ཤར་ཕྱོགས་ཁུག་རྟ།
བཀའ་ཤག་གི་སྲིད་སྐྱོང་ད་དུང་༸གོང་ས་ཆེན་པོའི་ཆིབས་ཞབས་སུ་མ་བོས་མགྲོན་པོའི་ཚུལ་གྱིས་བཅར། ངྷ་རམ་ས་ལའི་འཛིན་སྐྱོང་མུ་མཐུད་ནས་འགྲོ་ཐུབ་དང་མི་ཐུབ་ཀྱི་གནས་བབ་དེའང་བཤད་མ་བདེ་བ་ཞིག་ཆགས། དེ་ལྟ་དེ་ལྟར་བཀའ་ཤག་སྐབས་༡༤ པའི་ལས་ཡུན་ཕྱེད་ལྷག་རྫོགས། འཛིན་སྐྱོང་གི་ལས་དོན་ཕལ་མོ་ཆེ་བཀའ་བློན་བྱེ་བྲག་པ་རེ་གཉིས་ཀྱི་དབུ་ལ་ཟགས། རྒྱ་ཆེའི་མི་མང་གི་འདུ་འཛོམས་ཆེ་ས་ཐམས་ཅད་དུ་སྲིད་སྐྱོང་མཆོག་གིས་བོད་དོན”ལྷིང་འཇགས་པོ་”བྱུང་ཡོད་ཅེས་གསུངས།
ཡིན་ནའང། གནད་ཀྱི་འགག་སར་དཔལ་ལྡན་བཀའ་ཤག་ལྷན་རྒྱས་ཀྱང་གནས་བབ་ལྷིང་འཇགས་པོར་མཉེས་པས་ཡིན་ནམ། མིག་མདུན་དུ་བྱུང་བའི་ཨ་རིའི་ནང་གི་དོལ་རྒྱལ་གྱི་ངོ་རྒོལ་འདི་ལ་སྤྱན་གྱིས་གཟིགས་འདོད་མེད་པ་འདྲ། རྒྱུ་མཚན་ཅིའི་ཕྱིར་རྒྱལ་སྤྱིའི་གསར་ལམ་ཁག་ཏུ་གནས་ཚུལ་ཐབས་རྡུག་པོ་འདི་འདྲ་ཞིག་ཐོན་པ་རེད་དམ། ཡུག་ཌོབ་སོགས་སུ་ད་དུང་”ཞི་བདེས་ཁེངས་པའི་ཨ་ནེར་ཏཱ་ལའི་བླ་མས་ཁོང་ཁྲོས་ལན་བཏབ་པ་”ཞེས་བཏགས་ཡོད།
བདེན་པ་དང་རྒྱུ་མཚན་ཡང་དག་ཁྱོན་ནས་མེད་སར་༸གོང་ས་ཆེན་པོའི་སྐུ་མདུན་དུ་འདི་འདྲའི་གནས་ཚུལ་ཐབས་རྡུག་ཅིག་ག་རེ་བྱས་ནས་བྱུང་བ་རེད་དམ། འདི་བཀའ་ཤག་གིས་མ་འཇོན་པ་རེད་དམ། བདེ་སྲུང་གིས་མ་འཇོན་པ་རེད། ཡང་ན་ས་གནས་དོན་གཅོད་ནས་མ་འཇོན་པ་རེད་དམ། ཡང་ན་འདི་ནི་སྲིད་འགན་རྩིས་སྤྲོད་གནང་རྗེས་ཀྱི་སྲིད་སྐྱོང་དང་བཀའ་ཤག་སྐབས་ ༡༤ པས་༸གོང་ས་ཆེན་པོར་ཕུལ་བའི་ཐུགས་རྗེ་ལེགས་འབུལ་དང་སྟག་བྲག་གི་ས་ནས་ཞུས་པའི་སྲིད་དབང་གནང་ཡུལ་གྱིས་སྲིད་ལ་ཁ་ལོ་བསྒྱུར་སྟངས་ཡིན་ནམ། བོད་ཀྱི་ལྷ་མི་ཡོངས་ཀྱི་མདུན་སར་བཀའ་ཤག་ད་དུང་ཁུ་སིམ་མེར་བཞུགས་དོན་ཅི་ཡིན་ནམ།
ད་ལྟའི་བཀའ་ཤག་གི་རྐང་འཛིན་པ་བདེ་དཔལ་བཀའ་བློན་གཉིས་ལ་ང་རང་སེམས་སྟེང་ནས་གུས་བརྩི་ཡོད། འོན་ཀྱང། ང་དང་ང་འདྲ་བ་དག་གི་གུས་བརྩི་ལ་སྣང་མེད་ཀྱིས་གནད་དོན་འདི་འདྲའི་སྐབས་སུའང་བཀའ་ཤག་ལ་རྣམ་འགྱུར་གང་ཡང་མེད་པའི་རྒྱུ་མཚན་ཅི་ཞིག་ཡིན་ནམ། བདེ་དཔལ་བཀའ་བློན་རྣམ་པ་གཉིས་བཀའ་ཤག་སྐབས་སྔོན་མའི་བཀའ་བློན་དང་ལྷག་པར་བདེ་སྲུང་བཀའ་བློན་གྱི་འོས་འགན་ནི་སྐུ་ཕྱྭ་སྲུང་སྐྱོབ་ཞུ་རྒྱུ་དེ་རེད།
ད་ཐེངས་༸གོང་ས་ཆེན་པོའི་བཞུགས་གནས་གསོལ་མགྲོན་ཁང་དུ་ཅིའི་ཕྱིར་འཆར་གཞི་ལྡན་པའི་ངོ་རྒོལ་འདི་བྱུང་བ་རེད་དམ། སྐུ་ཕྱྭའི་སྲུང་སྐྱོབ་ནི་བཞུགས་གནས་གཟིམ་ཁང་གཅིག་པུའི་སྒོ་ཁར་སྲུང་དམག་འཇོག་རྒྱུ་ཁོ་ན་ཡིན་ནམ། ཡིན་ན་དེ་འདྲའི་ལམ་སྲོལ་ཞིག་འཛམ་གླིང་གི་དབུ་ཁྲིད་སྲུང་སྐྱོབ་བྱ་སྟངས་ཀྱི་ལུགས་གང་དང་མཐུན་པ་ཡིན་ནམ། དེ་ངེས་པར་དུ་བཀའ་ཤག་སྐབས་༡༤ པས་གཞིས་ལུས་བོད་མི་ས་ཡ་དྲུག་ལ་གསལ་བཤད་ངེས་འདྲོངས་ཐོན་པ་གནང་དགོས། བཀའ་ཤག་ནང་གནད་དོན་འདི་འདྲའི་ཐད་ལའང་སྣང་མེད་ལྟ་བུའི་རྣམ་འགྱུར་འདི་རིགས་མུ་མཐུད་གནས་པ་ཡིན་ན་མཇུག་འབྲས་ཅི་འབྱུང་ད་ལྟ་ནས་ཚོད་དཔག་མི་ཐུབ་པ་ཅི་ལ་སྲིད།
དཔེར་མཚོན་གཅིག་ནི་ཁ་རྩང་ཨ་རིའི་ས་གནས་དེ་ག་རང་གི་མི་མང་དྲག་ཞན་ཚང་མར་བློ་ཕམ་ཚད་ལས་འདས་པ་བྱུང་སྟེ་ངུ་འབོད་ཀྱིས་གནམ་ས་ཁེངས། ཁོང་ཚོས་”སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་དེང་སྐབས་ཨ་མི་རི་ཀའི་ནང་མཛད་འཕྲིན་སྐྱོང་བཞིན་པའི་སྐབས་འདིར། དོལ་རྒྱལ་ཚོགས་པས་སྤེལ་བའི་བྱ་སྤྱོད་ཐད་བྱང་ཨ་མི་རི་ཀའི་བོད་མིའི་སྤྱི་འཐུས་རྣམ་གཉིས་དང་། བོད་རིགས་སྤྱི་མཐུན་ཚོགས་པ་ཁག་ལ་བློ་འཚབ་ཧ་ཅང་ཆེན་པོ་བྱུང་།”ཞེས་དང་།
ཡང་”༧གོང་ས་མཆོག་བཞུགས་སྒར་དུ་ཆིབས་ཞལ་མ་བསྒྱུར་གོང་ལ་ཨ་མི་རི་ཀ་གཞུང་གིས་༧གོང་ས་མཆོག་གི་སྐུ་ཕྱྭའི་ཉེན་སྲུང་ནུས་ཤུགས་ཆེ་རུ་གཏོང་དགོས་པའི་རེ་སྐུལ་ཞུ་རྒྱུ་ཡིན།”ཞེས་སྲིད་སྐྱོང་མཆོག་དང་དོན་གཅོད་ཡོད་བཞིན་དུ་བརྒྱུད་ལམ་དེ་ཕར་བཞག་ནས་ཐད་ཀར་ཨ་རིའི་གཞུང་ལ་འབོད་སྐུལ་གནང་ཡོད། དེ་ནི་དབུ་ཁྲིད་ཀྱིས་དབུ་ཁྲིད་ཀྱི་གོ་མ་ཆོད་པར་མི་མང་གི་སེམས་ལ་ཕོག་ཐུག་ཆེན་པོ་བཟོས་ཟིན་པའི་དན་རྟགས་ཡིན་སྟབས་རི་བོང་རྡོ་བརྫུས་དང་ཟོམ་འཇོག་བྱེད་མི་རུང་བ་ནི་བཀའ་ཤག་ལྷན་རྒྱས་ནས་མཁྱེན་གསལ་རེད།
ངེད་ལ་དོ་སྣང་བྱུང་བའི་སྔ་མོའི་གནས་ཚུལ་ཁག་ཅིག་འདིར་དྲན་སོས་ན། སྔོན་ལྡི་དོན་དྲུང་ཆེ་དོན་གྲུབ་རྡོ་རྗེ་༼ད་ལྟའི་ནང་སྲིད་དྲུང་འཕར་༽ལགས་ཀྱིས་༸གོང་ས་ཆེན་པོའི་གནམ་གྲུའི་འཛིན་བྱང་ཞིག་ཉོ་ནོར་ཐེབས་པ་དང། སྐབས་དེ་དུས་ཨིན་ལེན་དོན་གཅོད་ཚེ་རིང་བཀྲ་ཤིས་ནས་༸གོང་ས་ཆེན་པོ་ཨིན་ཡུལ་ནང་ཆིབས་བསྒྱུར་སྐབས་ཕེབས་འཁོར་བཀག་ས་ནོར་བ་མ་ཟད། ༧གོང་ས་མཆོག་གནམ་ཐང་གི་མི་སྣ་གལ་ཆེན་ཕེབས་ས་ནས་སྐུ་རྐྱང་ཕེབས་དགོས་བྱུང་བ་བཅས་ལ་བརྟེན་ནས་སྐབས་དེ་དུས་བཀའ་ཤག་གིས་གཉིས་ཀ་གནས་སྤོས་བཏང་བ་རེད།
ད་ཐེངས་ངོ་རྒོལ་བ་བཞུགས་གནས་མགྲོན་ཁང་ནང་དུ་སླེབས་པ་མ་ཟད། ཧ་ཅང་ཉེ་འཁྲིས་སུ་འཆར་གཞི་ལྡན་པའི་ངང་ཐོན་ཏེ་ངོ་རྒོལ་བྱས་པ་འདི་ལ་དཔལ་ལྡན་བཀའ་ཤག་གིས་ག་རེ་གནང་གི་ཡིན་ནམ། ཡང་ན་བཀའ་ཤག་རང་ཉིད་ཀྱིས་དགོངས་པ་ཞུ་རྒྱུ་ཡིན་ནམ། དེ་མིན་འབྲེལ་ཡོད་ཨ་རིའི་དོན་གཅོད་ཀྱིས་དགོངས་པ་ཞུ་གི་ཡིན། དེ་གསལ་བོ་གསལ་རྐྱང་བཟོ་རོགས། དེ་མིན་ན་རྒྱལ་ཁབ་གཞན་དང་ཡུལ་ལུང་གཞན་གྱི་དབུ་ཁྲིད་ལྟར་གསར་འགོད་ལྷན་ཚོགས་སྐོང་སྟེ་བོད་མི་ས་ཡ་དྲུག་དང་༸གོང་ས་མཆོག་གི་སློབ་མ་དང་གྲོགས་པོ་གྲོགས་མོ། བདེན་པའི་རྗེས་འབྲངས་འཛམ་གླིང་མི་མང་ལ་དགོངས་དག་ཞུས། མ་འོངས་པར་དེ་འདྲ་མི་ཡོང་བའི་ཁས་ལེན་དམ་བཅའ་ཞུས། ལམ་ཁ་དེ་གཉིས་ནི་བཀའ་ཤག་ནས་དོན་གཅོད་བར་སུས་ཀྱང་གཡོལ་ཐབས་མེད་པ་ཞིག་རེད།
མཇུག་ཏུ་ངེད་ལ་གྲོས་ཚོགས་ལའང་སྐད་ཆ་ཁ་ཤས་ཞུ་རྒྱུ་ཡོད། སྐབས་༡༣ པ་ ༡༤ རིམ་པའི་ནང་སྐུ་ཕྱྭ་དང་འབྲེལ་བའི་བགྲོ་གླེང་ཐད་དོགས་འདྲི་ཐུགས་སྣང་དམིགས་བསལ་གནང་ཡོད་པ་ལྟར། གྲོས་ཚོགས་ཀྱང་ཉིན་ཤས་རྗེས་ཚོགས་ལ་ཉེ་ཞིང། ཚོགས་ཁང་གསར་པའི་དབུ་འབྱེད་མཛད་སྒོར་༸གོང་ས་སྐྱབས་མགོན་ཆེན་པོའང་ཆིབས་བསྒྱུར་གནང་གཏན་འཁེལ་ཡོད་པ་རེད། ཡིན་ནའང། དོན་དག་ངོ་མའི་ཐད་གྲོས་ཚོགས་ནང་འགན་ག་ཚོད་ཁྱེར་གྱི་ཡིན། ཚེས་༡༡ ཉིན་༸གོང་ས་ཆེན་པོའི་ཞལ་མཇལ་རྗེས་འཐུས་མི་རྣམ་པ་ཚོའི་ཐུགས་ལ་ག་རེ་འཁོར་གྱི་རེད།
གྲོས་ཚོགས་གྲུབ་མཚམས་ཞལ་མཇལ་ནུས་པའི་གདེང་ཚོད་ཅིག་ཡོང་གི་ཡོད་མེད་ཐད་ད་ནས་བཟུང་འགན་མ་ཁྱེར་དུས། ཚོགས་ཁང་རྫིག་པོ་དེ་འཐུས་མི་སྟོང་པས་ཁེངས་རྒྱུ་ཉག་ཅིག་ཡིན་སྟབས། ལོ་རྒྱུས་དང་མ་འོངས་པ། བདེན་དོན། གཏན་ཚིགས་བཅས་ལ་གཞིགས་ཏེ་རང་འགན་སྒྲུབ་རྒྱུའི་བློ་ཁོག་ཞུམ་མེད་ཀྱིས། ཁ་རྩང་ཨ་རིའི་ནང་བྱུང་བའི་གནས་ཚུལ་ཐབས་རྡུག་དེ་རིགས་སླད་མར་འབྱུང་མ་དགོས་པའི་ལམ་སྟོན་ཚད་ལྡན་ཞིག་གནང་གལ་དང། དོལ་རྒྱལ་རྗེས་འབྲངས་པར་”ངེས་པར་དུ་ཞུམ་མེད་ཞི་བའི་རྒོལ་ལན་ནན་པོ་སློག་རྒྱུར་བོད་མི་དྲག་ཞན་ཚང་མ་མདུན་དུ་ཐོན་དགོས་པ་དང། ཚུར་ཚུལ་མིན་གྱི་ཡ་ལན་སློག་ཚེ་དེ་བསྟུན་གྱི་རྒོལ་ལན་གྲ་སྒྲིག་དང། རྒྱ་ནག་གཞུང་གི་བེད་སྤྱོད་འོག་ཡོད་མེད་གཉིས་ཀའི་དོལ་རྒྱལ་རྗེས་འབྲངས་པ་ཕྱི་ནང་གི་མི་སྣ་ཅི་ཡོད་རྩད་གཅོད་ཡོངས་བསྒྲགས་རྒྱ་ཁྱབ་ཏུ་བྱ་གལ་ཆེ་བ་བཅས་ནི་གཡོལ་ཐབས་མེད་ཅིང་དུས་ཀྱི་དགོས་མཁོར་མཐོང་བས།”ད་ཐེངས་ཚོགས་དུས་འདིར་འདིའི་ཐད་རྣམ་དཔྱོད་རྩལ་དུ་དཀྲུགས་རོགས།
༢༠༡༤། ༣། ༧། ཉིན།།
ཤར་ཁུག་ཁྱོད་སྲིད་སྐྱོང་ནས་ཁྱོད་ལས་དཀའ་མ་སྤྲད་པས་སེམས་གནད་དེ་ཤི་ན་མི་རྗེད་པ་འདྲ། ཨ་རི་ལ་དོལ་ཕྱོགས་ནས་ངོ་རྒོལ་བྱེད་པར་སྲི་སྐྱོང་དང་དོན་གཅོད་ནས་བཀག་ཐབས་མེད། དེ་ལྟར་ཡོང་བ་ཤེས་ནས་ཨ་རིའི་གཞུང་ལ་སྐུའི་ཉེན་སྲུང་ལ་ཞུ་འབོད་བྱེད་ཡོད་པར་བརྒྱ་ཆ་༡༠༠ ནས གཏན་ཁེལ། ཁྱོད་རང་ཧ་མ་གོ་བས་ཧམ་བཤད་མ་བྱེད། ཁྱོད་རང་རྒྱ་རོའི་ཁྲག་དར་དམར་པོ་མགོ་ལ་གྱོན་ནས་མེ་རྒྱལ་སྤང་ལ་ལོག་།
༄༅།། མཚུངས་མེད་ཨ་རིའི་དོན་གཅོད་མཆོག་གི་ཞབས་དྲུང་དུ།
གུས་ཞུ། ཐེངས་འདིའི་༸གོང་ས་མཆོག་གི་ཨ་རིའི་ནང་གི་མཛད་འཕྲིན་སྐབས་དོལ་རྒྱལ་དྲག་སྤྱོད་ཚོགས་པས་ངོ་རྒོལ་གྱི་ཉེན་ཁ་ཧ་ཅང་ཆེ་བའི་གནས་ཚུལ་ཐབས་རྡུག་དེ་འདྲ་བྱུང་བར་བློ་ཕམ་ཚིག་གིས་མཚོན་མི་ནུས་པ་དང་སྦྲགས་འདིའི་ཐད་འགན་བབ་འབྲེལ་ཡོད་ས་གནས་སྐུ་ངོ་དོན་གཅོད་མཆོག་ཆགས་ཡོད་སྟབས། གནད་དོན་ཁ་ཤས་ཐད་དོགས་འདྲི་མི་ཞུ་ཐབས་མེད་ཆགས་སོང་ན་གང་མགྱོགས་ལན་གསལ་ཡོད་པ་ཞུ།
༡ རྒྱ་གར་དང་ཨ་རི་གཞུང་གཉིས་ཀས་དོལ་རྒྱལ་ཚོགས་པས་༸གོང་ས་ཆེན་པོའི་སྐུ་ཕྱྭར་བདོ་འཆར་ཡོད་པ་གསལ་གསུངས་ཟིན་པ་མ་ཟད། དོལ་རྒྱལ་ཚོགས་པ་ནི་དོལ་རྒྱལ་ཁ་ལ་ཁྱེར་པའི་འཇིགས་སྐུལ་དྲག་སྤྱོད་པ་དང་བོད་མི་རིགས་ཀྱི་བསྟན་སྲིད་ལར་ཞེན་ལ་རྨ་འབྱིན་མཁན་ཡིན་པ་མཁྱེན་བཞིན་དུ། ད་ཐེངས་༸གོང་ས་ཆེན་པོའི་བཞུགས་གནས་གསོལ་མགྲོན་ཁང་དུ་དྲག་སྤྱོད་པའི་ཚོགས་མི་ཨ་ནེ་དེ་ཅི་ལྟར་སླེབས་པ་རེད་དམ།
༢ དྲག་སྤྱོད་པའི་ཚོགས་མི་ཨ་ནེ་དེའི་རྒྱལ་ཁོངས་དང་མིང། ལོ་གྲངས། བོད་ཀྱི་ཆོས་པའི་མནའ་བཟའ་གྱོན་ཡོད་སྟབས་ཨ་ནེ་སྡོམ་ལྡན་ཡིན་མིན་སོགས་ཀྱི་གནས་སྟངས་གང་འདྲ་རེད།
༣ དྲག་སྤྱོད་པའི་ཚོགས་མི་ཨ་ནེ་དེ་མགྲོན་ཁང་དུ་དུས་ནམ་ཞིག་སླེབས་པ་རེད་དམ། ཡང་ན་མགྲོན་ཁང་དུ་སྔོན་ནས་བསྡད་ཡོད་མཁན་རེད་དམ། དེའི་ཉིན་གློ་བུར་དེ་གར་འཛུལ་ཡོང་བ་རེད།
༤ མགྲོན་ཁང་ནང་འདུག་མཁན་ཡིན་ན། ག་དུས་ནས་མགྲོན་ཁང་ནང་བསྡད་ཡོད་པ་དང་ཡོང་ལུགས་ཡོང་སྟངས་གང་འདྲ་རེད།
༥ དོན་གཅོད་མཆོག་ནས་བཞུགས་གནས་མགྲོན་ཁང་ལ་ཉེན་ཁ་མེད་པའི་སྲུང་སྐྱོབ་ཚུལ་ཅི་ལྟར་བྱས་ཡོད།
༦ སྐུ་ཕྱྭར་བདོ་བ་ནི་བོད་ཀྱི་དགྲ་བོ་ཡིན་པ་ཤེས་གསལ་ལྟར། དོལ་རྒྱལ་ཚོགས་པས་གནོད་འཆར་ཡོད་པ་ཨ་རི་གཞུང་གིས་གསུངས་པ་ལྟར། ད་ཐེངས་དོན་གཅོད་དང་འབྲེལ་ཡོད་ཨ་རི་གཞུང་གི་སྲུང་སྐྱོབ་སྡེ་ཚན་གྱིས་མགྲོན་ཁང་དེར་སྲུང་སྐྱོབ་བྱེད་སྟངས་དང་གང་འདྲ་ཡིན། གདེང་སྤོབས་ཅི་འདྲ་ཞིག་གི་ཐོག་ནས་དེར་༸གོང་ས་ཆེན་པོ་གདན་དྲངས་པ་ཡིན་ནམ།
༧ སྐུ་ཕྱྭའི་སྲུང་སྐྱོབ་ཀྱི་འགྲོ་ལུགས་ནང་སྲོག་ཉེན་ཐད་ཀར་སྲུང་བ་དང་སྲུང་སྐྱོབ་ཞུ་ཡུལ་གྱི་ངོ་ཚ་སྲུང་བ་གཉིས་ནི་གསང་བའི་ཚན་པ་དང་སྐུ་སྲུང་གཉིས་ཀའི་འོས་འགན་ཡིན་པ་འཛམ་གླིང་ཀུན་གསལ་ལྟར། དཔེར་ན། ཐའེ་ཝན་ནས་མ་ཡན་ཅུག་ལ་མཆིལ་ཞགས་འཕངས་བས་སྐུ་སྲུང་དང་གསང་བའི་ཚན་པའི་ལས་བྱེད་ལ་ཉེས་པ་བཏང་བ་ལྟ་བུ་མང་པོ་བྱུང་ཡོད་ན། ཐེངས་འདིར་དེའི་ཉིན་གྱི་ཨ་རིའི་སྐུ་སྲུང་ཚོར་ཨ་རིའི་གཞུང་ནས་ཉེས་པ་ཅི་ཞིག་བཏང་འཆར་ཡོད་མེད་དང། སྐུ་ངོ་དོན་གཅོད་མཆོག་ལ་གྲ་སྒྲིག་དང་གསལ་བཤད་ཅི་ཞིག་ཡོད་དམ།
༨ མ་འོངས་པར་དེ་འདྲ་མི་འབྱུང་བའི་གདེང་སྤོབས་ཡོད་དམ། མེད་ན་ཅི་ཞིག་གནང་རྩིས་ཡོད། ཡོད་ན་གདེང་སྤོབས་ཡོད་སྟངས་གང་འདྲ་ཡིན།
གོང་གསལ་དོན་ཚན་རྣམས་ལ་ཅི་ནས་ཀྱང་ལན་གསལ་གནང་སྐྱོང་ཡོང་བ་ཞེས་ངྷ་རམ་སཱ་ར་ལ་ནས་བཀའ་ཤག་ལན་འདེབས་ཚོགས་ཆུང་གི་རྒྱུན་ལས་ཟུར་པ་བློ་བཟང་ཆོས་འབྱོར་རམ་ཤར་ཕྱོགས་ཁུག་རྟས་གུས་བས་ཕུལ།།
༢༠༡༤། ༣། ༧། ཉིན།།
ཤར་ཁུགས་ཀྱི་གནད་དོན་གལ་ཆེན་འགའ་རེ་གླེང་འདུག་པས། འོང་རྒྱུའི་གྲོས་ཚོགས་ནང་སྤྱི་འཐུས་ཚོས་འགན་འཁྱེར་ནས་གནད་དོན་དེའི་སྐོར་བཀའ་ཤག་གསལ་བཤད་བྱ་རྒྱུའི་དགོས་འདུན་བཏོན་པའི་རེ་བ་ཡོད། ད་དུང་༧རྒྱལ་བ་རིན་པོ་ཆེ་རྗེས་དེད་ཀྱི་གང་སར་འགྲོ་གང་ཐུབ་གནང་བའི་ང་ཚོའི་སྲིད་སྐྱོང་མཆོག་གི་དེ་ལྟར་དགོས་དམིགས་གང་ཡོད་གཅིག་མི་མང་ལ་གསལ་བཤད་ངེས་པར་དུ་གནང་དགོས་འདུག གང་ཡིན་ཟེར་ན་ད་ཆ་༧རྒྱལ་བའི་སྲིད་དབང་རྩིས་སྤྲོད་ཟིན་པ་དང་ཆབ་སྲིད་ཀྱི་ལས་དོན་ལ་འགན་མེད་སྐོར་རྒྱལ་སྤྱིའི་རྒྱུད་ལམ་ཁག་ནང་ས་གྲགས་གནམ་གྲགས་ཡིན་པས་སྐབས་དེར། སྲིད་སྐྱོང་གིས་༧སྐུའི་མཛད་འཕྲིན་གང་དུ་ཡོད་ས་དེར་གང་ཐུབ་བཅར་བ་དེས་ཆབ་སྲིད་ཀྱི་སྣང་ཚུལ་ཞིག་བསྟེར་མིན་ངེས་པར་བསམ་བློ་གཏོང་དགོས། ལྷག་པར་༧རྒྱལ་བ་ཐམས་ཅད་མཁྱེན་པ་གྲོས་ཚོགས་དང་ཆབ་སྲིད་མི་སྣ་སོགས་དང་མཇལ་འཕྲད་གནང་སྐབས་འགྲོ་དགོས་དོན་གང་ཡིན་ན། དབུ་མའི་ལམ་ལ་མོས་མཐུན་ཡོད་ན་རྒྱ་ཕྱོགས་ནས་དེ་ལ་བསམ་ཚུལ་ཅི་ཞིག་ཡོང་སྲིད་པ་རེད་དམ། གནད་དོན་དེ་དག་ལ་ངེས་པར་བསམ་ཞིབ་གནང་བའི་རེ་བ་ཡོད།
ཁུག་རྟ་ལ་ཁྱེད་ནས་དྲག་སྤྱོད་པས་མིང་འདོགས་དེར་དགོས་པ་ཅི་ཞིག་ཡོད་ན། ངས་བྱས་ན་ད་ལྟའི་ཆར་དེ་ལྟར་མ་སྤྱད་ན་བཟང་།
དོལ་ཚོགས་ཀྱིས་༧གོང་ས་མཆོག་ལ་ངོ་རྒོལ་དང་ཤར་ཁུག་གིས་དར་དམར་ཕྱར་བ་གཉིས་ནི་རྒྱ་ཆེན་བོད་མིའི་སེམས་ནང་རྨ་ཁ་བཟོ་ཆེ་ཤོས་ཀྱི་གནས་ཚུལ་ཐབས་སྡུག་གཉིས་དེ་རེད། གནས་དོན་འདི་ལྟར་མི་ཡོང་བའི་ཆེད་དུ་ང་ཚོ་ཚང་མས་གཅིག་བྱེད་རྒྱུ་ཡོད་ན་ངོ་མ་བྱེད་རན་འདུག
དེས་ན་༧གོང་ས་མཆོག་གི་སྐུ་ཕྱྭ་དང་སྲིད་སྐྱོང་གི་སྐུ་སྲོག་ལ་སྲུང་སྐྱོབ་ཡག་པོ་ཞུ་མ་ཐུབ་ཚེ་དོལ་ཚོགས་དང་ཤར་ཁུག་གིས་གཅིག་བཟོ་ངེས་ཅན་རེད།
དོལ་རྒྱལ་ཚོགས་པས། རྒྱལ་བ་རིན་པོ་ཆེ་ལ་ངོ་རྒོལ་བྱེད་པ་དང་། ཤར་ཁུག་གིས་ཁྲག་དར་མགོར་ཁུར་ཏེ་སྲིད་སྐྱོང་ལ་གང་བྱུང་དུ་སྡིག་ར་བསྐུལ་བ་སོགས་ནི། བོད་རིགས་རྣམས་ལ་ཁྱད་གསོད་དང་། མཐོང་ཆུང་། རྐང་འདྲེན་གྱི་སྣེ་ཤན་པ་གཙོ་བོ་ཡིན་པས་ཤེས་པར་གྱིས།
ཤར་ཕྱོགས་རྒྱ་བྱ་ནག་པོ་ཁྱོད་མདོ་སྨད་སྤྱི་མཐུས་ཀྱི་སྔོན་འགྲོའི་འོས་གཞི་ཙམ་དུ་ཡང་མ་སླེབ་པའི་སྙིང་རླུང་དེ་དཔལ་ལྡན་སྲིད་སྐྱོང་སོགས་གངས་ཅན་པའི་མང་བསྐུར་དབུ་ཁྲིད་ཚོར་བསྟན་མ་ཡོང་རོགས་
སྔར་འདུད་ལྷས་སྦྱིན་གྱིས་སངས་རྒྱས་ཀྱི་སྐུ་གསུང་ཐུགས་ཀྱི་མཛད་པ་ཆ་ཚང་སྐྱོན་འབའ་ཞིག་ཏུ་མཐོང་བ་ལྟར་མི་ངན་འདྲེ་བྱ་ནག་པོ་ཁྱོད་ཀྱི་ཡང་དཔལ་ལྡན་སྲིད་སྐྱོང་སོགས་གངས་ཅན་པའི་མང་བསྐུར་དབུ་ཁྲིད་ཚང་མར་སྐྱོན་འབའ་ཞིག་མ་གཏོག་མ་མཐོང་བ་ནི་འདྲེ་བྱ་ཁྱོད་ཀྱི་མིག་དེ་སྐར་ལྔའི་ཁྲག་དར་དམར་པོས་སྒྲིབ་པ་རེད་
ད་རེས་ཨ་རིར་དོལ་རྒྱལ་བས་ངོ་རྒོལ་དང་ལུས་ལ་གྲ་ཆས་གྱོན་པའི་མགོ་སེར་འདྲེ་མོ་དེས་༧གོང་ས་མཆོག་གི་སྐུ་འཁྲིད་ནས་ངོ་རྒོལ་བྱས་པ་སོགས་ནི་འདྲེ་བྱ་ཁྱེད་རང་གི་སྲིད་སྐྱོང་ལ་མཐོང་བ་ལྟར་དོལ་རྒྱལ་བ་དེ་དག་གི་མིག་རྒྱ་ཡི་ཤོག་རྒོར་དམར་པོ་དེ་དང་མ་རིག་པའི་ལིང་ཏོག་གི་སྒྲིབ་ཏེ་༧གོང་ས་མཆོག་ལ་སྐྱོན་འབའ་ཞིག་མ་གཏོག་མ་མཐོང་བ་དེས་བྱུང་བ་རེད་
དེ་འདྲའི་ངོ་རྒོལ་ཨ་རི་རང་དབང་ལུང་པར་འགོག་ཐབས་ཞིག་གང་ཡང་ལྷག་ཡོད་མ་རེད་འཛམ་བུ་གླིང་འདིར་ཨ་རི་བ་ཁོ་རང་ཚོའི་སྲིད་འཛིན་ལས་བསྲུང་སྐྱོབ་ལེགས་པ་ཞིག་མེད་པ་ལྟ་བུ་རེད་འོན་ཀྱང་ངོ་རྒོལ་བ་འགོག་ཐབས་ཞིག་འདུག་གམ་དཔེར་ན་སྲིད་འཛིན་སྔ་མ་སྦུ་ཤུ་ལེགས་སྦྱར་བཤད་ས་ཞིག་ཏུ་གསར་སྒོད་པ་ཡིན་ཁུལ་གྱི་མི་ཞིག་གིས་ལྷམ་གཉིས་ག་སྦུ་ཤུའི་ཞུས་པ་སོགས་ཁྱེད་ཀྱི་ཨེ་ཤེས་
ཐོས་པ་དགའ་ལགས།
དོལ་རྒྱལ་ཚོགས་པ་དྲག་སྤྱོད་པ་རང་ཡིན་པ་དེ་ཧ་ཅང་གསལ་བོ་རེད། དེ་ངས་བཏགས་བཞག་པ་གང་ཡང་མ་རེད། བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་དྲག་སྤྱོད་ཀྱི་ལས་ག་ཚོད་བྱས་མིན་ཚང་མས་ཤེས་གསལ་ལྟར་དང། ཨ་རི་དང་རྒྱ་གར་གཞུང་གིས་ཀྱང་ཁོ་པ་ཚོས་༸གོང་ས་མཆོག་གི་སྐུ་ཕྱྭར་བདོ་འཆར་གྱི་དྲག་སྤྱོད་ལ་དོགས་ཟོན་བྱེད་དགོས་གསུངས་པ་དེས་ཀྱང་གསལ་མཚོན་ཐུབ་པ་ཞིག་རེད། ཧི་མ་ཅལ་ཀང་ར་ཉེན་རྟོག་པས་དེ་སྔ་རྒན་བློ་བཟང་རྒྱ་མཚོ་དང་ཁོང་གི་དགེ་ཕྲུག་གཉིས་དཀྲོངས་སྐབས་དོལ་རྒྱལ་ཚོགས་པའི་འཆི་མེད་ཚེ་རིང་སོགས་ཀྱིས་བཀོད་མངགས་ག་འདྲ་བྱས་ཡོད་མེད། ལྡི་ལི་ནས་ངྷ་སར་ག་དུས་ཕྱིན་མིན། ཕྱིར་ལྡི་ལི་དང་བལ་ཡུལ། དེ་ནས་རྒྱ་ནག་ཏུ་རྒྱ་གཞུང་གིས་སྣེ་ལེན་ག་འདྲ་བྱས་མིན་གསལ་ཐག་ཆོད་གསུངས་ཡོད་སྟབས། ཁོ་པ་ཚོ་ནི་དྲག་སྤྱོད་ཚོགས་པའི་ནང་ནས་ཀྱང་ཐབས་རྡུག་ཤོས་དེ་རེད།
བོད་ཀྱི་བུ་དང་མི་གསོན་པོ་སོགས་ཁྱེད་ཚོ་དྲ་འབུ་ཚོར་ཁ་རྩེ་ཁོམ་མེད་ཀྱང། ཞོར་ཏུ་ཐུང་ཙམ་ཞུས་ན། ཁྱེད་ཚོས་སྲིད་སྐྱོང་ལ་རྒྱབ་སྐྱོར་བྱེད་སྟངས་འདི། ལུང་ཚན་གྱི་ཞེན་ཁོག་དང་གཞན་གྱི་བེད་སྤྱོད་འོག་མི་གཞན་ལ་ཁ་རྡུང་གཏོང་བའི་བྱེད་སྟངས་ཉག་ཅིག་རེད་འདུག་ན། ཁ་སྟབས་འདི་འདྲས་སྲིད་སྐྱོང་ལ་མི་ཕན་པ་མ་ཟད། རང་རང་གི་ལུས་ངག་ཡིད་གསུམ་གྱི་སྤྱོད་པ་ཉམས་རྒུད་དུ་ཕྱིན་ནས་རུལ་འགྲོ་རྒྱུར་རྐྱེན་བྱེད་ངེས་པས་སྐྱེ་བ་ཐེངས་གཅིག་མི་རུ་བླངས་པའི་རྣམ་དཔྱོད་རྣམས་གད་སྙིགས་མཉམ་ཆུད་ཟོས་མ་གཏོང་རོགས། ཧཧཧཧཧ
སྐབས་འཚོལ་བ་འདིས། ད་རེ་གོ་སྐབས་ཤིག་བཟུང་ནས་ཡང་། དོན་རྩ་ཞིག་བཤད་ཀི་འདུག། སྤྱིར་ཁྱོད་ཁུག་རྟ་གཡག་ལ་གཅེས་འི་ཡོད་ནི་ན། ཁྲག་ལ་གཅེས་འི་ཡོད་ནི་ན་སུས་ཤེས། ཡིན་ན་ཡང་། གནད་དོན་འདིའི་སྐོར་ལ། ངས་ཀྱང་ཁྱེད་ཀྱི་དོགས་འདྲི་ཡི་སྙན་ཞུ་དེ་ལ་ལན་ཞིག་ཡོད་དགོས་བ་མཐོང་སོང་། སྔར་བྱུང་ལས་མ་འོངས་ལ་གསལ་ཁ་འབྱེད་པའི་དོན་དུ་ཡིན། འདྲེ་ཁུག་རྟས་བཤད་པ་བཞིན། ཁོང་དང་ང་། ༧གོང་ས་སྐྱབས་གཅིག་ལ་འཛིན་པའི་དད་ལྡན་པ་ཡོངས་ཀྱི་སེམས་ཁྲུལ་འདི། གནད་ཡོད་ཚོས་བསལ་ཐུབ་པ་དང་། ཕྱི་འབྱུང་མེད་པའི་གསལ་ཁ་ཡོད་པར་ཞུ་ཞུ་ཞུ།
འདྲེ་བྱ་ནག་པོ་ཁྱོད་ག་དུས་ཡིན་ཡང་ཆོལ་ཁའི་སྐད་ཆ་དང་ཆོས་བརྒྱུདཀྱི་སྐད་ཆ་དེ་མང་པོ་བཤད་ཡོང་གི་འདུག་
སྨྱོན་པ་ཁྱོད་ལ་ཁྲག་དར་དམར་པོའི་ལས་རྒན་ཞིག་ཡོད་པ་གསལ་པོ་རེད་འདུག་
ཁྱོད་ལ་མི་འགའ་བ་ཚང་མ་མདོ་སྟོད་དང་དབུས་གཙང་རེད་དམ་་་་་དེས་ན་མདོ་སྨད་པ་ཡང་འདྲེ་བྱ་ཁྱོད་ལ་མོས་མཐུན་རྩ་བ་ནས་མེད་པ་སྔོན་འགྲོའི་འོས་བསྡུ་ནས་གསལ་པོ་ཆག་ཟིན་པ་རེད་
ད་ཆོས་ཁ་གསུམ་གྱི་མི་ཚང་མས་མོས་མཐུན་མེད་པའི་འདྲེ་བྱ་ནག་པོ་ཁྱོད་སྐད་ངན་མང་པོ་ང་ཚོ་ཆོལ་ཁ་གསུམ་གྱི་དབུས་སུ་རྒྱབ་མ་ཡོང་རོག་དོལ་རྒྱལ་ཤིན་འདྲེ་དང་རྒྱ་ཡི་འདྲེ་བྱ་ནག་པོ་ཁྱོད་མཉམ་དུ་ང་ཚོ་གངས་ཅན་པ་ཡོངས་ཀྱི་ནང་འགྲ་ངོ་མ་དེ་ཡིན་ད་
དྲ་འབུ་གནམ་ལགས།
ང་ཤར་ཕྱོགས་རིགས་པ་སྨྲ་བར་ག་རེ་ལབ་ཀྱང་ཁྱད་ཁྱོན་ནས་མི་འདུག ཡིན་ནའང། ཆུ་ངན་ལམ་ཤོར་གྱི་སྲོལ་འདིས་ག་རེ་བཤད་བཞིན་པའི་ནང་དོན་སྒྲིབ་ནས་གཡག་ལ་གཅེས་ཀྱི་མེད་འགྲོ ཁྲག་ལ་ཧེབ་ལང་གི་མེད་འགྲོ་ཟེར་པ་ནི་ཤེས་ཡོན་ཅན་དང་རུས་པ་ཅན་གྱི་གཤིས་ལ་གྲུབ་པའི་སྐད་ཆ་ཞིག་གཞར་ཡང་མིན་སྟབས། ཤེས་པའི་ཁ་རང་ངོར་གཏད་ནས་བསམ་གཞིགས་རེ་བྱེད་ཐུབ་ན་ཚེ་འདི་ཕྱི་གཉིས་དང་སྤྱི་ཚོགས་བཅས་པར་ཕན་གྱི་མེད་འགྲོ་སྙམ།།
སྔོན་ཆད་ཤར་ཁུག་གིས་དགྱ་དར་འཕྱར་བ་ནི་ནོར་འཁྲུལ་ཆེན་པོ་ཞིག་ཏུ་མཐོང་ཡང་། ཤར་ཁུག་གིས་འདིར་བཤད་པའི་བརྗོད་གཞིའི་ཐད་ལ་རྒྱབ་སྐྱོར་ཡོད། ༧གོང་ས་མཆོག་གིས་ཆབ་སྲིད་ཀྱི་ཐུགས་འགན་ཚང་མ་མཚམས་བཞག་གནང་གྲུབ་ནས་དུས་ཡུན་རིང་ཙམ་འདས་ན་ཡང་། སྲིད་སྐྱོང་གིས་ཞབས་ཕྱི་བ་ཞིག་ལྟར་༧གོང་ས་མཆོག་གར་ཕེབས་ཚང་མར་ད་བར་དུ་རྟག་བཅར་བྱས་བསྡད་ཡོད་པ་རེད། ལྷག་པར་དུ་༧གོང་ས་མཆོག་ཕྱི་རྒྱལ་ཁག་ལ་ཕེབས་དུས་སྲིད་སྐྱོང་ནི་ཁོང་གི་སྐུ་གམ་དུ་ཡོད་ཡོད་པ་དེ་ཚང་མས་མཐོང་གསལ་ལྟར་རེད།
སྲིད་དོན་གྱི་ལས་འགན་ཆེན་པོ་སྤྲད་ཡོད་པའི་སྲིད་དཔོན་ཞིག་སྐྱེ་བོ་ཚང་མ་རང་གི་གཉེན་དུ་འཛིན་པའི་ཆོས་པ་རྣམ་དག་ཅིག་གི་སྐུ་རྗེས་སུ་རྟག་བཅར་ཞུ་དགོས་དོན་མི་འདུག དོན་དངོས་སུ་༧གོང་ས་མཆོག་གི་ཆིབས་སྒྱུར་སྐབས་སུ་བདེ་སྲུང་བཀའ་བློན་ལྟ་བུ་ལྷན་བཅར་ཞུས་ན་བདེ་འཇགས་དང་སྐུའི་སྲུང་སྐྱོབ་ཕྱོགས་ནས་འོས་བབ་ཆེན་པོ་ཡོད།
གལ་སྲིད་ཕྱི་འབྲེལ་འདྲ་བྱེད་དགོས་ཡོད་ཚེ་བཀའ་ཤག་ལ་དེ་བསྟུན་གྱི་ཕྱི་དྲིལ་བཀའ་བློན་ཡང་མིང་དང་ས་མིག་གང་གི་ཆ་ནས་ཀྱང་མ་སྟོང་བར་ཡོད་པ་རེད། སྲིད་སྐྱོང་གི་གནང་སྟངས་ལ་ལྟ་དུས་ཁོང་གིས་བཀའ་བློན་ཚང་མ་གཅིག་ལྕོགས་ཀྱི་ལས་ཀ་ལྟ་བུ་བྱེད་ཀྱིན་ཡོད་པའི་ཚོར་སྣང་སྟེར་ཡོང་། སྲིད་སྐྱོང་གིས་རིང་ནས་བསྒྲགས་པའི་རྩ་དོན་གསུམ་ནི་ད་ཆ་གང་དུ་བཞུད་དམ།
ང་ཚོར་ཆེས་མཁོ་བ་ནི་མི་རབས་གསར་པའི་ངོས་དང་ཆབ་སྲིད་ཕྱོགས་ཀྱི་གསར་བཏོད་ཡིན་ཞིང་། སྔོན་ཆད་བོད་རིགས་གཞོན་སྐྱེས་ཚོས་བརྒྱ་ཆ་གང་མཐོའི་ངང་སྲིད་སྐྱོང་ཁོང་ལ་འོས་བླུགས་དོན་ཡང་། མི་རབས་གསར་པ་གཞིར་བཅས་ཀྱིས་ཁྲིམས་ཀྱི་གོ་རྟོགས་བླ་ལྷག་ཅིག་ལྡན་པར་དམིགས་རེ་ཆེན་པོ་བཅངས་པས་ཡིན། ང་ཚོ་ནི་ཆབ་སྲིད་སྐྱབས་བཅོལ་བ་ཡིན་པས་སྲིད་སྐྱོང་གིས་སྲིད་དོན་ཕྱོགས་ལ་གཅིག་ཏུ་གཞོལ་གནང་རོགས།
ཤར་ཁུག་ཁྱེད་རང་གི་སྐད་ཆ་མང་ཆེ་བ་རྒྱུས་མེད་སྡང་སེམས་ཀྱི་མཆེ་བ་གཙིགས་པ་ལས། དོན་དངོས་སུ་ཨ་རིའི་རྒྱལ་ཁབ་དང་ལྷག་དོན་ཨ་རིའི་མི་མང་ལ་བཙན་བྱོལ་བཀའ་ཤག་དང་བདེ་སྲུང་ངོས་ནས་བཀག་སྡོམ་གང་ཡང་བྱ་དབང་མེད་པ་ཁྱོད་རང་གིས་ཤེས་ངེས་རེད་དེ། མུ་མཐུད་བོད་འབངས་ཁྲོད་དུ་དབྱེན་དཀྲུག་གི་ཚིག་ངན་ཅི་རིགས་གུན་ཁྲན་ཏང་ནང་བཞིན་བཀའ་ཤག་དང་སྲིད་སྐྱོང་མཆོག་ལ་དམའ་འབེབས་པ་དེ་ནི་མི་རན་པར་སེམས། བཀའ་ཤག་དང་སྲིད་སྐྱོང་མཆོག་གིས་བྱེད་ཐུབ་པ་ནི་ཨ་གཞུང་ལ་འབོད་སྐུལ་རེད། དེ་ནི་ཐེང་མང་གསར་འགྱུར་བརྒྱུད་ལམ་ཁག་ལས་གསལ། ཁྱོད་ཀྱིས་སྐད་ཆར་ཉན་ན་ད་ལྟའི་བཀའ་ཤག་འདི་ལོ་སྔོན་མ་ནས་ཁུངས་མ་འཁྱོལ་བ་ཡོད་དེ། ད་དུང་ཡང་སྔར་ལས་རྒྱས་པ་དེ་སྲིད་སྐྱོང་མཆོག་མཛད་རྗེས་ཡིན་པ་ང་ཚོ་སེང་དར་འོག་འཚོ་བའི་བོད་འབངས་ཡོང་ནས་དྲན་བཞིན་ཡོད་དོ།
གོང་ས་མཆོག་དང་སྲིད་སྐྱོངས་རྣམས་གཉིས་ལ་གཤིན་འདྲེ་ཁྲག་ལག་ཅན་གྱི་དོལ་ཚོགས་དང་། རྒྱ་འདྲེ་ཁྲག་དར་ཅན་གྱི་ཤར་ཁུག་གཉིས་ཀྱིས་མི་བཞག་ངོ་མ་རེད་འདུག བོད་མི་རིགས་འདི་ལ་དགྲ་འདི་གཉིས་ལས་ཆེ་ཞིག་གང་དུ་ཡང་མེད།
ཤར་ཁུག་གིས་བདེན་པའི་སྐད་ཆ་བཤད་པ་དེར་རྒྱབ་བསྐྱོར་ཞུ་འོས། རྒྱུ་མཚན་ཡང་སྐད་ཆ་ཤོད་མཁན་གྱི་མི་ངོ་གང་ཞིག་ཡིན་མིན་ལ་མི་བལྟ་བར་དེའི་བཤད་པའི་སྐད་ཆའི་ངོ་ལ་གཟིགས་དགོས་པ་དེ་གལ་ཆེན་ཞིག་ཏུ་མཐོང་། འོན་ཀྱང་དྲྭ་ལམ་འདིར་སྐད་ཆའི་ངོ་བོ་ལ་མི་བལྟ་བར་ཤོད་མཁན་དེ་སུ་ཡིན་མིན་ལ་བལྟ་བ་ནི་ཧ་ཅང་གི་སེམས་ཕན་ཞིག་ཡིན།
ཤར་ཁུག་གིས་དྲང་བདེན་གྱི་སྐད་ཆ་ལ་རྒྱབ་བསྐྱོར་ཡོད། ཐུགས་རྗེ་ཆེ་ཞུ།
བློ་བཟང་ཆོས་འབྱོར་ལགས།
ང་དྲ་འབུ་གནམ་ནི། མཛུ་གུ་ལྔ་ལ་རིང་ཐུང་ཡོད་པ་ཤེས་ནི་ཤིག་ཡིན། ཁྱོད་མྱི་བཟང་པོ། མངོན་ལྐོག་མེད་ནི་ཤིག་ཡིན་ན། དེ་ལ་མ་དགའ་སུ་ལ་དགའ། ཡིན་ན་ཡང་། ཁྱོད་ལ་ལས་རྒྱུ་མང་། ངན་ལས་བཞག་པ་དེ་འདྲ་དེ་ལས་ཀྱང་མང་། ངས་རེ་རེ་བྱས་ནས་བསྒྲང་ག་ལ་དགོས།
ཁྱོས་སྔར་བྱས་ལ་འགྱོད་བཤགས་དང་། ཕྱི་བྱུང་ལ་རྡོག་རྩ་འཛིན་ན། ངས་ཁྱེད་ཀྱི་རྒྱབ་ལ་གཏད་ཞིག་དང་མདུན་གྱི་ལམ་ལ་ཐིག་ཞིག་འཐེན་ན་ལོས་ཆོག། ཡིན་ན་ཡང་། རིག་པ་ཡོད་མདོག་གིས། མྱི་རྨས་བ། རང་སད་པ་དེ་འདྲ་ག་ཚོད་ཡོད་པ། ཤེས་ཨེ་ཡོད།
འདི་མ་ཤེས་ན། ང་ནི་དྲ་འབུ་ཞིག། ཁྱོད་ལ་སྡང་བའི་ཁ་ཞིག་ཡིན། འདྲེ་བྱ་ཟེར་ནིའི་མྱི་ཞིག།
ཨོ། བཤད་དགོས་བ་ཞིག་ལྷག་འདུག། མྱི་ཞིག་བྱེད་ན། མྱི་སེམས་ཤེས་དགོས་བ་རེད། བྱ་བརྒྱའི་ཁ་ལྷོ་ལ་ཡོད་དུས། ཁུག་རྟའི་ཁ་ཤར་ལ་འཁོར་གི་མ་འདུག་ཞུ་ཡ་ཡིན།
ཨོ། ད་རུང་གཅིག་ལྷག་འདུག། རིགས་པ་སྨྲ་ས་ཆོས་དགོན་ཡག་ནི་རེད། ཡར་ལོག་འདྲ་བྱས་ན་ཅི་འདྲ། ཧ་ཧ་ཧ།
འདིར་བརྗོད་བྱ་ལ་རྒྱབ་སྐྱོར་ཡོད་ཀྱང་། རྗོད་བྱེད་ཀྱིས་ནང་ལོགས་ལ་སྐྱོན་བརྗོད་ཁོ་ན་ལས། ཕྱི་ལོགས་ཀྱི་སྐུ་ཕྱྭར་རྒོལ་མཁན་གང་ཡང་མ་བཤད་པ་འདིས། མི་འདིའི་རང་གི་རང་གཤིས་སྟོན་པ་ལ་རྒྱབ་སྐྱོར་བྱ་དཀའ་བའི་གནས་སུ་འདུག
ཤར་ཁུག་ལགས་ཀྱིས། ནམ་ཀུན་སྒེར་གྱི་གནད་དོན་རེ་ཁོག་ཏུ་བཟུང་ནས་སྲིད་སྐྱོང་མཆོག་ལ་སྨད་ར་བྱས་དང་བྱེད་བཞིན་པ་དེ་རེད། འོན་ཀྱང་དེ་ནི་རང་ཉིད་ཀྱིས་རང་ཉིད་ངོ་གདོང་ཆུ་ལ་གཡུག་བྱེད་དང་། བོད་རྒྱ་ཆེའི་མི་མང་ལ་གུས་བརྩི་མེད་པའི་རང་རྟགས་བསྟན་པ་ཙམ་ལས་གཞན་དུ་དགེ་མཚན་ཞིག་གླེང་རྒྱུ་གཏན་ནས་མེད།
ཤར་ཕྱོགས་ཁུག་རྟ་ལགས།
སྤྱིར་སྟངས་ཁ་བརྡ་དྲ་ཚིག་དང་བོད་ཀྱི་དྲ་ཚིག་མང་ཆེ་བ་གུས་པ་ཀློག་འདོད་ཀྱི་ཡིད་ཐང་ཆད་ཡོད།
ལྷག་བསམ་ཡོད་པའི་སྐད་ཆ་སུ་ཞིག་གིས་བཤད་ན། དེ་ལ་འབྲེལ་མེད་ཀྱི་ཉོག་གཏམ། བུད་མེད་དང་བྱིས་པའི་ཁ་རྩོད་ལྟ་བུའི་བཤད་ཡམ། དེའི་རིགས་ལ་མགོ་བོ་ན་གི་འདུག། འོན་ཀྱང་། དེ་རིང་ཡང་། ཡོང་ཞོར་ཞིག་ལ་ཁྱེད་ཀྱི་རྩོམ་ཡིག་འདི་ཐེངས་གཅིག་ཀློག་དགོས་བྱུང་སོང་། གུས་པ་རྩོམ་ཡིག་འདི་ལ་རྒྱབ་སྐྱོར་ཡོད།
སྐུ་ཚེ་རིང་། བཀྲ་ཤིས། ཁ་དྲོ།
ཤར་ཁུག་གིས་བཤད་པའི་སྐད་ཆར་གནས་ལུགས་འདུག ད་རེས། ཨ་རིར་འདི་ལྟ་བུའི་༧གོང་ས་མཆོག་ལ་ངོ་རྒོལ་བྱེད་སྲིད་པའི་མངོན་དཔགས་འབྲེལ་ཡོད་མཛད་གཙོ་རྣམ་པས་ཐུབ་ཀྱི་མེད་ཀྱང་། སྔོན་ཚུད་ནས་ཡིད་ཟབ་གནང་དགོས་པ་དེ་འབྲེལ་ཡོད་དོན་གཅོད་དང་། སྲིད་སྐྱོང་ལ་སོགས་པའི་བཀའ་བློན་ཚོའི་འོས་འགན་རེད། ༧གོང་ས་མཆཽག་གིས་སྔོན་ཚུད་ནས་ཨ་རིའི་གསང་བའི་ལས་ཁུང་གིས་ཨ་རིའི་ནང་ཁོང་གི་སྐུ་ཕྱར་ཉེན་ཚབས་ཆེ་ཤོས་འདྲེ་ཚོགས་ཡིན་པ་གསུངས་ཚར་བ་རེད།་ ད་རེས། མགོ་སེར་སྐྱེ་དམན་དེའི་རྒྱབ་ལྗོངས་རྣམས་ཤེས་དགོས་པ་དེ་ཡང་འགག་གནད་གཅིག་རེད་ལ་གྲོས་ཚོགས་སུ་གླེང་དགོས་པ་ནི་དེ་བས་ཀྱང་གནས་འགག་རེད།
མ་གཞི་ནས། སྲིད་སྐྱོང་གིས་ཨ་རིའི་དོན་གཅོད་གསར་བཀོད་བྱེད་ཕྱོགས་སྐོར་གྱི་དྲི་བའི་ལན་ཁག་ལ་ཨུ་དཀར་ཚང་མ་དངུལ་གྲབས་གསོག་བྱ་རྒྱུར་འཇོན་རབས་བཤད་སོང་། དེ་ནི། ཁོང་གིས་ཨུ་དཀར་ཚང་དོན་གཅོད་དུ་བསྐོས་པའི་སྒྲུབ་བྱེད་གཙོ་བོ་དེ་རེད། འོན་ཀྱང་། དོན་གཅོད་གཅིག་གིས་ངོས་ནས་བཤད་ན། ཆབ་སྲིད་ཀྱི་ཉམས་མྱོང་དང་། བཙན་བྱོལ་སྒྲིག་འཛུགས་ཀྱི་འགྲོ་ལུགས་རྣམས་ཤེས་མཁན་ཞིག་དགོས་པ་རེད། དེའི་དབང་གིས་ད་རེས་ཀྱིས་གནས་ཚུལ་དེ་རིགས་འབྱུང་གི་རེད། ངས་་ད་རེས་ཀྱི་གནད་དོན་དེ་དོན་གཅོག་གཅིག་པུར་ཁག་བཏགས་ཀྱི་མེད། འོན་ཀྱང་། ཁོང་ལ་འགན་ཁྲི་ཏོག་ཙམ་ཡོད་པ་དེའང་གསལ་པོ་ཤེས་དགོས། གང་ལྟར། སྲིད་སྐྱོང་དང་སྤྱི་འཐུས་ཚོགས་གཙོ་གཉིས་བསྡུར་ཚེ། ཕྱི་མ་དེ་ལྡབ་འགྱུར་གྱི་ཆབ་སྲིད་ཀྱི་ཉམས་མྱོང་དང་། རང་ཚུགས་བརྟན་པོ་མཐོང་གི་འདུག སྲིད་སྐྱོང་གི་བཀའ་མོལ་ཡང་གཅིག་རང་རེད། གང་དུ་ཕྱིན་ཀྱང་གསར་པ་གང་ཡང་མིན་འདུག མདོར་ན། ཁོང་གིས་ད་དུང་སློབ་སྦྱོང་མང་པོ་བྱེད་དགོས་ཀྱི་འདུག ལྷག་པར་དུ་སློབ་དཔོན་ཟམ་གདོང་ཚང་དང་། སྤྱི་འཐུས་ཚོགས་གཙོ་སོགས་ལ་སློབ་སྦྱོང་ཏོག་ཙམ་གནང་ན་ཡག་པོ་ཡོད་ས་རེད།
ཤར་ཁུག་གིས་བྱས་ཉེས་གཅིག་གི་གནས་ལུགས་ཀྱི་སྐད་ཆ་ཚང་མ་ནག་སྲུབ་བྱས་ན་དེ་དྲང་བདེན་མ་རེད། སྲིད་སྐྱོང་ལས་སྐུ་སྒེར་ཡིག་ཚང་ལ་འགན་ཆེ་བ་ཡོད་པ་ཚང་མས་མཁྱེན་དགོས་། ཐུགས་རྗེ་ཆེ་ཞུ།
དོན་དང་ལྡན་པའི་གཏམ་སྨྲ་བ་འཇིག་རྟེན་འདི་ན་ཤིན་ཏུ་དཀོན། །
དེ་བས་དོན་ལྡན་མིག་ལྡན་པ་འཇིག་རྟེན་འདི་ན་རི་བོང་རྭ། །
་་་་་་་་འདིར་ཤར་ཕྱོགས་ཁུག་རྟས་མི་རིགས་ཤིག་གི་ཕུགས་བསམ་དང་། མདུན་ལྗོངས་ལ་ལྷག་བསམ་དཀར་པོས་མདུན་དུ་འདོན་ནས་དྲང་བདེན་གྱི་སྨྲ་བ་ནི་ངོ་མཚར་བའི་གནས་སུ་འདུག
དེ་མིན། མིང་རྫུན་གྱི་འོག་ཏུ་ཡིབ་པའི་ཅོལ་ཆུང་དེ་དག་གིས་རེད་མ་རེད་ཅེས་པའི་ཅལ་སྒྲར་བློ་བཟང་ཆོས་འབྱོར་ལགས་བློ་ཞུམ་དགོས་དོན་མིན་འདུག
དུས་དང་རྣམ་པ་ཀུན་ཏུ་༧གོང་ས་མཆོག་གི་གཟབ་མོའི་ལམ་སྟོན་བཀའ་སློབ་དང་། མང་གཙའི་ཁེ་དབང་ལོངས་སུ་སྤྱོད་ནས་བསམ་ཕོད་པ་དང་། བཤད་ཕོད་པ། སྒྲུབ་ཕོད་པ་གསུམ་ལྡན་པའི་ན་གཞོན་བློ་གྲོས་ཅན་ཤར་ཕྱོགས་ཁུག་རྟ་བློ་བཟང་ཆོས་འབྱོར་ལགས་སུ་རྗེས་སུ་ཡི་རངས་ཞུ། །
རྒྱུག་ཁྱིའི་ངུ་ཟུག།
ལྷ་རྒོད་ཀྱིས།
ངས་བསམ་ཚུལ་མདོར་བསྡུས་ཤིག་བཤད་འདོད་པ་ནི་འདི་ལྟར་ཡིན། ཉེ་བའི་ཆར་༧གོས་ས་ཡིད་བཞིན་ནོར་བུའི་ཕེབས་ལམ་གཡས་གཡོན་དུ་རྒྱུག་ཁྱི་འབྱུང་པོ་ཁོག་ཞུགས་པ་རེ་འགས་ངུ་ཟུག་ཡང་ཡང་བྱས་པར་རང་རིགས་སེམས་ཆུང་པ་ཚོས་དེ་ནི་གནས་ཚུལ་ཐབས་བསྡུག་ཡིན་རབ་དང་། བཙན་བྱོའི་གཞུང་འཛིན་པ་ཚོས་མ་འགྲིགས་པ་ཡིན་ཚུལ་སོགས་བཤད་མཁན་འདུག་མོད། ངས་ནི་གནས་ཚུལ་དེའི་རིགས་ལ་༧གོང་ས་མཆོག་གི་ཐད་ནས་ཞུས་ན་ངོ་ཚ་ཁ་སྐྱེང་དགོས་པ་གང་ཡང་མ་མཐོང་ལ་ལྷག་པར་དུའང་ཨ་རི་གཙོས་འཛམ་གླིང་མང་གཙོའི་ལུང་པ་དག་ལ་ནི་དེ་ལྟར་བུའི་གནས་ཚུལ་རྒྱུན་ལྡན་ལྟར་ཡིན་པས་སོ།
འོན་རྐྱང་དོལ་ཚོགས་ཀྱི་ངོས་ནས་བཤད་ན་སྔར་ཕྱིའི་བར་གསུམ་དང་ཡང་ན་འདས་མ་ད་གསུམ་གྱི་བྱུང་རིམ་དག་ལ་དཔྱད་ཞིབ་ནན་ཙམ་བྱས་ན་ངོ་ཚ་དགོས་པ་དང་། སྐྱུག་དྲོ་བའི་བྱ་སྤྱོད་ཐལ་ཤ་ཅན་ཞིག་ཡིན་སྟེ། ཁོང་ཚོ་ལ་གནས་ལུགས་མེད་པ་ཙམ་དུ་མ་ཟད་ཡབ་མེས་ཚེ་སྲོག་འཕྲོག་མཁན་གྱི་རྐུབ་ལྡག་ནས་འཛམ་གླིང་མི་མང་གིས་སྤྱི་བོའི་གཙུག་ཏུ་བཀུར་ཡུལ་༧གོང་ས་ཡིད་བཞིན་ནོར་བུའི་མཛད་འཕྲིན་ལ་ནད་མ་ཆོག་པས་ཆོ་ངེར་འདོན་པ་ནི་སྙིང་རྗེའི་ཡུལ་ངོ་མ་དེ་ཡིན།
མདོར་ན་ཁོ་པ་ཚོས་ངུ་ཟུག་ལ་ཡ་ངར་དགོས་པ་ལས དེ་ལ་ཡ་མཚན་དང་འཇིགས་སྣང་གང་ཡང་མི་དགོས་པར་སེམས། སྐད་འཕྲིན་ཚོགས་པ་རེ་ཟུང་དང་། དྲྭ་ལམ་རེ་ཟུང་གི་ནང་དུ་ཀླད་མེད་ཉུང་ཤས་ཀྱི་དེར་བསྙད་སྟེ་༧གོང་ས་མཆོག་གིས་དོལ་འདྲེར་གཟིགས་སྟངས་དེ་ནོར་ཚབ་ཆེན་པོ་ཡིན་མདོག་མདོག་གི་ཟུར་དང་སྒྲོ་སྐུར་སྣ་ཚོགས་དངོས་ཤུགས་ཅི་རིག་པ་ནས་བྱེད་ཀྱིན་འདུག་མོད། དེ་ནི་མགོ་རུལ་དྲི་ངན་རང་སྣའི་མ་ཚོར་པའི་ནོངས་པ་ཙམ་ལས་ཡ་མཚན་ཅན་ཞིག་
ག་ལ་ཡིན། དཔེར་ན་སྔོན་སྟོན་མཆོག་ཤཱཀྱ་ཐུབ་པའི་མཛད་ལ་མི་བཟོད་པའི་སྡིག་ཅན་ཚོས་བྱེད་སྟངས་དེ་ལ་བསམ་གཞིགས་རེ་གནང་ན་སུས་རང་མདོག་སྟོན་མིན་དེ་རིག་ལམ་ནས་སྤོགས་ཐུབ་པ་ཞིག་ཡིན་པས་ངས་འདིར་རེ་རེ་བཞིན་ཞུ་ག་ལ་དགོས།
ཤར་ཁུག་གི་བཤད་ཚད་དང་བྱས་ཚད་ཐམས་ཅད་མ་ནོར་བ་མ་འཁྲུལ་བར་སྒྲུབ་འདོད་མེད་ནའང་། ད་རེས་ཏོག་ཙམ་སྣང་བར་འགྲོ་རྒྱུའི་སྐད་ཆ་ཁ་ཤས་བཤད་འདུག དཔལ་ལྡན་སྲིད་སྐྱོང་ཁོང་དགོས་སར་མེད་ཅིང་། མི་དགོས་སར་རྟག་པར་སླེབས་འདུག དོན་དམ་པར་ཁོང་བོད་མི་ས་ཡ་དྲུག་སྲིད་སྐྱོང་དུ་བསྐོས་པ་ཡིན་ནམ། ༸གོང་ས་ཡིད་བཞིན་ནོར་བུའི་ཞབས་འབྲངས་པར་བཞག་པ་རེད། སྲིད་སྐྱོང་དུ་བསྐོས་པ་ཡིན་ན། སྐུ་ངོ་ལགས། གཅིག་སྒྲིལ་དང་། གསར་གཏོད། རང་ཁ་རང་གསོའི་བྱ་བ་དེ་ཚོ་བྱེད་རན་གྱི་མེད་དམ།
ཤར་ཁུག་གི་ལ་རྒྱབ་བསྐྱོར་ཡོད། ཡིན་ནའང་ཨ་རི་ལུང་པའི་ནང་དོལ་རྒྱལ་སྐད་འབོད་བྱས་པ་ལ་སུ་གང་གི་བཀག་ཐུབ་ཀྱི་མ་རེད། ལུང་པ་འདི་རང་དབང་ཆེན་པོ་རེད། འདི་རིགས་ལ་བཀའ་ཤག་འཇོན་མ་འཇོན་གྱི་སྐད་ཆ་ཡོད་མ་རེད། ཡིན་ནའང་སྲིད་སྐྱོང་དང་བཀའ་ཤག་གི་༧གོང་ས་མཆོག་གི་སྐུ་ཕྱྭ་ལ་གཟབ་ནན་བྱེད་དགོས་པ་དངོས་ཡོད་རེད།
གནས་ལུགས་ཅན་གྱི་་གཏམ་རང་དུ་འདུག་པས།
རྒྱབ་སྐྱོར་ཡོད། སྲིད་སྐྱོང་དེ་ད་སྤོས་བཞག་ན་ཡག་པོ་འདུག རྐང་འདྲེན་ཆེན་པོ་ཞིག་མ་ཞུས་སྔོན་ལ་བསྐྲད་བཞག་ན་ཡག་གི་རེད།
ཤར་ཕྱོགས་ཁུག་རྟ་ལགས་ལ་ཞུ་རྒྱུར།
ཁྱེད་ཀྱི་རྩོམ་ཡིག་ནང་དོན་དག་གོ་བ་ལེན་རྒྱུ་ཡོད་པ་དང་མེད་པ་འགའ་འདུག། གོ་བ་ལེན་རྒྱུ་ཡོད་པ་དག་ནི་གོང་ས་མཆོག་གི་སྐུ་ཕྱ་སྲུང་སྐྱོབ་བྱེད་དགོས་པ་དང། དོལ་ཚོགས་ལ་དོགས་ཟོན་བྱེད་དགོས་སྐོར་བཤད་འདུག་དེ་དག་རེད། གོ་བ་ལེན་རྒྱུ་མེད་ས་ནི་ཨ་རིར་བུ་མེད་ཞིག་གི་གོང་ས་མཆོག་ལ་ངོ་རྒོལ་སྐད་འབོད་བྱས་བ་དེ་དག། སྲིད་སྐྱོང་མཆོག་དང་ཨ་རིས་བོད་ཀྱི་གཞུང་ཚབ་སོགས་ཀྱི་འགན་མ་ཁུར་བ་དང། དེ་དག་མི་འབྱུང་བར་བྱེད་དགོས་ཚུལ་བཤད་འདུག།
ཨ་རེའི་ཨོ་བྷ་མས་གོང་ས་མཆོག་དང་བཀའ་མོལ་སྐབས། ཨོ་བྷ་མས་བཤད་དོན་འདིར་ཞི་རྒོལ་གྱི་ལམ་ནས་ཡག་ཉེས་གང་ཡིན་ཡང་སྐད་འབོད་བྱེད་ཆོག་པའི་རང་དབང་ཡོད་ལབ་སོང། དེས་མ་ཚད་སྔོན་མ་སྦུ་ཤི་སྲིད་འཛིན་སྐབས་མི་ཞིག་གི་ལྷམ་ཞུས་ཚུལ་དྲ་ལམ་ཁག་མང་པོ་ཞིག་ལ་མཐོང་ཡ་འདུག། དེ་ཡིན་དུས་གོང་ས་མཆོག་གི་ཆེད་དུ་ཨ་རིའི་བཅའ་ཁྲིམས་ལ་འགྱུར་བ་མི་གཏང་ཐག་ཆོད་རེད། གཉིས་ནས་རྒྱ་ནག་སྟོབ་ཆེན་རྒྱལ་ཁབ་ཀྱི་གནད་ཡོད་མི་སྣ་ཕྱི་རྒྱལ་ཁག་ལ་འགྲོ་དུས་ང་ཚོ་བོད་པ་དག་གི་ག་དུས་ཡིན་ཡང་སྐད་འབོད་རྒྱག་གི་ཡོད་རེད། དེའི་འགན་ཚང་མ་རྒྱ་ནག་གཞུང་ཚབ་ཁག་དང་སྲིད་འཛིན་ལ་ཡོད་ཟེར་ནས་རྒྱ་གཞུང་གི་་བཤད་པ་གོ་ཐོས་མ་བྱུང། འཛམ་གླིང་མང་གཙོའི་རྒྱལ་ཁབ་ཁག་ནང་ཞི་བའི་སྐད་འབོད་བྱེད་པར་བཀག་འགོག་བྱེད་པའི་ཁྲིམས་ལུགས་མེད། གལ་སྲིད་དེའི་དོན་ཁྲིམས་མཐུན་གྱི་སྐད་ཆ་བཤད་ཡ་ཡོད་ན་ཨ་མེ་རི་ཁའི་སྲིད་གཞུང་ལ་བཤད་དགོས་རེད། དེ་མེད་ན་ཁ་རོག་འདུག་རོགས་གྱིས།
དཔལ་ལྡན་སྲིད་སྐྱོང་མཆོག་ལ་༧གོང་ས་མཆོག་གིས་ཀྱང་ཡང་ཡང་བསྟོད་བསྔགས་གནང་བ་ཐེངས་ཁ་ཤས་ཞིག་ལ་གོ་མྱོང་། ང་རང་སྒེར་ངོས་ནས་ཀྱང་ཁོང་གི་ཕྱག་ལས་གནང་སྟངས་བརྟན་པོ་དང་སྒམ་པོ་ཁྲིམས་ལུགས་གཙོར་འདོན་བྱས་ནས་གནང་གི་ཡོད་པ་ལྟ་བུ་ཞིག་མཐོང་སོང་བས་སེམས་སྟེང་ནས་བསྔགས་བརྗོད་བྱེད་ཀི་ཡོད། ལྷག་པར་དུ་སྲིད་སྐྱོང་མཆོག་ལོ་འགའ་ཤས་རྗེས་བརྗེ་བོ་རྒྱག་ནས་འགྲོ་ཀི་རེད། འཇོན་ཐང་ཡོད་མཁན་སུས་ཀྱང་སླེབས་ཆོག་གི་རེད། དེར་བརྟེན་ང་ཚོའི་སྤྱི་ཚོགས་ནང་རྒྱལ་ཁབ་གཞན་གྱི་སྲིད་འཛིན་སྲིད་སྐྱོང་ལ་མཐོང་ཆེན་པོ་དང་གུས་ཞབས་ཧ་ཅང་ཆེན་པོ་གནང་བའི་གོམས་གཤིས་ཡོད་མོད་རང་རང་སོ་སོའི་དབུ་ཁྲིད་དང་སྲིད་སྐྱོང་ལ་དེ་འདྲའི་གོམས་གཤིས་མེད་པ་དེ་ཧ་ཅང་གི་ཐབས་སྐྱོ་བོ་ཞེ་དྲགས་རེད། སྐྱོན་དེ་རྐྱེན་གྱིས་ང་ཚོ་ལ་ད་ལྟའི་སྡུག་བསྔལ་འདི་བྱུང་བ་རེད། དེང་ཕྱིན་སྲིད་སྐྱོང་ལ་སུས་སླེབས་ཀྱང་སླེབས་ཚར་བའི་ཉིན་ནས་བཟུང་ལས་འགན་མ་རྫོགས་པར་དུ་ང་ཚོའི་རྒྱལ་བོ་ཟེར་ན་སྲིད་འཛིན་ཟེར་ན་སྲིད་སྐྱོང་ཟེར་ན་བོད་རྒྱལ་སྲོང་བཙན་སྒམ་པོ་ལྟ་བུའི་མཐོང་ཆེན་སྤྲད་ནས་གུས་ཞབས་བླ་མེད་གནང་བའི་གོམས་གཤིས་ཞིག་བྱུང་ན་ད་བཟོད་འགྱེལ་ས་ནས་ལངས་ཐུབ། ཤར་ཁུག་ལྟ་བུ་འགའ་ཤས་ཀྱིས་སྐད་ངན་རྒྱབ་ཆོག་ཀྱང་ཁ་སང་དེ་རིང་ལྟ་བུ་ལ་ཤིན་ཏུ་མི་འོས་ཀི་ཡ།
དོལ་ཚོགས་ཀྱིས་སྐད་ངན་བརྒྱབ་པ་ཡང་ཧ་ལས་དགོས་མི་འདུག་ ཁོང་ཚོའི་གདོང་རས་ངོ་མ་ལྷང་ས་བུད་ན་ཏག་ཏག་རེད། ཁྱི་སྤྱང་ལག་སྦྲེལ་གྱི་གདོང་རས་བོད་ཆོལ་ཁ་གསུམ་ལ་ལྷང་ལ་བུད་ད་བུད་འཛམ་གླིང་མི་དམངས་མདུན་ལྷང་ལ་བུད་ཚར་རེད། ཞིབ་འཇུག་པ་ཚོས་ཞིབ་འཇུག་གནང་གི་རེད། དོལ་རྒྱལ་བསྟེན་ཡ་དེ་ཆོས་མ་རེད་ལྷ་གསོལ་ཀླུ་གསོལ་ཙམ་རེད་ཅེས་༧གོང་ས་མཆོག་གིས་གསུང་སོང་ང་། ད་དེའི་ཐོག་ལ་ཞིབ་འཇུག་གནང་ན་གནང་རིན་ཡོད་པ་རེད་དོ།།
ཤར་ཁུག་ལགས་ཀྱི་གནད་ལུགས་རྒྱུ་མཚན་གསུངས་པར་དོན་ལ་གནས་འདུག་པས་གུས་པས་རྒྱབ་སྐྱོར་ཡོད།
ཡ་ཡ། བསམ་ཚུལ་གསུངས་མཁན་མང་བ་ཡག་བྱུང། རེ་འགས་ཤེས་བཞིན་ཁ་དཀྱོག་ལ་བསྒྱུར་གྱིན་འདུག ངས་ཨ་རིའི་ནང་དོལ་རྒྱལ་པས་ངོ་རྒོལ་བྱུང་མི་ཆོག་པ་དང། མི་བྱུང་རྒྱུར་འབྲེལ་ཡོད་ས་གནས་དོན་གཅོད་དང་བཀའ་ཤག་ནས་འགན་ཁུར་དགོས་ཟེར་གི་མེད། ཨ་རིའི་གཞུང་རང་གིས་དོལ་དྲག་སྤྱོད་པ་ཚོས་སྐུ་ཕྱྭར་བདོ་འཆར་ཡོད་པ་གསལ་གསུངས་ཟིན་པ་རེད། ད་ཐེངས་ཨ་ནེ་དེས་མཚོན་ཆ་སོགས་ཁྱེར་མེད་ནའང། སྐུ་ཕྱྭར་འགན་ཁུར་མ་ཐུབ་པ་གསལ་བོ་རེད། གལ་སྲིད་ཨ་ནེ་དེ་ལག་ཏུ་མཚོན་ཆ་ཐོགས་མཁན་ཞིག་ཡིན་ན། དེ་རིང་ང་ཚོར་ཨ་ནེ་དེའི་ལག་ཏུ་མཚོན་ཆ་ཙམ་མ་ཁྱེར་པ་མ་གཏོགས། ཞེད་སྣང་རང་བཞིན་དང་ཉེན་ཁའི་རང་བཞིན་གཅིག་པ་ཡིན་པའི་འཇིགས་སྣང་འདི་ཡོང་དགོས་དོན་ཡོད་པ་མ་རེད། དེའི་ཆ་ནས་སྐུ་ཕྱྭའི་སྲུང་སྐྱོབ་ལ་འགན་ཁུར་མ་ཐུབ་པ་དེ་གསལ་བོ་ཆགས་ཡོད་པ་རེད། དེ་ལ་དགོངས་སེལ་ཞུས་ཏེ་ཕྱིས་འབྱུང་གི་བྱེད་ཕྱོགས་འདི་ཡིན་གན་ཡིན་གསུངས་ན་རྒྱ་ཆེའི་སེར་སྐྱ་མི་མང་གིས་དགོངས་པ་བཞེས་ཀྱི་རེད། ད་དུང་མི་མང་གི་དགོངས་པ་མ་དྭངས་ན་དོན་གཅོད་དང་བཀའ་ཤག་སུ་ཡིན་རུང་དགོངས་པ་ཞུ་རྒྱུ་ལས་ལམ་ཁ་གཞན་མེད་པ་གསལ་བོ་རེད། དེ་རྣམ་པ་ཚོས་ཀྱང་བསམ་ཤེས་པ་དང་མཐོང་ཐུབ་པ་གནང་གལ།། ཞོར་དུ་ངེད་ལ་བཟང་ངན་ཡག་བཙོག་ག་རེ་བཏགས་ཀྱང་དེས་བོད་སྤྱི་དོན་ལ་ཕན་གནོད་མི་འདྲེས་སྟབས་ཅི་དགའ་གྱིས་ཤིག
ངེད་ལ་ཆོལ་ཁའི་ཕྱོགས་རིས་དང་ཤེས་རྨོངས་གཡང་འཆོང་པ་དག་གི་རྒྱབ་སྐྱོར་དང་དྲི་མ་དབེན་ནའང། བདེན་པ་དང་རྒྱུ་མཚན་ཡང་དག་གིས་ནམ་ཡང་བོར་མ་མྱོང་སྟབས། ངས་མུ་མཐུད་ནས་ཕྱོགས་རིས་ཀྱིས་བཟི་བའི་དྲ་འབུ་དག་ལའང་བརྗོད་གཞི་དང་འབྲེལ་ནས་དོགས་གཅོད་བྱེད་ཐུབ་རྒྱུར་འབོད་སྐུལ་ཞུ་འདོད་བྱུང། རྒྱུ་མཚན་དང་གནས་ལུགས་བཤད་རྒྱུར་མིའི་གདོང་མཐོང་དགོས་དོན་མི་འདུག་ལ། ཞལ་རས་ཡིབས་ནས་བདེན་པའི་གནས་ཚུལ་གསན་མཁན་ཚོར་བདེན་པ་བརྗོད་རྒྱུ་ནི་ཕྲན་རང་ཤིན་ཏུ་དགའ་ལ། ཕོ་བྲང་སྔོན་པོའི་ནང་གི་སྲིད་སྐྱོང་མཆོག་གིས་ཀྱང་བདེན་པ་ནག་བསུབ་གཏོང་བའི་དྲ་འབུ་འདི་ཚོའི་གྲབས་བཤམས་སྟངས་ལ་མཉེས་པོ་མ་གནང་བར། ཁུ་སིམ་མེར་ཕོ་བྲང་ཡང་སྟེང་ནས་སྔར་ལྟར་བསམ་ཚུལ་འདི་དག་བཀླགས་པ་ཡིན་ན་འཁོར་ལོས་བསྒྱུར་བའི་སྲིད་སྐྱོང་བྱེད་རྒྱུར་ཕན་ཡ་དེས་ཕན་གི་རེད།།
ཤར་ཁུག་ནི་སྒེར་དོན་རིང་ལུགས་པ་ལས་སྤྱི་དོན་རིང་ལུགས་པ་མ་རེད། ག་དུས་ཡིན་ཡང་སྒེར་མཁོན་ཞེ་འཛིན་གྱིས་སྲིད་སྐྱོང་ལ་སྐྱོན་བརྗོད་བྱེ་རྐྱང་ལས་གནས་ལུགས་ལ་ལྟ་ཡི་མེད། རྒྱ་དར་དམར་པོ་མགོ་ལ་འཕྱར་ནས་དགྲ་བོ་ལ་མགོ་འབུལ་ལུས་འབུལ་ཞུ་རྐྱང་ལས་སྐྱོན་བརྗོད་ཚིག་ཅིག་བྱེད་མྱོང་མེད། མི་འདི་རིགས་ནི་གངས་ཅན་པའི་ཞབས་འདྲེན་རེད། གོང་འ་མཆོག་ནི་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་དང་། སྲིད་སྐྱོང་ནི་ཁོང་གི་སྐྱབ་འོག་ན་གནས་པ་ཞིག་ཡིན་པས། གོང་ས་མཆོག་གི་ཕེབས་རྗེས་སུ་འབྲང་མི་རུང་བའི་སྐད་ཆ་ལ་གནས་ལུགས་ཏིལ་འབྲུ་ཙམ་མི་འདུག ཨ་རིས་གྲོས་ཚོགས་འཐུས་མི་འཇལ་འཕྲད
ཀྱིས་སྐབས་སུ་ཡངགོང་ས་མཆོག་གིས་ཁོང་མཉམ་ཁྲིད་ཀྱིས། གྲོས་ཚོགས་འཐུས་མི་ཚོར་ངོ་སྤྲོད་ཅིག་གནང་བ་རེད་ལ། དེ་ནི་དགོས་ངེས་ཀྱི་ཕྱག་ལས་ཤིག་ཡིན་པ་ལས་སྐྱོན་ཆ་གང་ཡང་མེད།
མི་གང་ཡང་རུང་བ་ཞིག་གིས་གཏམ་བཤད་དང་རྩོམ་འབྲི་སོགས་ལས་ཀ་གང་བྱེད་ཀྱང། གཙོ་བོ་དེ་དག་གི་ནང་དོན་ལ་ལྟ་དགོས། ནང་དོན་ཐད་ནོར་འཁྲུལ་མེད་ན། གང་ཟག་དེའི་ཀུན་སློང་ཡག་བཙོག་ལ་དོགས་པ་བྱས་ཏེ་སྐུར་འདེབས་བྱེད་པ་ནི་གཟུར་གནས་རིགས་པའི་རྗེས་འབྲངས་རྣམས་ལ་ནི་འབྱུང་མི་སྲིད་པ་རེད་ལ། བོད་ཀྱི་རིག་གནས་དང་༸གོང་ས་ཆེན་པོའི་བཀའ་སློབ་ལམ་སྟོན་ལ་ཤེས་རྟོགས་ཅུང་ཙམ་ཡོད་མཁན་ཞིག་ལ་ཡོང་མི་སྲིད་པའི་དོན་དག་ཅིག་རེད། འོན་ཀྱང། སྲིད་དོན་པ་ཐབས་ཆག་རིགས་ཀྱིས་ཆེད་མངགས་ཨབ་ཕྲུག་དེ་འདྲ་ཆེད་གླ་བྱས་ཏེ། གཞི་རྩ་མེད་པའི་སྐད་ཆ་བཟོ་སྟངས་ཤིག་ཀྱང་ཡོང་གི་ཡོད་སྟབས་ཡ་མཚན་དགོས་དོན་གང་ཡང་ཡོད་པ་མ་རེད་དེ་གཅིག་རེད།
གཉིས་ནས་ད་སྲིད་སྐྱོང་མཆོག་ཆིབས་ཞབས་སུ་ཕེབས་དགོས་དང་མི་དགོས་དེ་དཔལ་ལྡན་དགའ་ལྡན་ཕོ་བྲང་ནས་ཀྱང་དགོངས་བཞེས་གནང་དགོས་པ་རེད། སྲིད་སྐྱོང་ནི་ལས་ཡུན་ཆ་ཚང་༸གོང་ས་ཆེན་པོའི་ཆིབས་ཞབས་སུ་འབྲངས་ནས་ངོ་སྤྲད་དེ་འདུག་དགོས་ན། མི་མང་ལ་སྲིད་འགན་རྩིས་སྤྲོད་གནང་བ་དེ་ཏག་ཏག་ཅིག་འགན་འཁྱོག་གི་མེད་པའི་རྟགས་རེད་ལ། ༸གོང་ས་མཆོག་སྐུ་འཚོ་བཞུགས་སྐབས་༸གོང་ས་མཆོག་གིས་མ་གནང་ཐབས་མེད་རིགས་ཕུད་༸གོང་ས་ཆེན་པོར་རྒྱབ་བསྙེས་ནས་འདུག་སྟངས་འདི་ཡག་པོ་མ་རེད་ལ། མི་མང་ནང་དུའང་འདི་ལ་མཐོང་ཚུལ་སྣ་ཚོགས་པ་ཡོང་གི་ཡོད་པ་དེ་༸གོང་ས་ཆེན་པོར་སྙན་གསེང་ཡང་ཞུ་དགོས་ཀྱི་འདུག སྲིད་སྐྱོང་མགོ་སྟོད་ཆིབས་ཞབས་སུ་སྐད་བཏང་མི་གསར་པ་ཡིན་སྟབས་ངོ་སྤྲོད་གནང་བ་དེ་༸གོང་ས་མཆོག་རང་གིས་དགོངས་པ་བཞེས་ཏེ་ཐག་བཅད་པ་རེད། ཡིན་ནའང། དེང་སང་སྲིད་སྐྱོང་གི་དུས་ཡུན་ལོ་གསུམ་རྫོགས་ལ་ཉེ་སྐབས་ད་དུང་ངོ་སྤྲོད་བྱས་ཏེ་༸གོང་ས་ཆེན་པོ་རྒྱབ་བསྙེས་ཏེ་འདུག་པ་འདི་ཡག་པོ་ཁྱོན་ནས་མ་རེད་ལ། མང་གཙོའི་འགྲོ་ལུགས་ནང་སྐབས་རྗེས་མའི་སྲིད་སྐྱོང་ལ་དམིགས་ནས་༸གོང་ས་ཆེན་པོའི་ཆིབས་ཞབས་བེད་སྤྱོད་ཀྱིས། ༸གོང་ས་ཆེན་པོས་བསྟོད་བསྔགས་རེ་ཨེ་གནང་ལ་སྒུག མི་མང་ནང་བག་ཆགས་རེ་འཇོག་ཨེ་ཐུབ་དགོངས། ངོ་ཐོག་རྩ་དོན་ལས་ཀའི་ཐོག་ཅི་གང་བསྟན་རྒྱུ་མེད་པར་བསྡད་ན་རི་བོང་རྡི་བརྫུས་རང་རེད་འདུག་ལ། རྒྱལ་སྤྱི་དང་རྒྱ་ནག་ཕྱོགས་ནས་ཀྱང་༸གོང་ས་ཆེན་པོའི་སྲིད་འགན་རྩིས་སྤྲོད་ལྷག་བསམ་རྣམ་དག་ཡིན་མིན་ལ་ཁ་དཀྲི་ས་དང་སྐྱོན་བརྗོད་བྱེད་ས་གཅིག་ཀྱང་ཆགས་ཉེན་འདུག་སྟབས། འདི་རིགས་ད་ནས་བཟུང་མ་དགོས་པ་གཙོ་འདོན་གནང་རྒྱུ་དེ་གལ་ཆེན་རེད་བསམས། སོ་སོས་ཁས་བླངས་དམ་བཅས། གང་མིན་ཚད་བྱེད་ཀྱི་ཡིན་ཞེས་ཡར་སླེབས་པ་ཡིན་སྟབས། ད་བྱེད་རྒྱུ་མེད་ན་མ་གཏོགས་བྱེད་དགོས་པ་རེད། བྱེད་མི་ཐུབ་ས་ཞིག་ཏུ་ཐུག་ན་འབད་བརྩོན་བྱས་ཀྱང་བྱུང་མ་སོང་ཞེས་མི་མང་ལ་གསལ་བཤད་གནང་དགོས་པ་རེད། དེ་ལྟར་བྱས་ན་མི་ཞིག་གི་འགྲོ་སྟངས་ཏག་ཏག་ཆགས་ཀྱི་ཡོད་པ་རེད། དེ་མིན་ད་དུང་༸ཆིབས་ཞབས་ནས་བཙན་བཅར་གྱིས་༸གོང་ས་ཆེན་པོའི་འཁྲིས་ནས་རྐུབ་སྟེགས་ཤིག་ཨེ་རེག་ལྟ་བ་ནི་བློ་གྲོས་དང་ལྡན་པ་རྣམས་ཀྱི་མིག་ལམ་དུ་ངོ་ཚ་བའི་གནས་ཉག་ཅིག་ཡིན་པ་གསལ་བོ་རེད་ལ། ༸གོང་ས་ཆེན་པོའི་ཐུགས་ལ་ག་རེ་དགོངས་ཀྱི་ཡོད་མེད་ལའང་བསམ་བློ་གཏོང་དགོས་པ་རེད། སྲིད་སྐྱོང་གི་ལས་ཡུན་ནང་སྲིད་སྐྱོང་ཐོབ་མཁན་གང་ཟག་རང་ཉིད་ཆེན་པོ་རྫིག་པོ་མ་འོངས་པའི་ལམ་ཁ་འདྲ་མིན་ལ་དམིགས་ནས་རང་ཉིད་གཙོ་བོ་ཡིན་པའི་ཕྱག་ལས་རྐྱང་རྐྱང་གནང་བསྡད་ན་བོད་གངས་ཅན་གྱི་ལྷ་མི་དམ་ཚིག་ཅན་ཕྱོགས་རིས་དང་བྲལ་བ། རྣམ་དཔྱོད་ལྡན་པ། སྤྱི་སེམས་ཅན་དག་གིས་ནམ་ཡང་ངོས་ལེན་མི་ཐུབ་པ་གསལ་བོ་ཡིན་སྟབས་དེར་ཕྱོགས་ཚང་མས་དགོངས་པ་བཞེས་དགོས་པ་རེད་ལ། ༸གོང་ས་ཆེན་པོས་ཀྱང་རྗེས་མ་ནས་དམིགས་བསལ་ཅན་དང་མེད་ན་ཐབས་མེད་རིགས་ཕུད་ཆིབས་ཞབས་སུ་མ་ཁྲིད་རོགས་ཞེས་ཀྱང་གསོལ་བ་ཕུར་ཚུགས་སུ་འདེབས་རྒྱུ་ཡིན།།
རྟེན་འབྱུང་ལགས། སྤྱིར་བཏང་གཞན་དག་གིས་ཀྱང་སོ་སོའི་རྒྱལ་ཁབ་ཀྱི་སྲིད་འཛིན་དང་སྲིད་བློན་དེ་ཚོས་བྱེད་སྟངས་མ་འགྲིག་པར་ལས་གནས་ནས་རྒྱང་ཕུད་བཏང་བ་བརྩིས་མི་ཐོན་པ་ཡོད་པས། སྐུ་ཉིད་ཀྱིས་«རྒྱལ་ཁབ་གཞན་གྱི་ནང་སྲིད་འཛིན་དང་སྲིད་སྐྱོང་ལ་མཐོང་ཆེན་པོ་དང་གུས་ཞབས་ཧ་ཅང་ཆེན་པོ་གནང་བའི་གོམས་གཤིས་ཡོད་མོད» ཅེས་བསྡོམས་ཚིག་བཀོད་པ་དེ་ཡང་ཏག་ཏག་ཅིག་བསྡད་མི་འདུག་ཅེས་ཞུ་འདོད་བྱུང་། མ་གཞི་དམངས་གཙོའི་གཞུང་གང་ཡིན་ཀྱང་ཡུལ་དེའི་མི་སེར་དཀྱུས་མ་ཡང་མ་དེ་ཚོས་ཀྱང་མགོ་སྲིད་འཛིན་ནས་བཟུང་སྟེ་སྐྱོན་བརྗོད་བྱེད་ཆོག་པ་འདི་དམངས་གཙོའི་གཞུང་གི་ཁྱད་ཆོས་བླ་ན་འབར་བ་ཞིག་རེད། ངེད་ཚོ་བཙན་བྱོལ་བའི་སྒྲིག་འཛུགས་འདི་ལ་མཚོན་ནའང་དམངས་གཙོའི་གཞུང་ཞིག་ཡིན་པས། སྲིད་སྐྱོང་མཆོག་གི་ཅི་མཛད་ལེགས་མཐོང་དགོས་པའི་ཁྲིམས་ལུགས་དེ་འདྲ་ཡོད་ཚོད་མི་འདུག དཔལ་ལྡན་སྲིད་སྐྱོང་མཆོག་གིས་ཕྱག་ལས་མཛད་སྟངས་མ་འགྲིག་ན་ངེས་པར་དུ་སྐྱོན་བརྗོད་དགོས་པ་རེད། དེའི་དགོས་པ་ནི། སྔར་བྱས་ལ་འགྱོད་སེམས་དང་ངོས་ལེན་དགོས་པ་མ་ཟད། ཕྱིན་ཆད་དེ་རིགས་མི་འབྱུང་བའི་ཐབས་ལ་བརྩོན་དགོས་པའི་བསྐུལ་མ་ཐེབས་པའི་ཆེད་རེད། མཚམས་འདིར་སླེབས་དུས་ངས་སྐབས་བཅུ་གསུམ་པའི་བཀའ་བློན་ཁྲི་བའི་སྐད་ཆ་དུམ་བུ་ཞིག་ཡིད་ལ་འཁོར་སོང་། དེ་ཡང་ཁོང་གིས་བཀའ་བློན་ཁྲི་བའི་ལས་ཡུན་མ་རྫོགས་པའི་ཉིན་ཤས་སྔོན་མང་ཚོགས་ལ་གཏམ་བཤད་ཅིག་གི་སྐབས་གསུང་དོན་”བཀའ་ཁྲིའི་ལས་ཡུན་རིང་ང་ལ་རྒྱབ་སྐྱོར་བྱེད་མཁན་ཚོར་ཐུགས་ཆེ་རྒྱུ་ཡིན། རྒྱུ་མཚན་ཁོང་ཚོས་ང་ལ་ཡིད་ཆེས་དང་གདེང་འཇོག་ཚད་མཐོན་པོ་བྱས་པར་བརྟེན་ལས་བྱེད་སྐབས་སྤོབས་པ་སྐྱེ་ཞིང་ལས་དོན་ལམ་ལྷོང་ཡོང་བར་ཞེ་དྲགས་ཕན་ཐོགས་ཀྱི་འདུག དེ་ལས་བཟློག་ཏེ་ང་ལ་སྐྱོན་བརྗོད་མཁན་ཚོར་ཡང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། རྒྱུ་མཚན། ཁོང་ཚོས་སྐྱོན་བརྗོད་བྱས་པ་ལྟར་ནོར་འཁྲུལ་ཤོར་ཡོད་ཚེ་མང་ཚོགས་ལ་དགོངས་སེལ་དང་སྐྱོན་ཡོ་བསྲང་བྱེད་རྒྱུ་བྱུང་ཞིང་། གལ་ཏེ་ནོར་འཁྲུལ་མེད་ནའང་མང་ཚོགས་ལ་གསལ་བཤད་བྱེད་རྒྱུའི་གོ་སྐབས་ཐོབ་ཀྱི་འདུག འོན་ཀྱང་བར་དུ་བཏང་སྙོམས་སུ་སྡོད་མཁན་ཚོར་ཐུགས་རྗེ་ཆེ་རྒྱུ་མིན། ཁོང་ཚོར་ཐུགས་རྗེ་ཆེ་ཞུ་དགོས་པའི་རྒྱུ་མཚན་མ་མཐོང་།”ཞེས་གསུངས་པ་མི་་ནམ། འོན་ཀྱང་ངེད་ཚོའི་སྲིད་སྐྱོང་ཁོང་ལ་གཞན་གྱིས་སྐྱོན་བརྗོད་པ་ལྟར་འཇུག་མིན་བསམ་བློ་གཏོང་རྒྱུ་གལ་ཆེན་པོ་རེད།
ཁུག་རྟ་ལགས། ༧ གོང་ས་མཆོག་གི་སྲིད་སྐྱོང་ཆིབས་ཞབས་ལ་ཁྲིད་ན་བཟང་ངམ། ཁྱེད་རང་འདྲ་བོ་ཁྲམ་པ་རྒྱ་དར་འཁྱེར་མཁན་ཞིག་ཁྲིད་ན་བཟང་། ༧ གོང་ས་མཆོག་དང་སྲིད་སྐྱོང་ལ་ཁྱེད་ལྟ་བུས་ཁྱི་ཕྲུག་ཅིག་གིས་ལམ་སྟོན་མི་དགོས་པ་དེ་ཤེས་ན་ཡག དེ་ལས་ལྟོ་ཕོར་བ་གང་གི་དོན་དུ་བོད་རྩ་དོན་ལ་ཕུ་དཀྲུགས་མདའ་དཀྲུགས་དང་རྒྱ་དམར་གྱི་ལག་ཆ་མ་བྱེད་ན་དེ་ལས་ཡག་ཞིག་ཁྱེད་མེད་ངེས་རེད།
མཆན་38་པར་བདེན་པ་འདུག ད་ཅིག་འཇོན་རྒྱུ་ཡོད་ན་སྟོན་རན་འདུག ཕྲན་གྱིས་སྲིད་སྐྱོང་ཐོག་མར་འདེམས་སྐབས་ལུང་བསྟན་ཞིག་བཤད་ཡོད། མཆན་ཀློགས་མཁན་རྣམས་ཀྱིས་དགོངས་ངེས། བདེན་མིན་ད་རུང་ལྟ་ལོངས་འདུག དེ་དུས་མི་མང་པོ་ཞིག་གིས་སྐྱོན་བརྗོད་ཕོག་མྱོང་། དེར་མ་ཟད་ཀརྨ་པ་རྣམས་གཉིས་ལའང་སྔོན་དཔག་ཅིག་བྱས་ཡོད། བདེན་མིན་གཞི་ནས་བལྟ་རྒྱུ་རེད། ཕྲན་ཆབ་སྲིད་པ་མིན་ཀྱང་དཔྱད་བརྗོད་བྱེད་པར་ཐོག་མ་ཉིད་ནས་དགའ་ཕྱོགས་གཅིག་གཞིར་བཞག་ནས་བརྗོད་པ་མིན་པས་བློ་རྣལ་དུ་གནས་མཁན་ཞིག་ཡིན། རང་ཉིད་དཔྱད་བརྗོད་ཙམ་ལས་ཆབ་སྲིད་ལ་མི་ཞུགས་པའི་སྨོན་པ་ཡོད། ད་རོག་བསྡད་ན་ལེགས། རེ་ཞིག་དེ་ཙམ་མོ། །
བཀའ་བློན་དང་། དོན་གཅོད་སུས་དགོངས་པ་ཞུ་དགོས་བྱུང་ན་ཡང་། ཤར་ཁུག་ཁྱོད་རང་ལ་ནི་གོ་ས་དེ། རག་བགྱིད་མ་རེད། དེ་བས་ཤར་ཁུག་ཁ་བཙུམ་ནས་བསྡད་ན་མི་ལེགས་སམ།
གོང་གི་མཆན་ཚང་མ་གློག་ཁོམ་མ་བྱུང། འོན་ཀྱང་ད་ེརས་ཀྱི་དོན་དག་འདི་གུ་ཡང་ལ་བཏང་ན་རྩ་བ་རང་འགྲིག་གི་མེད། འདི་གཅིག་པོ་གང་ལ་ཚད། ཕྱི་ཟླ་༣ པའི་ཚེས་བདུན་ཉིན་གྱི་ཞོགས་པའི་( National Cathedral in Washington DC) ༧ གོང་ས་མཆོག་གི་མི་མང་ལ་བཀའ་སློབ་གནང་སྐབས་དོལ་རྒྱལ་ཚོགས་པའི་མི་ཞིག་གི་ཚོགས་ཁང་ནང་༧ གོང་ས་མཆོག་ལ་ཁྱེད་གྱི་རྫུན་མ་མ་ཤོད་ཟེར་ནས་ངོ་རྒོལ་བྱེས་པ་རེད། རྗེས་སུ་ཁོང་གང་འདྲ་ཞིག་ཚོགས་ཁང་ནང་དུ་ཡོངས་འདུག་བསམ་ནས་ཞིབ་འཇུགས་བྱེད་སྐབས། ཁོང་ལ་འཛིན་བྱུང་ཟེར་པོ་ཞིག་རག་འདུག། འཛིན་བྱུང་སེར་པོ་དེ་གང་ནས་རག་འདུག་ཟེར་ན། ཨ་རི་དོན་གཅོད་ལས་ཁང་ནས་འཛིན་བྱུང་སེར་པོ་འགའ་ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་གི་ལས་བྱེད་དང་ཨ་རི་རླུང་འཕྲིན་ཁང་གི་ལས་བྱེད་ཚོ་ལ་རིན་མེད་ཐོག་སྤྲད་འདུག། རྒྱུ་མཚན་འདི་དག་ལ་བསྟེན་ནས་དོལ་རྒྱལ་རྗེས་འབྲིང་བ་དེ་ཚོགས་ཁང་ནང་དུ་ཡོངས་ཐུབ་པ་རེད། གནས་ཚུལ་འདི་ཧ་ཅང་གསལ་པོ་ཡིན།
ཤར་ཁུག་གིས་འདི་ནས་སྤེལ་བའི་དོགས་སློང་དག་ལ་རྒྱབ་སྐྱོར་ཡོད། ༧རྒྱལ་བའི་སྐུ་ཕྱྭ་ནི་དངུལ་གྱིས་གསོ་བའི་དོལ་ཚོགས་དང་རྒྱ་ཁྱི་མ་གཏོགས། བོད་མི་རེ་རེའི་ཁུར་ཏུ་ལེན་དགོས་པ་དང་ཕྲག་ཏུ་བབས་པའི་འོས་འགན་མེད་དུ་མི་རུང་བ་ཞིག་ཡིན།
ཤར་ཁུགས་འདི་མར་ཤི་ན་ཡར་རོ་ལངས་རྒྱབ་ཡོངས་མཁན་གང་ཟག་གཅིག་རེད་འདུག། གང་ཡིན་ཟེར་ན་ད་ལྟའི་བཀའ་ཤག་ལ་གདངས་ཟུགས་ཤིན་དུ་ཆེན་པོར་རེད་འདུག། ཟབ་སྤེལ་ཚངས་གི་རྒྱུག་ཁྱི་འདི་གིས་ད་ལྟའི་བཀའ་ཤག་ལ་མ་རུངས་པའི་བྱ་ངེས་སྤྱོད་པ་མང་དྲགས་སུང་སྔོན་མ་ཤར་ཁུགས་ནས་སེངྒེ་བཀའ་ཤག་གི་འདུན་ལམ་ཞེས་པའི་རྩོམ་དེ་ནས་མགོ་འཛུགས་གི་དུས་དང་རྣམས་པ་ཀུན་དུ་ད་ལྟའི་བཀའ་ཤག་ལ་ཉིན་མཚན་དུས་དྲུག་མ་རུང་པའི་སྐད་ངེན་འདི་དོལ་རྒྱ་པ་དང་རྒྱ་ནག་ཟུངས་འབྲེལ་ཐོག་མཉམ་རུབ་ཡིན་པ་ལྟ་ཅི་སྨོས་དགོས་སོ།།
སྨོན་ལམ་ལོག་པས་རྒྱལ་བའི་བསྟན་པ་ལ། །
འཁུ་བའི་ནག་ཕྱོགས་གཟུགས་ཅན་གཟུགས་མེད་སྡེ། །
བསམ་སྦྱོར་ངན་པའི་འཇུག་པ་མ་ལུས་པར། །
མཆོག་གསུམ་བདེན་པའི་རྩད་ནས་གཅོད་གྱུར་ཅིག །
གོང་གི་མཆན་ཆ་ཚང་བཀློགས་པ་ཡིན། མཆན ༢༥ ལ་རྒྱབ་སྐྱོར་ཡོད་།