གཅན་བཟོད་རྒྱམ་གྱིས་ཕབ་བཤུ་བྱས་ཏེ་བསྐུར་བ།
———————————————
(ཐོག་མའི་གསལ་བཤད།
གསུང་བཤད་འདི་ནི་སྐབས་བཅོ་ལྔ་བའི་བོད་མི་མང་སྤྱི་འཐུས་གྲོས་ཚོགས་ཀྱི་ཉིན་ཐ་མའི་ཉིན། བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་མཆོག་གིས་ཐེངས་འདིའི་བོད་རྒྱལ་ཡོངས་ཚོགས་ཆེན་དང་བཅའ་ཁྲིམས་བསྐྱར་བཅོས་སྐོར་གྱི་བགྲོ་གླེང་གང་གནང་དང་། བོད་གཞུང་དང་བོད་མིའི་སྒྲིག་འཛུགས་སོགས་ཀྱི་ཐ་སྙད་འགར་བཅོས་བསྒྱུར་གང་བྱས་ཀྱི་ཐད་དུ་ཕྱིའི་དྲ་རྒྱ་དང་གསར་ཤོག་སོགས་རྒྱུ་ལམ་ཁག་ཏུ་སྐད་ཆ་འདྲ་མིན་ཡོང་བཞིན་པའི་ཐད་ལ་བསྐྱར་དུ་གསལ་བཤད་གནང་བའི་སྐོར། གུས་པས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་དྲ་བརྙན་ནས་ཐད་གཏོང་སྐབས་སྒྲ་བླངས་ཏེ་ཡི་གེར་ཕབས་པ་ཡིན་མོད། སྐབས་རེ་གཉིས་སུ་སྒྲ་གསལ་མིན་གྱི་དབང་གིས་ཚིག་གཅིག་གཉིས་རེ་ཆད་ནོར་བྱུང་ཡོད་ན་ལས། གཞན་ཁ ཚང་བ་ཞིག་དང་ཞིན་ཚགས་སུ་ཕབས་པའི་ཁུལ་ཡིན་ལགས་ན། འདིས་ཀྱང་བོད་མི་རིགས་དང་བོད་དོན་ལ་ཐུགས་འཁུར་ཆེར་བཞེས་གནང་མཁན་ཚོར་ཕན་པར་གྱུར་ཅིག)
གསུང་བཤད་དངོས་གཞི།
མཆོག་ཏུ་བཀུར་བར་འོས་པའི་དཔལ་ལྡན་ཚོགས་གཙོ་མཆོག ཁ་སང་ཐོག་མ་ཚོགས་དྲུང་ལས་ཁུངས་ནས། སྐབས་བཅོ་ལྔ་བའི་ཚོགས་དུས་དང་པོའི་ཐོག་ལ། བཀའ་ཤག་གི་གྲོས་འཆར་(ཞུ་ཁྱབ་)ག་རེ་ཡོད་ཅེས་བཀའ་ཕེབས་པའི་སླབས་སུ། འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཤིག་ཞུ་བ་མ་གཏོགས་གཞན་པ་ཅང་མེད་ཅེས་ཞུས་པ་རེད། དེའི་རྗེས་ལ་ད་ལྟ་ཚོགས་གཙོ་མཆོག་གིས་བཀའ་གནང་བ་ཇི་བཞིན་གསལ་བཤད་བྱེད་རྒྱུ་གོ་སྐབས་འདི་གནང་བྱུང་། དེའི་སྟབས་ཀྱིས། དགའ་བོའི་ངང་ནས་དང་ལེན་ཞུས་པ་ཡིན། གསལ་བཤད་ཞུ་ཡ་ལ། སྐབས་བཅོ་ལྔ་བའི་སྤྱི་འཐུས་རྣམ་པས་དམ་འབུལ་ལ་བཀྲ་ཤིས་བདེ་ལེགས་ཞུ་བའི་སྐབས་ལ། དཔལ་ལྡན་ཚོགས་གཙོ་མཆོག་དང་། ཚོགས་གཙོ་གཞོན་པ་ལ་མ་གཏོགས་འཚམས་འདྲི་ཞུས་མེད། གང་ཡིན་ཟེར་ན། གྲོས་ཚོགས་ནང་ལ་ཕེབས་པ་དེ་འཚམས་འདྲི་མཉམ་དུ་ཞུས། ཚོགས་གཙོ་དང་ཚོགས་གཙོ་གཞོན་པ་ལ་ཕེབས་པ་དེ་ཉི་མ་གཅིག་གི་མཛད་རིམ་རྗེས་ནས། དེའི་རྗེས་ལ་བསྐྱར་དུ་འཚམས་འདྲི་ཞུ་ན་བསམ་ནས་དེ་རིང་བར་དུ་ལྷག་པའི་གནས་སྟངས་དེ་འདྲ་ཡིན།
བཀུར་འོས་པའི་ཚོགས་གཙོ་མཆོག འདས་པའི་ལོ་གཉིས་དང་ཕྱེད་ཀའི་རིང་ལ། དེའི་རིང་ལ་གྲོས་ཚོགས་ཀྱི་ནང་ལ་གལ་འགངས་ཆེན་པོ། རྙོག་འཛིངས་ཚ་བོ། དེ་འདྲའི་ལས་དོན་མང་པོ་ཞིག་བྱུང་བ་རེད་དེ། དེ་དག་ཚོགས་གཙོས་བཏང་འཛིན་དང་། ལྷག་པར་དུ་ཁྲིམས་བཟོའི་ལས་དོན་གྱི་སྐོར་ལ་ཁ་ལོ་བསྒྱུར་སྟངས་དེ་དག ཧ་ཅང་ཡག་པོ། དེའི་ཐོག་ལ་བརྩོན་འགྲུས་གནང་ནས། སྡུག་རིས་བསྐྱོན་བྱས་ནས་མཐར་སྐྱེལ་གནང་ཐུབ་པ་དེ་འདྲ་བྱུང་སོང་། དེ་ནས་དེ་རིང་བསྐྱར་དུ་སྐབས་བཅོ་ལྔ་བའི་ཚོགས་གཙོ་ལ། མང་མོའི་ཐོག་ནས་འདེམས་ཐོན་བྱུང་བ་དེ། ང་དང་ངའི་ལས་རོགས་བཀའ་བློན་ཡོངས་སུ་རྫོགས་པས་དགའ་སེམས་འཁོལ་བའི་ངང་ནས་འཚམས་འདྲི་ཞུས་པ་དང་། ཚོགས་གཙོའི་ཕྱག་ལས། ཁ་སང་ཚོགས་འདུ་དབུ་འབྱེད་ཀྱི་ཐོག་ལ་གསུངས་པ་བཞིན། གྲོས་ཚོགས་ཀྱི་བགྲོ་གླེང་དང་། ཁྲིམས་བཟོའི་ལས་དོན་གྱི་གནས་རིམ་མཐོ་བོར་སླེབས་ཐུབ་པའི་རེ་བ་དང་སྨོན་ལམ་ཞུ་གི་ཡོད།
དེ་དང་ཆབས་ཅིག་ཏུ། དཔལ་ལྡན་ཚོགས་གཚོ་གཞོན་པ་མཆོག་ལའང་ཁ་སང་ང་ཚོའི་ཚོགས་ཐེངས་ཤིག་གི་བཏང་འཛིན་གནས་པྱོགས་བསྡད་རྒྱུའི་གོ་སྐབས་བྱུང་བ་རེད། ཧ་ཅང་ཚགས་ཚུད་པོ་དང་། ཐུགས་ཐག་ཡངས་པོའི་ཐོག་ནས། གྲོས་ཚོགས་ཀྱི་འགྲོ་སྟངས་དང་མཐུན་པའི་བཏང་འཛིན་དེ་འདྲ་གནང་སོང་། དེ་འདྲ་ཡིན་སྟབས། སློབ་སྦྱོང་གི་ཡོན་ཏན་དེ་ཡང་གདམས་ཁ་མ་ནོར་བ་དང་། ཚད་དང་ལྡན་བྱུང་འདུག་བསམ་པའི་འདོད་བློ་ཁེང་བ་ཞིག་བྱུང་སོང་། དེའི་སྟབས་ཀྱིས་ཚོགས་གཙོ་གཞོན་པ་མཆོག་ལའང་སྙིང་ཐག་པ་ནས་འཚམས་འདྲི་དང་མཛད་རིམ་ལམ་སློང་ཡོང་བའི་སྨོན་འདུན་ཞུ་བ་དེ་མཚུངས་ཡིན།
ད་རེབ། བྱུང་རབས་ཀྱི་འགྱུར་མཚམས་ཆེན་པོ་ཞིག་གི་སྐབས་ལ་ཡ། སྐབས་བཅུ་བཞི་བའི་སྤྱི་འཐུས་རྣམ་པ་ཚོས། ཡ་ཡུན་རྫོགས་ལ་ཉེ་བའི་སྐབས་ལ། བཅའ་ཁྲིམས་བསྐྱར་བཅོས་ཀྱི་ཕྱག་ལས་ལམ་སློང་བྱས་ནས་གནང་ཐུབ་པ་དེ། གཟི་བརྗིད་དང་ལྡན་པ་དང། དགའ་སྤྲོ་ཞུ་འོས་པ་ཞིག་རེད་བསམ་གི་ཡོད། གཞིས་བཞུགས་བོད་མི་མཁྱེན་ལྡན་ཚོའི་ནང་ནའང་། ད་རེས་ཀྱི་འདི་ཡག་པོ་ཞེ་དྲག་བྱུང་སོང་ཟེར་ནས་བཀའ་ལན་གནང་མཁན་རབ་དང་རིམ་པ་བྱུང་སོང་། དེ་འདྲ་སོང་བ་ཡིན་ཙང་། ཁྱོན་ཡོངས་ཀྱི་ཆ་ནས། ད་རེས་ཀྱི་ཕྱག་ལས་དེ་ཡག་པོ་ཞེ་དྲག་བྱུང་བ་ཞིག་ལ་འཛིན་སྐྱོང་གི་ངོས་ནས་ངོས་འཛིན་ཞུ་གི་ཡོད། ཡིན་པ་ཡིན་ནའང་། ཕྱག་ལས་ཡག་པོ་དང་། བྱུང་རབས་ཀྱི་དོན་སྙིང་ལྡན་པའི་གནས་ཚུལ་གང་འདྲ་ཞིག་ཡིན་པ་ཡིན་ནའང་། འགྱུར་བ་ཞིག་དང་། གསར་གཏོང་ཞིག་དང། གསར་བསྒྱུར་ཞིག་ག་དུས་བྱུང་བ་ཡིན་ནའང་། དེ་ལ་སྡེ་ཚན་ཞིག་གིས་འདོད་པ་མ་ཁེང་བ་དང་། དེ་འགྲིག་མི་འདིག་ཟེར་ནས་ལབ་པ་དེ། བོད་པའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཅང་མ་རེད། འཇིག་རྟེན་སྤྱིའི་འགྲོ་འདྲ་བོ་ཞིག་རེད། དེ་འདྲ་ཡིན་དུས་ང་ཚོས་དེ་ལ་ཧ་ལས་དགོས་པ་དང་། ཧང་སངས་དགོས་པའི་གནས་ཚུལ་དེ་འདྲ་ཅང་མཐོང་གི་མེད། ད་ལྟ་བདུན་ཕྲག་ཁ་ཤོས་ཤིག་གི་རིང་ལ་ཡ། འགན་འཁུར་མི་དགོས་པའི་ཐོག་ནས། དྲ་རྒྱ་དང་བརྒྱུད་ལམ་ཁག་གི་ནང་ལ། དགའ་རབ་ཅིག་བྱུང་མདོག་ཁ་བོ་རེད། ཡང་ཁོ་ཡོང་མཚམས་ཞིག་ལ་ཡ། རྒྱུ་མ་ཕུད་ཤོར་བའི་སྲོལ་འདྲ་བོ་བྱས་ནས། ཁོ་རང་བཞིན་གྱིས་འཇའ་ཡལ་འགྲོ་བ་ཞིག་རེད། དེའི་ཐོག་ནས། གནས་ཚུལ་ཆེན་པོ་ཞིག་ཆགས་ཀི་ཡོད་པ། འཛིན་སྐྱོང་གི་ངོས་ནས་མཐོང་གི་མེད་ཞུས་པ་ཡིན། ཡིན་པ་ཡིན་ནའང་། མང་ཚོགས་ཀྱི་ནང་དང་། ལྷག་པར་དུ་བརྒྱུད་ལམ་གྱི་ནང་ལ། དངོས་ཡོད་གནས་ཚུལ་རྩ་བ་ནས་མ་ཡིན་པའི་གཞི་རྩ་མེད་པའི་ཁ་བསྙེད་དང་ཚིག་དེ་འདྲ་མང་པོ་བེད་སྤྱོད་བཏང་ནས། མི་མང་ལ་མགོ་སྐོར་གཏོང་བ་དང་། མི་མང་གི་མགོ་བོ་རྨོངས་སུ་འཇུག་པ་དེ། གནས་ཚུལ་མང་པོ་ཞིག་བྱུང་བསྡད་ཀིན་འདུག རེ་བ་ཞུ་ཡ་ལ། དེ་ཚོ་བསམ་བཞིན་དུ་རྣམ་པར་མིན་པ་ཞིག་ལ་ཡ་རེ་བ་ཞུ་གི་ཡོད། ཁོ་སོ་སོས་དབུ་མ་ཚོས་པ་བྱས་ནས། དེ་འདྲ་བྱས་པ་ཞིག་ལ་རེ་བ་ཞུ་གི་ཡོད་མ་གཏོགས། བསམ་བཞིན་དུ། ཤེས་བཞིན་དུ་དེ་འདྲའི་བཀའ་གནས་བ་ཞིག་ལ་ངོས་འཛིན་ཞུ་གི་མེད། གནས་ཚུལ་ཧ་ཅང་མང་པོ་རེད། གློག་འཕྲིན་གྱི་བརྒྱུད་ལམ་དང་། པར་སྐྲུན་གྱི་བརྒྱུད་ལམ། དེ་ནང་བཞིན་སྲང་ལམ་བར་གི་བཀའ་མོལ་མང་པོ་ཞིག་གི་ནང་ལ་གནས་ཚུལ་ཞེ་དྲག་མང་པོ་ཡོང་བ་ཡིན་ཙང། ཚང་མར་དོ་སྣང་བྱེད་པ་དང་།་ཚང་མར་དོ་སྣང་བྱེད་དགོས་པ་གཉིས་ཀ་མེད་པའི་བཟོ་འདྲ་ཞིག་རེད་འདུག ཡིན་ནའང་གནད་འགག་ཆེ་བ་ཁ་ཤོས་ཤིག་གིས་ད་རེས་ཀྱི་གོ་སྐབས་འདི་བླངས་ནས། དཔལ་ལྡན་ཚོགས་གཙོ་མཆོག སྙན་གསེང་ཞུ་བའི་འདོད་པ་བྱུང་སོང་། སྙན་གྲགས་ཡོད་པའོ་བརྒྱུད་ལམ་ཁ་ཤོས་ཀྱི་ནང་ལ། བཅའ་ཁྲིམས་གསར་པོ་ཟེར་ནས་གསུང་གི་འདུག ཉི་ཤུ་དགུ་ནས་བཅའ་ཁྲིམས་གསར་པ་གཏན་འབེལ་བྱས་པ་རེད་ཟེར་ནས། ད་བཅའ་ཁྲིམས་གསར་པའི་འོག་ལ་ཡ། ཅིག་ཅིག་ཅིག་གནང་གི་ཡོད་པ་ཟེར་ནས། དེ་ངོ་མས་མི་ཕལ་ཞིག་གིས་ཡིན་ནའང་མགོ་ཚོས་ཡ་ཞིག་གི་གནང་སྟངས་རེད། ང་ཚོས་བཅའ་ཁྲིམས་གསར་པ་ཞིག་དུས་ནམ་ཡང་བཟོས་ཡོད་པ་མ་རེད། བཟོ་བའི་དགོངས་གཞི་ཡང་ཡོད་པ་མ་རེད། ༡༩༩༡ ལོ་ལ། སྐབས་བཅུ་བཞི་བའི་བོད་མི་མང་སྤྱི་འཐུས་ཀྱིས་གཏན་ལ་ཕབས་པའི་བཅའ་ཁྲིམས་དེ་ག་རང་། བཅའ་ཁྲིམས་དེ་གའི་ལེའུ་བཅུ་བཞི་པའི་ཆ་རྐྱེན་ཁག་གི་འོག་ལ། ཁྲིམས་དང་འགྲོ་ལུགས་དང་མཐུན་པ་བྱས་ནས། བསྐྱར་བཅོས་གནང་བ་ཞིག་རེད། དེ་འདྲ་ཡིན་དུས་བསྐྱར་བཅོས་གནང་བའི་བཅའ་ཁྲིམས་དེ་གསར་པ་ཆགས་པ་མིན་པ་དེ། གསར་འགོད་པ་ཞིག་ཡིན་ན་མཁྱེན་དགོས་པ་ཞིག་རེད་བསམ་གི་འདུག དེ་འདྲ་མིན་པ་ཡིན་ན། ད་རེས་ཀྱི་ང་ཚོའི་འདི་བཅའ་ཁྲིམས་༢༦ པ་དེ་ཆགས་དགོས་པ་རེད། དེའི་སྔོན་པ་བཅའ་ཁྲིམས་༢༤ དེ་ཕྱིན་ཚར་བ་རེད། དེ་རེས་ཀྱི་འདི་བཅའ་ཁྲིམས་༢༥ བ་དེ་ཕྱིན་པ་རེད། དེ་བས་བཅའ་ཁྲིམས་༢༥ དང་༢༦ པ་དེ་ཆགས་འགྲོ་དགོས་པ་རེད། ད་དེའི་བར་དུ་བཅའ་ཁྲིམས་རིམ་པ་མང་པོ་ཞེ་བོ་ཞིག་ཕྱིན་ཚར་བའི་གནས་སྟངས་ཡོང་དགོས་པ་འདྲ་བོ་ཞིག་རེད། དེ་འདྲ་རྩ་བ་ནས་མ་རེད་ཅེས་ནས། དེ་ནན་པོ་བྱས་ནས་ཞུས་ན་མ་གཏོགས། ང་ཚོས་ཧ་ལམ། རྙིང་པ་ག་རེ་ཡོད་པ་དེ་ཟུར་ལ་བཞག་ནས། ཚང་མ་གསར་པ་ཞིག་བསྣམས་ཕེབས་པ་ཡིན་པའི་རྣམ་འགྱུར་ཞིག་བསྟན་ཡ་གི་ཐབས་ཤེས་ཡོད་རྒུ་རྩལ་སྤྲུགས་གནང་བ་དེ། གཅིག་བྱས་ན་དོགས་ཟོན་གནང་དགོས་པའི་གཞི་ཞིག་ཆགས་ཀི་ཡོད་པ་རེད་ཟེར་གི་ཡོད།
དོན་ཚན་གཉིས་པ་ལ། བཙན་བྱོལ་བོད་གཞུང་ཕྱིར་བསྡུ་གནང་བ་རེད་ཟེར་བ་དང་། བོད་གཞུང་ཕྱིར་བསྡུ་གནང་བ་རེད་ཟེར་ནས་དེ་འདྲ་ངག་ནས་ཡང་དེ་འདྲ་གསུང་གི་འདུག བརྒྱུད་ལམ་ཁག་གི་ནང་དུའང་ཐོན་བསྡད་ཀི་འདུག
༥༩ ལོ་ལ། བོད་ཀྱི་རྒྱལ་ས་ལྷ་ས་ནས། གཡུལ་རྒྱལ་ལྷུན་རྩེ་རྫོང་ལ་གནས་སྤོས་གནང་བའི་དགའ་ལྡན་ཕོ་བྱང་གི་གཞུང་། དེ་གས་མུ་མཐུད་ནས་རྒྱ་གར་ནང་ལ་བསྐྱར་དུ་བཀོད་སྒྲིག་གནང་བའི་བཙན་བྱོལ་བོད་གཞུང་། འདས་པའི་ལོ་༥༢ ཀྱི་རིང་ལ། མང་གཙོའི་ཚད་རིམ་ཚད་དང་ལྡན་པ་ཞིག་གི་ཐོག་ནས། བཅའ་ཁྲིམས་དང་ལྡན་པའི་མང་གཙོའི་གཞུང་། ཁྲིམས་ལུགས་དབང་འཛིན། ཁྲིམས་འཛིན་ཚོགས་པ། འཛིན་སྐྱོང་དབང་འཛིན། དབང་ཚད་ཁྱབ་ཚད་དང་། ལྗིད་ཉམས་བཏང་འཛིན་གྱི་ཆ་རྐྱེན་ཡོངས་སུ་རྫོགས་པ་ཡོད་པའི་མང་གཙོའི་གཞུང་ཆ་ཚང་བ། ༡༦༤༢ ནས་བཟུང་སྟེ་ད་བར་དུ་རྒྱུད་པ་བར་མ་ཆད་པའི་བོད་ཀྱི་ཁྲིམས་མཐུན་གྱི་གཞུང་དེ་འཁྱུར་གནང་ཡོད་པ་མ་རེད།
ག་རེ་ཕྱིར་བསྡུ་གནང་ཡོད་པ་རེད། ཚོགས་མི་༤༣ ལས་གྲུབ་པའི་སྤྱི་འཐུས་ལྷན་ཚོགས་ཞལ་ཁྲ་རིལ་ལེར་འདིར་བཞུགས་བཞིན་པ་རེད། ཁྲིམས་དོན་གྱི་ཕྱག་ལས་གནང་བཞིན་པ་རེད། དེའི་ནང་ནས་མི་གཅིག་ཉུང་དུ་བཏང་ཡོད་པ་མ་རེད། ཕྱག་ལས་གནང་ཕྱོགས་ཀྱི་ལམ་སྲོལ་ཐོག་ལ་སྤུ་རྩེ་ཙམ་ཡང་འགྱུར་བ་བཏང་ཡོད་པ་མ་རེད།
ཚོགས་དུས་དང་པོ་འཚོགས་གནང་གིན་ཡོད་པ་རེད། ཚོགས་དུས་གཉིས་པའི་སྐབས་ལ་འདི་དང་འདི་གནང་གི་ཡིན་ཟེར་ནས་འཆར་གཞི་སྒྲིག་གནང་གི་ཡོད་པ་རེད། འཆར་འགོད་ལྷན་ཚོགས་ཀྱི་ཐོག་ལ་ཡང་ཆ་ཤོས་ཙམ་ཞིག ཟུར་ཙམ་ཞིག་ཀྱང་ཡར་རྒྱས་འགྲོ་བ་མ་གཏོགས། ཕྱིར་བསྡུ་བྱེད་པ་དང་འགྱུར་བ་བཏང་ཡའི་གནས་སྟངས་མེད་པ་ཞིག་རེད།
འཛིན་སྐྱོང་ལ་ཆ་མཚོན་པ་ཡིན་ན། གསར་སྐྲུན་དང་ཡར་ཐོན་གཅིག་པུས་ཐོག་ནས། འཛིན་སྐྱོང་གི་དབུ་ཁྲིད་སྔར་ལས་ལྷག་པའི་མང་ཚོགས་ཀྱིས་དོ་སྣང་བྱས་པའི་ཐོག་ནས། འོས་བསྡུ་བྱས་ཏེ།
སྐབས་གསུམ་པའི་བཀའ་ཁྲི་འོས་ཐོན་པ། དཀྱིལ་འཁོར་འདིའི་ནང་དུ་ཡོད་བཞིན་པ་ཞིག་རེད། རིང་བོ་མི་ཐོག་པར་ལས་དོན་ཐུགས་འགན་བཞེས་རྒྱུ་རེད། ལས་དོན་ཐུགས་འགན་བཞེས་ཕྱོགས། ལས་དོན་གནང་ཕྱོགས། སྐུའི་དབང་ཚད། སྔན་མ་ལས་ཆེ་རུ་ཕྱིན་ཡོད་པ་རེད་མ་གཏོགས། སྣ་ཁ་གཅིག་ཆུང་དུ་བྱིན་ཡོད་པ་མ་རེད། བསྡུས་ཡོད་པ་མ་རེད། འགྱུར་བ་བཏང་ཡོད་པ་མ་རེད། ཁྲིམས་ལུགས་དབང་ལ་ཆ་མཚོན་པ་ཡིན་ན། སྔན་མ་གང་ཡོད་པའི་ཐོག་ལ། ད་དུང་༸གོང་ས་སྐྱབས་མགོན་ཆེན་པོའི་རྒྱལ་ཁབ་ཀྱི་དབུ་ཁྲིད་ཀྱི་མཚན་ཐོག་ནས་གནང་དགོས་པའི་ཕྱག་ལས་མང་པོ་ཞིག་དང་། ལས་དོན་མང་པོ་ཞིག་བྱུང་བར་གསལ་བསྡད་ཡོད་པ་རེད། དེ་ཚོ་ཕྱག་ལས་གནང་དང་གནང་བཞིན་པ་རེད། འབྱུང་འགྱུར་ད་དུང་ཡར་རྒྱས་འགྲོ་རྒྱུ་དང་། ལྷག་པར་དུ་ཡང་། ཕྱི་ལོ་ ༢༠༡༡ ལོ་ནས་རྒྱ་བལ་འབྲུག་གསུམ་གྱི་ནང་ལ་། བོད་མིའི་གནས་ཡུལ་ཡོངས་སུ་རྫོགས་པ་ལ། བཙན་བྱོལ་བོད་མིའི་ཁྲིམས་མཐུན་གྱི་ཐོག་ལ་ཟབ་སྦྱོང་གནང་རྒྱུ་དང་། ཁྲིམས་རྩོད་པ་གསར་པ་ཐོན་རྒྱུའི་ལས་གཞི་རྒྱ་ཆེ་ཐག་ཆོས་ཤིག་རྩོམ་གནང་བཞིན་ཡོད། མང་གཙོའི་ཀ་བ་གསུམ་པོ་འདིའི་གནས་བབ་ལ་འགྱུར་བ་སྤུ་ཙམ་མེད་པ་དང་། ཡར་རྒྱས་ཀྱི་གོམ་ཚད་རྒྱག་བཞིན་པ། འདི་ཡོད་ཀི་ཡོད་ཀི་ལའང་། བཙན་བྱོལ་བོད་གཞུང་ཕྱིར་བསྡུ་གནང་བ་རེད་ཅེས་ནས། བཀའ་མོལ་འདུ་འདྲ་གནང་བ་དེ། འདྲོག་དགོས་པ་ཞིག་དང་། ག་རེ་བྱས་ནས་གསུང་དགོས་པ་ཡིན་ནམ་བསམ་པ། རང་བཞིན་གྱིས་མ་དྲན་ཐབས་མེད་ཅིག ཆགས་པ་ཞིག་ཡོང་སྡོད་ཀྱི་འདུག དེའི་སྟབས་ཀྱིས་ད་རེབ་ཀྱི་གྲོས་ཚོགས་ཀྱི་དཀྱིལ་འཁོར་འདིའི་ནང་ལ། བཙན་བྱོལ་བོད་གཞུང་གི་མང་གཙོ་ཀ་བ་གསུམ་གྱི་ཁྲིམས་མཐུན་གྱི་སྒྲིག་འཛུགས། བཅའ་ཁྲིམས་རིན་པོ་ཆེའི་དགོངས་དོན་གང་ཡོད་པ་དེ་དག་གྲ་མ་ཉམས་པར་གྲུ་མ་ཞིག་པར་ཡོད་པ་མ་གཏོགས་ཕྱིར་བསྡུ་བྱས་མེད་ཅེས་ངས་བཀའ་བློན་ཁྲི་བའི་འགན་འཁུར་ཡོད་པའི་ཐོག་ནས་ཚིག་ཐག་ཆོད་པོས་སྙན་གསེང་ཞུས་པ་ཡིན།
འགྱུར་བ་ག་རེ་བྱིན་པ་རེད་གསུངས་པ་ཡིན་ན། ཐ་སྙད་ལ་འགྱུར་བ་བྱིན་པ་རེད། ཐ་སྙད་ལ་འགྱུར་བ་བྱིན་པ་དེ་ཡང་ད་རེབ་གསར་པ་བྱིན་པ་ཞིག་གང་ཡང་མ་རེད། ༡༩༥༩ ལོ་ལ། ༸གོང་ས་སྐྱབས་མགོན་ཆེན་པོས་དབུ་ཁྲིད་པའི་བཙན་བྱོལ་བོད་གཞུང་གི་བཀའ་ཤག་དེ་རྒྱ་གར་ཕེབས་པའི་ཉིན་མོ་དེ་ནས། གནས་ཚང་རྒྱ་གར་གཞུང་དང་མོས་མཐུན་བྱུང་བའི་མིང་ཚིག་ཅིག་ཡོད་པ་རེད། “དབུས་བོད་མིའི་སྒྲིག་འཛུགས། ” ཡང་མིན་ན་ “དབུས་བོད་མིའི་འཛིན་སྐྱོང་”ཟེར་བ་ཞིག Central Tibetan Administration ཟེར་བའི་མིང་ཞིག་ཡོད་པ་རེད། དེ་མིང་དེ་ང་ཚོས་དབྱིན་ཇིའི་ཐོག་ལ་༥༩ ལོ་ནས་ད་ལྟ་བར་དུ་འགྱུར་བ་མེད་པར་བེད་སྤྱོད་གཏོང་བཞིན་པའི་མིང་ཞིག་རེད། ཡིན་ནའང་མིང་དེ་བོད་སྐད་ལ་བསྒྱུས་ནས་བོད་སྐད་ལ་ཏག་ཏག་ཅིག་བེད་སྤྱོད་གཏོང་གི་ཡོད་པ་མ་རེད། བོད་སྐད་ནང་ལ་བཙན་བྱོལ་བོད་གཞུང་ཟེར་བའི་ཚིག་དེ་བེད་སྤྱོད་གཏོང་གི་ཡོད་པ་རེད། བཙམ་བྱོལ་བོད་གཞུང་ཟེར་བའི་ཚིག་དེ་བེད་སྤྱོད་བཏོང་གི་ཡོད་པའི་རྒྱུ་མཚན་ལ་བརྟེན་ནས། དེའི་དབྱིན་ཇིའི་འགྱུར་ཇི་མ་ཇི་བཞིན་བྲིས་པ་ཡིན་ན། Tibetan Government in exile དེ་བྲིས་གནང་དགོས་ཀི་ཡོད་པ་རེད། མཚམས་རེར་དེ་བྲིས་ནས་ཕན་ཐོག་འདྲ་མེད་འགྲོ་དགོངས་མཁན་དེ་ཚོས། སྔན་མ་ཚར་མང་པོར་ཚོད་ལྟ་ཡང་གནང་བ་རེད།
ངས་དཔེ་མཚོན་འདྲ་བོ་གཅིག་ཞུས་པ་ཡིན་ན། ཚིག་དེ་བེད་སྤྱོད་གནང་བའི་ཐབས་ཤེས་གནང་བ་ལ་བརྟེན་ནས། སྤྱི་འཐུས་ལྷན་ཚོགས་དང་། (གོ་མ་སོང་)foundation གཉིས་མཉམ་རུབ་ཀྱི་ལས་དོན་ཐོག་ལ། ཐ་མའི་མཇུག་འབྲས་ག་རེ་བྱུང་སོང་། དེ་སྤྱི་འཐུས་རྣམ་པ་ཚང་མས་མཁྱེན་བཞིན་པ་རེད་བསམ་གི་ཡོད།
ད་ལྟའི་གནས་སྐབས་ལ་བོད་ཀྱི་གྲོས་ཚོགས་དང་སྲི་ཞི་ཉམས་ཞིབ་ཁང་གི་འགྲོ་སོང་སྔ་མའི་དེར་བལྟས་ན་བརྒྱ་ཆ་དགའ་རབ་ཅིག་(གོ་མ་སོང་)foundation མེད་པར་བལྟས་ན་ཉུང་དུ་སོང་བ་རེད། བོད་དོན་རྒྱབ་སྐྱོར་ཚོགས་པའི་བརྒྱ་ཆའི་གྲངས་འབོར་(གོ་མ་སོང་)foundation གིས་འགྲོ་སོང་བཏང་ནས་ཕོག་ཡ་མེད་པར་གྲུབ་པ་རེད། (འདིར་སྒྲ་གསལ་བོ་གོ་མ་སོང་།) དེར་བསྟེན་ནས་ང་ཚོ་ཚོགས་འདུ་མ་ཚོགས་པར་ལུས་པ་ཅང་མ་རེད་དེ། ཡིན་པ་ཡིན་ནའང་། གནས་ཚུལ་བྱུང་རིམ་དང་བྱུང་བ་དེ་དག་ང་ཚོའི་ཐུགས་ལ་ངེས་དགོས་པ་ཞིག་བསམ་གི
ད་སྔ་ཕན་ཆད་ལ་༸རྒྱལ་བ་རིན་པོ་ཆེའི་མཚན་གྱི་གཟི་བརྗིད་ཀྱི་འོག་ནས་མིང་དང་ཐ་སྙད་འདྲ་མི་འདྲ་ཁ་ཤས་འདི་ལྟར་ཐར་འགྲོ་ཡོད་པ་རེད། གལ་སྲིད་རྙོག་འཛིངས་ཤིག་བྱུང་བ་ཡིན་ནའང་རྙིག་འཛིངས་དེ་༸རྒྱལ་བ་རིན་པོ་ཆེའི་མཚན་གྱི་གཟི་བརྗིད་ཀྱི་ཐོག་ནས་གསང་ཐུབ་པ་ཞིག་རེད། ད་ལྟ་༸གོང་ས་སྐྱབས་མགོན་ཆེན་པོའི་གཞུང་འབྲེལ་གྱི་ཆབ་སྲིད་དང་འཛིན་སྐྱོང་གི་སྐུ་དབང་རྩིས་སྤྲོད་གནང་ཟིན་པའི་རྗེས་ལ། ཐ སྙད་ལ་བརྟེན་ནས་ང་ཚོར་དཀའ་ངལ་ཞིག་བྱུང་བ་ཡིན་ན་དེ་གྲབ་(ཆོ་)མི་འདུག་བསམ་པ་འདྲ་ཞིག དེ་སྐྱབས་མགོན་རིན་པོ་ཆེས་ཀྱང་དགོངས་པ་བཤེས་ཀྱི་ཡོད་པ་རེད། ང་ཚོ་ཚང་མས་བསམ་གི་ཡོད། དོན་ལ་འགྱུར་བ་གང་ཡང་མེད་ནའང་ཐ སྙད་ཆུང་ཆུང་ཞིག་ལ་བརྟེན་ནས་དོན་མི་གཙོ་བར་ཐ་སྙད་གཙོ་བ་ཞིག་བྱས་ན། དེ་ཆབ་སྲིད་ཀྱི་འཆར་གཞི་ཡོད་པའི་བསམ་བློ་གཏོང་སྟངས་ཤིག་ཆགས་ཀྱི་ཡོད་པ་མ་རེད་བསམ་གི་འདུག ཐབས་ཇུས་ལྡན་པའི་ཆབ་སྲིད་ཀྱི་དགོངས་པ་བཞེས་མཁན་ཞིག་ཡིན་ན། དོན་གཙོ་བོར་བྱེད་དགོས་པ་ཞིག་དང་། ཐ་སྙད་དེ་གཙོ་བོར་མི་བྱེད་པ་ཞིག ལྷག་པར་ང་ཚོར་ད་ལྟ་ཡོད་བཞིན་པའི་དཀའ་ངལ་ཁ་ཤོས། རྒྱ་གར་གྱི་ནང་ལ་ཧི་མ་ཅལ་ཆེས་མཐོའི་ཁྲིམས་ཁང་ལ་ཡོད་པའི་ཁ་མཆུ་དང་། རྒྱ་གར་ལྷོ་ཕྱོགས་ཀྱི་གསར་ཤོག་ཁག་གི་ནང་ལ། ཧ་ལམ་ཉི་མ་རྟག་པར་ཐོན་པའི་༸གོང་ས་མཆོག་ལ་སྐྱོན་བརྗོད་ཀྱི་གནས་སྟངས་དེ་དག ང་ཚོས་ཐབས་ཇུས་མཁས་པོ་ཞིག་གི་ཐོག་ནས་ཐ་སྙད་ཅིག་གི་བེད་སྤྱོད་གཏོང་སྟངས་འདྲ་མི་འདྲ་ཞིག་བྱུང་བ་དེའི་དབང་གིས་ང་རང་ཚོ་སྲུང་སྐྱོབ་བྱེད་ཐུབ་ཀི་ཡོད་ན། ང་ཚོའི་དོན་དག་དེ་འགྲིག་པ་ཞིག་བཟོ་ཐུབ་ཀི་ཡོད་ན། ཐ་སྙད་དེ་ལ་གཙིག་ཆེན་པོ་བྱེད་དགོས་པའི་གནས་སྟངས་ཤིག་ཅང་མི་འདུག་བསམ་གི་འདུག བཙམ་བྱོལ་བོད་གཞུང་དེ་མང་གཙོ་ཀ་བ་གསུམ་གྱི་ཆ་ཤོས་མ་ཚང་བ་མེད་པ་དེ་ག་རང་བོད་དོན་བདེན་མཐལ་མ་བསལ་གྱི་བར་དུ་རྒྱ་གར་གྱི་ནང་ལ་གནས་ཐུབ་དགོས་པ་དེ་ཧ་ཅང་གལ་ཆེན་པོ་རེད། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ནང་བཞིན་བྱས་ཏེ་གཞུང་གི་ལས་ཁུངས་ཁག་ཀྱང་དེབ་སྐྱེལ་བྱས་པའི་ཚོར་བ་རང་གི་ཐོག་ནས་བྱེད་དགོས་པའི་གནས་སྟངས་ཤིག་ཆགས་པ་ཡིན་ན། འཕྲད་ཕུག་རྒྱང་གསུམ་ལ་རླབས་ཆེན་གྱི་གྱོང་དང་སྐུ་ངལ་ཡོང་བ་དེ་བཤད་མི་དགོས་པ་རེད། ཚོགས་ཆེན་སྐབས་ལ་དེ་འདྲའི་བཀའ་གནང་མཁན་བྱུང་སོང་། དོན་གཅོད་ཚང་མར་དེབ་སྐྱེལ་བྱས་པའི་ཚོགས་པ་ཡོད་པ་རེད་ཟེར། ག་རེ་བྱས་ནས་སྐྱབས་མགོན་རིན་པོ་ཆེའི་སྐུ་ཚབ་དེ་དག་གི་མཚན་བཤུས་དགོས་པ་རེད། དེ་འགྲིག་འགྲོ་གི་རེད་ཟེར། དེབ་སྐྱེལ་བྱས་པའི་ཚོགས་པ་གཞུང་འབྲེལ་མ་ཡིན་པའི་ཚོགས་པའི་ངོ་བོ་བྱས་ནས་ལས་ཀ་བྱས་པ་ཡིན་ན་དེ་ཏན་ཏན་འགྲིག་འགྲོ་གི་རེད། དེ་འགྲིག་གི་མེད་པ་དེ། དེ་ཙམ་གྱིས་ཆོག་གི་མེད་པ་དེ། བོད་ཀྱི་རྩ་དོན་གྱི་ཐོག་ལ་སླེབས་པའི་སྐབས་ལ་དེ་ལས་ལྷག་པ་ཞིག བོད་མི་སྲ་ཡ་དྲུག་གི་ངོ་ཚབ་མཚོན་ཐུབ་པ་ཞིག་གི་གནས་བབ་ཅིག་ཡོད་དགོས་པ་དེ་གལ་ཆེན་པོ་ཡིན་པ་མཐོང་ནས་དོན་གཅོད་ཁག་ལ་དེ་སྔ་ནང་བཞིན་གྱིས་༸གོང་ས་ཆེན་པའི་སྐུ་ཚབ་ཀྱི་མཚན་གནས། གནས་ཐུབ་པ་ཞིག ༸གོང་ས་མཆོག་གིས་བཀའ་འཁྲོལ་གནང་ཡ་དང་། བཅའ་ཁྲིམས་ཀྱི་ནང་དུ་ཆ་རྐྱེན་སྐྲུན་པའི་འབད་བརྩོན་བྱས་པ་ཞིག་རེད། དེ་དག་ཡང་བཙན་བྱོལ་གཞུང་གི་དོན་དེ་དགོས་ཀྱི་ཡོད་སྟབས་འབད་བརྩོན་བྱས་པ་རེད་མ་གཏོགས། བཙན་བྱོལ་གཞུང་གི་མིང་དེ་མ་གཏོགས་དོན་དེ་དགོས་ཀྱི་མེད་པ་ཡིན་ན། དེ་ནས་དེབ་སྐྱེལ་བྱས་པའི་ཚོགས་པའི་སྒང་ལ་ནང་བཞིན་བཞག་བཞག་ན་མི་འགྲིག་པ་ཅང་མེད་པ་རེད། དགོངས་པ་བཞེས་མཁན་དང་བཀའ་མོལ་གནང་མཁན་ཚོས་ཀྱང་ཕྱོགས་ཡོངས་ཀྱི་གནས་ཚུལ་ཆ་ཚང་བ་ཞིག་མ་གཟིགས་པ་བྱས་ནས། དོན་དག་ཆུང་ཆུང་ཞིག་ཟུར་དུ་བཏོན་ནས་བསྣམས་པ་ཡིན་ན། དེ་ཏག་ཏག་བསྡད་ཀི་ཡོད་པ་མ་རེད་བསམ་གི་འདུག ལྷག་པར་དུ་གནས་ཚུལ་གཞན་པ་དེ་དང་མི་འདྲ་བ་གཅིག་ད་དུང་ཞུ་རྒྱུར། ད་རེབ་ཐ་སྙད་འགྱུར་བ་བཏང་བ་དེ། ༸གོང་ས་སྐྱབས་མགོན་ཆེན་པོས་བཙན་བཀའི་སྲོལ་འདྲ་ཞིག་བཏང་ནས། ཨུ་ཚུགས་བསྐྱོན་ནས་མར་བཀའ་གནང་བའི་གནས་ཚུལ་འདྲ་བོ་ཞིག ༸རྒྱལ་བ་རིན་པོ་ཆེ་ལ་ཕྱིའི་གནོན་ཤུགས་དང་། དེ་ལས་ལྷག་པའི་ནང་གི་གནོན་ཤུགས་ལ་བརྟེན་ནས། དེ་འདྲའི་བཀའ་གནང་དགོས་པ་ཆགས་པ་རེད་དགོངས་མཁན་དང་། བཀའ་གནང་མཁན་དེ་འདྲ་མང་པོ་མཇལ་སོང་། ༸གོང་ས་སྐྱབས་མགོན་ཆེན་པོའི་སྐུའི་གསང་བ་གསུམ་གྱི་ཡོན་ཏན་དང་མཛད་པ་འཕྲིན་ལས་མ་རྟོགས་པའི་དབང་གིས། ༸རྒྱལ་བ་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་དེ་ཕྱི་དང་ནང་གི་གནོན་ཤུགས་ཀྱི་འོག་ལ་ཕེབས་མཁན་ཞིག་ཡིན་པར་ངོས་འཛིན་གནང་བ་དེ་ལ་བློ་ཕམ་ཆེན་པོ་ཞེ་དྲག་བྱུང་། ཁ་ནས་༸རྒྱལ་བ་རིན་པོ་ཆེ་ལ་གསོལ་བ་འདེབས་དགོས་པ་རེད། ཡར་བྱེད་དགོས་པ་རེད། མར་བྱེད་དགོས་པ་རེད་ཅེས་ཁ་ནས་བཤད་ཀིན་བཤད་ཀིན་ལ་ཡང་། དོན་དག་ངོ་མ་འདྲ་བོ་དེ། ༸རྒྱལ་བ་རིན་པོ་ཆེ་ངོས་འཛིན་གནང་སྟངས་དེ། མིའི་གནོན་ཤུགས་ཀྱིས་གང་དུ་སྤྲད་སྤྲད་ཅིག་དང་། སུས་ག་རེ་ཞུ་ཞུ་ཡིན་པ་འདྲ་བོ་ཞིག དེ་འདྲ་ཞིག་ལ་ངོས་འཛིན་གནང་བ་དེ། ༸རྒྱལ་བ་རིན་པོ་ཆེར་དད་པ་ཡོད་མེད་ཀྱི་སྐད་ཆ་བཤད་ཀི་མེད། དད་པ་མེད་པའི་མི་ཞིག་ཡིན་པ་ཡིན་ནའང་། གང་ཟག་གི་སྐྱོན་དང་ཡོན་ཏན་ཚོད་དཔག་བྱེད་སྟངས་དེ་དངོས་བྱུང་དང་མཐུན་པ་དང་དྲང་པོ་དྲང་བཞག་ཅིག་གི་ཐོག་ནས་གནང་དགོས་ཀྱི་ཡོད་པ་དེ་གནང་མི་འདུག་བསམ་པ་འདྲ་ཞིག་བྱུང་།
ལྷག་པར་དུ་ཡང་རྒྱ་མིའི་གནོད་ཤུགས་དང་། རྒྱ་གར་གྱི་གནོན་ཤུགས་དང་། ཡང་ན། གྲོས་ཆོད་འགྱུར་མེད་ལ་རེ་བ་བརྒྱབས་ནས་བྱས་བ་རེད་གསུངས་པ་དེ། དངོས་ཡོད་ཀྱི་གནས་ཚུལ་དང་ལེ་བར་སྟོང་ཕྲག་མང་པོས་རྒྱང་ཐག་ཕྱིན་པ་རེད་མ་གཏོགས་དངོས་ཡོད་གནས་ཚུལ་གྱི་ཨ་ཚོར་ཡོད་ས་ལའང་སླེབས་ཡོད་པ་མ་རེད་ཟེར་ནས་ཐག་ཆོད་པོས་ཐོག་ནས་ཞུ་ཡི་ཡིན།
དཔལ་ལྡན་ཚོགས་གཙོ་མཆོག རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ལ་བོད་རྒྱ་འབྲེལ་མོལ་གྱི་སྐབས་སུ། བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་ཡིག་ཐོག་ལ་སྤྲད་པ་རེད། ཡིག་ཆ་དེ་ག་རང་གི་ནང་ལ། བསམ་བཞིན་དུ་ཆེད་དུ་གཉེར་ནས་བཙན་བྱོལ་བོད་གཞུང་ཞེས་བརྒྱབས་ཡོད། དེ་བརྒྱབས་པ་ལ་བརྟེན་ནས་ཁོ་ཚོ་འདྲོག་ཀྱི་ཡོད་པ་དེ་ང་ཚོས་མ་ཤེས་པ་མ་རེད། འདྲོག་གི་ཡིན་པ་ཤེས་ཀྱི་ཡོད། ཡིན་ནའང་དགོས་པ་རྒྱུ་མཆན་ཞིག་ལ་བརྟེན་ནས་བཙན་བྱོལ་བོད་གཞུང་གི་སྒྲིག་འཛུགས་དེ་ཡང་། ང་ཚོ་འགྲིག་ཆ་འདི་འདྲ་ཞིག་བྱུང་བ་ཡིན་ན། དེ་ནས་དེའི་སྐབས་ལ་ཡང་བོད་ས་གནས་ཀྱི་གཞུང་དང་མཉམ་འབྲེལ་བྱེད་ཆོག་གི་རེད་ཞེས་ནས། དེ་བྲིས་པ་དེ་ང་ཚོས་རྒྱ་མིའི་རྩ་ལ་ཐ་སྙད་དེ་བེད་སྤྱོད་གཏོང་མ་ནུས་པར་བྱས་ནས་བསྡད་པ་ཞིག་མ་རེད། ཚོགས་ཆེན་སྐབས་སུའང་ཚོགས་ཆུང་གཉིས་ཀྱི་ནང་ལ་གསལ་བཤད་ཞུ་རུ་ཕྱིན་པ་ཡིན། ད་ལྟ་ཐ སྙད་ལ་འགྱུར་བ་གཏོང་བ་འདི་རྒྱ་མིའི་གནོན་ཤུགས་མ་རེད་ལ། རྒྱ་གར་གྱི་གནོན་ཤུགས་ཀྱང་མ་རེད། ད་ལྟའི་གནས་སྐབས་སུ་གནོན་ཤུགས་གང་ཡང་ཡོད་པ་མ་རེད། ཡིན་ནའང་མ་འོངས་པར་གནོན་ཤུགས་ཤིག་བྱུང་བ་ཡིན་ན། དོན་དག་མེད་པའི་གདོང་ལེན་དེ་བྱེད་ཁག་པོ་ཞིག་གི་ཐ་སྙད་ཅིག་ང་ཚོས་ཉར་ནས་རྒྱ་གན་(ཕན་ཐོག་ཅང་)མི་འདུག་ག་ཟེར་ནས་གསལ་བཤད་ཞུ་རྒྱུ་བྱུང་། དེ་འདྲ་ཡིན་སྟབས་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ཐོག་ལ་རྒྱ་མིའི་གནོན་ཤུགས་མེད་པ། རྒྱ་གར་གྱི་གནོན་ཤུགས་མེད་པ། བོད་མིའི་ནང་ཁུལ་གྱི་གནོན་ཤུགས་མེད་པ། དེ་ངས་ཐག་བཅད་ནས་གྲོས་ཚོགས་འདིའི་ནང་ཞུ་བར་སྤོབས་པ་ཡོད། གལ་ཏེ་ངས་ཞུས་པ་དེ་བདེན་པ་མ་ཡིན་པའི་གནས་ཚུལ་ར་སྤྲོད་གནང་མཁན་བྱུང་བ་ཡིན་ན། དེ་ནས་སྐབས་དེར་གང་ཡིན་ན་གནས་ཚུལ་གསལ་བོ་ཆགས་མདོག་ཁ་བོ་རེད། དེ་ལས་ལྡོག་སྟེ་གཞི་རྩ་མེད་པའི་གནས་ཚུལ་དེ་འདྲ། ༸རྒྱལ་བ་རིན་པོ་ཆེའི་མཚན་དང་སྦྱར་ནས་གསུངས་པ་དེ་ང་ཚོའི་བློ་ཡུལ་བ་ཤོང་དཀའ་མོ་འདུག ལར་ནས། ༸་སྐྱབས་མགོན་རིན་པོ་ཆེའི་ཐུགས་ཀྱི་གཤིས་ཀ་རང་གི་ཐོག་ནས་མང་གཙོའི་འགྲོས་དང་མང་གཙོའི་ལེགས་བྱང་ལ་ཐུགས་འཁུར་རང་གཤིས་སུ་ཡོད་པ་ཞིག་རེད། དེ་སྔ་ཕན་ཆད་ལ་ཡིན་ནའང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ལ་ཁྲིམས་འདི་འདྲ་ཞིག་བཟོ་དགོས་པ་རེད་འདི་འདྲ་ཞིག་བཟོ་རྒྱུ་ཡོད་པ་མ་རེད་ཟེར་ནས་འདས་པའི་ལོ་༥༢ ཀྱི་རིང་ལ་ཐེངས་གཅིག་ཀྱང་གསུངས་མྱོང་ཡོད་པ་མ་རེད། བཅའ་ཁྲིམས་རིན་པོ་ཆེ་གཏན་འབེབ་ཞུས་པའི་སྐབས་ལ་ཡང་ང་བར་སྐབས་ཀྱི་ཚོགས་གཙོ་བྱས་མྱོང་། ཚོགས་གཙོ་གཞོན་པ་གཉིས་ཡོད། ང་ཚོས་བཅའ་ཁྲིམས་ཐོག་མར་སྤྱན་འབུལ་ཞུས་པ་དེ། ཡར་སྙན་གསེང་ཞུ་བར་བཅར་བའི་སྐབས་ལ་ཡང་། ངའི་བསམ་པ་ལ་གནས་ཚུལ་འདི་འདྲ་འདི་འདྲ་ཕྱིན་པར་བསམ་པ་ཡིན་ཏེ། ཡིན་ནའང་མང་གཙོའི་འགྲོས་ཀྱི་ཐོག་ནས་ཁྱེད་རང་ཚོས་གང་ཐག་བཅད་པ་དེ་ག་རང་ལ་ངས་མོས་མཐུན་ཞུ་གི་ཡིན་མ་གཏོགས། དེ་ལ་ངས་བསྐྱར་བཅོས་བྱོས་ཟེར་ནས་ཞུ་གི་མིན་ཟེར་ནས་བཀའ་གནང་སོང་། དེ་བཀའ་གནང་བ་དེ་ཆོས་ལུགས་རིས་མེད་དང་ཆོས་སྲིད་ཟུང་འབྲེལ་ཞེས་རྩད་དེའི་སྐོར་དེ་རེད། ༸རྒྱལ་བ་རིན་པོ་ཆེའི་སྐུ་དབང་ཕྱིར་བསྡུ་བྱེད་རྒྱུའི་དོན་ཚན་དེ་ང་དང་འབྲེལ་བ་ཆགས་ཡོད་སྟབས་དེ་ཡིན་གཅིག་མིན་གཅིག་བཞག་དགོས་པ་རེད་ཅེས་ནས་བཤད་རྒྱུ་ཐོབ་ཐང་དེ་ང་ལ་ཡོད་པ་རེད་ཟེར་ནས་བཀའ་གནང་སོང་། དེ་མང་གཙོའི་ལམ་སྲོལ་དང་འགལ་གི་མ་རེད་ཟེར་ནས་བཀའ་གནང་སོང་། དེ་ལ་བརྟེན་ནས་ཁྱོད་ཚོ་སྤྱི་འཐུས་རྩ་འབོར་སུམ་ཆའི་གཉིས་ཀྱིས་མོས་མཐུན་བྱུང་བ་ཡིན་ན། ༸སྐྱབས་མགོན་རིན་པོ་ཆེའི་སྐུ་དབང་དེ་ཕྱིར་བསྡུ་བྱས་ནས་སྡེ་སྲིད་ལྷན་ཚོགས་ལ་རྩིས་སྤྲོད་བྱེད་པའི་ཆ་རྐྱེན་དེ་ངེས་པར་དུ་བཞག་དགོས་པ་རེད། དེ་མ་བཞག་ན་འགྲིག་གི་མ་རེད། ཅེས་བཀའ་གནང་སོང་། གང་ཡིན་ཟེར་ན། དེ་ངའི་དབང་ཚད་དང་འབྲེལ་བ་ཡོད་སྟབས་དེའི་སྐོར་ནས་ང་ལ་ལབ་རྒྱུ་ཐོབ་ཐང་ཡོད་པ་རེད། དེ་མང་གཙོའི་ལམ་སྲོལ་དང་འགལ་གི་མ་རེད་ཟེར་ནས་དེ་ལྟར་བཀའ་ཕེབས་པ་རེད།
དོན་ཚན་གཞན་པ་གཉིས་ལ། ས་གནས་གྲོས་ཚོགས་དང་ས་གནས་འགོ་འཛིན་སྐོར་ལ་བསྐྱར་ཞིབ་བྱེད་ཐུབ་ན་ཡག་པོ་འདུག གལ་སྲིད་མ་ཐུབ་ན་བྱེད་རྒྱུ་ཅང་ཡོད་པ་མ་རེད་ཅེས་བཀའ་གནང་བ་རེད། བཀའ་གནང་བ་དེས་ཅི་ཞིག་མཚོན་གྱི་ཡོད་པ་རེད་ཟེར་ན། གྲོས་ཚོགས་ཀྱི་རྣམ་དཔྱོད་དང་ཐག་གཅོད་ལ་བརྩི་མཐོང་དང་གུས་ཞབས་ཡོད་པ་དེ་མཚོན་གྱི་ཡོད་པ་རེད། སྐབས་དེ་དུས་བསྐྱར་དུ་ཡང་བསྐྱར་ཞུས་ཡོད་པ་ཡིན་ནའང་། ༸རྒྱལ་བ་རིན་ཆེའི་སྐུ་དབང་དང་འབྲེལ་བ་མེད་པ་ཞིག་ཡིན་ན། ཡང་བསྐྱར་ཐེངས་གཉིས་པ་ལ་བཀའ་གནང་མདོག་ཁ་བོ་མ་རེད་བསམ་གི་ཡོད།
དེའི་རྗེས་ལ། བཀའ་རྩ་ཁྱབ་བསྒྲགས་ཐེངས་གསུམ་གནང་དགོས་ཆགས་པ་རེད། དེ་ཚོའི་སྐབས་སུའང་བཀའ་རྩ་ཁྱབ་བསྒྲགས་ཀྱི་ཚིག་སྦྱོར་དེ་དག་སྤྱི་འཐུས་རྒྱུན་ལས་ཀྱིས་གང་མོས་མཐུན་གནང་བ་དེ་ག་རང་ཚིག་གཅིག་ཀྱང་ཡར་མ་ལྷག་པ། ཚིག་གཅིག་ཀྱང་མར་མ་བཅུག་པ་དེ་ག་རང་གནང་བ་མ་གཏོགས། ༸སྐྱབས་མགོན་རིན་པོ་ཆེ་རང་གི་དགོངས་བཞེས་ཀྱིས་ཐོག་ནས་ཚིག་གཅིག་གནང་ཡོད་པ་མ་རེད། དེ་དང་ཕྱོགས་མཚུངས་ཀྱིས་དེ་རེབ་འདྲ་བོ་ལ་མཚོན་ནའང་། བཙན་བྱོལ་བོད་གཞུང་གི་ཐ་སྙད་འགྱུར་བ་བཏང་ན་ཡག་པོ་འདུག་ཟེར་ནས་བཀའ་སློབ་གནང་བ་རེད། དེ་བཀའ་སློབ་གནང་བ་ལས་སྤྲོས་ཏེ་དངོས་སུ་ཁྲིམས་བཟོ་ལས་དོན་གྱི་ཐོག་ལ་ཞུགས་པའི་སྐབས་སུའང་། དེ་ཡིན་གཅིག་མིན་གཅིག་འགྱུར་བ་བཏང་ཨ་ཟེར་ནས་བཀའ་ཕེབས་པ་ཞིག་ངས་གོ་མ་སོང་། ཚོགས་གཙོ་གཉིས་ལའང་བཀའ་ཕེབས་ཡོད་མདོག་ཁ་བོ་མ་རེད་བསམ་གི་འདུག ༸སྐྱབས་མགོན་རིན་པོ་ཆེས་བཀའ་ག་རེ་ཕེབས་པ་རེད་གསུངས་པ་ཡིན་ན། སྔན་མ་བཅའ་ཁྲིམས་གཏན་ལ་ཕབས་པའི་སྐབས་སུ་བྱུང་བ་ནང་བཞིན་ད་རེས་ཀྱང་འགྱུར་བ་གཏོང་ས་དེ་༸རྒྱལ་བ་རིན་པོ་ཆེ་དང་འབྲེལ་བ་ཡོད་པའི་ཚིག་སྦྱོར་ཞིག་རེད།
དོན་ཚན་དང་པོའི་ནང་གསེས་གཉིས་པ་དང་གསུམ་པའི་ནང་ལ། ༸སྐྱབས་མགོན་རིན་པོ་ཆེས་འདི་དང་འདི་གནང་དགོས་ཀི་རེད་ཟེར་ནས་ཞུས་པ་དེའི་ཐོག་ལ། ༸རྒྱལ་བ་རིན་པོ་ཆེས་ཆ་ཚང་འདི་ཡོང་གི་མ་རེད་ཟེར་ནས་བཀའ་འཁྲོལ་མ་གནང་ནའང་མང་གཙོའི་ལམ་སྲོལ་དང་གང་ཡང་འགལ་ཡོད་པ་མ་རེད། མང་གཙོའི་ལམ་སྲོལ་གྱི་ནང་དུ་༸རྒྱལ་བ་རིན་པོ་ཆེ་གསན་སྐྱོན་གི་(ངལ་གསོ་གནང་གི་)ཡིན་ད་ཟེར་ནས། ད་ཚང་མ་ཁྱོད་ཚོས་བྱོས་ཨང་ཟེར་ནས། དེ་གསུངས་ཚར་དུས་སྐབས་ལ། ད་ངས་ཁོ་ལ་ཚིག་གཅིག་དྲིས་ན་འགྲིག་གི་མ་རེད་ད་གསུངས་པ་ཡིན་ནའང་དེ་མང་གཙོའི་ལམ་སྲོལ་ག་རེ་འགལ་གི་རེད།
གལ་སྲིད་དེ་འདྲ་ཞིག་བྱུང་བ་ཡིན་ན། གང་ཟག་སྒེར་གྱི་རང་དབང་དང་ཐོབ་ཐང་བརྡལ་བཤིག་བཏང་བའི་མང་གཙོའི་ལམ་སྲོལ་དང་འགལ་བ་ཞིག་ཆགས་ཀྱི་རེད་མ་གཏོགས། གྲོས་ཚོགས་ཀྱི་ངོས་ནས། ༸རྒྱལ་བ་རིན་པོ་ཆེའི་ངོས་ནས་མང་གཙོའི་ལམ་སྲོལ་དང་མཐུན་གི་མེད་པ་ཞིག་རྩ་བ་ཉིད་ནས་ཆགས་ཡོད་པ་མ་རེད། མང་གཙོའི་སྤྱི་ཚོགས་ཀྱི་ནང་ལ་འོས་ཐོན་བྱུང་བ་ཡིན་ནའང་ང་འདུག་གི་མིན་ཟེར་ནས་བཤད་པ་དེ་མང་གཙོའི་ལམ་སྲོལ་དང་འགལ་བ་ཞིག་ལ་ངོས་འཛིན་བྱེད་ཀི་མ་རེད། གལ་ཏེ་དེ་ངོས་འཛིན་གནང་གི་ཡོད་པ་ཡིན་ན། སྤྱི་འཐུས་འོས་གཞིའི་ནང་ལ་ཡོད་མཁན་དགོངས་པ་ཞུས་མཁན་ཚང་མ་ལ། མང་གཙོའི་ལམ་སྲོལ་ལ་བརྩི་འཇོག་མི་བྱེད་མཁན་ཞིག་ལ་བརྩི་གི་ཡོད་དམ། བཀའ་བློན་ཁྲི་བའི་འོས་གཞི་ལ་སླེབས་ན་ཡང་ད་ང་འདུག་གི་མིན་ཟེར་མཁན་ཚང་མ་ལ། མང་གཙོའི་ལམ་སྲོལ་དང་མཐུན་གི་མ་རེད་ཟེར་ནས་བཀའ་གནང་གི་རེད་དམ། དེ་འདྲའི་བྱུང་སྟངས་དང་མཐུན་པའི་སྒོ་ནས་དགོངས་པ་བཞེས་དགོས་པ་ཞིག་རེད་པ། ༸རྒྱལ་བ་རིན་པོ་ཆེས་གཞུང་མང་ཚོགས་ཆེན་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་གསོལ་འདེབས་ཞུས་པ་ལ། རྩིས་འཇིག་གནང་ནས། དགོངས་པ་བཞེས་ནས། དོན་ཚན་དེ་བཞག་ན་འགྲིག་གི་འདུག ཡིན་ནའང་ཚིག་སྦྱོར་དེ་དག་ནམ་རྒྱུན་ངས་བེད་སྤྱོད་སྟངས་ཀྱི་ཚིག་སྦྱོར་ཞིག་མིན་པ་ཡིན་སྟབས་དེ་དག་འགྱུར་བ་གཏོང་དགོས་ཀྱི་རེད་ཟེར་ནས། ༸སྐྱབས་མགོན་རིན་པོ་ཆེས་དེ་ལྷག་པ་གང་ཡང་བཀའ་གནང་ཡོད་པ་མ་རེད། དེའི་ནང་ལ་བཙན་བྱོལ་སྒྲིག་འཛུགས་དང་བོད་མིའི་སྒྲིག་འཛུགས་ཟེར་བའི་ཚིག་དེ། ༸སྐྱབས་མགོན་རིན་པོ་ཆེས་བཙན་བྱོལ་སྒྲིག་འཛུགས་སམ་བོད་མིའི་སྒྲིག་འཛུགས་ཀྱི་ཆེད་དུ་རྒྱལ་སྤྱིའི་དབུ་ཁྲིད་ཁག་དང་མཇལ་འཕྲད་གནང་བ་དང་བཀའ་མོལ་གནང་བ་དེ་དག་ལ་བརྟེན་ནས། ཉི་མ་ཁ་ཤོས་ཀྱི་སྔན་ནས་བགྲོ་གླེང་གནང་བསྡད་པའི་ཚིག་སྦྱོར་གཞན་པ་དེ་དག ཁྲིམས་བཟོའི་དབང་ཆ་ཆ་ཚང་ཡོད་པའི་དཔལ་ལྡན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་བསྐྱར་བཅོས་གནང་བ་དེ་དག་མ་གཏོགས། ༸རྒྱལ་བ་རིན་པོ་ཆེས་དེ་ལྟར་དུ་བཅོས་ཟེར་ནས་བཀའ་གནང་བ་ཞིག་རྩ་བ་ནས་མ་རེད་བསམ་གི་ཡོད། དེ་འདྲ་ཡིན་སྟབས་༸སྐྱབས་མགོན་རིན་པོ་ཆེས་མང་གཙོའི་ལམ་སྲོལ་ལ་ཐུགས་འདོད་མེད་པ་དང་། རྩིས་འཇོག་མ་གནང་བ་ཞིག་རྨི་ལམ་དུའང་ང་ཚོའི་ངོས་ནས་ངོས་འཛིན་ཞུ་གི་མེད། དཔལ་ལྡན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ལ་ཆ་མཚོན་པ་ཡིན་ནའང་། སྤྱི་འཐུས་ལྷན་ཚོགས་ཀྱིས་མང་ཚོགས་ཀྱི་མངོན་འདོད་མཁྱེན་རྒྱུའི་ཐབས་ཤེས་གནང་བ་རེད། མང་ཚོགས་ཀྱི་མངོན་འདོད་བསྒྲུབས་གནང་བ་རེད། ཡིན་ནའང་མང་ཚོགས་ཀྱི་མངོན་འདོད་གང་འདྲ་ཞིག་ཡིན་མིན་ན་མ་བལྟོས་པར་ཁྲིམས་བཟོའི་དབང་ཆ་དེ་སུ་ལ་ཡོད་པ་རེད། ཁྲིམས་བཟོའི་དབང་ཆ་དེ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ལ་ཡོད་པ་རེད། སྤྱི་འཐུས་འོས་འདེམས་བྱས་ནས་བདམས་ཐོན་བྱུང་ཚར་བའི་རྗེས་ལ་ཡང་ཁྲིམས་བཟོའི་དབང་ཆ་ལྷག་མ་ཞིག་འོས་ཤོག་བླུགས་མཁན་ཚོའི་ལག་པ་ལ་ལྷག་བསྡད་པ་ཞིག་གང་ཡང་ཡོད་པ་མ་རེད། ཁྲིམས་བཟོའི་ལས་དོན་གྱི་ནང་ལ་མང་ཙོགས་ཀྱིས་མཁྱེན་པ་ཡང་ཡོང་གི་རེད་ལ། མང་ཚོགས་ཀྱིས་མ་མཁྱེན་ཡང་ཡོང་གི་རེད། མང་ཚོགས་ཀྱི་འདོད་པ་ཡོད་པ་ཡང་ཡོང་རེད་ལ། མང་ཚོགས་ཀྱི་འདོད་པ་མེད་པ་ཡང་ཡོང་གི་རེད། གར་ལྟར་ཁྲིམས་བཟོ་ལྷན་ཚོགས་ཀྱིས་སྤྱི་མོས་མང་མོས་ཀྱིས་ཐོག་ནས་ཐག་བཅད་པ་དེ། མང་གཙོའི་ལམ་སྲོལ་དང་མཐུན་པའི་ཐག་གཅོད་ཅིག་རེད་མ་གཏོགས། དེ་མང་གཙོའི་ལམ་སྲོལ་དང་འགལ་བའི་ཐག་གཅོད་ཅིག་ཡིན་པ་ལ་ང་ཚོའི་ངོས་ནས་ངོས་འཛིན་ཞུ་གི་མེད། གལ་སྲིད་དེ་ངོས་འཛིན་ཞུ་དགོས་ཀྱི་ཡོད་ན། དེ་ནས་ང་ཚོའི་སྐུ་ཚབ་ཀྱི་མང་གཙོ་གནང་ཐུབ་གི་ཡོད་མ་རེད། ཐད་བསྐོས་མང་གཙོ་གནང་བ་ཡིན་ན། དེ་ནས་མི་མང་གི་བསམ་ཚུལ་དེ་གནས་ཀི་རེད། སྐུ་ཚབ་ཀྱི་མང་གཙོ་གནང་ཕྱིན་ཆད་ལ། སྐུ་ཚབ་དེ་ཚོས་གང་ཐག་གིས་བཅད་པ་དེ་མང་ཚོགས་ཀྱི་བསམ་ཚུལ་དང་མཐུན་གི་ཡོད་མེད་ལ་མ་བལྟོས་པར་མཐུན་པ་ལྟ་བུ་ཞིག་དང་། ཁྲིམས་ཀྱིས་ཐག་བཅད་ནས་ལས་ཀ་ཞིག་སྒྲུབ་དགོས་པ་ཡིན་ན། (སྒྲ་གསལ་བྱུང་མ་སོང་། )ཁྲིམས་བཟོ་ལྷན་ཚོགས་ཀྱིས་གང་ཐག་བཅད་པ་དེ་མང་གཙོའི་ལམ་སྲོལ་དང་མཐུན་པ་ཞིག་མ་གཏོགས། མང་གཙོའི་ལམ་སྲོལ་དང་འགལ་ཞིག་ཡིན་པ་ལ་ངོས་འཛིན་གནང་སྟངས་ཤེས་ཀི་མ་རེད་ཅེས་ཞུས་པ་ཡིན། གལ་ཏེ་དེ་མང་གཙོའི་ལམ་སྲོལ་དང་འགལ་བ་ཞིག་ལ་ངོས་འཛིན་ཞུས་ནའང་གྲོས་ཚོགས་འགལ་གནང་བ་རེད་མ་གཏོགས། ༸རྒྱལ་བ་རིན་པོ་ཆེ་འགལ་གནང་ཡོད་པ་མ་རེད། ༸རྒྱལ་བ་རིན་པོ་ཆེས་བཀའ་སློབ་གནང་བ་དེ། ཐོབ་ཐང་ཡོད་པ་རེད། རང་བཞིན་གྱིས་ནུས་པ་ཡོད་པ་རེད། དེར་བརྟེན་བཀའ་སློབ་གནང་བ་རེད། མ་ཉན་པ་ཡིན་ན། དེ་མ་ཉན་པ་རེད། དེར་ཉིན་གཅིག་མིན་གཉིས་ཉན་དགོས་པ་ཞེས་ནས་༸རྒྱལ་བ་རིན་པོ་ཆེས་དུས་ནམ་ཡང་དེ་སྔ་ཕན་ཆད་ལ་ཡང་བཙན་བཀའ་གནང་ཡོད་པ་མ་རེད་ལ། ད་ལྟ་ཡང་གནང་གི་ཡོད་པ་མ་རེད། མ་འོངས་པར་ཡང་ནམ་ཡང་གནང་གི་མ་རེད་བསམ་གི་ཡོད།
གནས་ཚུལ་གཞན་པ་ཞིག་ལ། དུས་ཚོད་བྲེལ་བ་ཞེ་བོ་བྱས་ནས་ཐག་གཅོད་བྱས་སོང་ཟེར་ནས་བཀའ་གནང་གི་འདུག དུས་ཚོད་འགྱངས་ནས་གནང་རྒྱུ་ཡོད་པ་ཞིག་ཡིན་ན། བདེན་པ་རེད། དུས་ཚོད་འགྱངས་མིན་ལ་མ་བལྟོས་པར་དོན་དག་གཙོ་བོ་དེ་ཐག་གཅོད་བྱེད་དགོས་པ་དེ་གང་རེད་ཟེར་ན། ༸སྐྱབས་མགོན་རིན་པོ་ཆེའི་སྐུ་དབང་རྩིས་སྤྲོད་གནང་རྒྱུ་དེ་རེད། ༸རྒྱལ་བ་རིན་པོ་ཆེ་སྐུ་དབང་རྩིས་སྤྲོད་གནང་རྒྱུ་དེ། ད་རེབ་གློ་བུར་ཞིག་ལ་བཀའ་གནང་བ་ཞིག་དང་དགོངས་པ་བཞེས་པ་ཞིག་རྩ་བ་ཉིད་ནས་ཡིན་མིན་ཏེ། གསུང་འཕྲིན་རང་གི་ནང་ལ་ཞལ་གསལ་ཐག་ཆོད་རེད། ༡༩༦༩ ནས་བཟུང་སྟེ་བཀའ་གནང་གི་ཡོད་ཅེས་གསུངས་པ་རེད། ༡༩༦༩ ནས་༧༩། ༨༩། ༩༩། ༢༠༠༩། ༢༠༡༡ ། ད་དེ་བྲེལ་ཞིག་གང་ཡང་མ་རེད་པ། ང་རང་ཚོ་གཉིད་མ་སད་པ་རེད་མ་གཏོགས། ༸རྒྱལ་བ་རིན་པོ་ཆེས་ངོས་ནས་དུས་ཚོད་འདང་ངེས་ཅན་པར་གནང་ཡོད་པ་རེད་བསམ་གི་འདུག ༸སྐྱབས་མགོན་རིན་པོ་ཆེའི་སྐུ་དབང་དང་འབྲེལ་བ་མེད་པའི་བཅའ་ཁྲིམས་བསྐྱར་བཅོས་མགྱོགས་དྲག་སོང་ཟེར་བ་ཡིན་ན། དེ་ཡང་བསྐྱར་བསྐྱར་བཅོས་གནང་ཆོག་གི་རེད་པ། སྐབས་བཅུ་བཞི་བའི་གྲོས་ཚོགས་ལ་ཁྲིམས་བཟོའི་དབང་ཆ་གང་ཡོད་པ་དེ། གྲ་མ་ཉམས་གྲུ་མ་ཞིག་པར་སྐབས་བཅོ་ལྔ་བའི་གྲོས་ཚོགས་ལའང་ཡོད་པ་རེད་མ་གཏོགས། སྐབས་བཅུ་བཞི་བའི་གྲོས་ཚོགས་ཀྱིས་ཐག་བཅད་ཚར་བ་དེ་སྐབས་བཅི་ལྔ་བའི་གྲོས་ཚོགས་ཀྱིས་བསྐྱར་བཅོས་བྱེད་རྒྱུ་མེད་པའི་གནས་སྟངས་ཤིག་མ་རེད། དེ་འདྲ་ཡིན་སྟབས་དུས་ཚོད་འགྱངས་ནའང་བཀའ་བསྡུར་གནང་སྟེ་ད་དུང་གསར་པ་ཞིག་ཐོན་རྒྱུ་ཡོད་པ་ཡིན་ན། སྐབས་བཅོ་ལྔ་པ། སྐབས་བཅུ་དྲུག་པ། བཅུ་བདུན་བཅོ་བརྒྱད་ག་ཚོད་ཕེབས་པ་ཡིན་ནའང་། ཁྲིམས་བཟོ་དབང་ཚད་དེ་འདྲ་མཉམ་བྱས་ནས་བསྡད་ཀི་རེད། ག་དུས་ཡིན་ནའང་ཡར་བཅུག་ཆོག་གི་རེད། མར་འཐེན་ཆོག་གི་རེད།
༸རྒྱལ་བ་རིན་པོ་ཆེའི་སྐུ་དབང་རྩིས་སྤྲོད་གནང་རྒྱུ་དེ། ཉིན་འགྱངས་ཞགས་རྩིས་བྱས་བསྡད་ན་འགྲིག་གི་མེད་པ་ཞིག་གསལ་བོ་བྱུང་བ་ཡིན་སྟབས། དེ་ལ་བརྟེན་ནས་ད་རེས་ང་ཚོ་སྐབས་བཅུ་བཞི་བའི་ལས་རིམ་མ་རྫོགས་གོང་ལ་ཁྲིམས་བཟོའི་ལས་དོན་གྲུབ་པ་གནང་དགོས་པའི་རྒྱུ་མཚན་དེ་འདྲ་རེད། དེ་ལ་ངས་བསམ་པ་བྱས་ན། གུས་པའི་ཚོགས་གཙོ་མཆོག མ་འོས་པ་དང་མ་འཚམ་པ་དེ་འདྲ་གང་བྱུང་བསམ་པ་འདྲ་ཞིག་གང་ཡང་མཐོང་གི་མི་འདུག དེ་དག་བཀའ་ཞག་གིས་མཐོང་ཚུལ་དང་། དངོས་བྱུང་གི་གནས་བབ་དེ་དག་མདོར་བསྡུས་ཤིག ད་རེབ་འདིར་གོ་སྐབས་གནང་བ་ཡིན་སྟབས། སྙན་སྒྲོན་ཞུ་བའི་འབད་བརྩོན་ཞུས་པ་ཡིན། མ་འོངས་པ་ཡང་ད་དུང་གང་ཟག་སྒེར་གྱི་ཐོག་ནས། གུས་པའི་སྤྱི་འཐུས་རྣམ་པ་ཚོའི་ཐོག་ནས། སུ་སུའི་ཐོག་ནས་བསྐྱར་དུ་བཀའ་འདྲི་གནང་རྒྱུ་དེ་འདྲ་ཡོད་ན། ག་དུས་ཡིན་ནའང་འགྲེལ་བརྗོད་བསྐྱར་བཤད་ཞུ་རྒྱུའི་འདུན་པ་ཡོད་ཅེས་ཞུས་པ་ཡིན། རྒྱབ་སྐྱོར་ཞུ་གི་ཡོད། དེ་ནས་ད་རེབ་གསལ་བཤད་ཞུ་བའི་གོ་སྐབས་གནང་བ་དེར་བསྐྱར་དུ་ཐུགས་རྗེ་ཆེ་ཞུས་པ་ཡིན། དཔལ་ལྡན་ཚོགས་གཙོ་མཆོག
ཞེས་གསུངས་སོང་།
ཐེངས་འདིའི་གསུང་བཤད་ཡི་གེར་ཕབས་པའི་རྒྱུ་རིམ་ཁྲོད་ཡིག་གཏགས་དང་དོན་དག་གང་ཡིན་སོགས་ལ་ནོར་འཆུགས་གང་ཡོད་རང་ནོངས་ཁོ་ན་ཡིན་པས་དགོངས་དག་ཞུ་རྒྱུ་བཅས་གུས་པ་གཅན་བཟོད་རྒྱམ་པས་སྤྱི་ལོ་༢༠༡༡ ལོའི་སྤྱི་ཟླ ༦ ཚེས་༤ ལ མེག་གྷན་སྐྱིད་རོང་གྲོང་གསེབ་ནས་གུས་ཕུལ།
ཨོ་ཡ་ཡ། དགེ་རབ་ཚེ་རིང་རྒྱུ་བོ། མྱི་རྙིང་དེ་འདྲ་རྒྱུ་ཞིག་མི་འདུག བཀའ་དྲིན་ཆེ་ཞུ། ཟམ་གདོང་རིན་པོ་ཆེའི་པར་ཞིག་ཀྱང་བཞག་ཡོད་ཀྱི་ན་དེ་བས་ཀྱང་ཡག་ཐོག་རྒྱན་དུ་འདུག་ག ཧེ་ཧེ་ཧེ།
ངོ་མ་བཀའ་སློབ་ཟབ་ཅིང་རྒྱས་བ་ཞིག་གནང་ཡོད་པ་མ་ཟད་གོ་དོན་ཐད་ལ་ཡང་ཧ་ཅང་གསལ་བོར་བཟོས་འདུག་པས་སྙིང་ནས་བཀའ་ཁྲི་ཁོང་ལ་ཐུགས་རྗེ་བླ་མེད་དུ་ཞུ་བཞིན་ཡོད།
འདི་ལས་གཞན་བཤད་མཁན་རིགས་ནི་གོར་གོར་དང་ནར་ནར་གྱི་ཁོངས་སུ་གཏོགས་པ་ལས་གཞན་མེད།
དྲ་ལམ་དང་གསར་ལམ་ཁག་ཏུ་ད་རེས་ཀྱི་འགྱུར་པ་འདི་ལ་བདེན་པ་མིན་པ་སོགས། དངོས་ཡོད་གནས་ཚུལ་གྱི་རྒྱ་ལས་བརྒལ་པའི་གཏམ་བཤད་སྣ་ཚོགས་བྱས་དང་བྱེད་བཞིན་པ་འདི་ཚོའི་ན་ཚ་འཇོམས་བྱེད་ཀྱི་སྨན་དང་མཚུངས་པའི་བཀའ་སློབ་ཟབ་ཅིང་རྒྱ་ཆེ་བ་ཞིག་གནང་འདུག་པར་བཀའ་ཁྲི་མཆོག་ལ་སྙིང་དབུས་ནས་བཀའ་དྲིན་དང་ཐུགས་རྗེ་ཆེ་ཞུ་འདོད་བྱུང་། གཞི་བྱེས་གཉིས་སུ་འཁོད་པའི་བོད་རིགས་ཡོངས་རྫོགས་ཀྱིས་བཀའ་ཁྲི་ཟམ་གདོང་རིན་པོ་མཆོག་གི་བཀའ་དྲིན་ནམ་ཡང་བརྗེད་ཐབས་མེད་པ་ཞིག་རེད། ད་རེས་ལ་ཆ་མཚོན་ནའང་༧གོང་ས་མཆོག་གི་དགོངས་པ་གཞི་བཟུང་གིས་བཅར་ཁྲིམས་རིན་པོ་ཆེའི་དོན་ཚན་ཁག་ལ་བཅར་བཅོས་གནང་རྒྱུའི་ཐད་ལ་འཕྲལ་ཕུག་རྒྱང་གསུམ་ལ་གཟིགས་ནས་ཧ་ཅང་གི་འཐུས་སྒོ་ཚང་བ་གནང་སོང་བསམ་པ་ལས་གཞན་གྱི་འཆར་སྒོ་གང་ཡང་མེད་ཀྱང་། ཁོང་གིས་བཀའ་གནང་བ་ལྟར་འགན་ཁུར་མེད་མཁན་ཁག་ཅིག་གིས་གང་བྱང་མང་བྱུང་གི་གཏམ་བཤད་ལུ་གུ་བརྒྱུད་དུ་སྤེལ་བ་དེ་དངོས་ཡོད་གནས་ཚུལ་མཐུན་དང་ཐབས་མེད་ལ། བཙན་བྱོལ་བོད་གཞུང་དང་། ལྷག་པར་དུ་གཞིས་ལུས་རྒྱ་ཆེའི་མང་ཚོགས་ཀྱི་འཕྲལ་ཕུག་གང་ལའང་ཁེ་ཕན་མེད་པར་བརྟེན་བཀའ་ཁྲི་མཆོག་གིས་ཁ་ཚ་དགོས་གཏུགས་ཀྱི་བཀའ་གསལ་ཐག་ཆོད་ཅིག་གནང་བ་འདི་སྣག་ཐོག་བཙགས་ཁེལ་བྱུང་བར་སེམས།
དེ་དང་ཆབས་ཅིག་དྲ་གྲོགས་ཚོ་ལ་ཞུ་རྒྱུ་ཞིག་ལ་བཀའ་ཁྲི་མཆོག་གིས། རྒྱ་གར་གྱི་ནང་ལ་ཧི་མ་ཅལ་ཆེས་མཐོའི་ཁྲིམས་ཁང་ལ་ཡོད་པའི་ཁ་མཆུ་གསུངས་པ་འདིའི་སྐོར་མཁྱེན་རྟོགས་མཁན་ཡོད་ན་གསུང་རོགས་གནང་།
hh
ཟམ་གདོང་བླ་མ་ལགས། ཐ་སྙད་གལ་ཆེན་མིན་ན་ཁྱེད་མིང་ལ་ཁྱི་བླ་མ་བཏགས་ན་ག་འདྲ་འདུག སྲིད་འཛིན་གྱི་མིང་ལ་རྙོགས་འཛིན་བཏགས་ན་ག་འདྲ་འདུག དེ་སྔོན་རྒྱ་དང་འཐབ་མི་དགོས་བ་དོན་ཚན་བཅུ་བདུན་ཁས་བླངས་ན་བོད་ལ་ཕན་ཚུལ་དང་། ད་ལྟ་བོད་གཞུང་གི་མིང་སྒྲིག་འཛུགས་ལ་སྒྱུར་ན་ཕན་ཚུལ། མ་འོངས་བར་སྒྲིག་འཛུགས་ཀྱི་མིང་ཧི་མ་ལ་ཡའི་ཚོགས་པ་ལ་སྒྱུར་ན་ཕན་ཚུལ་གླེང་ངེས། མཐར་བོད་འདི་མིང་ཙམ་སྨོས་སུ་མི་སྤོབས་པ་ཧི་མ་ལ་ཡའི་ངོའི་འགྱུར་ནས་འཇའ་ལྟར་ཡལ་ངེས་རེད།
ཕས་བུ་གསོད་ན་རྒྱུ་མཚན་ཡོད་ངེས་རེད། རྒྱལ་ཚོང་འདི་ཚོ་རྒྱུ་མཚན་ལོས་ཡོད།
རྒྱལ་ཚོང་པ་འདི་ཚོ་རྒྱུ་མཚན་ཡོད་ངེས་རེད། ལོས་ཡོད། མེད་ན་ལས་དོན་འདི་འདྲ་སྒྲུབ་མི་སྲིད།
བཟོད་རྒྱམ་གྱིས་གསར་འགོད་གནང་པ་ཐུགས་རྗེ་ཆེ། ཆ་ཚང་ཞིབ་མོར་ཀློག་ཚར། འོན་ཀྱང་བསམ་ཚུལ་སྤེལ་ཤེས་པ་མི་འདུག ནག་ཐོམ་སེ་རེད། གང་ལྟར་ཟམ་གདོང་འདི་ནི་ནང་ལ་སྐོར་ན་ཚིག་ཤིན་ཏུ་རྣོ་ཀི དགྲ་ཕྱོགས་ལ་འཇམ་པོ་འཇམ་པོ་ཞིག་རེད་བསམ་ཀི བསམ་གི་བསམ་གི་སྔར་བསྟན་འཛིན་མགོན་པོས་འདིས་༧ གོང་ས་མཆོག་གི་བཀའ་དང་འགལ་བ་མང་པོ་བྱེད་ཀྱི་ཡོད་པ་རེད་ཟེར་བ་བདེན་པ་འདྲ་བོ་མཐོང་གི་འདུག དཀོན་མཆོག་གསུམ་ང་ལ་མཚོན་ན་བོད་གཞུང་ལ་བློ་དཀར་བ་ཞིག་ཡིན། བོད་གཞུང་མེད་ན་སྒྲིག་འཛུགས་ལ་བློ་དཀར་དགོས་པ་མི་འདུག་བསམ་གི བོད་གཞུང་ཟེར་བ་འདི་མེད་པ་བཟོས་ན་ང་ལྟ་བུའི་བོད་མི་ཇི་ཙམ་ཞིག་བློ་ཕམ་བཞིན་ཡོད་པ་རེད་ཨང་། ག་རེ་བྱས་ནས་སྔར་བོད་ཞི་བའི་བཅིངས་འགྲོལ་སྐབས་སུ་རྒྱ་དང་འཛིང་ནས་མི་མང་པོ་ཞིག་གི་གཅེས་པའི་ཚེ་སྲོག་བསྐྱལ་བ་རེད། ད་དུང་ཡང་མུ་མཐུད་ནས་ཚེ་སྲོག་བསྐྱལ་བཞིན་པ་དེ་དག་ག་རེའི་ཆེད་དུ་རེད།
དེ་ནས་དྲ་ལམ་དུ་བསམ་འཆར་འདོན་མཁན་དག་ལ་འགན་མ་ཁས་པ་དང་མགོ་མ་ཚོས་པ་ཟེར་ནས་ཟམ་གདོང་བླ་མས་ཟེར་བཞིན་འདུག་མོད། ངས་བསམ་ན་འགན་ཁས་པ་རེད། བོད་འབངས་ཞིག་ཡིན་པའི་འགན་ཁས་པ་རེད། གང་ཞིག་ན་བློ་ཁ་མ་ཁེངས་པ་ཡོད་ན་དེ་ལ་བསམ་ཚུལ་བཏོན་པ་ནི་འགན་ཁས་པའི་བྱ་སྤྱོད་ཅིག་རེད། འགན་མ་ཁས་པ་ཟེར་བ་ནི་གང་འདྲ་ཞིག་ལ་ཟེར་བཞིན་ཡོད་པ་རེད་ཟེར་ན། ཟམ་གདོང་ཁྱེད་རང་སྤྱི་འཐུས་ལ་མ་ལངས་པར་དུ་དང་བླང་བྱ་ཁྲལ་མ་ཕུལ་བ་དེ་འདྲ་ཡོད་ན་འགན་མ་ཁས་པ་ཟེར་དགོས་པ་རེད། བོད་འབངས་ཡིན་པའི་འགན་མ་ཁས་པ་རེད། ཁྱེད་རང་གི་དང་བླང་བྱ་ཁྲལ་ཕུལ་བ་དེ་དཔོན་པོ་ལ་བསྡད་པའི་ཆེད་དུ་ཡིན་སོང་ཙང་འགན་མ་ཁས་པ་ཟེར་དགོས་པ་རེད།
ད་གཡུག་ཞོག་འདི་འདྲ་རྐྱང་རྐྱང་ལས་བསྡད་ན་ངོ་ནས་སུན་གི
ངས་ཐེངས་འདིའི་ཟམ་གདོང་རིན་པོ་ཆེའི་གསལ་བཤད་འདིས་ཕན་ཐོག་ཞིག་ཅིས་ཀྱང་འབྱུང་གི་རེད་བསམ་ནས་སྒྲ་ཕབས་བཤུས་བྱས་པ་ཡིན་ལ། དྲ་གྲོགས་རེ་འགར་ཕན་འདུག་སྙམ་པས་དགའ་སོང་།
འོན་ཀྱང་(རྒྱལ་ཚོང་བ་)དང་(ཁྱི་བླ་མ་)ཟེར་བ་ལྟ་བུའི་ཚིག་འདིའི་གྲས་བྱེད་སྤྱོད་མ་གནང་ན་མི་ཡག་གམ། ཟམ་གདོང་རིན་པོ་ཆེས་ཀྱང་གསུངས་འདུག (འགན་མ་ཁུར་བའི་སྐད་ཆ་)ཟེར་བཞིན་འདུག ངས་བསམ་ན་གལ་སྲིད་ཐེངས་འདིའི་བཅོས་བསྒྱུར་སོགས་རྒྱལ་ཚོང་བ་ཡིན་ཚེ་རྒྱལ་ཚོང་བ་སུ་དང་གང་ཡིན་མིན་ཟམ་གདོང་རིན་པོ་ཆེའི་གསལ་བཤད་འདི་ཞིབ་ཏུ་བཀླགས་ན་ཤེས་ཐུབ། དེང་སང་མི་མང་པོས་རྩོམ་ཡིག་གི་ཁ བྱས་ལ་མཆན་འདེབས་མཀན་ཧ་ཅང་མང་པོ་འདུག གོང་གི་མཆན་བུ་འདེབས་མཀན་དེའི་ཁོངས་གཏོགས་མིན་ནམ་སྙམ།
དྲ་བདག་གིས་ཀྱང་(ཚིག་ངན་འདི་འདྲ་བ་བོད་ཀྱི་མཐོ་རིམ་མི་སྣར་བཤད་པར་དགོངས་པ་རེ་བཞེས་ན་ཏག་ཏག་འོས་ཤིང་འཚམ་)པོ་འདུག་སྙམ།
ཨ་ཁུ་ཟླ་མེད་ལགས། ད་དུང་བསྐྱར་དུ་གསལ་བཤད་དེ་ཞིབ་ཚགས་སུ་བཀླག་ན་གོ་རྒྱུ་ཞིག་ཨེ་ཡོད་ན། ཐེངས་འདིའི་ཁོང་གི་གསལ་བཤད་དེ་ཡང་གཙོ་ཆེར་(བཙན་བྱོལ་བོད་གཞུང་)ཞེས་པའི་ཐ་སྙད་འདི་དང་། དབྱིན་ཡིག་ནང་དུ་ཐོག་མར་རྒྱ་གར་དུ་སྐྱབས་བཅལ་ཐོ་འགོད་དེབ་སྐྱེལ་བྱེད་སྐབས་ནས་(Central Tibetan Administration)ཞེས་འབྲི་རྒྱུར་གཉིས་མོས་བྱུང་བ་སོགས་གོང་དུ་གསལ་བོར་གསུངས་འདུག དོན་དུ་ང་ཚོས་ཐེངས་འདིར་བཙན་བྱོལ་བོད་གཞུང་ཞེས་པའི་ཐ་སྙད་འདི་སྒྱུར་བཅོས་གཏོང་རྒྱུའི་བགྲོ་གླེང་རྩོད་པ་འདི་ཡང་བོད་ཡིག་ཐོག་ན་གང་ཡོད་པ་དེ་ལས། གཞན་པའི་དོན་གྱིས་རྒྱལ་སྤྱི་དང་གནས་ཚང་རྒྱ་གར་ལའང་ཐོག་མ་ནས་བཙན་བྱོལ་བོད་་དེ་འདྲ་ཞིག་བཤད་ས་ལྷག་མི་འདུག་སྙམ། འོན་ཀྱང་བསམ་ཚུལ་བསམ་ཚུལ་རང་ཡིན་ཏེ། འགན་ཁུར་མི་དགོས་ས་ནས་བོད་རང་བཙན་ཡིན་སྐོར་སོགས་ཁའི་ནང་དུ་གང་ཡོང་བཤད་ན་ཆོག་གི་རེད་པས། དོན་ལ་གཏུགས་ནས་བཤད་དགོས་ས་ཞིག་ལ། ལོ་རྒྱུས་དང་ཁྲིམས་ཀྱི་ཐོག་ནས་བོད་རང་བཙན་ཡིན་སྐོར་ཁུངས་སྐྱེལ་ར་སྤྲོད་བྱེད་ནུས་པའི་མཆིད་སྨྲ་རྒྱུ་ཨེ་ཡོད་ན་སྙམ། རྒྱལ་ལ་ཡོད་ཚེ་བསམ་ཚུལ་ཐན་ཐུན་རེ་དང་། ཚིག་ངན་རེ་གཉིས་བྲིས་བསྡད་ནས་འདོད་པ་ཁེང་ངམ། འདི་དག་ནི་དོན་ལ་ཕན་མི་ཐོག་པའི་ཚིག་རོ་རང་ལས་གཞན་ཅང་མི་འདུག་སྙམ། གལ་ཏེ་དོན་ལ་བཤད་རྒྱུ་ཡོད་པ་དང་། ཁུང་སྐྱེལ་ར་སྤྲོད་ཐུབ་པའི་སྐད་ཆ་རེ་གཉིས་ཡོད་ན་བཤད་ས་རྒྱ་ལ་ཁ་སྐོར་ནས་བཤད་ན་རང་གཞན་གཉིས་ཕན་དུ་འགྱུར་རེ་ཆེ་བས་དགོངས་མངའ་ཡོད་པར་ཞུ།
ཡང་མ་འགྲིག་མ་འཐུས་པ་དང་མི་འདོད་པ་ཅི་དང་གང་ཡོད་ན་སྙན་ཞུའམ་བསམ་ཚུལ་གང་ཡོད་ཡར་ཕུལ་དང་བསྐར་བཅོས་བྱེད་ཆོག་གི་རེད་ཅེས་གསུངས་མ་སོང་ངམ། ངོ་མས་ཕན་ཐོག་ཡོད་པ་དང་། དོན་གནད་ལ་འཁེལ་བའི་དགོངས་ཚུལ་གང་ཡོད་ཡིག་ཐོག་ནས་བཀའ་སྤྱི་གཉིས་ལ་བསྐུར་ན་དགའ་བསུ་ཞུ་ངེས་རེད་སྙམ། རྒྱུ་མཚན་ནི་གསའ་བཤད་དེར་ཡང་དེ་འདྲ་གསུངས་སོང་བས་སོ།།
དངོས་གནས་དགོངས་ཚུལ་ཡག་པོ་རེ་ཡོད་ན་ཡིག་ཐོག་ཏུ་བཀོད་ནས་དྲ་རྒྱ་ཁག་དང་བཀའ་སྤྱི་གཉིས་ལའང་ཕུལ་ན་ང་ཚོ་བོད་མི་ཡོངས་ལ་ཕན་ཐོག་གི་རེད་སྙམ།
སྐད་ཆ་བཤད་སྟངས་ཤེས་མ་ཤེས་ཀྱི་བར་ནས་ཕོག་ཐུག་འདྲ་མི་འགྲོ་བའི་རེ་བ་ཞུ།
སྤྱིར་ང་ཚོ་བོད་མི་སུ་ཞིག་ཡིན་རུང་རང་ཉིད་ལ་རིན་ཐང་དགོས་ན་རྣམ་དཔྱོད་དགོས་པ་དང་ཤེས་ཡོན་དགོས་པ་རེད་སོང་ཙང་བོད་མི་སུ་ཞིག་ཡིན་རུང་གཞན་གྱི་ལྟ་གྲུབ་དེ་ཁྱེད་ཀྱི་ཁས་ལེན་རྒྱུ་ཁག་པོ་ཡིན་གྱི་རེད། འོན་ཀྱང་སུ་ཞིག་གི་གཏམ་གླེང་བྱེད་ཁུར་བྱས་ན་ཡང་དེ་ལ་ལེགས་ཉེས་གང་ཡོད་གླེང་འོས་པ་རེད། གང་ཟག་ལ་དམོད་པ་བྱེད་པ་སོགས་མ་འོས་པ་ཞིག་ཡིན་པར་མ་ཟད་རང་ཉིད་ཀྱི་དེ་ཉིད་སྟོན་བྱེད་ཞིག་ལས་གཞན་གནས་ལུགས་དབེན། དེ་འདྲ་ཡིན་དུས་ཁྱེད་ཀྱི་རྣམ་དཔྱོད་དང་ལྡན་པའི་སྒོ་ནས་དགག་ཡིག་ཕྲིས་དང་ང་ཚོས་ལྟ་ངེས་ཡིན་དེ་མིན་སྟོང་བཤད་ཅི་འདྲ་བྱས་ཀྱང་ཕན་པ་མི་འདུག་པས་དེ་ལུགས་ལྟར་ཡིད་འཇགས་འཚལ།
གཅན་བཟོད་རྒྱམ་ལགས་ནས་སྐད་འཁོར་ནས་ཕབ་བཤུས་བྱས་པར་ཐུགས་རྗེ་ཆེ་ཞུ།
རོབ་ཙམ་ཅིག་བཀླགས་པ་ཡིན།
ཕབ་བསྒྱུར་ཡག་པོ་གནང་བཞག
ངོས་རང་སྔར་མཁས་དབང་ཟམ་གདོང་མཆོག་ལ་ཡིད་ཆེས་དང་དད་གུས་ཆེན་པོ་ཡོད།
འོན་ཀྱང་ཁོང་གིས་ཉེ་འཆར་གྱི་བཟོ་བཅོས་མང་རབས་བྱས་པར་ད་དུང་ཁོང་ནས་ངོས་བཞེས་གནང་གི་མི་འདུག་པར་མ་ཟད།
དུས་བབ་དྲ་གནས་སུ་བྲིས་པ་ལྟར་འདིར་བཤམ་དུ་བོད་ཡོད་པས་གཟིགས་དང་ཡུ་རོབ་ཀྱི་རྒྱལ་ཁབ་བྷ་ར་སིལ་གྱི་དོན་གཅོད་ཀྱི་སྐོར་ལ་ཅི་འདྲ་ཞིག་གནས་ཚུལ་བྱུང་འདུག་དེར་དཔྱད་ན་དགེ་སློང་ཞིག་གིས་ཞལ་རྫུན་གསུང་མི་སྲིད་ཀྱང་ཚིག་གི་བབ་ལ་ལྟས་ན་ཅི་འདྲ་ཞིག་འདུག
གཏམ་གཅིག་བབ་ན་ཚིག་ཟུར་ནས་ཡོང།
སྤྱང་གཅིག་བབ་ན་རི་ཟུར་ནས་ཡོང་།
ཟེར་བ་ལྟར་བྱུང་མི་འདུག་གམ།
༼དཔལ་ལྡན་རང་གཞུང་བཀའ་ཤག་ནང་བཀའ་བློན་ཁྲི་བ་ཟམ་གདོང་རིན་པོ་ཆེ་མཆོག་དང་མཇལ་འཕྲད་བྱུང་། བཀའ་བློན་ཁྲི་བ་སློབ་དཔོན་ཟམ་གདོང་རིན་པོ་ཆེས་ལམ་སེང་ཕྲན་ལ་གསུངས་དོན། ངས་ཁྱེད་རང་ཏོག་ཙམ་མ་གཏོགས་ངོ་ཡག་པོ་ཤེས་ཀྱི་མེད། ཁྱེད་རང་སྐུ་ཚབ་དོན་གཅོད་དུ་བསྐོ་བཞག་བྱས་པ་ནས་བཟུང་སྟེ་ཡི་གེ་མང་པོ་ཞིག་བཀའ་ཤག་ལ་འབྱོར་སོང་། ད་ཁྱེད་རང་ལས་ཀ་དེ་ནས་དགོངས་པ་ཞུ་རོགས་ཞེས་གསུངས་བྱུང་། ཕྲན་གྱིས་རིན་པོ་ཆེར་ངས་སྐུ་ཚབ་དོན་གཅོད་ཀྱི་ལས་ཀ་མགོ་བཙུགས་མེད་ལ། ནོར་འཁྲུལ་དང་གནོངས་སོགས་གང་ཡང་མེད་པས་ཇི་ལྟར་དགོངས་པ་ཞུ་དགོས་སམ། ཞེས་དྲིས་པའི་ལན་དུ་བཀའ་ཁྲི་མཆོག་གིས། ཁྱེད་རང་གིས་ང་ལ་སྒེར་གྱི་དཀའ་ངལ་ཞིག་འདུག་ལབ་ནས་དགོངས་པ་ཞུ་བའམ། ཡང་ན་སྦར་སིལ་དོན་གཅོད་ཀྱི་གླ་ཕོགས་ཡུ་རོབ་ནང་གི་མཐོ་རིམ་ལས་བྱེད་གླ་ཕོགས་ནང་བཞིན་བོད་གཞུང་གིས་སྤྲོད་ཐུབ་ཀྱི་མེད་ཙང་། ཁྱེད་རང་གིས་རྒྱུ་མཚན་དེར་བརྟེན་ནས་དོན་གཅོད་ལས་ཀ་ནས་དགོངས་པ་ཞུ་རོགས་ཅེས་སྐུལ་སློང་བྱས་བྱུང་།༽
བསམ་མནོ་སྔོན་དུ་མ་བཏང་ནས།
འགྱོད་པ་ཕྱིས་སུ་སྐྱེ་བ་བླུན་པོ་ཡིན།
ཞེས་པ་ཞིག་བྱུང་འདུག
ཚིག་གི་སྦྱོར་བ་ཇི་ཙམ་མཛེས་ཀྱང་།དོན་གྱི་བདེན་པའི་རྟོག་རིས་ནི་མི་མངོན་པའི་གསང་བ་ཕྲ་མོར་གནས་པས།ཚིག་མཛེས་པ་ཙམ་གྱི་ཅི་བྱ།མི་ལོ་བཅུའི་ཡར་སྔོན་གྱི་ཚོགས་གཙོའི་སྟོང་བཤད་རིང་མོ་དང་།མི་ལོ་བཅུ་འདས་པའི་དེ་རིང་བཀའ་ཁྲིས་སྟོང་བཤད་རིང་མོ།
གསལ་བཤད་བྱེད་དགོས་ས་ལ་གསལ་བཤད་བྱས་མི་འདུག ང་ཚོ་ཧང་སང་ས་དེ་བོད་རྒྱལ་ཡོངས་གཞུང་མང་ཚོགས་འདུ་ཟེར་ནས་ཚོགས་ཆེན་རྒྱ་ཆེ་ཆེན་པོ་ཞིག་བསྐོང་ཏེ་མི་མང་གི་བསམ་ཚུལ་བསྡུས་དེ་འདྲ་བྱས། མཐའ་མཇུག་མི་ཉུང་ཤས་ཤིག་གིས་བརྒྱ་ཁ་གཅིག་གཅོད་བྱས་པ་དེ་རེད། དེ་ནི་དམངས་གཙོའི་འགྲོ་སྟངས་དང་མཐུན་གྱི་མི་འདུག གལ་སྲིད།ཁྱེད་ཚོས་དེ་གྲོས་ཚོགས་ཐོག་ཐག་བཅད་པ་རེད། གྲོས་ཚོགས་ལ་ཐག་གཅོད་ཀྱི་དབང་ཚད་ཡོད་པ་འདྲ་ཞིག་བཤད་སྲིད་ཀྱང་། སྤྱི་འཐུས་ཚོས་སྤྱི་འཐུས་ཀྱི་གོ་ཆོད་མི་འདུག
བོད་གཞུང་དང་བོད་མིའི་སྒྲིགས་འཛུགས་གཉིས་ཀྱི་གོ་དོན་དང་། ནུས་པ། ཁྱབ་རྒྱ། ཤུགས་རྐྱེན། ལོ་རྒྱུས་ཀྱི་རིན་ཐང་། འབྱུང་འགྱུར་བོད་དོན་འཐབ་རྩོད་ཕྱོགས་མང་པོ་ཞིག་ནས་ཁྱད་པར་ཆེན་པོ་ཡོད་པ་དེ་ཁྱེད་ཟམ་གདོང་བླ་མས་ཤེས་ད་ཤེས། ཤེས་པ་ཡིན་ཙང་ད་བར་དེ་བེད་སྤྱོད་བཏང་ཡོང་བ་རེད་ལ། རྒྱ་གཞུང་ལ་སྤྲད་པའི་ཡིག་ཆའི་ནང་ཡང་བསམ་བཞིན་བོད་གཞུང་བཀོད་པ་རེད།
ད་ཡིན་པ་དེ། ཕྱིའི་གནོན་ཤུགས་མེད་བཞིན་དུ་རྗེས་མ་རྙོག་དྲ་ཕྲད་སྲིད་གི་རེད་བསམས་པའི་རི་བོང་གནམ་རྡིབ་ཀྱི་སྡུག་བསྔལ་དང་ཉམ་ཆུང་སྡར་མའི་རེ་དོགས་ཤིག་ཁོ་ན་གཞི་འཛིན་ས་ཡིན་པ་དེ་ཧ་གོ་སོང་། ཁྱེད་ཚོ་ཆོས་ཀྱི་དབུ་ཁྲིད་དང་གཞུང་གི་སྒྲིགས་འཛུགས་ཀྱི་ཁ་འཕྲོའི་མི་ཕལ་མོ་ཆེ་ཞིག རེ་དོགས། འཛེམས་ཟོན། བསྟུན་མཁས། སྤམ་རྫུ་སོགས་ལ་ཤིན་ཏུ་ནས་ཀྱང་གོམས་ཆ་ཆེ་བ་འདུག
རྒྱལ་བ་རིན་པོ་ཆེས་དགོངས་པ་ཞུས་པ་ཡིན་ནའང་། ཁྱེད་ཚོའི་རྒྱབ་ལོགས་སུ་རྒྱལ་བ་རིན་པོ་ཆེ་ལས་སྟོབས་ཤུགས་མ་ཆེ་ནའང་ཆུང་བ་མིན་པའི་བོད་གཞིས་བྱེས་གཉིས་ཀྱི་མི་མང་ཚང་མ་ཡོད་པ་མ་མཐོང་བ་དེ་ངོ་མ་མི་མང་གི་མངོན་འདོད། མི་མང་གི་ཐོབ་ཐང་། མི་མང་གི་ནུས་པ་སོགས་ངོས་མ་ཟིན་པ་རེད། དེ་ཐབས་ཞེ་དྲག་སྐྱོ་བོ་རེད།
གནས་ཚུལ་ཐབས་སྡུག་འདི་འདྲ་མཐོང་ན་ང་འདྲ་བོ་མི་ཕལ་བའི་ནང་གི་ཕལ་བ་ཕྱི་རྒྱལ་གྱི་དོས་ཁང་དང་བཟོ་ཁང་གི་སྒོ་འགྲིམས་ནས་མི་ཚེ་འཁྱོལ་ལ་མ་འཁྱོལ་བྱས་བསྡད་པ་ཞིག་ལ་མཚོན་ནའང་སེམས་སྐྱ་མོ་སྐྱོ་བས་ཁེངས། རང་གི་འཚོ་བའི་འདུན་པ་ཙམ་གཉེར་བའི་སེམས་ཤུགས་ཀྱང་རྦད་དེ་ཆགས་འགྲོ་གི་འདུག
མི་རེ་ཟུང་ཞིག་ལ་རྒྱུ་མཚན་མེད་པའི་བློ་དོགས་རེ་དང་རྣམ་རྟོག་རེ་སྐྱེས་པ་ཙམ་ལ་བརྟེན་ནས་བོད་མི་མང་པོ་ཞིག་གི་སེམས་ཤུགས་རྦད་དེ་གཅོག་ཐེངས་གཅིག་ལ་བཅག་འགྲོ་བ་འདི་ཡ་རེ་ང་།
ཐ་སྙད་ཀྱིས་དོན་ལ་ཁྱད་པར་གཏོང་ཐུབ་པ་སྐྱེ་བོ་ཀུན་གྱིས་ཤེས་ངེས་ཡིན། ཐ་སྙད་ལ་བཙན་བྱོལ་བོད་གཞུང་ཁྲིམས་ཐོག་ནས་མེད་པ་བཟོས་པ་ཡིན། དོན་ལ་བོད་མི་ས་ཡ་དྲུག་གི་སེམས་ནང་བོད་རང་བཙན་དུས་ནམ་ཡང་རྗེད་མེད་ལ་རང་བཙན་ལེན་རྒྱུའི་དམ་བཅའ་བརྟན་པོ་ཡོད་ཅེས་ད་སུ་ལ་ཤོད་དུ་འགྲོ་དགོས་རེད་དམ། མ་འོངས་པར་རྒྱལ་སྤྱིའི་ཁྲིམས་ཐོག་ཏུ་བཙན་བྱོལ་བོད་མིའི་སྒྲིགས་འཛུགས་ཞེས་སྐྱབས་བཅོལ་དུ་སླེབས་པའི་བོད་པའི་སྐྱིད་སྡུག་གམ་ཚོགས་པ་ཞིག་ལས་རྒྱ་དམར་གྱི་ཁྲིམས་མེད་ཀྱིས་བཙན་བཟུང་བྱས་པའི་བོད་མི་ས་ཡ་དྲུག་གི་སྐུ་ཚབ་དང་། པུར་རྒྱལ་བོད་རྒྱལ་ཁབ་ཆེན་པོ་དེའི་རྒྱུན་འཛིན་ཡིན་ཞེས་དག་འབུད་གང་འདྲ་བྱ་དགོས་སམ། རྒྱལ་སྤྱི་ལ་རྟགས་བསལ་བཏང་ན་ཁས་ལེན་ནམ། མ་ཟད་རྒྱལ་སྤྱི་ལ་ཐ་སྙད་ལ་གཞི་གྲུབ་ཀྱང་དོན་དམ་ལ་གཞི་མ་གྲུབ་ཅེས་སྔོན་དུ་དགེ་བཤེས་ཤིག་དགེ་རྒན་ཞིག་བཏང་ན་ལོ་ལྔ་དྲུག་གི་རྗེས་སུ་གཞི་ནས་གོ་བ་ལོན་སྲིད་པ་རེད། ལྐུག་པའི་སྤྱང་དྲུང་ཉུང་ཙམ་གནང་ན་ལེགས།
ཟམ་གདོང་བླ་མས་སྤྱི་འཐུས་ལྷན་ཁང་ནང་བཀའ་སློབ་དེ་མུ་མཐུད་ནས་གསུང་བ་གཅིག་ལ། བོད་དང་སོག་པོ་འབྲེལ་བ་བྱུང་བ་དེ་དང་པོ་ས་སྐྱ་པ་ཡིན་པ་ལས། དགེ་ལྡན་པ་མིན་པའི་གཡོ་བྱུས་སྐད་ཆ་ཞིག་བཤད་འདུག ས་སྐྱ་པས་སོག་པོ་དང་འབྲེལ་པ་བྱས་པ་དེ་དགེ་ལྡན་པ་ལྟར་ཆབ་སྲིད་ལེན་ཐབས་ལྟ་བུ་མ་ཡིན་པར། ཐོག་མར་མཆོད་ཡོན་གྱི་འབྲེལ་བ་ཁོ་ན་ལས་སྲིད་ཀྱི་འབྲེལ་བ་རྩ་བ་ནས་མེད་ལ། མཐའ་མ་ཆོས་ཀྱི་རྒྱུད་སྦྱངས་ཤིང་བླ་སློབ་དམ་ཚིག་གཅིག་ཏུ་འབྲེལ་བའི་རྒྱུ་མཚན་ལ་བརྟེན་ནས་བོད་དེ་ས་སྐྱ་པ་ལ་འབུལ་བའི་ཚུལ་དུ་ཕུལ་བ་ལས། དགེ་ལྡན་པ་ལྟར་ ཕྱི་ལོ་ ༡༦༡༨ ལོར་ཕྱི་ལ་དཔུང་རོགས་བཙལ་ནས་ནང་དམེ་འཕུངས་པའི་བྱ་བ་ཐབས་སྡུག་དེ་འདྲ་སུའི་བྱས་མེད་ལ། དེ་ལྟ་བུ་བྱས་པས་མཇུག་འབྲས་ལས་ད་ལྟ་ང་ཚོའི་མྱོང་བཞིན་པའམ་མཐོང་བཞིན་པ་འདི་ལྟར་ལགས། ལོ་རྒྱུས་ལ་བསམ་བློ་ལེགས་པར་ཐོངས་ཤིག
བོད་གཞུང་མང་ཚོགས་ཆེན་ལ་རེ་བ་ཆེན་པོ་བྱས་པ་ཡིན། ༧གོང་ས་ཆེན་པོའི་བཀའ་དགོངས་ལམ་སྟོན་བཞིན་རྣམ་དཔྱོད་ཀྱི་རྩལ་སྟོན་ནས་སྔར་ལས་ལྷག་པ་ཞིག་གནང་རྒྱུའི་རེ་བ་བྱས་པ་ཡིན། ཐ་མ་དེ་ཡོང་རྒྱུ་དེ་རེད། ང་ཚོ་བཙན་བྱོལ་དུ་འབྱོར་བ་ནས་བཟུང་༧གོང་ས་མཆོག་གི་དབུ་འཁྲིད་འོག་བཙན་བྱོལ་བོད་གཞུང་ཞེས་པུར་རྒྱལ་ཐོག་མ་མཉའ་ཁྲི་ནས་འགོ་བཙུགས་པའི་མེས་པོ་གོང་མའི་ཁྲག་ཐིག་ལས་གྲུབ་པའི་ལོ་རྒྱུས་ལྡན་པའི་བོད་རྒྱལ་ཁབ་ཆེན་པོའི་མཚན་ཟུར་གྲ་མ་ཉམས་པར་འཛིན་སྐྱོང་གནང་ཡོད། ད་ཆ་༧གོང་ས་མཆོག་བགྲེས་ཡོལ་གནང་བ་དང་མཉམ་དུ་མི་རབས་གསར་པས་འགན་འཁུར་ནས་སོ་སོའི་གཞུང་དེའི་ཚབ་ལ་སྒེར་པའི་སྒྲིགས་འཛུགས་ཤིག་གི་མིང་བཏགས་པ་ཕ་བཟང་པོས་བུ་ལ་བློས་བཀལ་བ་དེ་ཉ་ལན་ཆུ་མཇལ་མ་ཡིན་ནམ། ད་ཁ་བདེ་བོས་ཇི་ལྟར་བཤད་ཀྱང་རྣམ་དཔྱོད་དང་ལྡན་པའི་སྐྱེ་བོ་རྣམས་གཡོ་འོག་ཏུ་ཚུད་ཐབས་མེད། སྲིན་པོའི་ཡུལ་ལུང་འགའ་ཞིག་ན། །ཕ་གསད་པ་ལ་རྒྱ་རྔ་བརྡུང་། །ཞེས་པ་ལྟར་རེད། གཏམ་རྣ་བར་མི་འགྲོ་བ་དང་། མཇེ་སྟུ་ལ་མི་འགྲོ་བ་ལྟར།
གཟི་བོར་མ་རེད་གཟུ་བོར་རེད།
བརྗོད་བྱེད་མ་རེད།
རྗོད་བྱེད་རེད།
བད་སྤྱོད་མ་རེད།
བེད་སྤྱོད་རེད།
དགོངས་པ་དྭངས་པར་ཞུ།
ཡ་དྲ་གྲོགས་ཚོ།མི་ལྕེ་དམར་མོ་མ་ཟད་ན།རིན་ཆེན་གཏམ་ལ་ཟད་མཐའ་མེད་ཅེས་པ་ལྟར་རེད་མོད་གཙོ་བོ་བདེན་དོན་ལ་བལྟ་དགོས།བདེན་པས་སྟོང་པའི་སྐད་ཆ་ནི་བྲག་ཆ་དང་འདྲ་བས་སྙིང་པོ་ཆུང་།ཟམ་གདོང་བླ་མས་རྒྱ་དཀར་ནག་གི་གནོན་ཤུགས་འོག་རྒྱལ་བ་རིན་པོ་ཆེས་འདི་ལྟར་བཤད་པ་རེད་ཟེར་མཁན་ཚོས་རྒྱལ་བ་རིན་པོ་ཆེའི་སྐུའི་གསང་བ་གསུམ་ལ་ལྟ་སྟངས་དེ་ཚུལ་དང་མི་མཐུན་པ་དང་།རྒྱལ་བ་རིན་པོ་ཆེ་རྒྱ་མའི་གནོན་ཤུགས་འོག་ཕེབས་ངེས་མིན་པ་བློ་ཕམ་བཅས་གསུངས་འདུགརྒྱལ་བ་རིན་པོ་ཆེ་རྒྱལ་མའི་གནོན་ཤུགས་མ་བཟོད་ནས་ཡུལ་གྱར་དུ་ཕེབས་དགོས་བྱུང་བ་མ་རེད་དམ།འདི་ལྟར་མི་ཚེ་ཕྱེད་ཀ་ཡུལ་གྱར་དུ་བཞུགས་དགོས་ཁེལ་བ་དེ་རྒྱལ་མའི་གནོན་ཤུགས་ཐེབས་པ་མ་རེད་དམ།དགེ་སློང་ལགས་ཞལ་རྫུན་མ་གསུངས།
འབྲོང་བུ་སོག་ཚ་ལགས་སྐུ་ཉིད་ལྟར་ན་ བོད་དང་སོག་པོ་འབྲེལ་བ་ཐོག་མར་ག་དུས་བྱུང་ཡོད་དམ།
ས་སྐྱ་པས་སོག་པོ་དང་འབྲེལ་པ་བྱས་པ་དེ་དགེ་ལྡན་པ་ལྟར་མ་ཡིན་པས་རྒྱུ་མཚན་གང་ཡོད་དམ།
འོ་ན་འགྲོ་མགོན་ཆོས་རྒྱལ་འཕག་པས་རྒྱའི་མི་ཡུལ་ཆེན་པོ་དབང་ཡོན་དུ་མ་བཞེས་ན་རྒྱ་ནག་དེ་མི་བོར་མང་ཞིང་སྟོབས་ཤུག་ཆེ་བའི་རྒྱལ་ཁབ་ཞིག་ལ་འགྱུར་སྲིད་དམ།
དྲྭ་གྲོགས་ཚེ་བསམ་ལགས། ངས་ཞུས་པ་ནི་ཟམ་གདོང་བླ་མས་གཡོ་ཐབས་ཀྱིས་དེང་སང་འགྲོ་བཞིན་པའི་སྐད་ཆ་རྣམས་རྡོག་རོལ་གཏོང་རྩིས་བྱེད་པར་ཞུས་པ་ཡིན། གང་ལགས་ཤེ་ན། ཁོང་གི་དགའ་ལྡན་ཕོ་བྲང་པའི་ཆབ་སྲིད་མ་འཇོན་པ་དེ་ཤེས་ནས་དེའི་ཉེས་ཁག་རྣམས་རང་གི་ངོས་ལེན་མ་འདོད་པར་གཞན་ཞིག་ལ་འགེབ་རྩིས་བྱེད་བཞིན་འདུག་ན་དེར་ཞུས་པ་ཡིན།
དཔེར་ན་ལེགས་བཤད་ལས། ཁྭ་ཏས་མི་གཙང་ཟས་པའི་མཆུ། ས་གཙང་དག་ལ་འབད་དེ་ཕྱི། ཞེས་གསུང་པ་བཞིན།
སེམས་ཅན་གྱི་ཚེ་སྲོག་སྐྱོབ་རྒྱུ་དེ་བླ་མར་རང་བཞིན་གྱིས་འཁྲི་བའི་འགན་ཡིན་པས་དེ་ལ་བྱ་ཐབས་གང་ཡང་མེད། རྒྱ་མི་མི་འབོར་མང་བས་བོད་ཟས་པའི་རྒྱུ་མཚན་ཞིག་ཁྱེད་ཀྱིས་གསུང་འདུག་ཀྱང་། དེ་ནི་ངོས་ལེན་བྱ་ཐབས་བྲལ་བ་ཡིན། རྒྱུ་མཚན་ནི། དེ་ལྟར་ཡིན་ན་ད་ལྟ་རྒྱལ་ཁབ་ཡོད་བཞིན་པ་འབྲུག་དང་། བལ་པོ། དེ་བཞིན་ནུབ་ཕྱོགས་ཡུལ་གྲུ་འགར་རྒྱལ་ཁབ་ཆུང་ལ་མི་འབུམ་རེ་ཤས་ལས་མེད་པའི་རྒྱལ་ཁབ་ཡོད་ནའང་ཁོང་ཚོ་རང་ཉིད་ཀྱི་རྒྱལ་ཁབ་སྲུང་ནས་རང་བཙན་བྱེད་ནས་བསྡད་ཡོད་པ་མཐོང་ཆོས་སུ་གྱུར་པ་དེ་རེད། ང་ཚོ་བོད་ནི། དེ་ལས་ལྡོག་སྟེའོ།
སྐྱིད་རོང་གྲོང་ནས་ངལ་བ་འཛེམ་མེད་ཀྱིས། །
བཀའ་བློན་ཁྲི་བའི་བཀའ་སློབ་ཟབ་མོ་འདི། །
སྡེ་ལེགས་ཚིག་གི་ཡི་གེར་ཕབས་པ་གང་། །
གཅན་པ་བཟོད་རྒྱམ་ལགས་སུ་དགའ་དེའོ། །
ཡིན་ཡང་། རྒྱང་རིང་མི་མཐོང་བའི་རྫི་མས་མིག་ཤ་བཀབ་པ་ཁག་ཅིག་གིས་ཁྲོན་པར་བལྟས་ནས་མགོ་ཡུག་ཡུག་དང་སྐྲ་གཟེང་གཟེང་བྱེད་པའི་ངར་སྐད་དེ་རང་མདོག་རང་གིས་མ་མཐོང་བའི་རྟགས་ཁྲོན་པའི་ཆུའི་གཟུགས་བརྙན་སུ་ཤར་པ་རང་རེད།
ཁོང་ཚོར་ཡང་སེམས་ན་ལ་རྒྱ་ཞིག་མེད་པ་མ་རེད་དེ། ལ་རྒྱའི་སྤོབས་པ་དེའི་ཁ་ཕྱོགས་སྐོར་ས་ནང་དུ་བསྟན་འདུག་པ་དེ་ནོར་བ་རེད། ཨ་ཤི་རི་ཁོ། ལ་རྒྱའི་སྤོབས་པ་དེའི་ཁ་ཕྱོགས་ཕྱི་རུ་སྐོར་ནས་ངར་ངར་བྱེད་ཐུབ་ན་ཅི་མ་རུང་།
ཟམ་གདོང་བླ་མས་ཚིག་ལ་ཁྱད་པར་ཡོད་མ་རེད་ཞེས་བཤད་འདུག ཁག་མེད་དཔེ་ཆ་ཁྱ་རེ་ཁྱོ་རེ་ཞིག་ཤེས་དུས་ཚང་མར་རིགས་བསྒྲེ་གཏོང་གི་འདུག། ཀུན་རིགས་ཆོ་ག་ལས་གཞན་གྱི་ཕྱུང་མ་བསྟེན་པར་བྱ།། ཞེས་དགག་བྱ་དང་དགོས་པ་རྒྱུ་མཚན་ལ་གཟིགས་ནས་གསུངས་པ་རེད། བཅའ་ཁྲིམས་ནི་དཔེ་ཆ་དང་གཅིག་པ་མ་རེད་ཚིག་དེ་ཚོ་ཁྲིམས་ཡིག་ནང་ལ་འཁོད་དུས་ལག་ལྟར་བྱེད་དགོས་པ་ཞིག་རེད།
དེ་ཙམ་གྱི་གནས་དགག་མི་ཤེས་པའི་ཟམ་གདོང་བླ་མ་དེ་གང་དྲགས།།
དོན་དངོས་ཐོག་རྒྱུ་མཚན་དང་དགོས་པ་ངེས་ཅན་འདྲ་མེད་ན་ཟམ་དགོངས་རིན་པོ་ཆེ་ལ་སྐྱོན་འཛུགས་མ་གནང་རོགས། མཁྱིན་གསལ་བཞིན་༧རྒྱལ་བ་རིན་པོ་ཆེའི་དགོངས་པར་ཤར་བསྐྱོད་འགྲོ་ཐུབ་མཁན་ཟམ་དགོངས་རིན་པོ་ཆེ་ལས་ལྷག་སུ་ཡང་མེད། ཡོད་ན་སྟོན་ཤོག། དེ་བཞིན་མཁྱིན་ཡོན་གྱི་ཆ་ནས་ཁོང་ལས་ལྷག་པའི་བོད་རིགས་སུ་ཡོད། འདས་པའི་བོད་ཀྱི་རྒྱལ་རབས་དང་ལོ་རྒྱུས་རྣམས་སུ་ཁོང་འདྲའི་མཁས་དབང་ཞིག་ཕེབས་མི་འདུག་ཞུས་ན་ཧམ་བཤད་ཆགས་ཀྱི་མ་རེད་ལ་། དུས་ད་ལྟ་མཚོན་ན་བོད་མི་ཚོའི་༧རྒྱལ་བ་རིན་པོ་ཆེའི་འོག་ཏུ་དད་གུས་ཆེ་ཤོས་ཟམ་དགོང་རིན་པོ་ཆེ་རེད་ལ་རེ་བ་ཆེ་ཤོས་ཡང་ཁོང་ལ་རེད། འགྲན་ཟླ་མེད་པའི་སྐྱེ་ཆེན་ཁོང་གིས་བཀའ་དྲན་གྱི་བཙན་བྱོལ་བོད་མའི་སྒྲིག་འཛུགས་སྲ་བརྟན་དང་རྒྱལ་བའི་དགོངས་དོན་བཞིན་བརྒྱུར་བཅོས་བཏང་ཡོད་། དེ་དག་མ་ཤེས་པ་རེད་པས་ཤེས་འདོད་མེད་པ་རེད་། མ་ཡིན་ཡིན་མདོག་དང་མེད་ན་ཡོད་མདོག་བྱེད་ནས་སྐད་ཆ་བཤད་ན་ཧམ་པ་རེད། ག་དུས་ཡིན་ན་དྲ་བདག་ངོ་ཤེས་དང་འབྲེལ་ཡོད་ཡིན་ཁུལ་གྱི་ངན་པ་རྒྱུས་ཡོད་ཐོག་ཆོལ་ཁ་དང་ལུང་མཚན་འཐེན་འཁྱེར་ཀྱི་སྨྱོ་བཤད་བྱེད་སྡོད་ན་དངོས་ཡོད་འགན་མ་ཁུར་བའི་སྐད་ཆ་ཡིན་པས་ཡག་པོ་མི་འདུག། གཟིགས་རོགས། བོད་ཡིག་འབྲི་མཁན་མང་ཆེ་བ་བོད་ནས་ཕེབས་མཁན་རེད་ལ་དེ་ཡང་དྲ་ཚིགས་འདིའི་ནང་ཟིན་བྲིས་སྤེལ་མཁན་དང་མཆན་འདེབས་མཁན་མང་ཆེ་བ་ལུང་ཚན་གཅིག་པ་རེད། ཡིན་ཡང་སྙིང་མེད་འགས་ཐ་ན་རང་གི་ངོ་དགོང་ཙམ་ཡང་སྟོན་མ་ནུས་པར་མིང་རྫུན་འོག་ཁ་དམག་རྒྱབ་བཞིན་འདུག། ཁོང་ཚོའི་འབྲི་སྟངས་ཇི་ལྟར་བྱེད་རུང་མི་ཚེ་རི་ལ་འགྲོ་ནས་རི་དགས་ངོ་མ་ཤེས་དགོས་དོན་མེད་པས་ག་དུས་ཡིན་ན་མིང་རྫུན་འོག་སྨྱོ་བཤད་བྱེད་པ་དེར་དཔའ་བོ་དང་མཇོན་པོ་རྩིས་ན་ཧ་ཅང་ནོར་འཁྲུལ་རེད། དགོས་མཁོ་བྱུང་གསལ་སྟོན་བྱེད་པར་ད་སྐབས་ངལ་བ་གང་ཡང་མི་དགོས། ལས་སླ་པོའི་ཐོག་ཁྱེད་ཀྱི་མིང་དང་སྡོད་གནས་སོགས་གསལ་པོ་བཤད་ཐུབ་ཀྱི་ཡོད།
གཟབ་གདོང་བླ་མའི་བཀའ་དྲིན་རྗེས་དྲན་མཛོད། མཛད་འཕྲིན་རྒྱས་ལ་སྐུ་ཚེ་ཡུན་བརྟན་ཤོག
བླ་མ་མཇལ་བ་མ་མཇལ་ལ།
བུ་ལོན་འཇལ་བ་འ་འཇལ་ཡིན།
སྐྱུ་རྩིས་ཁ་ནས་སྐྱོར་ཡང་།
ལག་པའི་ནང་ནས་རྗེད་འདུག
འུར་ཁང་འབྲུག་མོར་འཛགས་ཡོར།
སྐྱུ་རྩིར་ཐུགས་འཁུར་གནང་བ།
དགུན་ཆང་དངུལ་ཕོར་བཏེགས་ནས།
བཀའ་དྲིན་ལེགས་གསོལ་ཞུས་ཆོག
མཇེ་ཆུང་བྱིའུ་གཟུགས་ཅན།
སྟུ་ལ་འཛུལ་ཐབས་མེད་ན།
སྐྱུ་རྩི་རི་རྒྱལ་ལྷུན་པོ།
འཛུལ་མིན་འུར་ཁང་ལོས་ཤེས།
བཀའ་དྲིན་ལ། བཀའ་དྲན།
འུར་ཁང་ལགས།
་་་་་་་་་་་་་་ད་ལྟ་བོད་གཞུང་གི་མིང་ ལྷག་རོ་ཙམ་ཞིག་ཡོད་པ་འདི་ཡང་མི་རབས་གསར་པའི་བཀའ་ཁྲིར་ཤོར་དོགས་ཀྱི་ཕྲག་དོག་ གིས། ཐབས་ཤེས་ཡོད་རྒུ་རྩལ་སྤྲུགས་བྱས་ཏེ་མེད་པ་བཟོས། ་་་་་་་་་་་་་་ཞེས་བྲིས་འདུག
དེ་འདྲ་མེད་པར་བཟོ་མཁན་བཅའ་ཁྲིམས་སྐྱར་བཅོས་ཚོགས་ཆུང་གི་ཚོགས་མི་སྐུ་དྲག་དེ་ཟམ་གདོང་བླ་མ་དང་སྤེན་པ་ཚེ་རིང་ལགས། ཐུབ་བསྟན་ལུང་རིགས་ལགས། རྒྱ་རི་སྒྲོལ་མ་ལགས། པད་མ་འབྱུང་གནས་ལགས་བཅས་ལྔ་བོ་གང་རུང་ཡིན་ནམ་ཡང་ན་༸གོང་ས་མཆོག་ཡིན་ནམ། དེ་མིན་པ་ཞིག་ཡོད་གསལ་བཤད་ཞིག་གྱིས་རོགས།
སྐད་ཆ་རྒྱུ་མཚན་ཡོད་པ་བཤད་མཁན་གཅིག་ཀྱང་མི་འདུག མ་གཞི་ཁག་ཡོད་ཀྱི་མ་རེད། གསལ་བཤད་ཆ་ཚང་མ་ཀློག་པར་རང་སྣང་གང་ཤར་རེ་བཤད་བསྡད་ན་གཞན་གྱིས་ཅི་ཟེར་མི་ཤེས་པའི་ཀར་རང་གི་སྐད་ཆ་དེ་ཡང་མགོ་སྔ་མེད་པ་ཞིག་ཏུ་གྱུར་ལོས་འགྲོ། བོད་མིའི་ལས་དོན་དང་ཆབ་སྲིད་ལ་ཐད་ལ་ཤ་ཚ་དང་དོ་སྣང་ངེས་ཅན་རེ་ཡོད་ཚེ། དམའ་མཐར་ཡང་གཞུང་མང་ཚོགས་ཆེན་སྐབས་ཀྱི་བཤད་པ་དེ་ཚོ་དང་གྲོས་ཚོགས་སྐབས་བཅུ་བཞི་བ་ཚོགས་སྐབས་ཀྱི་གྲོས་ཆོད་གང་དང་ཅི་བཞག་དེ་ཚོར་ཤེས་རྟོགས་རེ་ཡོད་ན། སྐད་ཆ་རྒྱུས་མེད་འདི་ཚོ་བཤད་ག་ལ་སྲིད། བཅའ་ཁྲིམས་བསྐྱར་བཅོས་སམ་ཁྲིམས་ཡིག་གཏན་འབེབས་སྐབས་སུ་གྲོས་ཚོགས་ཀྱི་འཐུས་མི་རྩ་འབོར་སུམ་ཆའི་གཉིས་སམ་མང་མོས་བྱེད་དགོས་པའི་འགྲོ་སྟངས་དེ་ཤེས་ངེས་ལ་དེ་ཡང་མཁྱེན་མི་འདུག གྲོས་ཚོགས་ནང་དུ་ཡི་གེ་དག་ཆ་གཅིག་ལའང་ཁ་རྩོད་སྣ་རྩོད་བྱས་ཏེ་དག་ཐེར་ཅི་ཙམ་བྱེད་བཞིན་པའང་གསན་གཟིགས་གནང་མི་འདུག ཟམ་གདོང་རིན་པོ་ཆེས་གོང་དུ་གསུངས་འདུག་གཱ འགན་མེད་པའི་སྐད་ཆ་དང་།་ཡང་ན་གློ་བུར་གློ་བུར་ལ་ཚོར་བའི་བཤད་པའི་སྐད་ཆ་དེ་ཚོ་འཇའ་ཡལ་བཞིན་འགྲོ་གི་རེད་ཟེར་བ་བཞིན། དེ་འདྲ་མ་གནང་རོགས། དུས་ཁོམ་ཡོད་དུས་གཞུང་ཡིན་ནའང་འདྲ། སྒྲིག་འཛུགས་ཡིན་ནའང་། མཐོ་བ་༸གོང་ས་མཆོག་ནས་དམའ་བ་མི་དཀྱིས་མ་ཞིག་གི་བར་དུ་སྐད་ཆ་ཅི་བཤད་ཀྱིན་འདུག གང་འདྲ་ཞིག་བསམ་གྱིན་འདུག ཐ་སྙད་འགྱུར་བ་གཏོང་ཕྱོགས་ཀྱི་སྐོར་དེ་ཡང་ཅུང་གསལ་བོ་གཟིགས་ན་འདི་འདྲའི་དགོངསཚུལ་ཨེ་ཡོང་ངམ་བསམ་གི་འདུག ང་ལའང་སྔོན་ཆེད་དེ་འདྲའི་བསམ་བློ་འཁོར་མྱོང་། གསལ་བཤད་རབ་དང་རིམ་པར་གནང་། འགྲེལ་བཤད་སྔ་ཕྱི་རིམ་པར་གནང་ཡོང་ན། རང་ཉིད་དངུས་སུ་དེ་དག་མ་ཞུགས་ཀྱང་གསལ་བཤད་དང་འགྲེལ་བཤད་སྔ་ཕྱི་དེ་ཚོས་ངོ་འཕྲོད་པ་ཞིག་ཡོང་གི་འདུག་སྙམ། འདི་དག་ནི་ངའི་བསམ་ཚུལ་ཡིན།
ཁ་བའི་སྒྲོན་མེ་ལགས།
ཁྱེད་རང་གིས་གནས་ཚུལ་གཅིག་རང་དྲང་པོ་གསུངས་འདུག
བོད་ཡིག་འབྲི་མཁན་མང་ཆེ་བ་བོད་ནས་ཕེབས་མཁན་ཚོ་རེད་ཟེར་བ་དེ་རེད།
དེ་བདེན་པ་རེད། བོད་ནང་རྒྱ་མིའི་མནར་གཅོད་རྒྱུན་མི་ཆད་པའི་འོག་ཏུ་བོད་ཀྱི་བླ་ཆེན་ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེས་དབུ་འཁྲིད་ནས། ཨ་བླ་ཚེ་བརྟན་ཞབས་དྲུང་དང་། མཁས་དབང་དམུ་དགེ་བསམ་གཏན། མཁན་པོ་འཇིགས་མེད་ཕུན་ཚོགས། མཁན་པོ་ཁྲོ་རུ་ཚེ་རྣམ། དུང་དཀར་བློ་བཟང་འཕྲིན་ལས། མཁས་དབང་རྡོ་རྗེ་རྒྱལ་པོ་སོགས་བླ་མ་དང་མཁས་པའི་དབང་པོ་མང་པོས་རང་གི་བླ་བྲང་དང་དབང་གྲགས་འབྱོར་པ་ཙམ་མ་ཟད། ཐ་ན་སྐུ་སྲོག་ཚུན་ཆད་བློས་བཏང་གནང་ནས་བོད་ཀྱི་སྐད་ཡིག་རིག་གཞུང་དང་བཅས་པ་བདག་པོ་སྐྱོན་པ་དང་། ད་དུང་གསར་གཏོད་ཀྱི་སྒོ་མོ་ཕྱེ་གནང་ཡོད།
ཡིན་ནའང་། ཁྱོད་ཀྱིས། གཡག་ཞ་རས་རྩ་བཟས་པ་བཞིན་ཕྱོགས་གཅིག་མ་གཏོགས་མཐོང་མི་འདུག
མཁྱེན་ཡོན་གྱི་ཆ་ནས་ཟམ་གདོང་བླ་མ་ལས་ལྷག་པའི་བོད་རིགས་མང་པོ་ཡོད་པ་མ་གཟིགས་སམ།
བཙན་བྱོལ་ནང་མི་ལོ་ལྔ་བཅུའི་རིང་བོད་ཀྱི་རིག་གཞུང་ལ་སྨན་པའི་རིགས་གཅིག་རྐང་འཛིན་ཐོན་རྒྱུ་ཧ་ཅང་མཐོང་དཀོན་པོ་ཡིན་པ། ལོ་གསུམ་གོང་ལ་རྒྱལ་བ་རིན་པོ་ཆེ་གསུང་སྐད་ཤོར་མ་སོང་ངམ།
ཨ་རོགས་གཅན་བཟོད་རྒྱམ།
ཁྱེད་རང་གི་འདོད་པ་དང་མི་མཐུན་ན་རྒྱུ་མཚན་མེད་པ་ཡིན་གྱི་རེད།
ཁྱེད་ཀྱིས་ཟམ་གདོང་བླ་མའི་དགེ་སྐྱོན་གཉིས་ཀར་གཟིགས་འཚལ།
ཨོའོ་མ་རེད། གལ་སྲིད་ཁྱེད་རང་ཟམ་གདོང་བླ་མའི་སློབ་མའམ་སློབ་རྒྱུད་མིན་ན།
ཆོས་སྲིད་གཉིས་ལྡན་ཡིན་ན་དགའ་མོད་ཀྱང་།
ཆོས་སྲིད་མཉམ་བསྲེས་བྱས་ན་ཅི་ལ་དགའ།
ཆོས་སྲིད་འདྲེས་མའི་བླ་དཔོན་མང་དྲག་ན།
ཆོས་སྲིད་གཉིས་མེད་ཡོང་རྒྱུ་གདོན་མི་ཟ།
མ་རེད་མ་རེད། ངེད་གཉིས་བླ་མ་དང་སློབ་མ་དགེ་རྒན་དང་དགེ་ཕྲུག་གང་ཡང་མ་རེད། གཞན་གྱིས་བཤད་བཤད་ཚང་མར་རྒྱུ་མཚན་མི་འདུག་དེ་བས་ལབ་གི་མེད་ལ་ལབ་ཀྱང་མི་ཕོད། ངས་ཟེར་བཞིན་པ་ནི་རྒྱལ་ཚོང་བ་རེད། ཆོས་སྲིད་ཟུར་འབྲེལ་གྱིས་ཕུངས་པ་རེད། ཅིག་རེད་མིག་རེད་ཟེར་བ་དེ་ཚོར་ཟེར་གི་ཡོད། ཆོས་སྲིད་ཟུང་འབྲེལ་གྱིས་ཕུངས་དང་མ་ཕུངས་དེ་ཚོ་སྔོན་ནས་བཤད་བཞིན་པའི་གླེང་རྙོག་ཐག་གཅོད་དཀའ་བ་ཞིག་རེད། སྐྱུར་ལ་ཐོངས། གཡང་སྐྱབས་རྒྱལ་གྱིས་རྩོམ་ཡིག་ཅིག་བྲིས་འདུག་ག དེ་ནང་བཞིན་རང་གི་གང་བསམ་པ་དེར་རྒྱུ་མཚན་དང་སྒྲུབ་བྱེད་རེ་བཙལ་ཏེ་འབྲི་ཐུབ་ན་རང་གཞན་གཉིས་ལ་ཕན་ཐོག་འདུག་ཅེས་ངས་ཡང་ནས་བསྐྱར་དུ་བཤད་ཡོད། དེ་མ་གཏོགས་ང་ལ་ཐེངས་འདིའི་བསྒྱུར་བཅོས་ལ་འདི་བཟང་གན་ངན་ཞེས་པའི་ལྟ་ཚུལ་བསྒྱུར་མི་བཏུབ་པ་ཞིག་གཟར་ཡང་མེད་ཡ། རྒྱུ་མཚན་ནི་རང་ཉིད་ཀྱི་ཤེས་རྟོག་དམན་ཁར་ཆབ་སྲིད་ཀྱི་དོན་གནད་གལ་ཆེན་འདི་ཚོའི་ཐད་དུ་དེ་བས་ཀྱང་འདི་རེད་དེ་མ་རེད་ཀྱི་སྐད་ཆ་བཤད་སྤོབས་པ་མི་འདུག་ཡ། ངས་བཤད་པ་རེ་གཉིས་ཕོག་ཡོད་ན་དགོངས་དག་ཞུ། ད་དུང་ང་ཚོས་ནང་པན་ཚུན་དང་ལྷག་པར་དུ་རྒྱལ་ཚོང་དང་བོད་གཞུང་བསྡུ་གསོག་བརྒྱབས་པ་རེད་ལྟ་བུའི་ཚིག་ངན་དམ་དུམ་རེ་བཤད་ནས་མི་འདུག་པར་བགྲོ་གླེང་ལྷུག་ཙམ་བྱུང་ན། སྐབས་བཅོ་ལྔ་བའི་གྲོས་ཚོགས་སུའང་ཕན་ཐོག་དང་བསྐྱར་བཅོས་ཡོང་རེ་ལོས་ཡོད་སྙམ། ཟམ་དགོང་རིན་པོ་ཆེས་ཀྱང་དེ་འདྲ་ཞིག་གསུངས་འདུག་ག དེ་ཙམ་ཡིན་ལགས།
ཧ་ལོ་བཟོད་རྒྱམ། རྒྱུག་པ་ལེབ་རྡུང་མ་ཡིས།
ད་དུང་སྤྱི་འཐུས་ཐོག་པའི་ནང་དུ་རྩོམ་ཡིག་འབྲི་མཁན་དང་དཔྱད་གཏམ་སྤེལ་མང་པོ་ཡོད་པ་རེད། དེ་ཚོའང་ཞལ་ཀ་བཙུམས་ནས་མི་བཞུགས་པར་གལ་ཆེན་དོན་ཆེན་ལ་འགན་འཁུར་དགོས་པར་འདོད། སྐབས་བཅུ་བཞི་བའི་གྲོས་ཚོགས་ཐོག་ནས་བཅའ་ཁྲིམས་བསྐྱར་བཅོས་ལ་མོས་མཐུན་གནང་མཁན་ཚོ། སྐད་ཆ་བཤད་མཁན་ཚོ། ལག་པ་བཀྱགས་ནས་མང་མོས་ལ་རྒྱབ་གནང་མཁན་ཚོ། སྐབས་བཅོ་ལྔ་བའི་ལས་ཐོག་སྤྱི་འཐུས་རྣམ་པ་ཚོ། གསུང་བཤད་འདིའི་སྔ་གཞུག་ཚང་མ་གསན་གཟིགས་གནང་གྲུབ་པའི་སྤྱི་འཐུས་ལས་ཐོག་པ་ཚོ། ཟ་ཁང་དང་ཚོང་ཁང་གཉེར་ནས་ནས་མ་ཤེས་མ་གོ་ཁུལ་བྱས་ནས་མི་འདུག་པར་མི་མང་གིས་གླེང་ཕྱོགས་ལ་དོ་སྣང་གནང་རོགས། འགན་ཡོད་པའི་ཆ་ནས་གསལ་བཤད་གནང་རོགས། མི་མང་གི་མངོན་འདོད་ད་ལོའི་སྤྱི་ཟླ་དགུ་བའི་གྲོས་ཚོགས་མནབས་ཕེབས་རོགས། ཁུ་སིམ་མར་མ་འདུག་རོགས་ཞེས་སྐུལ་ལོ།།
xxxxxxxxxxxxxxxxxxxxx
འུར་ཁང་ལགས། ཁྱེད་རང་གི་དཔྱད་བརྗོད་གནང་བར་དགའ་བསུ་ཡོད། ལྷག་དོན་བོད་ཡིག་འབྲི་མཁན་མང་ཆེ་བ་བོད་ནས་ཕེབས་མཁན་ཚོ་རེད་ཟེར་བ་དེར་རྒྱབ་སྐྱོར་གནང་བར་དགའ་པོ་བྱུང་། གང་ཡིན་ཟེར་ན་ང་རང་གི་རང་གཤིས་ལ་དངོས་ཡོད་དང་དྲང་བདེན་གཙོ་བོ་བཞག་པའི་ཐོག་གཏམ་བཤད་བྱེད་མཁན་རིགས་ལ་དགའ་པོ་ཡོད་པས་ཡིན། མ་གཞི་ངས་གོང་ཏུ་མཁྱེན་ཡོན་གྱི་ཆ་ནས་ཟམ་དགོངས་རིན་པོ་ཆེ་ལས་ལྷག་པ་མི་འདུག་ཞུས་ན་ཧམ་བཤད་ཆགས་ཀྱི་མ་རེད་བཤད་པ་དེར་ཁྱེད་གྱི་ལེན་ཁ་གསལ་གང་ཡང་མ་བགྲང་བར་བཤད་ཟུར་ཏུ་མཁྱེན་ཡོན་གྱི་ཆ་ནས་ཟམ་གདོང་བླ་མ་ལས་ལྷག་པའི་བོད་རིགས་མང་པོ་ཡོད་པ་མ་གཟིགས་སམ། ཅེས་དྲི་བའི་འོག་ཡོད་མདོག་རྣམ་འགྱུར་བསྟན་པའི་ཟོལ་འདྲ་མཐོང་སོང་། དེ་ལྟར་ཡིན་ན་ལེན་གྱི་ཚུལ་དུ་ངས་སྐད་ཆ་འདི་འདྲ་ཞིག་བཤད་འདོད་བྱུང་། ཡོད་ན་བོད་རིགས་མདོ་དབུས་ཁམས་གསུམ་གང་རུང་དུ་ཡོད་དགོས་པས་སུ་འདུག་སྟོན་ཤོག། མེད་ན་ཡོད་མདོག་བྱེད་དགོས་དོན་མེད་པས་ངའི་བླ་མ་དང་ང་ཚོའི་དགེ་རྒན་ཅེས་ཕྱོགས་ལྷུང་མ་གནང་བར་དངོས་ཡོད་སྐྱེ་ཆེན་ཁོང་ལ་ཆོས་ཀྱི་ཤེས་བྱ་ཟམ་དགོངས་རིན་པོ་ཆེ་ལས་མཐོ་བ་དང་དམ་པ་འདི་ལ་སྲིད་ཀྱི་ཤེས་བྱ་ཟམ་དགོངས་རིན་པོ་ཆེ་ལས་མཐོ་རབས་རྒྱུ་མཚན་ཐོག་བཤད་ཤོག། ད་དུང་ཀུན་སྤྱོད་ཉམས་ལེན་ཐོག་ནས་ཁོང་ལས་ལྷག་པའི་གང་ཟག་འདི་འདུག་ཅེས་གསུངས་ན་དགའ་བསུ་ཡོད་། དམིགས་བསལ་རྒྱལ་བ་དོན་ཀྱི་བདག་པོའི་བཀའ་དགོངས་ཤར་བསྐྱོད་འགྲོ་ཐུབ་མཁན་ཁོང་ལས་ལྷག་སུ་འདུག་ཡོད་ན་སྟོན་ཤོག། དེ་མིན་ཁྱེད་ཀྱི་སླར་ཡང་བསམ་ཞིབ་ཐོག་དགོངས་འཆར་གནང་རྒྱུའི་རེ་བ་ཡོད་།
ཁ་བའི་དུག་མེ་ལགས།
ཁྱེད་ཀྱིས་་་་་་་་་་་་བོད་ཡིག་འབྲི་མཁན་མང་ཆེ་ བ་བོད་ནས་ཕེབས་མཁན་རེད་ལ་དེ་ཡང་དྲ་ཚིགས་འདིའི་ནང་ཟིན་བྲིས་སྤེལ་མཁན་དང་མཆན་ འདེབས་མཁན་མང་ཆེ་བ་ལུང་ཚན་གཅིག་པ་རེད། ་་་་་་་་ཞེས་བྲིས་འདུག
ཁྱེད་ཀྱི་ཀུན་སློང་དེ་འདྲའི་ཐོག་ནས་མཆན་བྲི་ཡི་ཡོད་ཙང་ཚང་མ་དེ་འདྲ་རེད་ཞེས་བརྗོད་ན་ཁྱེད་ཀྱི་རང་ཚང་ཕྱིར་མངོན་པ་རེད། ལྡུམ་རའི་ནང་ནས་ཁྱེད་ཀྱིས་བཟས་པའི་ཤིང་ཏོག་དེ་སྨིན་པའི་རྒྱུ་མཚན་གྱིས་དེ་ཡོད་ཚང་མ་སྨིན་འདུག་ཞེས་བརྗོད་ན་གླེན་པ་རང་རེད་མི་འདུག་གམ།
དུག་མེ་ཁྱེད་ཀྱིས་དེ་སྔོན་བཀའ་ཁྲིའི་སྐོར་ལ་མཆན་སྤེལ་ལ་བལྟས་ན་ཁྱེད་ཀྱང་ཆོལ་ཁ་གང་ནས་ཡིན་མིན་བདག་ཚོས་ངོས་འཛིན་ཐོབ་སོང།
ཟམ་གདོང་གིས་ལྷོ་ཕྱོགས་ཀྱི་གཞིས་ཆགས་ཁག་ལ་ས་འོག་ནས་ཆུ་འཐེན་མི་འཇུག་པས་ཞིང་པར་དཀའ་ངལ་ག་འདྲ་འཕྲད་ཡོད་མེད་ཁྱེད་ཀྱི་ཤེས་ཀྱི་ཡོད་དམ།
ད་དུང་སྲོལ་རྒྱུན་ཞིང་ལས་ཀྱིས་བོད་མིར་གྱོང་འགུལ་ད་ཚོད་ཕོག་ཡོད་མེད་ཀྱང་ཁྱེད་ཀྱིས་ཤེས་ཀྱི་ཡོད་དམ།
ད་དུང་མང་བོ་ཡོད་ཀྱང་དུས་ཚོད་ཀྱི་རྐྱེན་པས་འདི་ཙམ་ཡིན་རྗེས་སུ་་་་་་་་་་་་་་།
དེ་རིང་ངས་ཁོང་གིས་གསུང་དངོས་ལ་ལན་བདུན་བརྒྱད་ཅིག་ཉན་པ་ཡིན། དེའི་ནང་དུ་ལེགས་བཤད་འདུག་ལ་དངོས་ཡོད་དང་མ་མཐུན་པ་རེད་བསམ་ཡང་མང་པོ་འདུག
སྤྱི་འཐུས་ཚོགས་གཙོས་བོད་ཁྱིམ་སློབ་གྲྭར་གནང་བའི་གཏམ་བཤད་དེ་ཡང་འདི་དང་ཧ་ཅང་འབྲེལ་བ་ཆེ་བས་གསན་གཟིགས་རེ་གནང་ན་ལེགས་སམ་སྙམ།
h
༡༥༽ རིག་འབྱུང་རྒྱ་མཚོ་ནས།
སྤྱི་ལོ་ ༢༠༡༡ ཟླ་ ༦ ཚེས་ ༨ གི་ཆུ་ཚོད་ ༡༢ སྐར་མ་ ༣༩
རིག་འབྱུང་ལགས་ཀྱིས་གསུངས་པ་དེ་བདེན་པར་མཐོང་།
ཟམ་གདོང་གི་ཞེན་འདོད་ལྟར་བོད་གཞུང་ཞེས་བ་ཐ་སྙད་ཙམ་གྱི་མཚོན་དོན་ལས་ཅི་ཡང་མིན་ན་རྒྱ་གར་ནག་གི་མིག་ནང་འཚེར་མ་གྱུར་ཞིང་ཅི་ལྟར་གནོད་ཤུགས་སླེབས་པ་ཡིན་ནམ། གཡག་གསོད་པའི་སྟེང་སྔ་མ་གནམ་ལ་འཕྱ་བའི་དཔེ་ལས་མ་འདས། རེ་བ་མི་འདུག བླ་མ་རྒྱལ་ཁབ་ལ་རེ་བ་དཀའ། བླ་མ་འདི་ཚོས་སྦྱིན་བདག་གལ་ཆེན་གནང་བ་ལས་རྒྱལ་ཁབ་རྩ་དོན་མི་འཛིན་པ་ནི་བླ་ཕམ་རེད།
དྲ་གྲོགས་རྣམས་པ།
བཀའ་སློབ་འདིའི་ནང་དུ་ལོག་འགྲེལ་དང་། འཐེན་བཤད། ལོག་བཤད། ཆེ་བཤད། ཆུང་བཤད་གང་རུང་གིས་དུས་ཚོད་མང་བ་ཟིན་ནས་ཡོད་པ་ལས་རང་བཞིན་བརྗོད་པའི་རྒྱན་གྱིས་སྤུད་པའི་ཚིག་ཉུང་ཕྱོགས་ལས་མི་འདུག དེ་ལ་དག་འབུད་བྱེད་རྒྱུ་ཡོད་ཀྱང་ད་དགོས་པ་ཅི་ཡོད།
བཀུར་འོས་པའི་འཇམ་དཔལ་ཚུམ་ཁྲིམས་ལགས། གསལ་བཤད་གཏན་བཤད་འདི་གུས་པས་ཡི་གེ་འབེབ་སྐབས་སྐབས་དེའི་བོད་གཞུང་དྲ་བརྙན་ལས་ཁ་པར་དུ་སྒྲ་བླངས། དེ་རྩིས་འཁོར་དུ་བཅུག་ནས་སྒྲ་ཕབས་ཐབས་བྱས་པ་ཡིན། དེ་ནས་གཏན་བཤད་ཀྱི་སྒྲ་གསལ་བོ་མེད་པ་དང་གུས་པས་ཡིག་ཐག་མ་ཆོད་རེ་གཉིས་ཤོར་སྲིད་ཀྱང་། རེ་གཉིས་ལས་མེད་དམ་སྙམ་ཡོད། རྒྱུ་མཚན་ནི་གུས་པས་སྒྲ་འབེབ་སྐབས་དང་ཕབས་རྗེས་སུ་ཡང་ནས་བསྐྱར་དུ་ཞུ་དག་བྱས་ཁུལ་ཡང་བྱས་ཡོད།
གཞུང་གི་ཐ་སྙད་དེ་བརྗེ་བསྒྱུར་སྐོར་ལ་༸གོང་ས་མཆོག་གིས་གསུམ་པའི་བཅོ་ལྔའི་ཉིན་གྱི་གསུང་བཤད་དེར་གསན་རྒྱུ་ཞིག་འདུག་ལ། གང་ལྟར་༥༩ ལོར་རྒྱ་གར་དུ་ཐོག་མར་འབྱོར་སྐབས་གནས་ཚང་རྒྱ་གར་གཞུང་ལ་(ཐོ་བཀོད་དེབ་སྐྱེལ་)བྱེད་སྐབས་ཅི་དང་གང་བྲིས་ཡོད་སྐོར་སྤྱི་འཐུས་ཚོགས་གཙོས་བོད་ཁྱིམ་གཏམ་བཤད་དུའང་ཁ་གསལ་གསུངས་སོང་།
གསལ་བཤད་འདིའི་གནད་འགག་ཆེ་སར་༼ གོ་མ་སོང་ ༽ཞེས་པའི་ཚིག་འདི་བྲིས་འདུག མགོ་མི་འཚོས་ན་ཁ་བཙུམས་བསྡད་ན་འགྲིག་གི་རེད་པཱ།
འདྲེ་མགོ་རྡོ་ལགས། ངས་དཀའ་ལས་ཅུང་བརྒྱབས་ཡོད། ཁྱོད་ལ་དོ་སྣང་དང་སེམས་ཤུགས་ཡོད་ན་དེའི་ཐད་ལ་གསལ་བཤད་དང་དེ་མ་རེད་འདི་རེད་ཅེས་བྲིས་ན་ལོས་ཆོག ནམ་རྒྱུན་མིང་རྫུན་ཞིག་གི་འོག་ནས་མི་ལ་སྐྱོན་རྐྱང་བཤད་ནས་མི་ཚེ་འཁྱོལ་ལམ། ངོ་མ་སྐྱུག་བྲོ་བ་རང་རེད།
ངས་མ་ཤེས་ས་ཞིག་ལ། དཔེར་ན་ཤེས་རབ་ལགས་ཀྱིས་(གཡུ་རྒྱལ་ལྷུན་རྩེ་རྫོང་)ཞེས་གསལ་འདེབས་གནང་སོང་། ངས་ཏག་ཏག་མཚམས་དེར་ཡང་ནས་བསྐྱར་དུ་ཉན་པས་ཁོང་གིས་བཤད་དེ་དངོས་ར་འཕྲོད་བྱུང་། ཁྱོད་ཀྱང་མཁས་མདོག་དང་ཚིག་རྩུབ་རེ་བཤད་ནས་རྒྱང་རིང་ནས་འདུག་པ་ལས་མཉམ་ཞུགས་ཀྱིས་འགན་ཱཀུར་ཏེ་མི་གསལ་བ་དང་ནོར་བ་དག་བཅོས་རོགས་བྱས་ན་ལོས་ཆོག
དཀའ་ལས་མ་རྒྱབ་ཟེར་གྱི་མེད། ཁྱེད་འདྲ་བོ་ཅིག་ལ་ཚིག་གཅིག་འགྲོ་སོང་གཏོང་འདོད་པའང་མིན།
ངས་གཙོ་བོ་ག་རེ་ལབ་ཡོད་ཟེར་ན། མགོ་མི་འཚོས་སར་ལག་པ་མ་འཆང་ན་དགའ་ནི་རེད། དེ་གཅིག་ཡིན། མཁས་མདོག་ཟེར་བ་དེ་ཁུངས་མེེད་ལ་ཟ་ཟུར་ནས་ཅིག་ཡིན་པར་སྟོན་མཁན་ཁྱེད་འདྲ་བོར་ཟེར་ནི་རེད། འཇུག་ནི་རེད། དེ་གཉིས་ཡིན།
མ་གཞི་ནས་ཁ་བརྡ་དང་དུས་བབ་དྲ་ཚུགས་སོགས་ནས་སྤྲེལ་ལད་འཁྲབ་ནས་ཅིག་གི་གྲལ་དུ་འཚིང་མཁན་ཁྱེད་གཅིག་ཡིན་ནི་རེད། དེ་སེམས་ཅན་ཐམས་ཅད་ལ་གསལ་བོ་རེད།
ཁྱེད་གཙན་ཚའི་ཞ་ཡིས་ཤིག་ལ་ང་འདྲེ་མགོ་རྡོས་ཚིག་ཁ་ཤས་བྲིས་པ་འདི་ཁྱེད་ཀྱི་བསོད་ནམས་ཡིན་བསམས་ན་འགྲིག་གི་རེད།
ཁྱེད་ཀྱིས་དེ་འདྲ་ཞིག་བསམ་པ་ཡག་པོ་རེད། ཁྱོས་ང་ཞ་ཡེས་ལ་ཞིག་མཐོང་བ་དེ་ཡག་པོ་འདུག ཁྱོད་ཀྱིས་རང་མིང་མི་སྟོན་པར་མིང་རྫུས་འོག་ནས་འདྲེ་ཡི་བྱ་སྤྲོད་དེ་ཚོ་སྐུར་ན་ང་ཁྱོད་ལ་དེ་བས་དགའ་ཡོང་བ། ཁྱོད་མིང་རྫུས་འོག་ནས་བསྡད་ཀྱང་སྐད་ཆ་བཤད་སྟངས་ཤིག་ལས་གསལ་ཡོང་གི་འདུག ད་མང་པོ་མ་བཤད་པར་མི་མང་དོགས་པའི་དོག་ནས་འདུག་བཅུག་ན་ཁྱོད་ལ་ཧྲ་གི་རེད། དེ་མིན་ཡང་ནས་བསྐྱར་དུ་ཨོང་ཤ་མདོག་ངན་དེ་མགོར་རྫས་ནས་བསྟན་ན་ཡག་པོ་ཡོད་པ་མ་རེད། དེ་བཀའ་སློབ་ལམ་སྟོན་ཡིན།
ཨོ་ད་དུང་བཤད་རྒྱུ་གཅིག་བརྗེད་འདུག ང་བཙན་བྱོལ་དུ་ཡོང་ནས་མི་ལོ་བཅུ་གྲངས་ཤིག་འགོར་ཡང་སྤྲེལ་ལད་འཁྲབ་ཟེར་བ་ཞིག་མི་ཤེས། འོན་ཀྱང་མི་ངན་རེ་ཟུང་གི་མགོ་སྐོར་འོག་ལ་སོང་མྱོང་ཡོད། གལ་སྲིད་ཁྱོད་ཀྱིས་ང་དེ་འདྲ་ཞིག་ལ་མཐོང་གི་ཡོད་ན་དེ་ང་མ་ཡིན་པར་ཁྱོད་རང་གི་གཤིས་ཀ་མི་ལ་སྦྱོར་ཐབས་བྱེད་ཀྱིན་པའི་རྟགས་བསྟན་པ་རེད། ང་ཡང་སྤྲེལ་ལད་འཁྲབ་ཡོད་པ་ཡིན་ན་འདི་ན་བསྡད་མེད་པར་ཁྱོད་ནང་བཞིན་སྙེགས་ས་ཞིག་ན་འཁྱོང་མི་འཁྱོང་མེད་པར་སྙེགས་ཡོད་ཁོ་ཐག་ཡིན་ཡ།
ཧ་ཧ་ཧ། ད་སྐད་ཆ་དེ་ཚོས་ཅང་ཕན་ཐོག་གི་མ་རེད། དེ་ལས་བོད་དོན་ཤོད་ཡ། གསུང་བཤད་ཡི་གེར་ཕབས་པ་ནོར་ས་གར་ཡོད་བཅོས་རོགས། དེས་ཕན་གི་རེད།
ཁྱེད་ཀྱི་སྤྲེལ་ལད་དེ་ཟ་ཟུར་ནས་རང་ཉིད་ཅིག་གི་གྲལ་དུ་ཚུད་ཐབས་བྱེད་འདོད་པ་དེ་རེད་ཟེར་གྱི་ཡོད་མ་གཏོགས། ཁྱེད་ཀྱིས་གནའ་དེང་གཉིས་ཀར་ཚིག་བཅད་ཡག་མོ་ཞིག་འཁྱོང་སོང་བའི་ལོ་རྒྱུས་བཤད་ཀྱི་ཡོད་ཅེས་བཤད་མེད།
འགོ་མ་འཚོས་པ་དེ་མ་འཚོས་པ་རང་རེད་མ་གཏོགས་གཞན་ཅི་གང་མ་རེད།
བཀའ་ཁྲི་ཟམ་གདོང་རིན་རིན་ཆེས་སྤྱི་ཟླ་༦ པའི་ཚེས་༡༡ ཉིན་ཡང་བསྐྱར་བོད་གཞུང་གི་ཐ་སྙད་འགྱུར་བ་བཏང་བའི་སྐོར་བ་གསལ་བཤད་གནང་འདུག
http://www.rfa.org/tibetan/otherprograms/stringer/kalon-tripa-clearify-about-the-charter-06122011150532.html/t061111-dd.mp3/inline.html
འདི་ལ་གསན་གྲུབ་ད་དུང་ཡང་རང་རང་གི་དགོངས་ཚུལ་སྒྲུབ་བཤད་དང་བཅས་པ་ཡོད་ཚེ་དྲ་ངོས་སུ་བཀོད་ན་ང་ཚོ་ཚང་མར་སྤྱི་ཕན་ཡོང་བའི་རེ་བ་ཆེ། དེ་མིན་དོན་མེད་ཚིག་རྩུབ་དང་དམའ་འབེབས་ཀྱི་ཡི་གེ་ཇེ་ཉུང་དུ་གཏོང་རོགས་ཞུ།
ཟམ་གདོང་ག་ཚོད་ངུ་ཡང་ལོ་རྒྱུས་ཐོག་ལ་ནག་ཅན་པ་ཞིག་ཡིན་པ་ལས་གཏན་ནས་དཀར་སྟོན་མི་ཐུབ།
ཡི་གེ་འགའ་ཡང་མགོ་མི་འཁྱོང་བར་ད་དུང་ཟམ་དགོང་ལོ་རྒྱུས་སྟེང་ཉེས་ཅན་པ་ཡིན་པ་ཅི་ལྟར་ཤེས་སམ། ངོ་མ་དམུས་ལོང་རང་རེད་ཡ། ཧ་ཧ་ཧ
རྩེད་མོ་ཡིན། གཅིག་བྱས་ན་ཁྱོད་ཀྱི་སེམས་སུ་ཟམ་གདོང་གིས་ཐེངས་འདིའི་ཐ་སྙད་འགྱུར་བ་བཏང་བས་འགྲིག་མ་སོང་། གཏན་ནས་འགྲིག་མ་སོང་། བོད་བཙོང་ཟིན་སོགས་དྲན་བསྡད་པས་ཡིན་རྒྱུ་རེད། དེ་མ་གཏོགས་ཁ་སྔོན་གྱི་གྲོས་ཚོགས་སུ་གསལ་བཤད་དང་། ད་ཐེངས་ཡང་བསྐྱར་ཡང་བཤད་གནང་བ་འདི་ནས་ཁ་གསལ་གནང་མི་འདུག་གམ། ད་འདི་ལས་ལྷག་ཅིག་གསལ་ཁ་འབྱེད་རྒྱུ་ཨེ་ཡོད་ན་བསམ་གི མ་གཞི་བོད་མི་ཚོས་ཤེས་མ་ཤེས་ལ་སྐད་ཆ་མང་པོ་ཞིག་བཤད་མེད་ཚེ། བཙན་བྱོལ་བད་གཞུང་ངམ་སྒྲིག་འཛུགས་ཀྱི་ངོས་ནས་འདི་ལྟར་སྦས་བཞག་པའི་གསང་བའམ་ཡང་ན་མི་འདོད་མེད་པའི་སྐད་ཆ་འདི་དག་བཤད་དགོས་པ་ཡོད་པ་མ་རེད། ངས་བསམ་ན་སྐད་ཆ་འདི་དག་འདི་ལྟར་དམར་རྗེན་དུ་བཏང་ནས་བཤད་པ་འདིས་ཀྱང་འབྱུར་འགྱུར་བོད་དོན་བསྒྲུབ་པར་གནོད་སྐྱེལ་མེད་དམ་སྙམ་གྱི་འདུག
མ་གཞི་བོད་གཞུང་གི་མིང་དེ་བསྒྱུར་བ་འགྲིག་མ་སོང་པ་ཤེས་ན། སྔ་མོ་ནས་ཤེས་ན་ཅི་མ་རུང་། དེ་ཡང་སུ་ཞིག་བྱས་པ་དང་། དུས་ནམ་བྱས་པ་ཡིད་ཆེས་རེ་བྱས་ན་ལོས་ཆོག
ད་རྒྱ་བཤད་སྟོང་བཤད་ལ་སྙིང་བོ་ཡོད་ས་མ་རེད་ཡ།
ད་རེ་སྐུ་ངོ་བློ་སྦྱིན་གྱིས་བཤད་པར་གནས་ལུགས་འདུག མི་རེ་ཟུང་གི་བཤད་སྟང་ལ་བརྟག་ན་གནོང་ཞིག་འདུག དེ་མཐོ་རིམ་དཔོན་རིགས་ལས་མང་ཁྲོད་དུ་མེད་པར་སྨྲ་མཁན་དེ་དག་ལ་གཟབ་དགོས་བར་སྣང་། གང་ཡིན་ཞེས་ན། ཁོ་བ་ཚོས་ག་དུས་ཡིན་ནའང་མཐོ་རིམ་ཞེས་བ་ནི་༧གོང་ས་མཆོག་ལ་གཟས་ཀྱིན་པ་གསལ། དེ་ག་རེ་བསྟན་གྱིན་འདུག་ཞེ་ན། ༧གོང་ས་མཆོག་དང་མི་མང་གི་བར་ལ་བསམ་བཞིན་འགལ་ཟླ་བཟོ་བཞིན་པ་དུས་བབ་ཚང་གི་ཟིན་བྲིས་སུ་ཁོ་ཚོས་ཡང་ཡང་བཀོད་ཡོད། ད་དུང་ཁོས་༧གོང་ས་མཆོག་ལ། སྒོས་སུ་བཙན་བྱོལ་དུ་མང་མོས་བརྩི་བཀུར་མི་བྱེད། ཅིས་པ་ལ་སོགས་པ་བོད་མི་ཕར་ཆེ་བའི་སེམས་སུ་དུག་གི་མཚོན་ཆས་བསྣུན་པ་ལྟ་བའི་ན་ཟུག་བསླངས། འདི་དག་རྒྱ་གུང་བྲན་གྱིས་ཆར་གཞི་ལྡན་པའི་ལས་ཀ་ཞིག་ཡིན་པ་གསལ་བོ་རེད། ཚང་མས་གཟབ་གཟབ་བྱོས། སྤྱི་སྟང་གསར་ལམ་ཁག་དུའང་ཚད་རྒལ་གྱི་རྙོག་བྲ་འདིའི་རིགས་ཚད་བཀག་བྱེད་དགོས་པ་ལས་དེ་མི་བྱེད་པར་བཏོང་རྐྱང་བྱེད་པ་དང་། དེར་དྲང་བདེན་གྱི་རྒལ་ལན་རེ་སྤེལ་ཚེ་དེ་འགོག་རྐྱང་བྱེད་ཀྱིན་པར་བརྟག་ཚེ་དངོས་གནས་མགོ་རྙོག་འགྲོ་བ་ཞིག་རེད། ཚང་མས་འདིར་བསམ་གཞིགས་རེ་གནང་རོགས་ཞུ།
དྲ་གྲོགས་རྒྱ་རྙི་ལགས་དམངས་གཙོའི་ཁེ་དབང་ལ་གཏོར་བཤིག་མ་གཏོང་རོགས།
ཟམ་གདོང་བླ་མ་རང་འདོད་ཅན་གྱི་མི་སྣ་ཞིག གནས་ཚུལ་གལ་ཆེན་ཁག་བརྒྱ་ཆ་རྒྱ་བཅུ་ཡན་ཁོ་རང་མི་གཅིག་གིས་ཐག་གཅོད་ཀྱི་ཡོད་རེད། དེར་བརྟེན་ཉམས་མྱོང་ཅན་གྱི་སྐུ་ངོ་འཇུ་ཆེན་མཆོག་གིས་༼བཀའ་ཤག་གིས་སྤྱི་འཐུས་ལ་མ་བསྟན་པའི་ཡིག་ཆ།༽མི་མང་ཁྲོད་དུ་གསུང་བཤད་འདི་གནང་བ་རེད།
http://www.tibettimes.net/news.php?id=2227
ད་ལམ་བཀའ་ཁྲི་མཆོག་གིས་ལམ་སྟོན་གནང་བ་དེ་མིག་ཁ་ཕྱེ་བ་ལྟ་བུའི་གསལ་འདེབས་ཞིག་ཡིན་འདུག་པས། དཀྲུག་ཤིང་མཁན་དང་། སྐབས་འཚོལ་རིང་ལུགས་པ་དག་ལ་ཉེ་བར་མཁོ་བས་ལེགས་བཤད་དུ་འཁུམས་དགོས་པ་གནད་དུ་ཆེའོ།།
༧གོང་ས་མཆོག་གི་ཕྱག་རོགས་ངོ་མ་ཞིག
༧གོང་ས་མཆོག་གི་དགོངས་གཞི་ངོ་མ་ཞིག
༧གོང་ས་མཆོག་གི་ཐུགས་རེ་ངོ་མ་ཞིག
༧གོང་ས་མཆོག་གི་དཔུང་རོགས་ངོ་མ་ཞིག
༧གོང་ས་མཆོག་གི་དམིགས་འདུན་ངོ་མ་ཞིག
མཁས་དབང་དུང་དཀར་ཚང་གིས། ༼ “མི་བཞི་ཤོག་ཁག་”གིས་སྤྱི་ཚོགས་རིང་ལུགས་ཀྱི་དུས་སྐབས་སུ་མི་རིགས་ཡོད་པ་ཁས་མི་ལེན་པ་དང་། མི་རིགས་ཀྱི་རིག་གནས་དང་ཡི་གེ་རྗེས་ལུས་ཡིན་པ། བོད་ཡིག་ནི་བླ་མའི་ཡི་གེ་རེད་ཟེར་བ་སོགས་དམའ་འབེབས་ཤུགས་ཆེན་བྱས་ནས་གཏོར་བཤིག་ཚབས་ཆེན་བཏང་བའི་འོག བློ་མཐུན་མི་ཉུང་བ་ཞིག་གིས་བཤད་དོན་དུ། ཐོན་མི་སམ་བྷོ་ཊས་བོད་ཡིག་གསར་གཏོད་བྱས་པ་ཟེར་བའི་ཤོད་ཚུལ་དེ་དཔའ་བོས་ལོ་རྒྱུས་གསར་བསྐྲུན་བྱས་པའི་ལྟ་ཚུལ་ཅེས་བཤད་པར་མ་ཟད། དེང་སང་ང་ཚོས་བེད་སྤྱོད་བྱེད་པའི་བོད་ཡིག་འདི་གོ་མི་ཆོད་པ་དང་། རྗེས་ལུས་བཅས་སོགས་ཡིན་པས་བོད་ཡིག་གསར་བ་ཞིག་བཟོ་དགོས་ཟེར༽གསུངས་པ་ལྟར་མི་བཞིའི་ཤོག་ཁག་རྩ་མེད་བཏང་བའི་རྗེས་སུ་རྒྱ་ནག་གུང་ཁྲན་ཏང་གིས་བོད་ཀྱི་སྐད་ཡིག་འཕེལ་རྒྱས་ཕྱོགས་ལ་ཏན་ཏན་རོགས་འདེགས་བྱས་ཡོད་པ་རེད། ལོ་རབས་བརྒྱད་ཅུ་བའི་དུས་མགོ་ནས་དགོན་པ་ཁག་ཉམས་གསོ་དང་ནང་བསྟན་སློབ་གྲྭ་སོགས་སློབ་གྲྭ་ཁག་གསར་འཛུགས། ཆོས་དད་རང་མོས་ཀྱི་སྲིད་ཇུས་ལག་བསྟར་བྱས་ཏེ་ས་ཞིང་སྒེར་བདག་ཅན་དུ་བསྒྱུར་བ་སོགས་རང་དབང་གི་འཚོ་བ་ལོངས་སུ་སྤྱོད་ཆོག་པ་བཟོས་ཡོད། འདི་རྣམས་གུང་ཁྲན་ལ་མཚོན་ན་འགྱུར་བ་ཆེན་པོ་རེད། དེ་རྣམས་བོད་ཀྱི་བླ་མའི་མགོ་སྐོར་འོག་ཏུ་ཚུད་ནས་བྱུང་བའམ་བོད་ལ་སྙིང་རྗེ་ནས་བྱུང་བ་ཡིན་རྒྱུ་མ་རེད་ལ། མི་སྣ་རེ་གཉིས་ཤིག་གིས་སྒྱུར་ཆོག་ཆོག་ཅིག་དེ་བས་ཀྱང་ཡིན་རྒྱུ་མ་རེད། ཆབ་སྲིད་ཀྱི་དགོས་མཁོ་དང་འཛམ་གླིང་གི་ཁ་ཕྱོགས་དང་བསྟུན་ནས་བྱུང་བ་རེད། འདི་ཤེས་དགོས་པའི་གནད་དོན་གཅིག་རེད། ད་ལྟ་ང་ཚོའི་མདུན་ན་དཀའ་ངལ་གཅིག་རང་ལྷག་ཡོད་པ་ནི་དབུ་མའི་ལམ་གྱི་ཐོག་ནས་རྒྱ་བོད་འདུམ་འགྲིག་ཡོང་རྒྱུ་དེ་རེད། འདི་ནི་འཛམ་གླིང་གི་ཁ་ཕྱོགས་དང་མཐུན་པ་ཡིན་ལ་གོང་ས་མཆོག་གི་དགོངས་གཞི་ཡང་དེ་རེད། ཡིན་ཡང་འདི་རྒྱ་ནག་གི་དགོས་མཁོ་དང་མཐུན་མིན་བཤད་དཀའ་ལ་འགྱུར་བ་འགྲོ་རྒྱུ་ཅུང་ཁག་པོ་ཡིན་རྒྱུ་རེད། དེ་མིན་ད་ལྟ་ཆོས་སྲིད་ཟུང་འབྲེལ་གྱི་སྐད་ཆ་དེ་ཚོ་ནུས་མེད་ཆགས་ཡོད་པ་དང་ཁ་ཚ་དགོས་གཏུགས་ཀྱི་དགོས་མཁོ་ཆགས་ཡོད་པ་མ་རེད། དེ་ཡང་དུས་དང་མཐུན་པའི་འགྱུར་འགྲོས་རེད། ད་ལྟའི་གནས་སྐབས་སུ་ག་རེ་གལ་ཆེན་པོ་རེད། མགོན་པོ་ཀླུ་སྒྲུབ་ཀྱིས། གལ་ཏེ་མཐོ་རིས་ཐར་བ་མངོན་འདོད་ན།།ཡང་དག་ལྟ་ལ་གོམས་པ་ཉིད་དུ་མཛོད།།ཞེས་གསུངས་པ་ལྟར་ཡང་དག་པའི་ལྟ་བ་ཟེར་བའི་ཚིག་གཅིག་འདིའི་ནང་དུ་མ་ཐེ་བའི་བསམ་པའི་ལོངས་སྤྱོད་ཚད་ལོངས་པ་ཞིག་འཇོག་དཀའ། བོད་མི་དམངས་ཀྱི་མངོན་འདོད་ཡང་དེ་ཡིན་པས་དེ་ལས་ལྷག་ཅིག་ང་ཚོས་འཇོན་རྒྱུ་མ་རེད་ལ་དེ་ལས་གཞན་ཅི་ཡོད། འགྲོ་བ་མི་རྣམས་ཁ་ཟས་ལ་བརྟེན་ནས་འཚོ་དགོས་བ་དང་གོ་ལ་གཅིག་གི་འདུ་ཤེས་ཀྱི་ཐོག་ནས་མཉམ་གནས་དང་འཚོ་གནས་བྱེད་ཐུབ་པར་འབད་རྩོལ་བྱ་དགོས་པ་ཡིན་རྒྱུ་རེད། ཡིན་ཡང་བོད་ལ་འགྲོ་བ་མིའི་ཐོབ་ཐང་མེད་པ་དེ་འགག་རྩར་ཐུག་ཡོད་པ་མ་རེད་དམ། ཉེ་ཆར་དཔའ་བོ་ཕུན་ཚོགས་ལགས་ཀྱི་འདྲ་པར་མཐོང་དུས་གྲྭ་བ་ལོ་ན་ཆུང་ཆུང་འདི་འདྲ་ཞིག་གིས་འཛམ་གླིང་ལ་འགུལ་ཀྱག་ཐེབས་སོང་། བོད་ལ་འགྲོ་བ་མིའི་ཐོབ་ཐང་མེད་པའི་རྒྱ་ནག་གི་ངོ་གདོང་གསལ་བོར་བསྟན་སོང་། དེ་རྗེས་ཉག་རུང་དང་དཀར་མཛེས་ཁུལ་ནས་གཅིག་རྗེས་གཉིས་མཐུད་དུ་ལས་འགུལ་འདྲ་མིན་སྤེལ་ཏེ། ཁོ་ཚོས་འབོད་སྒྲ་གཅིག་གི་འོག་ནས་རང་གི་གཅེས་བའི་ལུས་སྲོག་བདེན་པའི་ཆེད་དུ་གཏོང་བ་འདི་ཚོ་ཚང་མ་ཆོས་ལུགས་ཀྱི་ཤུགས་རྐྱེན་ལ་བརྟེན་ནས་བྱུང་བ་མ་རེད་དམ། གལ་སྲིད་ཆོས་ལུགས་འདི་མིན་རྒྱུ་ན་གང་དགའ་གང་སྐྱིད་ཀྱི་ཕྱོགས་སུ་ལྷུང་ངེས་རེད། འདི་ལ་ངོ་མཚར་སྐྱེས་བྱུང་། དེས་ན་དུས་ཀྱི་འགྱུར་འགྲོས་དང་མཐུན་པར་ནང་བསམ་པའི་ལོངས་སྤྱོད་ཀྱི་ཐད་ནས་ཆོས་ཀྱི་སྐད་ཆ་བཤད། ཕྱིའི་དངོས་པོའི་ལོངས་སྤྱོད་ཀྱི་ཐད་ནས་ཚན་རིག་གི་སྐད་ཆ་འདྲ་བཤད་ན་ཉ་བདེ་ཆུ་བདེ། ཚང་མ་བདེའོ།། དེ་མིན་ཆོས་ལུགས་འདི་དགོས་མེད་མཁོ་མེད་ཅིག་ཏུ་བརྩི་ན་ཡོང་རྒྱུ་གང་ཡང་མེད་པ་གོང་སྨོས་གནད་དོན་དེ་དག་གིས་ཤེས་ཐུབ་པའི་རེ་བ་ཡོད། སྐད་ཡིག་གི་ཤེས་ཚད་ཡག་པོ་ཡོད་པ་ཙམ་གྱིས་མི་ཆོག་གི འདི་འདྲའི་ཐོག་ལ་ནུས་པ་འདོན་ཐུབ་ན་ཕ་ལ་སྐྱེས་བའི་བུ་རྒོད་རེད། ཨ་མའི་བུ་རེད།
ཡིན་ནའང་བརྒྱ་བཤད་སྟོང་བཤད་གང་བྱས་ཀྱང་ཟམ་གདོང་ཟེར་བའི་མི་དེས་བོད་ཀྱི་ཆབ་སྲིད་རླུང་ལ་བསྐུར་སོང་།
༤༽ བཀྲིས་ལགས་ནས།
སྤྱི་ལོ་ ༢༠༡༡ ཟླ་ ༦ ཚེས་ ༢༣ གི་ཆུ་ཚོད་ ༡༥ སྐར་མ་ ༢༡
ཟམ་གདོང་བླ་མའི་ཁྱད་ཆོས་འགའ་ཞིག
པཎ་འཛུན་་་་་་་་་་་་་་་་་་་་་་རྒྱ་ནག་དབུས་གཞུང་གི་ངོས་འཛིན་བྱས་པའི་པཎ་ལ་བསྒྱུར་མཁན་ཟམ་གདོང་བླ་མ།
རྒྱ་དམར་་་་་་་་་་་་་་་་་་་་་་་་་རྒྱ་ནག་དབུས་གཞུང་ལ་བསྒྱུར་མཁན་ཟམ་གདོང་བླ་མ།
མགྲིན་ཚབ་པ་་་་་་་་་་་་་་་་་་་སྨྲ་དབང་ལ་བསྒྱུར་མཁན་ཟམ་གདོང་བླ་མ།
རིག་གཞུང་་་་་་་་་་་་་་་་་་་་་ལེགས་བྱང་ལ་བསྒྱུར་མཁན་ཟམ་གདོང་བླ་མ།
ལོ་རྒྱུས་་་་་་་་་་་་་་་་་་་་་་་་་་་བྱུང་རབ་ལ་བསྒྱུར་མཁན་ཟམ་གདོང་བླ་མ།
དམངས་གཙོ་་་་་་་་་་་་་་་་་་་མང་གཙོར་བསྒྱུར་མཁན་ཟམ་གདོང་བླ་མ།
དབུ་མའི་ལམ་་་་་་་་་་་་་་་་་མི་རིགས་ས་གནས་རང་ལྗོངས་སུ་བསྒྱུར་མཁན་ཟམ་གདོང་བླ་མ།
བོད་རྒྱལ་་་་་་་་་་་་་་་་་་་་་་་་་་རྒྱ་ཁོངས་སུ་བསྒྱུར་མཁན་ཟམ་གདོང་བླ་མ།
ལོ་ངོ་བཅུ་ཙམ་རིང་ཟམ་གདོང་གིས་ནམ་མཁར་འབྲུག་སྒྲ་འགྲོགས་ཀྱང་ས་ཐོག་ལ་ཆར་པ་ཐིག་པ་གཅིག་ཙམ་་མ་བབས་པའི་ཟམ་གདོང་བླ་མ།
ལོ་ངོ་བཅུ་ཙམ་རིང་གྲུབ་འབྲས་དམིགས་བསལ་གང་ཡང་སྟོན་རྒྱུ་མེད་པའི་ཟམ་གདོང་བླ་མ།
ང་ཚོའི་བཙུན་ཟུར་གཞོང་གི་མང་གཙོ་དོན་གཉེར་བ་མགོ་འཁྲེད་ཁེན་ཕུལ་བྱུང་བའི་དབུ་ཁྲིད་ནི་ཟམ་གདོང་བླ་རྒན་གྲགས་སུ་དེ་སྔོན་སུ་ཡང་བྱུང་མེད་པར་གཏན་དེ་འདྲ་ཡིན་ཙམ་ཁོང་གིས་གང་གསུང་པ་དེ་རྒྱབ་གཅོར་རྒྱ་ཆ་རྒྱ་ཡོད་
མི་མང་པོ་ཞིག་གིས་་དེང་སང་རང་རང་སོ་སོའི་མི་སྣ་འབྲེལ་ཡོད་ལ་ལྟ་ནས་བྱ་བ་བྱེད་པ་ཁ་ཡིས་དེ་འདྲ་བཤད་གིན་འདག་དངོས་ཡོད་དང་དྲང་པོ་བཤད་༷པ་དཀོན་པོ་རེད་དེ་འདྲ་བྱས་ན་ང་རང་ཚོའི་སྤྱི་ཚོགས་དེ་ལ་འགྱུར་རྡོག་ག་འདྲ་ཐེབས་སིད་དམ།