སྒང་པ་དགེ་ལེགས།
ཉིན་འགའི་སྔོན་སྤྱི་འཐུས་ཁག་ཅིག་ལྡི་ལིར་ལྷན་འཛོམས་བྱས་ཏེ་ཁ་མཆུ་ཨང་ཉི་ཤུ་པའི་བཅད་ཁྲ་དང་ལེན་བྱེད་ཕྱོགས་སྐོར་གྱི་གྲོས་མཐུན་ཡིག་ཆ་ཞིག་འགྲེམ་སྤེལ་བྱས་འདུག ཚོགས་ཞུ་མི་སྣ་ཚང་མ་མདོ་སྟོད་ཞེ་ཅིག་ཡིན་པ་ལས་མདོ་སྨད་དང་དབུས་གཙང་གི་མི་སྣ་གཅིག་ཀྱང་མེད་པ་དེས་ཁོང་ཅག་གི་ཐུགས་ཀྱི་བཞེད་དགོངས་གང་ཡིན་ཧ་ཅང་གསལ་པོར་གྱུར་འདུག་ཅིང་། ཆོལ་ཁ་གཞན་གཉིས་ཀྱི་མི་སྣ་གཅིག་གིས་ཀྱང་མཉམ་ཞུགས་མ་བྱས་པ་དེ་ཚོགས་འདུར་གདན་འདྲེན་མ་ཞུས་པ་ཡིན་ནམ་གདན་ཞུ་དང་ལེན་མ་བྱས་པ་གང་ཡིན་མི་ཤེས་མོད། གལ་སྲིད་གདན་ཞུ་མ་བྱས་པ་ཡིན་ན་དེ་ག་རང་གིས་ཚོགས་འདུ་བཀོད་སྒྲིག་པའི་ཀུན་སློང་ཐག་གཅོད་བྱས་ཚར་བ་རེད་ལ། གལ་སྲིད་གདན་ཞུ་དང་ལེན་མ་བྱས་པ་ཡིན་དེས་སྤྱི་འཐུས་གཞན་དག་གི་ལང་ཕྱོགས་ཤིན་ཏུ་གསལ་པོར་བསྟན་ཟིན་པ་རེད། དེ་ནི་ཚོགས་ཞུགས་མི་སྣར་བལྟས་དེ་ཁོང་ཅག་གི་དགོངས་པ་གསེད་བཀྲོལ་བྱས་པ་ཡིན།
ད་ནི་ཡིག་ཆའི་ནང་དོན་ལ་གཞིག་སྟེ་བཤད་ན། ཛ་དྲག་གིས་ཚོགས་འདུ་བསྡུས་པའི་རྐྱེན་གྱིས་སྤྱི་འཐུས་འགའ་ཞིག་ཕེབས་མ་ཐུབ་པའི་སྐོར་སོགས་ནི་དཔའ་མེད་ཀྱང་དཔུང་པ་འཕུར་ལུགས་ཤིག་ཡིན་པ་ལས་གཞན་ཅི་ཡང་མ་རེད། ཚོགས་འདུའི་གྲོས་ཆོད་ཀྱི་ཡིག་ཆ་ལ་ཤོག་ངོས་གཅིག་ལྷག་ལས་མེད་པ་འདིས་ཀྱང་ཁོང་ཅག་ལ་གསུངས་རྒྱུ་ཆེན་པོ་ཞིག་མེད་པ་གསལ་སྟོན་བྱས་འདུག་ཅིང་། དོན་དུའང་ཅི་ཡང་ཤོད་མི་འདུག་པ་ནི་སུས་བཀླག་ཀྱང་ཤེས་ནུས་པ་སྟེ་ ཟུར་བལྟས་ལེབ་མཐོང་ཟེར་བ་དེ་ག་རང་རེད། དེ་ཡང་ཁོང་རྣམ་པས་བཅད་ཁྲ་འདི་ངོས་ལེན་བྱེད་ཐབས་མེད་པའི་རྒྱུ་མཚན་ནི་དུས་དང་གནས་སྐབས་ལ་འཚམས་པོ་མི་འདུག་ཟེར་བ་ཙམ་ལས། ཁྲིམས་ཀྱི་དོན་ཚན་ལུང་དྲངས་ཏེ་འདི་དང་འགལ་འདུག་ཟེར་བའི་དོན་ཚན་གཅིག་ཀྱང་གསལ་སྟོན་བྱེད་ཐུབ་མི་འདུག་པ་ནི་བཅད་ཁྲའི་ནང་དོན་ལ་ནོར་བ་གཅིག་ཀྱང་མེད་པ་ཁུངས་སྐྱེལ་བྱས་པ་རེད། དེ་ཡང་ལུས་ཡིན་ཏེ། ཁོང་ཅག་ནི་མང་གཙོའི་ཀ་བ་གསུམ་གྱི་ཡ་གྱལ་ཁྲིམས་བཟོ་ལྷན་ཁང་གི་མི་སྣ་ཞེ་ཅིག་ཡིན་ཞིང་། ཁྲིམས་བཟོའི་ལས་དོན་གྱི་ཕྱོགས་ལ་རང་ཉིད་རྣམ་དཔྱོད་དང་ཉམས་མྱོང་ཕུན་སུམ་ཚོགས་པོ་ཡོད་པར་རློམ་ཞིང་སྒྲོག་མཁན་འགའ་ཞིག་ཀྱང་ཡོད་པས་སོ། དེས་ན་ཁོང་ཅག་རྣམ་དཔྱོད་དང་ཉམས་མྱོང་ཅན་བཅུ་གཅིག་གི་སྤྱན་ཉེར་གཉིས་ཀྱིས་ཁ་མཆུ་ཨང་ཉི་ཤུ་པའི་བཅད་ཁྲ་ལ་ཅི་ཙམ་བལྟས་ཀྱང་མ་དྲང་པའི་དོན་ཚན་གཅིག་ཀྱང་མ་གཟིགས་པ་འདིས། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཐག་གཅོད་ཀྱི་རིན་ཐང་ལ་གདེངས་འཇོག་ཆེས་ཆེན་པོ་ཞིག་མི་འདོད་བཞིན་ཏུ་གནང་བ་ཡིན་པས། ཁྲིམས་དང་ཁྲིམས་ཁང་བླ་ན་བཀུར་བའི་བོད་ཀྱི་ཆབ་འབངས་ཡོད་དོ་ཅོག་གིས་ཁོང་ཅག་ལ་ཐུགས་རྗེ་ཆེ་ཞེས་ཅིས་ཀྱང་ཞུ་བར་འོས་སོ།
དེ་དང་ཆབ་ཅིག་གསལ་སྟོན་བྱེད་དགོས་པ་གཞན་ཞིག་ཀྱང་ཡོད་དེ། ཁོང་ཅག་གིས་ད་ལྟ་གནས་སྟངས་ཆེས་སྡུག་སར་ལྷུང་ཟིན་པའི་དུས་སུ་གློ་བུར་དུ་“བཙན་བྱོལ་བོད་པའི་སྤྱི་ཚོགས་ཀྱི་ད་ལྟའི་ཛ་དྲག་གནས་སྟངས་དང་། ཕུག་རྒྱང་རིང་པོའི་བོད་ཀྱི་འཐབ་རྩོད་ལ་གནོད་སྐྱོན་གང་ཡོད། ” ལ་ཐུགས་བསམ་བཞེས་ཤེས་པར་གྱུར་ཏེ་རྒྱལ་ས་ལྡི་ལིར་ཛ་དྲག་གི་ཚོགས་འདུ་བསྡུས་ཤིང་། ཤིན་ཏུ་འཕྱིས་དྲགས་པའི་གྲོས་ཆོད་བཞག་པ་འདི་ནི་བདེན་པའི་གཡུལ་ལས་ཕམ་སྟེ་ཕྱི་བཤོལ་མི་བྱེད་ཀ་མེད་དུ་གྱུར་བའི་བཀའ་ཤག་ལ་འབྲོ་སའི་བཤུལ་ལམ་བཟོས་པ་ཙམ་ལས་གཞན་ཅི་ཡང་མ་རེད། འདིའི་རྒྱབ་ཏུ་བོད་ཀྱི་གནས་སྟངས་སོགས་ཆེ་ཆེ་འཇིགས་འཇིགས་རྐྱང་བཤམས་ནས་འཇོག་པ་ནི་ཁོང་ཅག་གི་རྒྱུན་གཤིས་ལ་ཡོད་པའི་རང་མདོག་སྐྱུག་བྲོ་བོ་སྟེ། མང་ཁྲོད་དུ་འུར་སློང་བ་དང་འཇིགས་སྣང་སྐུལ་བའི་ཐབས་ལམ་ཁོ་ན་རེད། ད་དུང་གཞན་ཞིག་ཡོད་པ་ནི་“ ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་ཁ་མཆུ་ཨང་༢༠པའི་བཅད་ཁྲ་དེ་བོད་ཀྱི་རྩ་དོན་འཐབ་རྩོད་དང་། ༧གོང་ས་མཆོག་དང་། བོད་མིའི་སྒྲིག་འཛུགས་ཀྱི་ཆེ་མཐོང་གང་ལའང་དགོངས་པ་གཏན་ནས་མ་བཞེས་པར་ཐག་གཅོད་བྱས་པ་ཞིག་ཏུ་གྱུར་ཡོད་པས་མོས་མཐུན་བྱེད་ཐབས་ལར་ནས་མེད་པ་ལྟ་བུར་གྱུར་ཡོད་ཀྱང་།”ཟེར་བའི་སྐད་ཆ་འདི་རེད། ཁོང་ཅག་གིས་ཅིས་ཕྱིར་རྙོག་གླེང་འདི་མགོ་ཚུགས་སྐབས་ནས་འདི་འདྲ་ཞིག་མ་དྲན་པ་རེད་དམ། ཅིའི་ཕྱིར་སུམ་བཅུའི་དུས་དྲན་སྐབས་དང་གྲོས་ཚོགས་ར་བའི་ནང་ནས་སྲིད་སྐྱོང་གིས་དུས་དང་གནས་སྐབས་ལ་འཚམས་དང་མི་འཚམས། ༧གོས་ས་མཆོག་དང་བོད་མིའི་མཚན་མཐོང་ལ་གནོད་དང་མི་གནོད་སོགས་ལ་མ་གཟིགས་པར་སྐད་གསེང་མཐོན་པོས་་ ད་ཁྲིམས་ཁང་ལ་ཕེབས་ཤོག་ཟེར་བའི་སྐབས་སུ་འདི་འདྲ་ཞིག་མ་དྲན་པ་རེད་དམ། ཡང་ན་བཀའ་ཤག་གིས་དོན་གཅོད་འཕོ་འགྱུར་གཏོང་དགོས་པའི་རྒྱུ་མཚན་བཅུ་འདྲེན་པའི་སྐབས་སུ་ཅིའི་ཕྱིར་འདི་འདྲའི་ཚོགས་འདུ་མ་བསྡུས་པ་རེད་དམ། ཅིའི་ཕྱིར་འདི་འདྲའི་གྲོས་ཆོད་ཅིག་མ་བཞག་པ་རེད་དམ།
ཅིའི་ཕྱིར་ཁྲིམས་ཞིབ་པ་རྣམ་པ་དང་ཞུ་སྦྱོར་བར་“རྩ་དོན་འཐབ་རྩོད་དང་། བོད་མིའི་ཆིག་སྒྲིལ་ལ་དགོངས་པ་གཏན་ནས་མ་བཞེས་པར་སྡིག་པ་མིག་བཙུམ་ཁོ་ན་གནང་བཞིན་་ཡོད་”པའི་ཉེས་མེད་ཉེས་འགེལ་བྱེད་ཐུབ་པ་ལས། བཀའ་ཤག་གིས་ཁུངས་སྐྱེལ་བྱེད་མི་ཐུབ་པའི་ནག་ཉེས་བཅུ་བགྲང་སྟེ་མི་དཀར་ལ་ཞྭ་ནག་གཡོག་པའི་སྐབས་སུ་ཉེས་ཅན་ལ་ཉེས་འགེལ་བྱེད་མ་ཐུབ་པ་རེད་དམ། དེའི་ཕྱིར་ཁོང་ཅག་གིས་མགོ་འཛུག་ས་འཁྲུག་སོང་བ་རེད་ལ་མཇུག་བསྡུ་སའང་ནོར་སོང་བ་རེད། བོད་ཀྱི་གཏམ་དཔེར། ཁ་རོ་ལ་བསྟན་ནས་མི་ངུ་བར་གྱང་ལ་བསྟན་ནས་ངུ། ཟེར་བའང་དུས་དང་གནས་སྐབས་ལ་མི་འཚམས་པའི་ལས་འདི་རིགས་ལ་དམིགས་ནས་བཤད་པ་རེད། ཅིག་བྱས་ན་ཁོང་ཅག་གིས་ཀྱང་གནས་ལུགས་འདི་མཁྱེན་ཡོད་ལས་ཆེ། རེད་དེ་ད་ནི་བཀའ་ཤག་ལྷན་རྒྱས་ཀྱིས་རང་གིས་རང་ལང་ན་མགོ་རྡབ། བསྡད་ན་རྐུབ་རྡབ། ཟེར་བའི་ཚད་དུ་བསྐྱལ་ཟིན་པས། ཛ་དྲག་གི་གནས་སྟངས་འདི་ལས་སྐྱོབས་ཆེད་ཁོང་ཅག་གིས་ཐབས་ཇུས་ཡན་གར་བ་འདི་འདྲ་ཞིག་ལག་ཏུ་མི་ལེན་ཐབས་མེད་བྱུང་བའང་ཡིན་ལས་ཆེ།
ནམ་རྒྱུན་དྲྭ་ལམ་ཁག་ཏུ་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་དྲང་པོ་བྱུང་མ་སོང་ཟེར་མཁན་ཕལ་མོ་ཆེ་ཚོར་བའི་རྗེས་འབྲང་བ་ཡིན་པས། དེ་དག་གིས་བཅད་ཁྲའི་དོན་ཚན་སྤྱི་དང་བྱེ་བྲག་གང་ཡང་གནད་དུ་བཟུང་དེ་མ་དྲང་བའི་རྒྱུ་མཚན་བགྲང་མ་ཐུབ་པར་ཡ་མཚན་རྒྱུ་ཆེར་མི་འདུག་མོད། ད་ཐེངས་གནད་ཡོད་མི་སྣ་ཤེས་འཇོན་མྱོང་གསུམ་ལྡན་པ་བཅུ་གཅིག་གིས་ཆེད་དུ་གཉེར་ནས་ཚོགས་འདུ་བསྡུས་ན་ཡང་། བཅད་ཁྲིའི་ནང་དོན་ལ་ཁྲིམས་ཞིབ་ཁང་མ་དྲང་བའི་དོན་གནད་འདིའོ་ཞེས་ཅི་ཡང་གསལ་སྟོན་གནང་ཐུབ་མི་འདུག་པ་འདི་ནི་བལྟས་ཚོད་ལ་བཀའ་ཤག་གི་དཔུང་རོགས་ཡིན་ན་ཡང་། དོན་གྱིས་ཁྲིམས་ཞིབ་ཁང་དང་ཞུ་སྦྱོར་བའི་སྡོང་གྲོགས་སུ་གྱུར་འདུག་ལ། དེ་ཡང་བདེན་པའི་མཐུ་དཔུང་དུ་གྱུར་འདུག་པས། སྐབས་འདིར་ བདེན་པ་ཉིད་རྒྱལ་ལོ། ཞེས་ལན་གསུམ་སྤོབས་པ་མཐོན་པོས་སྒྲོག་པར་རིགས་སོ།།
དོན་ལ་གནས་འདུག
རྒྱུ་མཚན་མགུ
སྤྱི་འཐུས་བཅུ་གཅིག་པོར་འདི་འདྲའི་རྒྱུ་མཚན་བགྲངས་རྒྱུ་མེད་པ་ག་རེ་ཡིན་ནམ།
སྒང་པ་དགེ་ལེགས་ཀྱིས་བྲིས་པ་དེར་མཁས་ཉམས་འདུག རིག་པ་ཡག་པོ་བཀོད་འདུག །
ཁ་མཆུ་ཨང་ཉི་ཤུ་པའི་བཅད་ཁྲ་ཟེར་བ་འདི་རྒྱུད་གདོན་གྱི་ཟིན་པའི་ཆོལ་ཞན་ཅན་རྒན་ཁོག་གསུམ་དང་རག་བཟི་སྤེན་པ་ཚེ་རིང་ཁྱི་སྤྱང་ལག་འབྲེལ་དང་མ་རུང་ཁོག་ཅང་གི་བོད་མི་རིགས་འདི་ཕམ་ཉེན་གཏོང་བའི་བྱ་སྤྱོད་ཤིག་རེད། ཨི་གོ་ཐལ།
བདེན་པ་ཉིད་རྒྱལ་གྱུར་ཅིག སྒང་པ་དགེ་ལེགས་ཤིས་གྱུར་ཅིག
བདེན་པ་ཉིད་རྒྱུལ་གྱུར་ཅིག མ་གཞི་ཆོས་བརྒྱུད་སྤྱི་འཐུས་རྗེས་མ་ནས་ཆོལ་ཁ་གགཞན་ནས་གཅིག་ཡོད་ནནཡག་པོ་འདུག གཉིས་ཀ་ཆོས་ལ་ཁ་གཅིག་དེབཡག་པོ་མི་འདུག
ཆོས་བརྒྱུད་སྤྱི་འཐུས་ནི། གྲྭ་ཆས་གྱོན་མཁན་ཡིན་པ་གང་ཞིག་ལ། ཆོས་དང་འཇིག་རྟེན་གཉིས་ལས་འཇིག་རྟེན་ལ་མཁས་པ་འདམས་དགོས་པ་ཡིན་ཙ་ན། དེ་ནི་ཡོང་ཁུངས་མ་འགྲིག་པར་བཤད་མི་རུང་བར། ཆ་རྐྱེན་དེ་སུ་ལ་ལྡན་ན་དེ་ཡོང་གི་ཡོད་པ་རེད།
སྲིད་སྐྱོང་བློ་བཟང་སེང་གེའི་ཕྱོགས་གཏོགས་ཚོས་ཁྲིམས་ཞིབ་ཁང་དྲང་པོ་བྱུང་མ་སོང་ཟེར་ནས་སྡུག་སྐད་འདོན་བཞིན་ཁ་མར་སྤྱི་ཚོགས་ལ་འཁོར་ནས་དམངས་ཚོགས་དཀྲུགས་ཤིང་གི་ལས་ཀ་མི་བྱས་པར། ཁྲིམས་བཞིན་བཅད་ཁྲ་དང་ལེན་མུ་ཞུ་བར་རྒྱ་གར་གྱི་ཁྲིམས་ཁང་ལ་གཏུགས་ན་ལམ་ཁ་ཡོད་པ་རེད་དྲན་གི། ཁ་མཆུ་འདིའི་ནང་དོན་མང་དག་ཅིག་ཨ་རིའི་རོགས་དངུལ་ལ་འབྲེལ་ཆགས་ཡོད་པས་ཨ་རིའི་ནང་ཁྲིམས་གཏུགས་ཞུ་ནའང་ལམ་ཁ་ཡོད་པ་རེད་དྲན་གི།
ཚིག་རྩུབ་དང་འཇིགས་སྐུལ་ལ་མི་བརྟེན་པར་ཁྲིམས་ལུགས་དང་དཔང་རྟགས་གཞིར་བཞག་གིས་ཁ་མཆུ་མུ་མཐུད་རྩོད་པ་བྱེད་རྒྱུའི་ལམ་ཁ་ཡོད་པ་རེད།
ཁ་མར་འཁོར་ནས་སྤྱི་ཚོགས་དཀྲུགས་ཐབས་ལ་ཧུར་བརྩོན་མི་བྱེད་པར། ཁ་ཡར་འཁོར་ནས་མུ་མཐུད་ཁྲིམས་ལུགས་ཀྱི་ལམ་ཁ་རིམ་འཛེག་གིས་རྩོད་དགོས་པ་རེད། དེ་མིན་མི་གསོད་ཁྲག་སྦྱོར་བྱེད་མཁན་མཐའ་འཁོབ་ཀྱི་མི་ངན་རིགས་ལྐོག་ནས་ངན་སྐུལ་བྱས་ཏེ་ཁྲིམས་ཞིབ་ཁང་དང་ཞུ་སྦྱོར་བ་སོགས་དམར་གསོད་གཏོང་རྒྱུའི་འཇིགས་སྐུལ་བའི་དཔང་ཁག་རྩ་འཛུགས་བྱེད་མི་རུང་། གལ་སྲིད་བྱས་པ་ཡིན་ནའང་དུས་ཐུང་ནང་མི་བུ་དྲང་བདེན་རེ་གཉིས་དམར་གསོད་གཏོང་ཐུབ་སྲིད། དེ་རྗེས་ཡུལ་ཁྲིམས་སོ་སོས་བློ་་སེང་གིས་མངོན་ལྐོག་གཉིས་ཀ་བརྒྱུད་ནས་རྩ་འཛུགས་བྱས་པའི་འཇིག་སྐུལ་བ་རྣམས་གཙང་མ་བཟོ་གི་རེད། དེ་འདྲའི་གནས་ཚད་ལ་མ་སླེབས་པ་བྱེད་རྒྱུ་བློ་སེང་གི་ཁེ་བཟང་དང་འོས་འགན་རེད།
བློ་བཟང་སེང་གེས་ Harvard University ནང་སློབ་སྦྱོང་བྱས་རྗེས། ཕྱིར་རྒྱ་གར་ལ་ཡོང་ནས་མི་འབོར་ཁྲི་བཅོ་ལྔ་ཙམ་ལས་མེད་པའི་བཙན་བྱོལ་སྤྱི་ཚོགས་ནང་འཛུལ་ནས། མཐའ་འཁོབ་ཀྱི་མི་ངན་ཚོར་ལྐོག་འབྲེལ་བྱས་ནས་དྲག་སྤྱོད་པ་དང་འཇིག་སྐུལ་བ་ཁག་ཅིག་རྩ་འཛུགས་བྱས་ནས་མི་ངན་དེ་རིགས་རང་གི་ཆབ་སྲིད་ཀྱི་འཚོ་རྟེན་བྱས་ཏེ་བསྡད་ན་མཐའ་མ་སྤྱི་སྒེར་གཉིས་ཀ་གྱོང་ལས་ཁེ་བཟང་མེད་པ་སྔོན་དཔག་ཐུབ་དགོས།
བློ་སེང་གིས་འཇིགས་སྐུལ་བ་སྐྱེད་སྲིང་བྱེད་ངོ་མ་རེད། འོན་ཀྱང་བྱེད་སྟངས་མི་ཤེས་པས་ལམ་འགྲོ་ཅང་ཡོད་རྒྱུ་མ་རེད། མ་ཟད། ད་ནི་མི་མང་རྣམས་བློ་སྟོབས་བརྟན་པོ་འདུག
བློ་བཟང་སེང་གེ་མི་གཅིག་རེད། སྲིད་སྐྱོང་བློ་བཟང་སེང་གེ་བོད་མི་དམངས་ཀྱི་སྲིད་ཀྱི་རྒྱལ་པོ་རེད། ཁོང་ལ་རྒྱབ་སྐྱོར་བྱེད་པ་ནི་བོད་རྒྱལ་ཁབ་ལ་རྒྱབ་སྐྱོར་བྱས་པ་རེད། དེ་ལ་ཁྲག་དོག་དང་ངོ་ལོག་བྱེད་པ་འདི་སུ་ལ་རྒྱབ་སྐྱོར་བྱེད་པ་རེད་དམ་་་་་དྲི་བ་ཡིན་དྲ་གྲོགས་རྣམ་པ་་་་
གངས་སྲས་ལགས། སྲིད་ཀྱི་རྒྱལ་པོ་ཡིན་ན་ཡང་རྩ་ཁྲིམས་ཀྱི་ཁྱབ་འོག་ཏུ་འདུ་དགོས་པ་རེད། གལ་སྲིད་རྒྱལ་ཁབ་ཀྱི་སྲིད་འཛིན་ཁྲིམས་ལ་མི་བརྩི་མཁན་ཞིག་ཡིན་ན་དེ་ལ་ངོ་རྒོལ་བྱེད་དགོས་པ་རེད། དེ་མི་མང་གིས་རང་གི་རྒྱལ་ཁབ་དང་རྩ་ཁྲིམས་སྲུང་སྐྱོབས་བྱེད་སྟངས་ཤིག་རེད་ལ་དེ་ལྟར་བྱེད་རྒྱུའི་འགན་ཁུར་ཡང་ཡོད་པ་རེད། ཁྲིམས་ཀྱིས་སྐྱོང་བའི་ཚོགས་པ་དང་སྒྲིག་འཛུགས་གང་ཡིན་རུང་རྩ་ཁྲིམས་ནི་ཆེས་གོང་ན་མེད་པ་དེ་རེད། དེ་མ་གཏོགས་སྲིད་འཛིན་ཡིན་ཕྱིན་ཆད་རང་སྣང་གང་ཤར་དང་ཁྲིམས་མེད་ལུགས་མེད་བྱེད་ཆོག་པ་ཞིག་ཡིན་ན་རྩ་ཁྲིམས་ཟེར་བ་ཞིག་དགོས་དོན་རྩ་བ་ཉིད་ནས་མེད། རྒྱུ་མཚན་དེའི་དབང་གིས་བོད་ཀྱི་རྩ་ཁྲིམས་དང་ཁྲིམས་ཁང་ལ་ཁྱད་གསོད་བྱེད་པ་ནི་ད་གཟོད་བོད་མི་མང་ལ་ཁྱད་གསོད་བྱས་པ་རེད་ལ། བོད་མི་མང་ལ་ཁྱད་གསོད་བྱས་པ་ནི་བོད་རྒྱལ་ཁབ་ལ་ཁྱད་གསོད་བྱས་པ་རེད།
སྒང་ལེགས་ཡག་པོ་བྲིས་གནང་འདུག་ཐུགས་རྗེ་ཆེ།
ད་བློ་བཟང་སེངགེའི་བཀའ་ཤག་ལ་ལྟ་ཁུངས་འདི་ཁུངས་མེད་པའི་ཡ་མེད་རྒྱལ་རལ་གྱི་ནག་ཚོགས་པ་དཔུང་སྒྲིག་ཆེན་པོ་ཞིག་ཆག་སོང་ད་གང་དྲག
མོན་མགོ་་འདུ་དགུ་གླིང་ཞི་གྲོང་དང་པོའི་རྒྱག་དཔོན་འདས་གྲོང་ཕྱིན་པ་ནས་ཟུང་བློ་བཟང་སེང་གེ་ནག་ཚོགས་པའི་མགོ་དཔོན་ཆེ་ཤོས་དེ་ཡིན་པ་་ད་གསལ་རོ་གསལ་རོ་
འཚུབ་ཐེལ་ལགས་་་་ལན་གནང་བ་ཐུགས་རྗེ་ཆེ་་་མི་མཐོ་དམན་སུ་ཡིན་རུ་རྩ་ཁྲིམས་འོག་སྡོད་དགོས་པ་དང་ག་སྲིད་མ་བསྡད་ན་མི་དམངས་ནས་རྩ་ཁྲིམས་ལ་སྲུང་སྐྱོབས་བྱེད་དགོས་གསུངས་བ་མོས་མཐུན་ཡོད་ལགས། ད་འོ་ན་་མི་རྒན་ཁྲག་དོག་ཅན་་ཆོལ་ཞེན་ཅན་ཁག་གཅིག་ནས་མི་ངན་ཤིག་དང་ཁྱི་སྤྱང་ལག་འབྲེལ་བྱས་ནས་རྩ་ཁྲིམས་ཀྱི་མིང་བྱང་འོག་བོད་བསྟན་པ་ཆབས་་སྲིད་ལ་གནོད་པའི་བྱ་བ་བྱས་ཡོང་དུས་མི་དམངས་ལ་ལས་འགན་ཡོད་དམ་མེད་་་་ལན་གཅིག་གནང་བ་མཁྱེན
སྟག་སྨྱོན་ལགས་་ང་ཚོར་མི་ཡུལ་དུ་གྱར་ནས་ལོ་ངོ་དྲུག་བཅུ་ཙམ་སོང་བའི་ནང་ལོ་ཤས་སྔོན་གཞི་ནས་ཨ་རི་རྒྱལ་ས་ལ་ས་ཁང་ཞིག་ཉོས་ཐུབ་ཙམ་བྱུང་བ་རེད།་་ ད་དེ་ཡང་མི་ཁྱོད་ཚོའི་བློ་ཡུལ་དུ་མི་ཤོང་བ་བར་ཆད་གཏོང་གང་ཐུབ་བྱས་སོང། ད་ངོ་མ་་་་མི་ཁྱོད་ཚོ་ལ་བོད་མི་རིགས་འདི་ལ་ཡ་ང་སྙིང་རྗེ་ཏི་འབྲུ་ཙམ་ཡང་མི་འདུག།
ཆབ་སྲིད་པ་ཞིག་ཡིན་ན་དྲང་མོ་ཞིག་ཡོད་ས་མ་རེད། དྲང་བདེན་ངང་གནས་དགོས་བསམ་ན་དབེན་པའི་རི་ལ་སྡོད་ན་ལེགས། །
གངས་སྲས་ལགས། བོད་མི་མང་ལ་གནོད་པའི་ལས་ཀ་སུས་བྱས་ཡོད་མེད་དང་གཞུང་གི་མཛད་འཕྲིན་ལ་བར་ཆད་བྱས་ཡོད་མེད། སུ་དང་སུ་ཡིས་ཁྱི་སྤྱང་ངན་འབྲེལ་བྱས་ཡོད་མེད་སོགས་ནི་ཁྲིམས་ཁང་གིས་ས་རིས་ཐང་གསལ་བྱས་ཟིན་པ་རེད། ཁྲིམས་ཁང་གིས་སུ་ལ་ནག་ཉེས་ཡོད་པ་ཐག་བཅད་ན་དེ་ལ་ངོ་རྒོལ་བྱེད་རྒྱུའི་འོས་འགན་མི་མང་ཚང་མ་ལ་ཡོད་པ་རེད། ཆབ་སྲིད་ལམ་ལུགས་ཀྱིས་ཐོག་ནས་བཤད་ན་ཆེས་མཐོའི་ཁྲིམས་ཁང་ལས་ལྷག་པའི་ཐག་གཅོད་མཁན་ཞིག་མེད་པ་རེད།
འཚུལ་ཐེབ་ལགས་་་་ཁྱེད་ཀྱི་གསུངས་བའི་ཁྲིམས་ཁང་ཁྲིམས་ཁང་ཟེར་བ་འདི་གང་རེད། ད་འོ་ན་ཁྲིམས་དཔོན་གྱི་མིང་ཁུར་མཁན་མི་སྣ་གསུམ་པོ་དེ་སྟོན་པ་གཙོ་འཁོར་གསུམ་ཨི་རེད་ལགས། དེ་ཡང་སྐུ་ཞབས་སྤེན་པ་ཚེ་རིང་གི་ཕྱག་ལག་གཡས་པ་མིང་ལ་མི་ལ་རང་གཙན་ཟེར་བས་མི་སྣ་འདི་གསུམ་ནི་ཆོལ་ཞེན་ཅན་དང་སྐུ་ཞབས་སྤེན་ཚེས་མཛུ་མོ་གང་གཏོད་ཤར་བྱེད་མཁན་ཡིན་པ་རྒྱ་གྲགས་བོད་གྲགས་བྱས་སོང་བ་་་་འཚུལ་ཐེལ་ལགས་ནས་གོ་ཐོས་ཨི་བྱུང་ལགས་་་་དྲི་བ་ཡིན་་་་
གངས་སྲས་ལགས། སྟོན་པ་གཙོ་འཁོར་གསུམ་མ་གཏོགས་ཁྲིམས་དཔོན་ཏུ་མི་འོས་པ་ཡིན་ན་བཀའ་ཤག་གིས་ཁྲིམས་ཁང་ལ་ཕེབས་ཤོག་ཟེར་ཉེས་ཤོར་བ་རེད། ཡང་ཅིག་བཤད་ན་སུ་དང་གྲོགས་པོ་ཡིན་མིན་མི་ཤེས་མོད། ཁྲིམས་ཁང་དྲང་མ་སོང་ཟེར་ནས་ཅི་ཙམ་བཤད་ན་ཡང་། བཅད་ཁྲའི་དོན་ཚན་གང་ལ་ཡང་སྐྱོན་ཐེར་འདོན་བྱེད་མ་ཐུབ་པ་ནི་དངོས་ཡོད་གནས་ཚུལ་རེད། ད་སྡུག་ཐུག་ནས་ཁྲིམས་དཔོན་སྒེར་ལ་འཇིགས་སྐུལ་དང་དམའ་འབེབ། ཅིག་ཅིག་གཉིས་གཉིས་དང་གྲོགས་པོ་རེད་ཟེར་བ་སོགས། སྤྱི་ཚོགས་དཀྲུག་བྱེད་ཀྱི་གཏམ་འཆལ་བཟོ་བ་ལས་ཅི་ཡང་བྱེད་རྒྱུ་མི་འདུག ཞེན་ཁོག་རིང་ལུགས་པ་འགའ་ཞིག་གིས་ནི་སྲང་ལམ་གྱི་གཏམ་ཡན་ལ་ཡིད་ཆེས་པ་ལས་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་ཡིད་ཆེས་ཀྱི་མི་འདུག དངོས་གནས་སྙིང་རྗེ་བའི་གནས་རེད།
ལགས་སོ་་་བཅད་ཁྲ་དོན་ཚན་ཡོང་རྗོགས་སྡིག་པ་མིག་གཙུམ་ཉག་གཅིག་དང་མི་ལ་རང་བཙན་ནས་ཇི་ལྟར་བཤད་པ་བཞིན་རག་བཟི་སྤེན་ཚེ་ཡི་བཀའ་སྲུང་ཅི་སྒྲུབ་ཞུ་པ་རེད་་་ད་མི་བཤད་་་་དུས་ཚོད་མི་འདུག་་་
གངས་སྲས་ལགས། འདི་དང་འདིའོ་ཞེས་ནོར་བ་ཐེར་འདོན་བྱེད་དགོས་པ་ལས། ནོར་བ་རེད། སྡིག་པ་མིག་བཙུམ་རེད་སོགས་ཟེར་ནས་འུར་བསྡད་པས་ཅི་ཕན། དེ་བླུན་པོ་ཆུ་སྣ་གར་ཁྲིད་དང་སྤྱང་པོ་སྐབས་འཚོལ་རིང་ལུགས་པ་ཁོ་ནས་ལས་ཀ་རེད། གལ་སྲིད་བཀའ་ཤག་ལ་བདེན་པ་ཡོད་ན་བོད་མི་མང་དགོས་རྒྱུ་དེ་རེད། འོན་ཀྱང་དགོས་པ་དང་བདེན་པ་གཉིས་ལས་བདེན་པ་ནུས་ཤུགས་ཆེ་བ་འདི་སུས་ཀྱང་བཅོས་ཐབས་མེད། ད་ནི་མི་འདོད་བཞིན་ཏུ་བདེན་པ་དང་ལེན་མི་བྱེད་མཐུ་མེད་རེད།
བཀའ་ཤག་གི་ཁ་མཆུ་ཨང་20གི་བཅད་ཁྲ་ལ་རྩི་སྲུང་ཞུ་རྒྱུའི་དུས་ཚེས་དེ་སང་ཉིན་ཚེས་27 གི་ཕྱི་དྲོ་ཆུ་ཚོད་4པ་བར་རེད་ལ་བཀའ་ཤག་ནས་དུས་ཚོད་འདིའི་ནང་བཅད་ཁྲ་ལ་རྩི་སྲུང་མ་ཞུས་ན་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་འདམས་བྱ་འདེམས་བྱེད་ཀྱི་ཐོབ་ཐང་འཕྲོག་རྒྱུ་ཡིན་པའི་གསལ་བསྒྲགས་སྔོན་སོང་ལ་ད་ལམ་བཀའ་ཤག་ནས་འགན་འཁུར་ནས་རྩི་སྲུང་ཞུ་དགོས་པ་དེ་མང་གཙོ་དང་ཁྲིམས་ཀྱི་དབང་བསྒྱུར་ལ་འགན་འཁུར་ནས་བཅའ་ཁྲིམས་དོན་ཚན་བཅུ་གསུམ་ནང་གསལ་བའི་བོད་ཀྱི་ཡུལ་མིའི་ལས་འགན་སྒྲུབ་དགོས་པའི་འབོད་བསྐུལ་ཞུ་གི་ཡོད།
ཆོས་བརྒྱུད་སྤྱི་འཐུས་ཟེར་པས་ཁྱི་དམར་འདི་དག་དགོས་ཡ་མི་འདུག བོད་ཀྱི་གྲྭ་བ་ནི་མིའི་ནང་གི་མི་ཐ་མ་དག་དག་རེད་འདུག ཁྱི་དམར་འདི་དག་ཡོད་ས་ལ་ཞི་བདེ་མེད་ལ་མཐུན་འབྲེལ་ཡང་མེད།
འཚུབ་ཐེལ་ལགས། ད་གངས་སྲས་ལགས་ཁག་པོ་བཟོ་བ་མ་གནང་། བློ་སེང་ཁྱི་ཆུ་ལ་མ་ཐར་བ་ལྟ་བུའི་ངང་ཚུལ་ལ་གནས་པའི་སྐབས་འདིར། ཁོ་པའི་རྗེས་འབྲངས་གངས་སྲས་ལྟ་བུ་ཡང་ཐར་ས་མེད་པ་འདི་འདྲ་མ་བཟོ་རོགས་གནོངས།
གཞན། བློ་བཟང་ལགས་ཀྱིས་བྲིས་པའི་མཆན་དེ་ཡང་ཐུགས་བདེན་གསུང་བདེན་ཞུ་རྒྱུ་ཡིན། བསྟན་པའི་ཞབས་འདྲེན་པ་རྣམས་ཐལ་བའི་རྡུལ་དུ་བརློག་དགོས་འདུག
འོ་ཡ་་་དེ་སྔོན་ཉིན་ཤས་རིང་རང་ཉིད་ལས་བྲེལ་གྱི་རྐྱེན་པས་ཁོམས་པ་མ་བྱུང། ད་དེ་རིང་དུས་ཚོད་ཏོག་ཙམ་ཡོད་ཐོག་འདི་ཁྱེད་རྣམ་པའི་སྐད་ཆ་ཚང་མ་ལན་གཅིག་ལྟས་པའི་རྗེས་མི་འདོད་བཞིན་དུ་ལན་འདེབས་ཞིག་དང་གོ་སྐོན་སློབ་གསོ་ཞིག་མི་བྱེད་ཀ་མེད་བྱུང། དེ་ཡང་དངཔོ་འཚུལ་ཐེལ་ལགས་ལ་ཞུ་རྒྱུ་ཡོང་རྫོགས་ཟེར་བའི་དོན་དག་འདི་ལ་དང་པོ་གོ་བ་ཞིག་ཨི་ལོན་སྟོས་ཤིག། དེ་ནས་དྲ གྲོགས་ཁག་གཅིག་ནས་ང་ཚོའི་བླ་མ་དང་གྲྭ་པ་རྣམ་ལ་ཁྱི་དམར་ཟེར་འདོད་པ་དང་བསྟན་པའི་ཞབས་འདྲེན་རེད་ཟེར་བ་སོགས་ཚད་ལས་འདས་པའི་སྐོར་འདེབས་དང་ཟུར་ཟ་བྱས་འདུག། འདི་དག་ནི་བཤད་ས་བུ་མོ་དང་གོ་ས་གནའ་མ་ཟེར་བའི་དཔེ་བཞིན་༧གོང་ས་མཆོག་ལ་ཟུར་ཟ་རེད། དྲང་པོ་བཤད་ན་༧གོང་ས་མཆོག་གི་གཙོས་བོད་ཀྱི་བླ་མ་དང་གྲྭ་པ་སྟོང་གསུམ་ཁ་ལོ་སྒྱུར་བའི་སྐྱེས་མཆོག་ཁོང་རྣམ་ལ་ཁྱོད་ཚོ་དང་ང་ལྟ་བུས་འགྲན་ཡ་འོང་བ་ཞིག་མ་རེད། ཡང་གཅིག་བཤད་ན་་་བདག་ཅག་གི་སྟོན་པའི་ཞལ་ནས་་་་ང་ཡི་རྗེས་འཇུག་ཇི་ལྟར་ཞན་ན་ཡང་། སྐྱེ་བོ་ཕལ་པ་རྒྱ་ཡི་དོ་ཟླ་མིན་་ཞེས་གསུངས། དེ་བརྟེན་་དུས་དེ་རིང་ནས་བཟུངས་་་་རང་ཉིད་ནས་རང་ཆུ་ནང་ལ་མ་མཆོངས་ཤིག།
གངས་སྲས་ལགས། ཁྱེད་རང་ལ་རྒྱུ་མཚན་ཡག་པོ་ཞིག་བཤད་རྒྱུ་ཡོད་ན་ཤོད་ཅིག སྡིག་པ་མིག་བཙུམ་གྱིས་བོད་ཀྱི་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་ཆེད་གསོད་བྱེད་མཁན་ཞིག་གི་རྒྱབ་རྩར་ལང་ན་ཁྱེད་རང་ཡང་ངན་པའི་ལག་རོགས་སུ་གྱུར་བ་རེད། དེ་ལས་འཇམ་ཐིང་ངེར་བཞུགས་ན་མི་ལེགས་སམ། སྐུ་ཚེ་རིང་།
གངས་སྲས་ལགས། སྟོན་པས་ངའི་བསྟན་པ་འདི་སུས་འཇིག་པར་བྱེད་ཅེས་གསུངས་ཡོད་དམ།