བོད་ཀྱི་ས་ཁུལ་བྲག་མགོ་དང། རྔ་པ། གསེར་རྟ། རྒྱལ་རོང་། དཀར་མཛེས་སོགས་ཀྱིས་གཙོས་བོད་ནང་བོད་མི་བརྒྱ་ཕྲག་མང་པོས་ཞི་རྒོལ་བྱེད་སྐབས་རྒྱ་གཞུང་གི་ཉེན་རྟོག་པ་དང་དམག་མིས་གང་བྱུང་མེ་མདའ་བརྒྱབ་སྟེ་བོད་མི་རྐྱེན་འདས་སུ་བཏང་བ་དང་། བོད་མི་མང་པོ་ཞིག་ལ་རྨས་སྐྱོན་ཚབས་ཆེ་ཕོག་སྟེ་ད་ཆ་ཡང་ས་ཁུལ་དེ་དག་ཛ་དྲག་གི་གནས་སྟངས་འོག་ལྷུང་ཡོད་པར་བརྟེན། དབུས་བོད་མིའི་སྒྲིག་འཛུགས་བཀའ་ཤག་གིས་ཕྱི་ལོོ་ ༢༠༡༢ ཟླ་ ༢ ཚེས་ ༨ ལྷག་དཀར་ཉིན་དང་སྟབས་བསྟུན། གཞིས་ལུས་བོད་མི་རྣམས་ལ་སྐྱིད་སྡུག་མཉམ་མྱོང་དང་རྒྱའི་བཙན་གནོན་འོག་དཀའ་སྡུག་མྱངས་དང་མྱོང་བཞིན་པའི་བོད་མི་རྣམས་ལ་གདུང་སེམས་མཉམ་སྐྱེ་མཚོན་ཆེད་གོང་ཚེས་ཉིན་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཡོངས་ནས་ཉིན་བརྒྱ་དུས་གཅིག་ལ་ལས་འགུལ་ཆེད་མཆོད་འབུལ་སྨོན་ལམ་གནང་དགོས་ལུགས་བཀོད་ཁྱབ་ཕེབས་དོན་ལྟར། བཞུགས་སྒར་ཁུལ་དུ་གནས་སྡོད་བོད་མི་སེར་སྐྱ་མི་མང་རྣམས་རང་ལུགས་ན་བཟའ་དང་ཁ་རས་ནག་པོ་གྱོན་ཏེ་ཕྱེད་ཡོལ་ཆུ་ཚོད་ ༣ ནས་ ༥ བར་ཆུ་ཚོད་གཉིས་རིང་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་རྟེན་མཆོག་སྤྱན་སྔར་མཆོད་འབུལ་སྨོན་ལམ་འཚོགས་རྒྱུ་དང། དེ་རྗེས་ཆུ་ཚོད་ ༥།༣༠ ཐོག་གཙུག་ལག་ཁང་ནས་མེག་གྷན་དང་དཔའ་བོའི་རྡོ་རིང་བར་གཞི་རྒྱ་ཆེ་བའི་མར་མེ་ཁྲོམ་སྐོར་གྱི་ལས་འགུལ་སྤེལ་རྒྱུ་ཡིན་འདུག་པ་བཅས།།
དྲ་གྲོགས་ཚོ་མཆོད་འབུལ་སྨོན་ལམ་དང་མར་མེ་ཁྲོམ་སྐོར་གྱིས་བོད་ནང་མེར་བསྲེགས་ལས་འགུལ་གྱི་སྐྱིད་སྡུག་མཉམ་མྱོང་བྱས་ཐུབ་སོང་ནི་ཨེ་རེད།
བཙན་བྱོལ་གཞུང་གི་སྲིད་སྐོང་བ་རྣམ་པ་ཤུགས་རྒྱག་རོགས། ཐོག་མར་བཀའ་ཤག་ཏུ་མ་སླེབས་གོང་གི་དམ་བཅའ་དེ་དག་་ནམ་ཡང་མི་རྗེད་པར་ཤུགས་རྒྱག་རོགས། ཐོག་མར་ཡང་རེ་བ་བརྒྱབ་ཏེ་རང་དབང་མང་གཙོའི་ཐོབ་ཐང་ལོངས་སུ་སྤྱད་དེ་འོས་ཤོག་་འཕངས་པ་ཡིན། ད་དུང་དུས་ཚོད་ངེས་ཅན་ཞིག་ལ་རེ་བ་རྒྱག་གི་ཡིན། སྲིད་སྐྱོང་ལགས། ཆོས་དད་ཆེན་པོ་ཡིན། ང་ཚོའི་ཤེས་ཀྱི་ཡོད། སྐུ་ཉིད་ཐོག་མར་གྲོས་ཚོགས་ནང་ཕེབས་སྐབས་འཕྲེང་བ་ཕྱག་ཏུ་ཐོགས། ཞལ་ནས་མཎི་སྒྲེང་བཞིན། སྙན་གྱིས་གྲོས་ཚོགས་ཀྱི་གཏམ་བཤད་ཁག་ལ་གསན། མཐར་ཚིག་དོན་ཕུན་སུམ་ཚོགས་པའི་བཀའ་ཤག་གིས་ལས་བསྡོམས་ཤོག་ལེབ་གཅིག་ལྗགས་ཀློག་གནང་པ་ཡང་དྲན་སོས་ཀྱི་ཡོད། ཉམས་མྱོང་རིམ་བསག་གི་ཤུགས་རྒྱག་རོགས་གནང་།
སང་ཉིན་ངེས་པར་དུ་བོད་ཆས་གྱོན་ནས་མ་གཏོགས་འགྲོ་ཆོག་གི་མ་རེད་ཟེར་གྱི་འདུག བོད་ཆས་མེད་མཁན་མང་པོ་ཞིག་ཡོད་ངེས་པས་གང་དྲག
རྒྱ་ནག་སྲིད་གཞུང་གིས་དཔོན་ངན་དེ་དག་གིས་བྱེས་བཅར་བོད་མི་དག་གིས་ཉི་མ་ཤར་ཚུལ་ལས་ཀ་འདི་ལས་བྱེད་མི་ཐུབ་པ་ཤེས་ཀྱི་ཡོད་པ་རེད། དངོས་ནས་སེམས་པ་སྐྱོ་ཡི་འདུག གཞིས་ལུས་བོད་མིའི་མནར་གཅོད་ཀྱི་གནས་སྟངས་དེ་དག་དྲན་དུས། ཤུ་་་
སྤྱི་ཡོངས་གི་ཆ་ནས་བཤད་ན་སང་ཉིན་གི་ལས་འགུལ་དེ་གལ་ཆེན་ནང་གི་དོན་ཆེན་རེད། ཡིན་ཡང་ལས་འགུལ་སྤེལ་སྟངས་གི་སྒོ་ནས་ལྟས་ན་འཁྲབ་སྟོན་རེད་ ད་དུང་རྒྱ་ནག་གི་གཤིན་ཆོག་སྲོལ་རྒྱུན་ལྟར་རས་ནག་ཞིག་གི་གདོང་གཡོག་ནས་ཞལ་འདོན་སྐྱོར་བ་དེ་རེད། ངོ་རྒོལ་མིན་པ་གསལ་པོ་རེད་ དེ་སོང་ཙང་ང་ཡང་སང་ཉིན་གི་འཁྲབ་སྟོན་ལ་རྒྱབ་སྐྱོར་མེད།