས་པ་ཡིན། ངོ་མ་སྐྱོ་སོང་། དྲ་གྲོགས་ཚོ་བློ་ཁ་ནང་དུ་ཕྱོགས་ནས་མཆན་དག་གི་བརྗོད་བྱ་ལ་ལན་ཅིག་སོམས་དང་། ཚང་མས་བཀའ་ཁྲི་ལ་ཁ་བརྡུང་དང་གཅིག་གིས་གཅིག་ལ་ཁ་བརྡུང་དང་ཚིག་མཚོན་འཕེན་པ་ཙམ་ལས་སྐབས་བབས་ཀྱི་གནད་དོན་རྒྱ་རིགས་སློབ་མ་དང་བོད་རིགས་སློབ་མའི་བར་འཁྲུགས་འཛིང་ཤོར་བའི་རྒྱུ་རྐྱེན་གང་ཡིན་དང་། རྒྱའི་སློབ་མ་དག་གི་རྒྱབ་རོལ་ནས་རྒྱ་ནག་དམར་ཕྱོགས་གཞུང་གིས་ངན་སྐུལ་བྱས་ཡོད་མེད། མ་འོངས་པར་དོན་རྐྱེན་འདིའི་དབང་གིས་ང་ཚོའི་མི་རིགས་ཀྱི་འཐབ་རྩོད་ལ་ཤུགས་རྐྱེན་ཇི་ཙམ་ཐེབས་མེད། རྒྱའི་སློབ་ཕྲུག་ཚང་མས་འཁྲུགས་འཛིང་སྐབས་སློབ་གྲྭའི་ཆས་གོས་གོན་དགོས་པའི་དམིགས་ཡུལ་གང་ཡིན། སྐབས་དེར་ཉེ་རྟོག་པས་ཐད་ཀ་འགོག་ཐུབ་ཀྱང་མ་བཀག་པར་ལུས་ཏེ་ཕལ་ཆེར་མཚན་གང་བུར་འཁྲུགས་བྱས་པ་སོགས་ལ་མཆན་འབྲི་མཁན་མི་གཅིག་གིས་ཀྱང་དོ་སྣང་བྱས་མི་འདུག རང་རང་སོ་སོའི་མཆན་རྣམས་སྐྱར་ཀློག་རེ་བྱོས་དང་། ད་གཟོད་རང་ཉིད་ཀྱི་རང་འཚང་རིམ་ཀྱི་མངོན་ཡོང་། ངོ་མ་ཁྱོད་རྣམས་ལ་མཐོང་རྒྱ་ཐོས་རྒྱ་དང་རྣམ་དཔྱོད་རེ་ཡོད་ན་སྐབས་དོན་གྱི་མི་རིགས་གཉིས་སློབ་མའི་བར་གྱི་འཁྲུགས་འཛིང་འདིའི་སྐོར་ལ་ཞིབ་འཇུག་རེ་གནང་རོགས། དྲངས་པོ་བཤད་ན་འུ་ཚང་ལ་གོམས་གཤིས་ངན་པ་ཞིག་ཆགས་འདུག་སྟེ། རྩོམ་ཡིག་གང་ཞིག་ལ་མི་ངན་ཞིག་གིས་གང་ཟག་སྒེར་ལ་དམིགས་ནས་ཐོག་མཪ་སྐྱོན་བརྗོད་ཅིག་བྱས། དེ་ནས་རང་ཉིད་གང་དུ་འགྲོ་བའི་ཁ་ཕྱོགས་རང་ཉིད་ཀྱིས་ཀྱང་མི་ཤེས་པའི་བླུན་པོ་དག་རྒྱུགས་ཀྱང་བྱེད་ཀྱི་འདུག
སྲིད་སྐྱོང་ལགས་ཀྱིས།
བོད་མིའི་སྒྲིག་འཛུགས་བཀའ་ཤག་གིས་བོད་མིའི་འཐབ་རྩོད་དེ་རྒྱ་ནག་དང་རྒྱ་མི་ རིགས་ལ་ངོ་རྒོལ་བྱ་རྒྱུ་ཞིག་མིན་་་གསུངས་པ་ཤིན་ཏུ་ནས་འོས་ཤིང་འཚམས་པའི་ཚིག་དུམ་རེད། དེ་ལ་རྒྱབ་སྐྱོར་སྲིད་མཐའི་བར་དུ་ཡོད།
ཡང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཅེས་པ་ལས། ། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཅེས་པ་ཞིག་མེད། དེ་མེད་དོན་ཡང་གྲངས་ཉུང་མི་བོད་རིགས་སོག་རིགས་སོགས་མི་རིགས་གཞན་པ་ཚོ་རྒྱ་རིགས་མིན་པ་མའོ་སོགས་ཀྱིས་ཀྱང་ཤེས་པས་དེ་ལྟར་བཏགས་མ་རེད་པེ།
ཡང་། ཁུག་རྟས། ༧གོང་ས་མཆོག་གིས་རྒྱ་ནག་གི་འགོ་ཁྲིད་ཚོར་ཡིད་ཆེས་བརླག་འགྲོ་ཡི་འདུག ཡིན་ནའང་རྒྱ་ནག་མི་མང་ལ་ཡིད་ཆེས་ཡོད་གསུངས་པ་དེས། ད་ལྟའི་གཞུང་འདི་རྒྱ་ནག་གཞུང་མ་རེད་ཅེས་གསུངས་འདུག་གམ། ཟེར་བའི་ཚིག་ཧམ་པ་དང་ཀྱོག་བཤད་ཤོད་ཐལ་ཅུང་ཆེ་དྲགས་པ་མ་རེད་དམ།
འོན་ཀྱང་། སྤྱི་འཐུས་མཐའ་མའི་ཐག་གཅོད་ནང་ལ་གངས་ཅན་དམངས་གཙོའི་བོད་མིའི་སྒྲིག་འཛུགས་དགོས་པ་ལ། བོད་མིའི་སྒྲིག་འཛུགས་ཞེས་ཚིག་བུབ་བསུབ་དོག་པོ་བཏགས་ཡོད། གདང་དགོང་དྲ་རྒྱའི་འགོ་བརྗོད་དབུ་མེད་ཡིག་གཟུགས་སུ། དབུས་བོད་བོད་སྒྲིག་འཛུགས་ཞེས་ལྟ་བུ་འཁོད་པ་མཐོང་བྱུང་། འདི་ཨིན་སྐད་ཀྱི་མིང་དང་། ཏག་ཏག་ཐད་འགྱུར་བྱུང་ཐུབ་ཀྱང་། མི་མང་གི་བསྐོས་པའི་སྤྱི་འཐུས་ཀྱི་ཐག་གཅོད་ཀྱི་རྭ་བ་ལ་བརྒལ་མི་འདུག་གམ། འདི་ནི་ཁུག་རྟ་ལགས་ལ་མིན་པར་ད་ལྟའི་དྷ་སའི་ལས་བྱེད་ཚོ་ལ་ཞོར་དུ་འབྲི་འདོད་བྱུང་ལགས། བོད་རྒྱལ་ལོ། །
གངས་ཀྱི་སེང་གེ་གར་ཡང་མ་མཆིས་ཤིང༌།།
གེ་སར་རྒྱལ་པོ་གུར་དུ་མི་བཞུགས་མོད།།
སྒྲོ་བཏགས་སེམས་ལ་དངོས་སུ་སྣང་བ་འདི།།
སྙན་ཚིག་སྒྲ་ཡི་བརྗོད་བྱར་ཅིས་མི་རུང༌།།
མི་རིགས་ཆེན་པོའི་རིང་ལུགས་ཀྱི་ལྟ་བ་འདི་ཇི་སྲིད་མ་འདོར་དེ་སྲིད་དུ་བོད་རྒྱ་གཉིས་མཉམ་གནས་དང་རང་སྐྱོང་གི་ཁེ་ཕན་ཞིག་ཡོངས་རྒྱུ་མེད་པ་ད་ཆ་རྒྱ་བོད་འདྲེས་མའི་སློབ་གྲྭ་འདི་ནས་གསལ་སྟོན་བྱས་པ་རེད་ལ། གྲངས་ཉུང་མི་རིགས་ལ་འཛིན་པའི་ལྟ་སྟངས་དང་སྤྱོད་སྟངས་ནི་འདི་འདྲ་རྐྱང་རྐྱང་རེད། བྱས་ཙང་རྒྱ་ཕྲུག་འདི་ཚོ་མ་འོངས་རྒྱ་ནག་གི་སོན་རྩ་ངོ་མ་རེད་ལ་མ་འོངས་རྒྱ་ནག་འདི་ཚོའི་ལག་པར་འགྲོ་རྒྱུ་ནི་དུས་རབས་དང་མི་རབས་ཀྱི་འགན་འཁྲི་རེད་ལ་གཡོལ་དུ་མེད་པ་ཞིག་ཀྱང་རེད། དེར་བརྟེན་ང་ཚོས་སྔ་ས་ནས་ངོས་འཛིན་གསལ་པོ་དང་ཁ་གང་དུ་ཕྱོགས་མིན་དེ་ང་ཚོ་མི་རབས་གསར་པ་ཚོའི་ལག་པར་ཡོད་པ་རེད་ལ། ང་ཚོ་མི་རབས་གསར་པ་ཚོ་མ་འོངས་བོད་ཀྱི་བདག་པོ་ཡིན་ཙང་། མ་འོངས་རྒྱ་མི་རིགས་ཀྱི་བྲན་གཡོག་བྱེད་འདོད་ཡོད་མེད་ཐད་བསམ་ཞིབ་ནན་ཏན་བྱེད་དགོས་པ་རེད།
དེ་ནས་ཧུའུ་ཡིས་འཆམ་མཐུན་གྱི་སྤྱི་ཚོགས་ཟེར་བ་དེ་རྒྱལ་སྤྱིར་མགོ་བསྐོར་གྱིས་གཏམ་བརྗོད་འཁྲབ་བཞིན་པ་གསལ་པོ་རེད། རྒྱུ་མཚན་ཁ་ནས་འཆམ་མཐུན་གྱི་སྤྱི་ཚོགས་ཟེར་གྱིན་ཟེར་གྱིན་ལག་ལེན་དངོས་ལ་གྲངས་ཉུང་མི་རིགས་ལ་དྲག་པོའི་ཐབས་ལམ་བེད་སྤྱད་དེ་རྡུང་རྡེག་ཚ་ནན་དང་དམར་གསོད་བཙོན་འཇུག་སོགས་མི་ཆོས་ལས་འདས་པ་ཞིག་བྱ་དང་བྱེད་བཞིན་པ་རེད། འོན་པ་ལོང་བ་མིན་ན་གོ་ཚོད་དང་རིག་ཚོད་ཡིན། བྱས་ཙང་གཞིས་བཞུགས་བོད་མི་ཚོས་འུ་ཐུག་ཐབས་ཟད་ཀྱིས་རང་སྲོག་ལ་མི་འཛེམས་པར་རྒྱ་ནག་དང་རྒྱ་མི་རིགས་ལ་ཞི་བའི་ཐོག་ནས་ངོ་རྒོལ་བྱེད་ཀྱི་ཡོད་པ་རེད། ཁྲི་གསར་ཚང་འདི་དེ་འདྲའི་ཡ་མཚན་པ་ལ་ང་ཚོས་རྒྱ་ནག་དང་རྒྱ་མི་རིགས་ཀྱིས་དྲང་བདེན་དང་འདྲ་མཉམ་མིན་པའི་བྱ་སྤྱོད་ལ་ངོ་རྒོལ་མ་བྱས་ན་སུ་ལ་ངོ་རྒོལ་བྱ་དགོས་པ་རེད། ཡང་ཅིག་མིན་ན་ཁྲི་གསར་ཚང་གིས་ཐབས་མཁས་ཡིན་ཁུལ་གྱིས་གུང་ཁྲན་ལ་བསྟུན་མཁས་ཀྱིས་དོན་འཁྱོལ་མེད་པའི་འབྲེལ་མོལ་སྐྱར་དུ་སྒོ་མོ་ཕྱེ་མི་ཡོང་ངམ་སྙམ་མམ། དེ་མིན་གཞན།
ཐབས་བརྒྱའི་དབང་པོ་སེང་གེའི་མཚན་ཅན་ཁྱོད།
མང་བཀུར་སྲིད་ཁྲི་རྩོད་སྐབས་དམ་བཅའི་ཚིག
དབྱར་གྱི་གཡུ་འབྲུག་དབྱངས་ལ་འགྲན་པ་དེ།
ལག་ལེན་སྒྱུ་རྩལ་སྟོན་པའི་དུས་ལ་བབས།
གངས་ཅན་ལྗོངས་ནས་དཔའ་བོ་དཔའ་མོ་ཡིས།
རྩ་ཆེའི་སྐུ་ལུས་མེ་ལྷར་ཆོས་སྦྱིན་གྱིས།
རང་གི་བདེན་དོན་རྩོད་པའི་མཛད་རྗེས་རྣམས།
འཛམ་གླི་ས་ཕྱོགས་ཀུན་ཏུ་དྲིལ་བསྒྲགས་མཛོད།
དོན་ངོ་ལ་བཀའ་ཁྲི་ནས་ག་རེས་ལབ་ཀི་ཡོད་རེད་ལགས་་་་བོད་རིགས་བོད་མ་དེ་ཚོ་ནས་ཕར་རྡུང་བརྡེག་བྱས་རེད་དམ་རྒྱ་རིགས་སློབ་མ་དེ་དག་ནས་ཚུར་རུབ་རྡུང་བྱས་པ་རེད་བཀའ་ཁྲི་ལ་གསར་བཤད་བྱེད་མཁན་ཞིག་མ་ཡོད་པ་རེད་དམ་་་་༼བོད་མི་ཚོ་རྡུང་བརྡེག་བྱོས་༽ཞེས་པའི་སྐད་ཆའི་འོག་ནས་ཡ་རབ་སྤྱོད་བཟང་ཀི་ཚིག་དེ་ཚོ་གང་ལ་འགྲོ་དགོས་རེད་དམ་་་་་ད་དུང་གྲི་དང་རྡོ་་གཡུགས་པ་སོགས་ཀྱི་འོག་ནས་དེ་འདྲའི་སྐད་སྙན་མོ་དེ་ཡོང་ཐུབ་ས་རེད་པེ་་་་་་ཧཧཧཧ་ངོ་མ་ཆབ་སྲིད་ཀྱི་ཚིག་ཡིན་རྒྱུ་རེད་པ་་་
མདོ་དོན། སློབ་གྲྭ་དང་སློབ་སྦྱོང་གི་ཁོར་ཡུག་ཁ་ཁར་དགོས་པ་མིན་འགྲོ། སྔོན་མ་ང་ཚོའི་སྐབས་ནས་བཟུང་རྒྱག་རེས་བྱས་པ་རེད། མཚོ་ལྷོ་ཁུལ་ན་གླག་མ་རྙེད་པར་ཡོད་པའི་རྒྱ་རིགས་ཚོ་ནི་ ༦༥༢ ཅེས་པའི་བཟོ་གྲྭ་དེ་རེད། མཚོ་ལྷོ་མི་རིགས་དགེ་ཐོན་སློབ་གྲྭའི་གཉའ་དེ་རུ་ཡོད་པ་རེད། ཁོང་ཚོ་དཔའ་བོ་དང་ལ་རྒྱ་ཅན་རེད། རྒྱ་རིགས་ཕོ་གསར་དེ་ཚོར་གླགས་མ་འཁེལ་བར་མང་པོ་མྱངས་པ་རེད། དེ་དོན་དྲ་ངོས་འདིར་གསལ་བོ་དག་པོ་བཤད་མཁན་ང་ལས་མང་བ་ཡོང་གི་རེད་འདོད།
ཤར་ཁུག་འདིས་སྒེར་འཁོན་རྩམ་ཁུག་རེད།
སྤྱི་དོན་ཞིག་ཡིན་སྙམ་མི་འདུག་གོ།
མང་མོས་ཀྱིས་བདམས་པའི་བཀའ་ཁྲི་ལ།
གཞི་མེད་ཀྱི་སྐྱོན་འཛུག་མ་བྱེད་རོག།
བོད་ལ་གཞིས་བཞུགས་ཚོས་དངོས་སུ་རྒྱ་མིའི་སྐྱོན་འདོན་བྱ་རྒྱུར་དཀའ་ངལ་ཡོད་ན་ཡང་། ཉེ་ཆར་བོད་ནས་ཕེབས་པའི་ཤེས་ཡོན་པ་ཚོས། དུས་ཚོད་འདི་དང་འདི་ཡི་སྐབས་ཀྱི་རྒྱ་གཞུང་གོས་བོད་མིར་བརྙས་བཅོས་སྲིད་བྱུས་ལག་བསྟར་གང་དང་གང་བྱས་པ། ཆབ་སྲིད་ཉེས་མིང་འོག་འཛིན་བཟུང་དང་། འཛིན་བཟུང་དེའི་སྐབས་ལ་ཉེན་རྟོག་པ་དྲག་རྩུབ་ཅན་གྱི་མིང་དང་། ཕ་མ་སྤུན་མཆེད། སྐྱེས་ས་ཡུལ་ལུང་། རྒྱབ་ས་དཔོན་རིགས་སོགས་ཀྱི་ལོ་རྒྱུས་རྣམས་འཛམ་གླིང་ཡོངས་དང་། ལྷག་པར་དུ་བོད་མི་རིགས་ཡོངས་ལ་ངོ་སྤྲོད་རྩོམ་ཐུང་ཞར་དང་ཞོར་ལ་སྤེལ་དགོས་རེད།
གསར་འབྱོར་བ་ཚོས་རང་གི་སྲིད་ཀྱི་ལས་ཀྱི་སྣེ་མོ་བ་བློ་སེང་སོགས་ཀྱི་སྐྱོན་བཙལ་ནས་དུས་མི་འདའ་བར་དེ་ལས་ལྡོག་སྟེ། བོད་ནང་ཐད་ཀར་གདུག་རྩུབ་ཅན་གྱི་དཔོན་པོ་དང་། དེིའ་ཕྲུ་གུའི་ལོ་རྒྱུས་ལེགས་ཉེས་རང་གིས་ཤེས་ཐུབ་པ་དང་། གཞན་ལ་ཡང་གསལ་བཤད་བྱེད་ཐུབ་པ་དཔེར་བུད་མེད་རྩོམ་པ་པོ་དཔའ་མོ་འོད་ཟེར་ལགས་དང་ཆ་འདྲ་བ་བྱེད་དགོས་པ་ལས། བཙན་བྱོལ་ནང་ལ་ཐིམ་ཟིན་པ་དང་ནང་དཀྲུགས་རྐྱང་རྐྱང་བྱེད་བསྡད་ན་ངོ་མི་ཚའམ།
ད་དུང་བོད་རང་བཙན་ཟེར་བའི་ཚིག་སྟོང་བཤད་རྒྱུ་དེ་ཕར་བཞག་ནས་གཉིས་སྨན་དབུ་མའི་ལམ་གྱི་འབྲས་བུ་ལག་ཏུ་འོངས་པ་ལ་ལྷ་སའི་མི་དཔོན་རངརིགས་༸རྒྱལ་བ་བསྟན་འཛིན་རྒྱ་མཚོར་ཁ་གཏོང་མཁན་ངས་ཁོའི་མིང་ཡག་པོ་མི་ཤེས་བྱམས་པ་འཕྲིན་ལས་ཟེར་བ་ཡོད་ཁོ་དང་། ཁོ་དང་འདྲ་བའི་རྒྱ་གཞུང་གི་རྒྱུགས་ཁྱི་རྣམས་ཀྱི་ལོ་རྒྱུས་ལེགས་ཉེས་གཉིས་ཀ་རང་གིས་ཤེས་ཐུབ་པ་དང་གཞན་ལ་ཤོད་ཐུབ་པ་བྱེད་དགོས།
དཔེར་ན། རྒྱལ་མཚན་ནོར་བུ་ལྟ་བུ་ཡང་དགུང་ལོ་༡༨ དང་༢༡བར་ཕྲུ་གྲུའི་ལོ་ཚོད་ཡིན་པས་སྐྱོན་བརྗོད་བྱེད་གལ་ཕོད། འོན་ཀྱང་བོད་མི་ས་ཡང་དྲུག་གི་བདེ་སྡུག་ལ་གནོད་་པཤེས་བཞིན་དུ་རང་གི་རྐུབ་བཀྱག་ཆེད་དུ་རྒྱལ་བ་པཎ་ཆེན་དང་། བོད་མིར་གནོད་པའི་ཁ་ནས་ཚིག་གཅིག་བཤད་ཐོན་སོང་ན་དེ་ལ། བཟོད་སེམས། ཉམས་ཆུང་། དྲང་བདེན་དང་དེ་ཡང་ཐེག་པ་ཆེན་པོའི་ཆོས་པ་གཅིག་ཡིན་ན་སྙིང་རྗེ་ཀུན་ནས་བླངས་ནས་མི་འདོདད་པའི་རྣམ་འགྱུར་དང་། དགག་པ་རྒྱག་དགོས་པ་དང་། ཚད་མེད་ཞི་བའི་སྒོ་ནས་མཐའ་གཅིག་ཏུ་ངོ་རྒོལ་མཐར་ཕྱིར་བྱེད་དགོས་རྒྱུ་ཤར་ཕྱོགས་ཁུག་རྟ་སོགས་ཁྱེད་རྣམས་བོད་ནས་འདིར་བྱོས་བྱོལ་དུ་ཕེབས་པ་ཚོས་ལས་འགན་གཙོ་རང་གི་ཕྲག་པར་ལྷུང་མི་འདུག་གམ། དྲ་གྲོགས་ཁུག་རྟ་ལགས།
ཟླ་བ་གཅིག་ཙམ་གྱི་གོང་ས་གནས་བོད་རིགས་ཚོ་དགོན་པ་ཞིག་ལ་འཛོམས། གླེང་མོལ་གྱི་སྐབས་ཤིག་ལ་རྒན་པོ་ལོ་ ༦༠ ཡས་མས་ཟིན་པ་ཞིག་གིས་ཁོ་རང་གི་ཉམས་མྱོང་བཤད་སོང་། ཉེ་ལམ་བྱམས་པ་འཕྲིན་ལས་དང་བོད་ཀྱི་་རིག་གཞུང་འཁྲབ་སྟོན་ཚོགས་པ་ཞིག་ཊོ་རོན་ཊོར་བསླེབས་སོང་། དེ་དུས་བྱམས་པ་འཕྲིན་ལས་ཀྱིས་བོད་ཀྱི་ལོ་རྒྱུས་བཤད་སོང་། རྒྱ་ནག་གི་ཁ་བྲལ་ཐབས་མེད་པའི་ཆ་ཤས་ཡིན་ལུགས་བཤད་སོང་། ཁོང་ནི་དངོས་གནས་ལོ་རྒྱུས་ལ་མཁས་པ་དང་ང་ཚོ་གང་ཡིན་ཞིག་གིས་ཁ་གཏད་ཆོག་པ་མི་འདུག་ཟེར། རྒད་པོ་་ཧང་སང་འདུག མི་དེ་ལོ་རྒྱུས་ལ་མཁས་པ་རེད་ཟེར། དེ་བདེན་པ་རེད། འདི་ལྟ་བུའི་ལས་འགུལ་ཞིག་ཡོང་གི་ཡོད་པ་བདེན་པ་རེད། ད་ག་རེ་བཤད་དགོས་པ་རེད།
མཁས་པས་དབུ་ཁྲིད་པའི་བཀའ་ཤག་གིས་གསར་འགྱུར་འདི་རང་གཞུང་གི་དྲ་རྒྱའི་ངོས་ནས་ཕྱིར་འཐེན་བྱས་པ་ཡིན་ནམ། ནག་བསུབ་བཏང་བ་ཡིན་ནམ། གང་ལྟར་ད་གཏན་ཡལ་དུ་ཕྱིན་འདུག
ལུང་རིགས་རྒྱལ་ལགས། བྱམས་པ་འཕྲིན་ལས་མ་རེད། བྱམས་པ་ཕུན་ཚོགས་རེད།
འོ་ཡ། དེ་ག་རང་རེད།
ཆོས་སྲིད་ལ་ཤེས་འབྱོན་ཆེ་མདོགས་སྡོན་པའི་དྲྭ་གྲོགས་ཚོ།
ཁྱེད་ཚོས་དྲན་ཚོད་གང་ཡིན་ཤར་རེ་བཤད་ནས་མ་སྡོད་བསམ་བློ་ཞིབ་ཏུ་གཏོང་། བོད་མའི་ཁ་དཔེར། བསམ་བློ་བཞི་གསུམ་བཅུ་གཉིས་ཐོངས། བློ་རྩེ་ཉི་ཤུ་རྩ་ལྔ་འཁོད་ཟེར་བ་དེ་དགོས་ངེས་ཀྱི་དུས་རེད། འདི་དུས་རབས་ཉེར་གཅིག་པ་རེད། མི་རིགས་ཡོད་དོ་ཆོག་མིག་མཐོང་ལག་ཟིན་གྱི་ཕན་འབྲས་ལ་ཕྱོགས་པ་ལས། དོན་མེད་ཀྱི་རྩེད་རྙོགས་འདོར་ཅི་ཐུབ་བྱེད་པའི་སྐབས་རེད།
ཕྱོགས་གཉིས་ཀར་རྒྱབ་སྐྱོར་ཡོད།
རྒྱབ་སྐོར་ཡོད།
གྲོགས་པོ་གཟིལ་གནོན་ལགས་སྤྱི་སྒེར་ཧ་གོ་བའི་ཨམ་ཕྲུག་ངོ་མ་དེ་ང་ཡིན་ལ། ངས་ནམ་ཡང་ཕ་གསོད་རྒྱལ་རྔ་རྡུང་བའི་ལས་ལ་མི་བྲེལ་བའི་དམ་ཆ་ཡོད་ལ། གལ་ཏེ་བྲེལ་བའི་དབང་དུ་བཏང་ན་ང་དང་ཁྱོད་སོགས་ཀྱི་མེས་པོའི་ཞལ་རས་དེ་ནི་ནམ་ཡང་རྡོག་རྫིས་བཏང་བ་དང་གཅིག་པ་གཅིག་རྐྱང་མ་རེད་པས། གྲོགས་པོའི་ཅིག་སོམས་དང་།
ཤར་ཁུག་ལགས། ཁྱེད་ཀྱིས་འགྲན་རྩོད་བྱེད་ས་ནོར་འདུག འདི་རིགས་ནི་དགྲ་གཉེན་སྡུག་གི་བྱ་བ་ཞིག་ཏུ་འཁུམས། ཁྱེད་ལ་བློ་དང་ཐབས་ཤེས་ཡོད་ན་བསམ་བློ་རྒྱ་ཆེར་བསྐྱེད། འགའ་ཞིག་ཟེར་ན་ཁྱེད་ཉུལ་མ་ཡིན་རབས་ཀྱང་བཤད་ཀྱི་འདུག
ཤར་ཁུགས་འདིས་བཙན་བྱོལ་ནང་ཕུ་དཀྲུགས་མདའ་དཀྲུགས་བྱས་ཏེ་ཉུལ་མ་ཡིན་པའི་རྟགས་མང་འདུག
ང་ཚོའི་སྤྱི་ཚོགས་ནང་མི་སེམས་རྒྱ་ཆུང་ཆུང་འདི་འདྲའི་མང་བ་ལའང་། རང་དང་བསམ་ཚུལ་མ་མཐུན་ཙམ་གྱི་གཞན་ལ་ལམ་སེང་གཡང་ལ་གཡུག་ཡས་རང་བྱེད་འདུག དེ་འདྲ་བྱས་པ་ཡིན་ན་གཞི་བཞུགས་སྤུན་ཟླ་རྣམས་ལ་གདོང་སྟོན་མི་ཤེས་ལ་གཙན་པོའི་གདུང་རྒྱུད་ཞིག་ཡིན་ཟེར་ན་ངོ་ཚ་ཡས་རང་རེད།
བྱས་པ་དང་མི་འཕྲད་པ། མ་བྱས་དང་མི་འཕྲད་པ་ཟེར་བ་འདི་ལས་རྒྱུ་འབྲས་རེད། བློ་བཟང་གཉིས་ཀ་འདི་ལྟར་འགྲོ་རྒྱུ་དེ་མགོ་འཛུགས་མཁན་བློ་བཟང་སེང་གེ་ལགས་རེད། དེ་ནས་དབྱངས་འཛོམས་ཟེར་བས་ནམ་རྒྱུན་ལམ་དབུ་མར་ཅིག་བཤད་ཁུལ་བྱེད་པ་དེ་ཅི་འདྲིའི་སྙིང་རྗེ་བ་ལ། སྒེར་འཁོན་ཞིག་ཡོད་ས་རེད།
ཤར་ཁུག་ལགས་ཟབ་ཟབ་བྱོས་མ་གཏོགས་བཀའ་ཁྲིའི་སྐྱོན་མུ་འཐུས་བརྗོན་ན་ཕྱོགས་ཞེན་ནག་པོས་ཉུལ་མའི་མིང་བཏགས་ནས་ཁྱེད་རང་གོ་རྒྱུ་ཐོས་རྒྱུ་མེད་པ་བཟོ་འཆར་འདུག
ཕྱོགས་ཞེན་ནག་པོས་རང་ཉིད་དང་།།
བསམ་བློ་མི་མཐུན་གཞན་ཕྱོགས་ལ།།
གུང་ཁྲན་ཉུལ་མའི་མི་བཏགས་ནས་།།
་རྩ་མེད་བཟོ་འཆར་སྙིང་རེ་རྗེ།། །།
བསྟན་པའི་དགྲ་བོ་གྲྭ་ལོག་བློ་ཆོས་ཁོ་པའི་འདུལ་ཁྲིམས་ལ་སྲུང་བརྩི་མ་ཐུབ་ནས་མི་ནག་གྲས་སུ་ལྷུང་བ་རེད། དེ་ནི་ཆོས་ཀྱི་སྲུང་བརྩི་ཡོངས་སུ་འགལ་བ་མེད། ཆབ་སྲིད་ཀྱི་དགྲ་བོ་བློ་ཆོས་ཁོ་པའི་ཆབ་སྲིད་ཀྱི་འགྲོ་སྡོད་བརྩི་སྲུང་མ་ཤེས་སྟབས་ཆབ་སྲིད་དགྲ་བོ་ཁ་དམར་བ་དེ་ཆགས་ཚར་བ་མ་ཟད། དེ་ཡང་སྲིད་ཀྱི་བརྩི་སྲུང་དང་རྦད་དེ་མངོན་འགལ་རེད། ད་དུང་ཁོ་པའི་མིང་རྫུན་གྱིས་ཁོ་པ་རང་ཉིད་ཉེས་མེད་ཚུལ་དུ་སྐྱོབ་ཐབས་ག་ཚད་བྱས་ཀྱང་རང་གི་ཁ་ནང་དུ་རང་ཉིད་ཀྱི་དུག་དྲངས་པ་དང་གཅིག་པ་གཅིག་རྐྱང་རེད། ཡོང་རྒྱུ་ཅི་འདུག་ལྟ་དགོས། མི་རྒན་ཤི་ཁར་འདར་སིག་སིག །རྟ་རྒན་ལུས་ཁར་འདུར་སིག་སིག ད་དུང་ཉེས་ཅན་ཉེས་གཏམ་གང་ཐོན་ཅི་ཐོན་ལབ་ཤོག་ཨ་ལྟ་དགོས།
གཞུང་གི་སྐྱོན་བཏོན་ན་ཉུལ་མ་ཆགས་འགྲོ་ན་ཨ་མའི་བུ་རེད། མང་གཙོའི་གཞི་རྩའི་ཁེ་དབང་ཁག་ལོངས་སུ་སྤྱད་ན་ཉུལ་མ་ཆགས་འགྲོ་དུས། ༧རྒྱལ་བ་རིན་པོ་ཆེས་མང་གཙོ་གནང་བ་དེའང་འགྲིག་ཡོད་ཀྱི་མ་རེད། བློ་སེང་གིས་བཀས་བཀོད་བརྒྱུད་འཛིན་འཛུགས་ན་ཁྲི་ལས་ཕབས་ཆོག་གི་རེད་ལ། འབར་མའི་མ་འོངས་པའི་སྲིད་འཛིན་ལྕམ་ཨང་སུན་སོ་སྐྱིད་ལ་མགོ་བཏགས་ཞུས་དགོས་ཀྱི་རེད། ཧཧཧཧ ད་གླེན་བཤད་མ་རྒྱག་དྲ་འབུ་ཚོ། བགྲོ་གླེང་བྱས། བགྲོ་གླེང་བྱས་ནས་ཕམ་སོང་དུས་ཀུན་སློང་དཀར་ནག་བཤད་རྒྱུ་ལས་རང་ཤི་རྒྱབ་ན་དགའ་ནི་རེད། ཧཧཧཧཧཧ
ཀ་དག་ཆོས་དབྱིངས་ཁྱེད་དངོས་གནས་སྙིང་རྗེ་བ་རང་རེད། ཁྱེད་རང་གིས་གང་དྲན་བཤད་ཀྱི་ཡོད་ནའང་། རང་ཉིད་མི་ཞིག་ཡིན་པ་དེ་མ་བརྗེད་པ་བྱེད་རྒྱུ་གལ་ཆེན་རེད། ད་དུང་བསྟན་པ་དང་འགྲོ་བ་ཟེར་བའི་ཚིག་དེ་ཚོ་བེད་སྤྱོད་གནང་ན་ནང་པ་དཀྱུས་མ་ཞིག་གི་སྤྱོད་ལམ་མ་བསྟེན་དུས། དངོས་གནས་རུས་པ་མེད་མཁན་དེ་ཆགས་རྒྱུ་རེད། དེ་ཤ་ཚ་ཡིན། ཁྱེད་དོལ་རྒྱལ་དང་རྒྱ་མིའི་ལས་ཀ་བྱེད་མཁན་དེ་འདྲ་ཡིན་ན་གནས་ཚུལ་ཁ་ཁ་རེད། དེ་མིན་བོད་མིའི་བཟང་སྤྱོད་ལ་བདག་པོ་རྒྱག་དགོས་ཀྱི་རེད། བཀའ་བློན་ཁྲི་པ་མཆོག་ལ་ཁྱེད་འདྲ་བའི་རྒྱབ་སྐྱོར་དེ་འདྲས་ཕན་ལས་གནོད་ཀྱི་རེད།
གཟུར་གནས་ལགས། ཁྱོད་ཀྱི་ལྟས་ན་བཀའ་ཁྲི་ཁྲི་ལས་མར་འབྱུང་ནས་དེའི་འཚབ་སུ་བཀོད་ས་རེད། ཧཧཧ། ཧ་ལམ་ཁྱོད་ཀྱི་གྲོགས་པོ་བློ་བཟང་ཆོས་འབྱོར་ཨེ་རེད་ཤ་ཚ། སྟོང་བསམ་ཡིད་སྨོན་འདི་ལྟ་བུའི་བླུན་རྨོངས་དུད་འགྲོ་ཅན་འགའ་འདུག་ཨང་།
གཟུར་གནས་ལགས། ང་ལ་བཟང་སྤྱོད་ཤིག་ཡོད་ལབ་ནས་རང་སྟོད་རང་གིས་བྱེད་མ་མྱོང་ལ། ང་ལ་ངན་གཤིས་ཤིག་ཡོད་དུ་སྲིད་ཀྱང་བོད་བསྟན་སྲིད་ལ་གནོད་ཡག་གི་ལས་དོན་དེ་བས་སྒྲུབ་རྩིས་མེད་དེ་དོན་སོམས་ཤིག
བོད་ཕྲུག་ཚོས་ཡན་གར་དྲག་ཤུགས་ངོམས་པ་ནི་མིན་པར་སེམས་སོ།།
བཀའ་ཁྲིར་ཞེན་པ་ཡོད་ན་ཁོང་གི་སྐྱོན་ལ་མཛུ་མོ་ཚུགས། ཡོན་ཏན་ལ་སྐྱོན་དུ་སྒྲོ་མ་བཏགས་དོན་ཕན་ཆེ། གཏམ་དཔེར་གྲོགས་པོ་མཛའ་ན་སྐྱོན་ལ་མཛུ་མོ་ཚུགས་ཞེས་པའི་དཔེ་འདི་ཅི་མི་བདེན།། །།
གཟུར་གནས་ཁུག་རྟའི་མིང་གཞན་ཞིག་རེད་དེ་ལུགས་གཟབ་པར་བྱོས།
ཀ་དག་ཆོས་དབྱིངས་ལྷོད་ལྷོད་བྱོས་དང་། དང་པོ་ཁྱེད་ཀྱིས་བཀའ་ཁྲི་མཆོག་སྐྱོན་ཅུང་ཟད་ཙམ་ཡང་མེད་པ་བསྒྲུབ་ཐུབ་བམ། སྐྱོན་ཡོད་ན།སྐྱོན་ལ་སྐྱོན་དུ་སྨྲས་ན་དུས་དང་རྣམ་པ་ཀུན་དུ་ཉུལ་མ་ཡིན་པའི་སྒྲུབ་བྱེད་མེད་དོ།།„
འོན་པའི་མི་གོ་དགུ་གོ་དང་། །ལོང་བའི་མི་རིག་དགུ་རིག །ཞེས་པའི་དཔེ་དེ་ཅི་མི་བདེན་ཧཧཧཧ།
འཇམ་དཔལ་རལ་གྲི་རྫུན་མས།། འོན་པའི་དྲང་བདེན་བཅོམ་སོང།། ཧ་ཧ་ཧ་ཧ་
འཇམ་དཔལ་ཕྱོགས་ཞེན་རལ་གྲིས།། འོན་པའི་དྲང་བདེན་གཏོར་སོང།། །།
རེ་བ་ལགས། ང་ཡི་ལུས་ངག་ཡིད་གསུམ་ལྷོད་ལྷོད་ཡིན་ཁྱེད་ངལ་བ་མི་དགོས། མི་ལ་སྐྱོན་མེད་པ་དང་ཤིང་ལ་འཛེར་བ་མེད་པ་ནི་སྲིད་དོན་མེད། བཀའ་ཁྲི་ཙམ་དུ་མ་ཟད་མི་སུ་གང་ལའང་སྐྱོན་ཀུན་ཟད་དང་ཡོན་ཏན་ཀུན་ལྡན་རེད་སུ་གང་གིས་ལབ་མི་ཐུབ། བཀའ་ཁྲིའི་ལས་དོན་གང་ལ་མི་ལྟོས་པར་མཐའ་གཅིག་ཏུ་ངོས་རྒོལ་གྱིས་རྗེས་སུ་སྙེགས་མཁན་དེ་ནི་དངོས་གནས་མནོ་བསམ་ཞིག་མི་གཏོང་ཐབས་མེད་རེད་ལ། དེ་ནི་ནམ་ཡང་ཁ་ནང་བསྟན་གྱིས་དགྲ་བོ་ཆེན་པོ་ཞིག་ཀྱང་ངོ་འཛིན་བྱེད་ཀྱིན་ཡོད།
ཧ་ཧ་ཧ་ཧ་
བཀའ་ཁྲིས་སྐྱག་པ་བཏང་ཡང་།།
མོག་མོག་བཏང་འདུག་ཟེར་ནི།།
ཁུག་རྟས་དྲང་གཏམ་སྨྲས་ཀྱང་།། བཅོས་མ་རེད་འདུག་ཟེར་ནི།།
དྲ་ངོས་འདིར་རྙིང་མའི་མིང་ཁྱེར་བའི་ཀ་དག་ཆོས་དབྱིངས་ཟེར་བ་ཞིག་གིས་ཕུ་དཀྲུག་མདའ་དཀྲུག་བྱེད་བཞིན་འདུག་པས་དེ་ལ་གཟབ་པར་བྱོས། མི་འདི་ཕྱོགས་ཞེན་དུག་གི་སྡོང་བོ་ཞིག་རེད་འདུག་པས། ནང་དཀྲུག་ཟེར་བ་དེ་སློབ་སྦྱོང་མེད་མཁན་འདི་འདྲ་བས་བྱེད་རྒྱུ་ལས་གཞན་གྱིས་བྱེད་མི་སྲིད་དོ།
བཀའ་ཁྲིའི་སྐྱག་པ་བཙོག་པས།། དྲི་ངན་གནམ་མཁའ་ཁེངས་ཀྱང་།། བདུག་སྤོས་སྨན་དྲི་ཟེར་ན།། གླེན་པ་གླེན་ནག་རེད་དོ།།
བཤད་རྒྱུའི་དོན་དག་གཡུག་ནས།། ཕྱོགས་ཞེན་ཚེར་མ་འདེབས་པ།། ཀ་དག་རྐུབ་ལ་ཟུག་ན།། དམྱལ་བ་འགྲོ་རྒྱུ་རེད་དོ།།
བཀའ་ཁྲིའི་སྐྱག་པ་ཟ་ཞོར།། སྒོར་མོ་འགའ་རེ་རེག་ཀྱང་།། གངས་ཅན་བོད་པ་བསམས་ན།། ནང་གི་ཁྲམ་པ་མ་བྱེད།། ཕྱོགས་ཞེན་དཔུང་ཁག་མ་སྒྲིག།
ད་གོ་སོང་། བོད་པ་ཚོ་བཀའ་ཁྲི་བླ་མ་ཞིག་དགོས་འདུག དེ་ནས་སྐྱབས་སུ་མཆི་མཁན་མང་པོ་འདུག
བོད་ཀྱི་བསྟན་པ་ཆབ་སྲིད་ལ་དངོས་སུ་རྒོལ་ཞིང་༧སྐྱབས་མགོན་ཡིད་བཞིན་ཀྱི་ནོར་བུ་ཁོང་ལ་མཚན་སྨད་ཞུ་མཁན་དམར་བོའི་སྲིད་གཞུང་དང་དེའི་རྗེས་སུ་འབྲང་བའི་བོད་མིའི་ཤ་ཁྲག་ལས་གྲུབ་པའི་བོད་ཀྱི་བླ་བཙོང་མཁན་ཚོར་སྐྱོན་འདོག་དང་ཟུར་ཟ་ཙམ་ཤར་ཁུག་བློ་བཟང་ཆོས་འབྱོར་གྱིས་བྲིས་པ་ཞིག་མཐོང་མྱོང་མེད།
ཤར་ཁུག་གདོན་གྱི་སྣ་འདྲེན།
ཆོལ་གསུམ་དཀྲུག་པའི་ཐུར་མ།
ཤར་ཁུག་དམར་བོའི་རྒྱུག་ཁྱུ།
ནང་གི་དམ་སྲི་ཕུང་འདྲེ།
ལྟས་ངན་གྱད་ཀྱི་སྣ་འདྲེན།
ཤར་ཁུག་བློ་བཟང་ཆོས་འབྱོར།
རྒྭད་
ཤར་ཁུག་གིས་༼ སེང་གེའི་བཀའ་ཤག་གི་མདུན་ལམ ༽དེ་དེང་སང་སྐད་གྲགས་ཆོད་འདུག བློ་བཟང་སེང་གེའི་ནོངས་ལ་ཕོག་སྡུག་གྱོང་རེད། སྐྱོན་བརྗོད་ཁུར་མི་ཐུབ་པའི་དབུ་ཁྲིད་ཅིག་ཨེ་ཡོད་ན། ཁོ་ཟོག་རྫི་མ་རེད་བཀའ་ཁྲི་རེད་ཅེས་བཤད་རོགས། ཧཧཧཧཧཧ
འདི་ན་དྲ་དམག་རྒྱག་གི་འདུག ད་ཡིན་ན་ངའི་བོད་ཡིག་ཆ་བོས་ཀྱང་སེམས་ཕམ་གྱིན་འདུག ངའི་བོད་ཡིག་ནི་བོད་ཀྱི་བླ་སྲོག་ཡིན་མོད། དྲ་དམག་གི་ལག་ལ་ཤོར་ན་བོད་སྲོག་གཅོད་སྤྱད་ཀྱང་ཆགས་ཉེན་འདུག ཨ་ཙི་་ངའི་བོད་ཡིག་ལས་ངན་ཆ་བོ། ད་ཅི་བྱེད། ངས་ཇི་ལྟར་འཚོ་སྐྱོང་བྱེད་དགོས་སམ།