ནམ་མཁའ།
བོད་མི་རིགས་ཀྱི་ཚེ་སྲོག་ཏུ་གྱུར་བའི་བོད་ཀྱི་སྐད་ཡིག་ལ་ཐུགས་ཁུར་གནང་མཁན་ཚོས། ཁ་སང་དེ་རིང་བྱང་ཨ་རི་སོགས་ཀྱི་ནུབ་ཕྱོགས་ལུང་པའི་བོད་ཀྱི་ཕྲུག་གུ་ཚོར། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་ལས་ཁུངས་ནས་གཟའ་མཇུག་སློབ་དེབ་བཟོས་བའི་སྐོར་རེད། འདིའི་སྐོར་མ་གླེང་གོང་འཛམ་གླིང་གི་ལག་དམར་གཉིས་པ་༼སི་ཏྰ་ལེན་༽གྱིས་བཤད་པའི་གཏམ་ཞིག་འདིར་འགོད་ཀྱི་ཡིན། ༼གལ་སྲིད་ཁྱེད་ཀྱིས་མི་རིགས་ཞིག་རྩ་མེད་དུ་གཏོང་འདོད་ན། མི་རིགས་དེའི་སྐད་ཡིག་རྩ་མེད་དུ་གཏོང་དགོས། མི་རིགས་དེའི་སྐད་ཡིག་ཉམས་པའི་ཚེ། མི་རིགས་དེ་རང་བཞིན་གྱིས་ཉམས་ཚར་བ་རེད། དེ་ལས་ལྡོག་སྟེ་མི་རིགས་ཞིག་གསོ་སྐྱོང་བྱེད་འདོད་ན། མི་རིགས་དེའི་ལྡེ་མིག་ཏུ་གྱུར་བའི་སྐད་ཡིག་དེ་གསོ་སྐྱོང་བྱེད་དགོས༽བརྗོད་པའི་གཏམ་འདི་རེད།
སི་ཏྰ་ལེན་མའོ་ཙེ་ཏུང་གི་སློབ་སྟོན་པ་ཡིན་ཡང་། ཁོས་བཤད་པའི་གཏམ་འདི་ནི་གནད་ལ་ཁེལ་བ་ཞིག་ཡིན་པ་མ་ཟད། ད་ལྟའི་དུས་འདིར་ང་ཚོ་བོད་མི་རིགས་ཀྱིས་བསམ་གཞིགས་གཏོང་དགོས་པ་ཞིག་ཏུ་གྱུར་འདུག་སྙམ། མི་རིགས་ཞིག་གི་སྐད་ཡིག་རྩ་མེད་གཏོང་བ་ལ་རིགས་མི་འདྲ་བ་མང་པོ་ཡོད།
༡༽ བཙན་དབང་གིས་མི་རིགས་དེའི་སྐད་ཡིག་སློབ་དབང་མེད་པར་གཏོང་བ་དེ་རེད།
༢༽ མི་རིགས་དེའི་སྐད་ཡིག་ནང་སྐད་ཡིག་གཞན་བསྲེས་ལྷད་བྱས་ཏེ་རིམ་གྱིས་ཉམ་ཉེས་སུ་གཏོང་བ་དེ་ཡིན།
༣༽ མི་རིགས་དེའི་སྐད་ཡིག་གི་སྤྱིའི་བརྡ་སྤྲོད་དང་མི་མཐུན་པའི་བཀོད་སྤྱོད་བྱས་པ་དེ་རེད།
བོད་ནང་གི་ཕྲུག་གུ་ཚོའི་སྐད་ཡིག་ཉམ་ཉེས་སུ་འགྲོ་བཞིན་པ་དང་པོའི་ཁོངས་སུ་གཏོགས་ལ། རྒྱ་གར་དུ་སྐྱེས་བའི་བོད་ཕྲུག་ཚོའི་སྐད་ཡིག་ཉམ་ཉེས་སུ་འགྲོ་བ་གཉིས་པའི་ཁོངས་སུ་གཏོགས། ད་ཐེངས་ཀྱི་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་ལས་ཁུངས་ཀྱིས་བཟོས་བའི་བྱང་ཨ་རི་སོགས་ནུབ་ཕྱོགས་ལུང་པའི་བོད་ཕྲུག་ཚོར་སློབ་དེབ་གསར་བཟོ་བྱས་པ་ནི་གསུམ་པའི་ཁོངས་སུ་གཏོགས།
རྒྱུ་མཚན་འདི་འདྲ་ལ་རྟེན་རིག་གནས་གསར་བརྗེ་སྐབས། རྒྱ་ནག་དམར་ཤོག་ཚོགས་པས་བོད་ཀྱི་སྐད་ཡིག་གི་རྣམ་དབྱེ་སོགས་ཀྱི་ཐོག་ལ་ཡང་གྲལ་རིམ་འཐབ་རྩོད་སླེབས་ཏེ། བོད་ཀྱི་སྤྱིའི་བརྡ་སྤྲོད་འགྲོ་ལུགས་དང་མི་མཐུན་པར་བཟོས་པ་རེད། གལ་སྲིད་ཁྱེད་ཚོས་དེའི་གོ་རིམ་ཤེས་འདོད་ཚེ། སྐུ་ཞབས་པད་མ་འབུམ་གྱིས་བྲིས་བའི་༼དྲན་ཐོ་སྨིན་དྲུག་སྐེ་འཁྱོགས༽དང་། རིག་གནས་གསར་བརྗེ་སྐབས་བཏོན་པའི་མཚོ་སྔོན་བོད་ཡིག་གསར་ཤོག་ལ་གཟིགས་ན་ཤེས་ཐུབ། རྒྱ་ནག་དམར་ཤོག་ཚོགས་པས་བཙན་དབང་གིས་བསམ་བཞིན་བོད་མི་རིགས་རྩ་མེད་དུ་གཏོང་ཆེད་དེ་ལྟར་བཟོས་པ་གསལ་བོ་ཡིན།
ཡིན་ན་ཡང་། བཙན་བྱོལ་བོད་མིའི་སྒྲིགས་འཛུགས་ཀྱི་ཤེས་རིག་ལས་ཁུང་གིས་བཟོས་བའི་གཟའ་མཇུག་སློབ་དེབ་དེ། བཙན་དབང་གིས་བསམ་བཞིན་བོད་མི་རིགས་རྩ་མེད་དུ་གཏོང་ཆེད་བཟོས་པ་ཞིག་མིན་ན་ཡང་། ཞི་འཇམ་གྱིས་ཐོག་ནས་རང་གི་མི་རིགས་ཀྱི་ཚེ་སྲོག་གཅོད་པའི་ལག་དམར་ཞིག་ཏུ་འགྱུར་ངེས་རེད།
རྒྱུ་མཚན་ནི། ང་ཚོ་ཆ་ཚང་གིས་ཤེས་གསལ་ལྟར། བྱིས་པའི་བསམ་བློ་ནི་དཀར་གཙང་གི་ཤོག་བུ་བཞིན་ལྷད་མེད་པ་ཞིག་ཡིན། དཀར་གཙང་གི་ཤོག་བུ་དེའི་སྟེང་རི་མོ་ཡག་སྡུག་ཅི་ཞིག་འབྲི་མིན་ནི། ཕ་མ་དང་སློབ་གྲྭའི་དགེ་རྒན་གྱིས་བསླབས་པའི་བསླབས་བྱ་སོགས་ལ་རེག་ལས་ཡོད། དེས་རྐྱེན་བོད་ཀྱི་བརྡ་སྤྲོད་འགྲོ་ལུགས་དང་མི་མཐུན་པའི་བོད་ཀྱི་སྐད་ཡིག་བསླབས་ཚེ། བྱིས་པ་དེ་ཚོའི་ཡིད་ཆེས་བྱེད་ས་དགེ་རྒན་དང་། ཁོ་རང་ཚོའི་མིག་མདུན་གྱི་སློབ་དེབ་དེ་ཡིན་པས།དཀར་གཙང་གི་ཤོག་བུ་ལྟ་བུའི་བྱིས་པའི་བསམ་བློའི་སྟེང་། བོད་ཀྱི་སྐད་ཡིག་གི་རྨང་གཞིའི་སློབ་གསོའི་སྤུས་ཀ་མི་ལེགས་པའི་ས་བོན་བཏབས་པ་སྟེ། དཔེར་ན། ས་རྡུལ་འཇམ་པའི་སྟེང་གྲོག་མ་སོང་བའི་ཤུལ་རྗེས་བཞིན། རི་མོ་མི་མཁས་པ་ཞིག་གིས་དཀར་གཙང་གི་ཤོག་བུའི་ཐོག་རི་མོ་བྲིས་པ་ལྟ་བུ་ཞིག་ཏུ་འགྱུར་ངེས་ཡིན།
དཔེར་ན། རྡ་སའི་བོད་ཁྱིམ་སློབ་གྲྭའི་སློབ་ཕྲུག་ཚོས་འབྲི་གཡག་གི་ཁྱད་པར་མ་ཤེས་པར། གཡག་ལ་འོ་མ་བཞོ་གི་ཡོད་ཟེར་བ་ལྟ་བུ་རེད། འདི་ནི་སློབ་ཕྲུག་ཚོས་ནོར་འཁྲུལ་མ་ཡིན་པར་ཤེས་རིག་ལས་ཁུང་གིས་བཟོས་བའི་སློབ་དེབ་དང་། དགེ་རྒན་ཚོའི་ནོར་འཁྲུལ་ཡིན།ལྷག་པར་དུ་བོད་སྐད་བཤད་སའི་ཁོར་ཡུག་ཕ་མ་དང་། བདུན་ཕྲག་གཅིག་གི་ནང་ཉིན་གཉིས་ལས་མེད་པའི་ནུབ་ཕྱོགས་ལུང་པའི་བོད་ཕྲུག་ཚོར། དང་པོ་ནས་བོད་ཀྱི་བརྡ་སྤྲོད་སྤྱིའི་འགྲོ་ལུགས་དང་མི་མཐུན་པའི་ས་བོན་བཏབས་ཏེ། དེའི་འབྲས་བུ་ནུབ་ཕྱོགས་ལུང་པའི་བོད་ཀྱི་སྐད་ཡིག་གཟའ་མཇུག་སློབ་གྲྭའི་སློབ་མ་ཚོས། བཤད་པའི་བོད་སྐད་རང་གི་ཕ་མས་ཀྱང་ཧ་མི་གོ་བ་ཞིག་བཤད་པའི་ཉིན་མོ། དེའི་ནོར་འཁྲུལ་གཟའ་མཇུག་སློབ་གྲྭའི་དགེ་རྒན་གྱི་ནོར་འཁྲུལ་མིན་ལ། སློབ་ཕྲུག་ཚོའི་ནོར་འཁྲུལ་དེ་བས་ཀྱང་མིན། དེའི་ནོར་འཁྲུལ་ནི་བཀའ་ཤག་སྐབས༡༥བའི་ནོར་འཁྲུལ་ཞིག་ཏུ་ངོས་འཛིན་ཞུ་རྒྱུ་རེད། རྒྱུ་མཚན་འདི་འདྲ་ལ་བརྟེན་བཀའ་ཤག་སྐབས་༡༥པས་བོད་ཀྱི་སྐད་ཡིག་ལ་གཏོར་བཤིགས་བཏང་ཟེར་གི་ཡོད།
བོད་རིགས་ཁ་སྐད་དུ།
ང་ནི། ལ་དོན་ལ། ལ་གཅིག་པུ་དང་། བྱེད་སྒྲ་ལ་ཀྱིས། གཅིག་པུ་དང་། འབྲེལ་སྒྲ་ལ་གི གཅིག་པུར་བརྡ་སྤྲོད་གསར་པའི་ཁྲིམས་སུ་བཅས་པ་ཡིན་ན་ཡང་། བོད་ཀྱི་བརྡ་སྤྲོད་ཉམས་པ་བཏང་བར་མི་བརྩི་བར། དེ་མདོར་བསྡུས་སུ་བཏང་བ་དང་། ལས་སླ་རུ་བཏང་བར་བརྩི་བཞིན་ཡོད།
ཕྲད་རྣམ་དབྱེ་རྣམས་བོད་ཀྱི་སྐད་ཡིག་དང་མི་མཐུན་པར་མདོར་བསྡུས་སུ་སྒྲིག་བཟོ་བྱས་ན་མི་འགྲིག་པ་མ་ཟད་སྐད་བརྡ་རིག་པའི་གྲོས་དང་གཏན་ནས་མི་མཐུན་པའི་བོད་ཀྱི་སྐད་ཡིག་ལ་བཙན་འཛུལ་བྱེད་མཁན་ཀྱི་ལག་དམར་དེ་ལོས་ཡིན།
དེ་བཞིན་བློ་བཟང་སེང་གེ་གཙོས་པའི་ཤེས་རིག་བཀའ་བློན་གྱི་མི་འཛིན་པ་དང་བཀའ་ཤག་སྐབས་བཅོ་ལྔ་པ་རྣམས་བོད་ཀྱི་དགྲ་བོ་དངོས་དེ་ཡིན་པ་སྨོས་ཅི་ལ་དགོས།
རྗེས་ནས་རང་ཉིད་ལ་ནུས་པ་མེད་སོང་ན་ཨུ་ཚུགས་ཀྱི་སྒེར་ཚུགས་བྱ་ན་བོད་ཀྱི་ནང་རུལ་པ་ཞིག་ཡིན་པ་ཤེས་པར་བྱ་རོགས།
སློབ་དེབ་དེའི་ནང་ན་མ་འགྲིག་པ་མང་པོ་འདུག བཀའ་ཤག་གིས་ཀྱང་འགྲིག་མེད་སྲིད།་ཤེས་རིག་ལས་ཁུངས་ཀྱིས་ཀྱང་འགྲིག་མེད་སྲིད། གང་ལྟར་ནའང་། དེ་འགྲིག་གི་མི་འདུག་ཅེས་པའི་རྩོམ་ཡིག་འདིའི་ནང་ནའང་ཡིག་ནོར་མང་པོ་འདུག ཚང་མ་སྐད་ཡིག་གཏོར་བཤིག་གཏོང་མཁན་ཆ་རེད་འདུག
བྱང་ཨ་རིའི་གཟའ་མཇུག་སློབ་དེབ་ཟེར་བའི་རྩོམ་སྒྲིག་པ་དང་རྩོམ་སྒྲིག་ལས་རོགས་རྣམ་པས་ཁ་ཙམ་ཡང་གྲག་མི་ཐུབ་པར་ཅི་བྱུང་བ་རེད། ཁོང་ཚོས་གནས་ལུགས་རྒྱུ་མཚན་གསུང་དགོས་པ་རེད།
༼ ང་མིག་མཐོང་བྱུང་༽ ད་དངོས་གནས་སྐྱོ་བ་ལ་གོ་རྒྱུ་གང་ཡང་མི་འདུག སྐད་ཆག་ཏོ་ཟེར་བ་འདི་འདྲ་ཡིན་ས་རེད། ཡང་ན་ངས་མཐོང་བྱུང་ལབ་ན་ག་རེ་འདུག་གམ། ཡང་ན་ངས་མིག་གིས་མཐོང་བྱུང།
༅༅། ནམ་མཁའ་ལགས་ནས་་་་བཀའ་ཤག་སྐབས་ ༡༥ པའི་བོད་ཀྱི་སྐད་ཡིག་གཏོར་བཤིག་བཏང་
ཞེས་པའི་སྐྱོན་བརྗོད་ཀྱི་ཆེད་རྕོམ་ཞིག་བྲིས་འདུག་པའི་ནང།་་་མའུ་ཚེ་ཐུང་གི་སློབ་སྟོན་པས་བཤད་
པའི་བཤད་པ་རེད་ཅེས་དཔེ་བཞག་ནས་བཤད་པ་་་་ད་བར་ལོ་༦༠ བརྒལ་བའི་རིང་ཁྱེད་གང་དུ་བཞུགས་པ་ཡིན། བོད་སྐད་མ་ཤེས་པ་ནས་ཤེས་པའི་ཆེད་དུ་་་ཁ་སྐད་ཁོ་ནས་ཆེད་སློབ་དེབ་བཟོས་པ་ལས་བོད་སྐད་མེད་པ་བཟོ་རྒྱུའི་ཆེད་མིན་པ་ལོང་བའི་བལྟས་ཀྱང་ཁམས་གསུམ་མཐོང་ལྟར་རེད།
གལ་སྲིད་སྐད་ཡིག་ལ་ཞེན་པ་བཅོས་མིན་ཡོད་ན་་་་སྐྱོན་འདི་དང་འདི་ཞེས་ཟུར་འདོན་གྱི་ཤེས་རིག་
ལས་ཁུངས་ལ་བསམ་འཆར་འབུལ་དགོས་པ་ལས་་་ཤེས་མདོག་བྱོན་མདོག་་་མཁས་མདོག་བསྟན་ནས་བཀའ་ཤག་ལ་ཕན་གྲོགས་བྱེད་རྒྱུ་མེད་ཀྱང་་་སྐྱོན་འཛུགས་ཀྱི་དམའ་འབེབས་མ་གཏོང།
སེམས་ཤུགས་ལྐུགས་པ་དང། ཤ་ཞེན་གླེན་པའི་སྐད་ཆ་སྟོང་བཤད་མ་ཤོད།
མང་གཙོ་རེད་སྙམ་ནས་སྤྱི་ལ་ཕན་པའི་ལས་ཀ་སྣེ་གཅིག་མེད་པར་ལམ་སེང་སྐྱོན་བརྗོད་བྱས་ན་
ཤེས་ཡོད་མེད་པའི་རྟགས་རེད། ཡག་བྱུང་ཕ་མར་ཇ་ཆང་མེད་པར་་་་་ཉེས་བྱུང་བརྗོད་ནས་རྒྱུགས་
པ་འཕར་ན་་་་ཡག་པོ་རེད་་་་སྡུག་པོ་རེད་སོམས་ཨང།
༅༅། ནམ་མཁའ་ལགས་ནས་་་་བཀའ་ཤག་སྐབས་ ༡༥ པའི་བོད་ཀྱི་སྐད་ཡིག་གཏོར་བཤིག་བཏང་
ཞེས་པའི་སྐྱོན་བརྗོད་ཀྱི་ཆེད་རྕོམ་ཞིག་བྲིས་འདུག་པའི་ནང།་་་མའུ་ཚེ་ཐུང་གི་སློབ་སྟོན་པས་
བཤད་པ་རེད་ཅེས་དཔེ་བཞག་ནས་བཤད་པ་་་་ད་བར་ལོ་༦༠ བརྒལ་བའི་རིང་ཁྱེད་གང་དུ་བཞུགས་པ་ཡིན།
བོད་སྐད་མ་ཤེས་པ་ནས་ཤེས་པའི་ཆེད་དུ་་་ཁ་སྐད་ཁོ་ནས་ཆེད་སློབ་དེབ་བཟོས་པ་ལས་བོད་སྐད་མེད་པ་བཟོ་རྒྱུའི་ཆེད་མིན་པ་ལོང་བའི་བལྟས་ཀྱང་ཁམས་གསུམ་མཐོང་ལྟར་རེད།
གལ་སྲིད་སྐད་ཡིག་ལ་ཞེན་པ་བཅོས་མིན་ཡོད་ན་་་་སྐྱོན་འདི་དང་འདི་ཞེས་ཟུར་འདོན་གྱི་ཤེས་རིག་
ལས་ཁུངས་ལ་བསམ་འཆར་འབུལ་དགོས་པ་ལས་་་ཤེས་མདོག་བྱོན་མདོག་་་མཁས་མདོག་བསྟན་ནས་བཀའ་ཤག་ལ་ཕན་གྲོགས་བྱེད་རྒྱུ་མེད་ཀྱང་་་སྐྱོན་འཛུགས་ཀྱི་དམའ་འབེབས་མ་གཏོང།
སེམས་ཤུགས་ལྐུགས་པ་དང། ཤ་ཞེན་གླེན་པའི་སྐད་ཆ་སྟོང་བཤད་མ་ཤོད།
མང་གཙོ་རེད་སྙམ་ནས་སྤྱི་ལ་ཕན་པའི་ལས་ཀ་སྣེ་གཅིག་མེད་པར་ལམ་སེང་སྐྱོན་བརྗོད་བྱས་ན་
ཤེས་ཡོན་མེད་པའི་རྟགས་རེད། ཡག་བྱུང་ཕ་མར་ཇ་ཆང་མེད་པར་་་་་ཉེས་བྱུང་བརྗོད་ནས་རྒྱུགས་
པ་འཕར་ན་་་་ཡག་པོ་རེད་་་་སྡུག་པོ་རེད་སོམས་ཨང།
རྒྱུ་མཚན་ག་རེ་ཡིན་རུང་མིན་རུང་། བོད་ཕྲུག་ལ་བོད་སྐད་འདི་འདྲ་ཞིག་བསླབ་པ་ལས་མ་བསླབ་ན་དགའ། མི་རིགས་ཀྱི་རིག་གཞུང་གཏོར་བཤིག་རང་རེད། ད་དུང་བཀའ་ཤག་དང་ཤེས་རིག་ནས་རང་སྐྱོན་ངོས་ལེན་བྱེད་འདོད་མེད་པ་འདྲ།
སྙིང་མེད་ལག་མགོ་སྒྲེང་བའི་ཕོ་རྒོད་ཚོ། །
སྐད་ཡིག་དུང་ཞེན་ཆེ་བའི་འུར་བཤད་ཀྱིས། །
སྐད་ཡིག་ཡར་རྒྱས་གཏོང་ལ་མི་ཕན་པས། །
དོན་ལྡན་བྱ་སྤྱོད་ཐོག་ནས་སྟོན་པ་གལ། །
ཀ་སོགས་ཡི་གེ་སྐད་དང་ཐག་རིང་བའི། །
ཁ་བ་ཅན་གྱི་སྐད་ཡིག་ཟབ་མོ་འདི། །
ག་དུས་ཡིན་ཀྱང་ཁ་སྟོང་ཚིག་སྟོང་གིས། །
ང་ཡིན་ཁོ་མིན་ཕྱོགས་རིས་སྟོན་ས་མིན། །
ཅ་ཟིང་ལུང་ཁུག་སྐད་མང་སྡེབ་པ་ཡིས། །
ཆ་འཇོག་མེད་པར་རང་རྒྱལ་གཞན་ཕམ་གྱིས། །
ཇ་ཡུན་ཙམ་ཡང་ལྷོད་མེད་ཞེན་ཁོག་གིས། །
ཉ་ཉོག་འབྲེལ་མེད་ཚིག་མདའ་འཕེན་པ་སྐྱོ། །
ཏ་ཐ་ག་ཏའི་སྐད་དང་རིག་གཞུང་ལ། །
ཐ་མལ་ཚིག་སྐམ་ཙམ་གྱིས་མི་ཕན་ཞིང་། །
ད་ཆ་ཕྱི་ནང་བོད་ཕྲུག་དུ་མ་ཞིག །
ན་མཉམ་རིགས་དབང་དུ་གྱུར་བཞིན་གདའ། །
པ་ཕ་ཨ་མའི་ཕ་མེས་རིག་གཞུང་ལ། །
ཕ་ཡུལ་བསམ་ནས་ཞེན་པ་དཀར་བ་ན། །
བ་གམ་ཁྲོད་ཀྱི་ཤེས་རིག་ལས་ཁུངས་ཀྱི། །
མ་བརྒྱབ་སྒོ་མོ་ཁྱེད་ཀྱི་ཆེད་དུ་དབྱེ། །
ཙ་ཀོ་ར་འདྲའི་སྡུག་སྐད་རྒྱག་པ་ལས། །
ཚ་བའི་ཡུལ་ནས་སྤྱི་དོན་བསྒྲུབ་པའི་སླད། །
ཛ་དྲག་བསམ་འཆར་དུས་ཐོག་ཤོད་པ་ལས། །
ཝ་སྐད་ཁྱི་སྐད་ལྟ་བུའི་ཀུ་ཅོས་ཅི། །
ཞ་ལོང་མིན་ན་ཤེས་རིག་གསལ་བཤད་ལྟོས། །
ཟ་རི་ཟི་རིའི་སྐད་ཆར་ཆ་འཇོག་མེད། །
འ་ལད་ལུང་ཚན་ཞེན་པས་བསླད་གྱུར་ན། །
ཡ་མེད་གྱི་ནར་འཇོག་ལས་གཞན་དུ་ཅི། །
ར་རིའི་དྲི་མ་ཅན་གྱི་རིགས་ཞེན་པ། །
ལ་ལུང་འདི་ནས་ལུང་ཚན་དབང་གྱུར་ཏེ། །
ཤ་ཚ་ཆེ་བའི་ལས་དོན་བསྒྲུབ་མཁན་རྣམས། །
ས་སྟེང་འདི་ནས་རྒྱང་ཕུད་གཏང་ཉེན་ཆེ། །
ཧ་ཅང་གོ་ན་སོམས་ལ་ལག་ཏུ་ལོན། །
ཨ་མདོ་ཁམས་དང་དབུས་གཙང་ཕྱོགས་རིས་ཀྱིས། །
ཨ་རིའི་བུ་ཕྲུག་སྐད་ཡིག་ཤེས་ལགས་སམ།
ན་མཉམ་རིགས་གཞན་དབང་དུ་འགྱུར་བཞིན་གདའ། །
ཧ་ཅང་ཤོད་ཤོད་མང་ན་འཁྲུག་པའི་གཞི། ། བར་དུ་ཆུག
འདིར་རྒན་ལ་དྭགས་པ་ལགས་དང་། ཨ་མདོའི་བརྡ་སྤྲོད་མཁས་པ་ཚོར་དྲི་བ་ཞིག་ཡོད།
ང་ལྷ་སར་འགྲོ། པད་མ་འབྱུང་གནས་ལྷོ་ནུབ་སྲིན་འབུའི་ཡུལ་ལ་འགྲོ། ༧སྐྱབས་མགོན་ཆེན་མོ་གསེར་མོ་ལྗོངས་ལ་མཆིབས་སྒྱུར་བསྐྱང་རྒྱུ་རེད། ལྟ་བུར་བྱ་ཚིག་གི་”ས་དགོས་སམ།” གལ་ཏེ་དགོས་ན། ཨ་ལགས་ཚེ་བརྟན་ཞབས་དྲུང་གིས་བརྩམས་པའི་ཁོང་གི་བླ་མའི་རྣམ་ཐར་དེ་ལ་ཞུ་དག་ཡག་པོ་ཞིག་ཐོངས་རོགས།
འདི་ལ་ལན་ཞིག་གནང་རོགས།
བོད་མི་རིགས་འཛམ་གླིང་གི་ཤར་ནུབ་ལུང་པ་མང་
པོའི་ནང་སྲན་མ་གཏོར་བ་ནང་བཞིན་དུ་བསྡད་ནས་
བོད་ཀྱི་སྐད་ཡིག་དང་རིག་གཞུང་སྲུང་སྐྱོབས་ཟེར་བ་དེ་
ཚོ་བསམ་མེད་ཕྲུག་གུར་མངར་མོ་སྦྱིན་པ་ཙམ་ལས་
དོན་དུ་སྨིན་མི་ཐུབ་ན་དྲ་ལམ་མ་བཀག་ན་ཡག་ལེ་
རེད་དོ་།
བྱ་ཚིག་ལ་གཉིས་སུ་དབྱེ། ཡུལ་ཡོད་དང་། ཡོད་མེད་གཉིས་སོ། དེ་དག་ལ་བོད་རྒྱ་ཚིག་མཛོད་སོགས་ན། ཐ་དད་དང་ཐ་མི་དད་ཅེས་བྲིས། འགྲོ ཞེས་པའི་བྱ་ཚིག་དེ་ཡུལ་མེད་ཡིན། བྱ་ཚིག་དེ་ལ་བྱེད་པ་པོར་ས་མི་དགོས། སྐྱོང་ཞེས་པ་ཡུལ་ཡོད་བྱ་ཚིག་ཡིན་པས། དེ་ལ་བྱེད་པ་པོར་ས་དགོས། མས་ཕྲུག་གུ་སྐྱོང་། ཞེས་པ་ལྟ་བུ།
༧སྐྱབས་མགོན་ཆེན་མོ་གསེར་མོ་ལྗོངས་ལ་མཆིབས་སྒྱུར་བསྐྱང་རྒྱུ་རེད། བརྗོད་པ་འདིར་བྱ་ཚིག་བསྐྱང་གི་རྗེས་སུ་རྒྱུ་སྦྱར་ཡོད་པས་དཀའ་ཙམ་ཡིན་འདུག འོན་ཀྱང་། ༧སྐྱབས་མགོན་ཆེན་མོས་གསེར་མོ་ལྗོངས་ལ་མཆིབས་སྒྱུར་བསྐྱང་རྒྱུ་རེད། ཡོངས་གྲགས་བརྗོད་བདེ་བས་ས་མེད་པ་ཡང་རུང་། ཚིགས་བཅད་སྐབས་སུ། ཚད་མ་རྣམ་འགྲེལ་ན།
་
གང་གི་རང་བཞིན་འཇིག་མེད་པ།
དེ་ལ་མཁས་རྣམས་རྟག་ཅེས་བརྗོད།
་
གང་གི་རང་བཞིན་འཇིག་པ་མེད་པ་དེ་ལ་མཁས་པ་རྣམས་ཀྱིས་རྟག་ཅེས་བརྗོད་དོ།།
་
“ལྟ་བུར་བྱ་ཚིག་གི་”ས་དགོས་སམ། “ཞེས་པའི་དྲི་བ་དེ་ཉིད་བྱ་ཚིག་གི་བྱེད་པོར་ས་དགོམ་སམ་མི་དགོས། ཞེས་ཡིན་ནམ་བསམས་ནས་ལན་བྲིས་སོ།
བསམ་འཆར་བཏོན་པ་ལེགས། ཡིན་ནའང་ཨ་ཁུ་ནམ་མཁས་ཡིག་ནོར་མང་པོ་བྲིས་འདུག ཡང་བསྐྱར་ཞུས་དག་ཞིག་གཏོང་ཐུབ་ན་ལེགས།
རབ་བྱུང་ན་ཁྱེད་ཀྱང་བོད་ཡིག་གི་སྡེབས་སྦྱོར་དང་སུམ་ཅུ་པའི་སྐོར་ཏོག་ཙམ་ཐོས་པ་བྱེད་ཐུབ་ལ་མ་འོངས་པར་ཕན་པ་ཆེ།
ཁ་བྲོ།
མི་རིགས་ཤིག་གསོན་འཇིགས་ཀྱི་མཚམས་འདིར་ངོས་ཚང་མས་དོ་སྣང་གནང་དགོས་པ་ང་ཚོ་ལ་རང་བཞིན་གྱིས་འཁྲིད་པའི་ལས་འགན་ཡིན། ནོར་བ་སུས་བྱས་ཀྱང་འཐེར་འདོན་གནང་སྟེ་ནོར་བཅོས་བྱ་རྒྱུ་གལ་ཆེ། ལྷག་པར་བོད་མིའི་ཤེས་རིག་གི་འགན་འཁུར་ཡོད་པའི་བོད་མིའི་ལས་ཀྱི་སྣེ་མོ་བ་རྣམས་ནས་དེ་བས་ཀྱང་གཟབ་དགོས། འདིར་ཕྱོགས་གཏོགས་ཀྱི་རྩོད་པ་མ་ཡིན་པར་བློ་གཟུ་བོར་གནས་པའི་རྩོད་པ་ཞིག་རྒྱག་དགོས། དེ་ལྟར་བྱུང་ན་བོད་མིའི་ཁེ་ཕན་དུ་འགྲོ དེ་མིན་དགྲ་ཡི་ལག་ཆར་འགྱུར་ངེས་སོ།།
འདིར་མཁས་པ་གཉིས་ཀྱིས། ཞུ་དག དང་། ཞུས་དག ཅེས་མི་འདྲ་བ་གཉིས་བྲིས། ཕྱི་མ་དེ་དག་པར་སེམས་སོ། དིང་སང་གི་གསར་བསྐྲུན་དཔེ་ཆ་དག་གི་མགོར། ཞུ་དག་པ། ཞེས་བྲིས་པ་ཤིན་ཏུ་ནོར་བ་་ཡིན་པར་མཐོང་། དེ་ཡང་ཞུས་དག ཅེས་པའི་ཞུས་དེ། ཞུ་བའི་འདས་ཚིག་ཡིན་པར་བསམ་པ་ལས་བྱུང་། དེ་ལྟར་མ་ཡིན་པར་ཞུས་ཞེས་པ་དག་པའི་མིང་གི་རྣམ་གྲངས་ཡིན་པར་སེམས་ཏེ། བོད་ཀྱི་བཀའ་འགྱུར་དཔེ་ཆའི་མཇུང་བྱང་ན། ཞུས་ཆེན་ཞེས་པ་དེ་ཚིག་དོན་དག་ལ་ཞུས་དག་བྱེད་ཐུབ་མཁན་ལ་ཞུས་ཆེན་ཞེས་བྲིས་པ་ལ། ཕྱིས་སུ་ས་མེད་པར་བཟོས་ཏེ། ཞུ་ཆེན་ཞེས་བྲིས་པ་ཡང་མཐོང་། དེ་འདྲ་རུང་ངམ།
་
སྔོན་གྱི་མིང་ཚིག་ལུས་པ། བོད་ཀྱི་ལུང་པ་འགའ་རེར་ལས་ཀ་སྤུས་དག་བྱེད་པ་ལ། ཞུན་དག་བྱེད་པ་ཟེར། དེ་ཡང་རྗེས་འཇུག་ས་དང་། ན་གཉིས་རེས་མོས་སུ་འཇུག་སྟེ། དཔེར་ན། ཟས་དང་ཟན། ཞེ་ས་པ་ལྟ་བུའོ།
ང་ལྷ་སར་འགྲོ། གུ་རུ་པདྨ་འབྱུང་གནས་ལྷོ་ནུབ་ཡུལ་དུ་བྱོན།
༧སྐྱབས་མགོན་ཆེན་མོ་འབྲས་མོ་ལྗོངས་སུ་༼ཕེབས་རྒྱུ་རེད༽ཆིབས་བསྒྱུར་བསྐྱང་རྒྱུ་རེད།
གོང་གི་འདི་རྣམས་ལ་བྱེད་སྒྲ་སྦྱོར་མི་རུང་།
ངས་མཐོང་། གུ་རུ་པདྨ་འབྱུང་གནས་ཀྱིས་ལྷོ་ནུབ་ཡུལ་དུ་ཆོས་འཁོར་བསྐོར་རྒྱུ་རེད།
༧སྐྱབས་མགོན་ཆེན་མོས་འབྲས་ལྗོངས་སུ་ཆིབས་ཁ་བསྒྱུར་རྒྱུ་རེད།
འདི་རྣམས་ལ་བྱེད་སྒྲ་ངེས་པར་དུ་དགོས།
བྱ་བྱེད་ཐ་དད་དང་ཐ་མི་དད་པའི་ཁྱད་པར་མ་ཤེས་པས་རྐྱེན་གྱིས་ནོར་བ་མང་པོ་འབྱུང་བཞིན་ཡོད་པས་གཟབ་དགོས་པ་གལ་ཆེ།
ལ་དྭགས་པས་བརྗོད་པ་ལྟར་བྱ་བྱེད་ཐ་་མི་དད་པའི་ལས་ཚིག་ལ་བྱེད་སྒྲ་རྩ་ནས་མི་སྦྱོར་རོ། འོ་ན་དཔེར་ན། བླ་མ་མཆོག་གིས་༵ཆོས་འཁོར་ལྷ་སའི་ར་མོ་ཆེ་གཙུག་ལག་ཁང་དུ་ཕེབས་ནས་ཡིད་སྤྲུལ་དངོས་བཤམས་ཀྱི་མཆོད་པ་རྒྱ་ཆེར་ཕུལ་ལོ། ཞེས་པ་ལྟ་བུའི་སྐབས་སུ་བྱེད་པ་པོ་བླ་མར་བྱེད་སྒྲ་སྦྱར་འདུག་པ་ཅི་ཡིན་ནམ་ཞེ་ན། དེ་ནི་བྱ་བ་ཕེབས་ལ་ལྟོས་པ་མ་ཡིན་གྱི། དེའི་གཤམ་གྱི་མཆོད་པ་ཕུལ་བའི་བྱ་བ་ལ་བལྟས་ཏེ་སྦྱར་པ་ཤེས་དགོས།། འདི་འདྲ་བ་ནི་སྔོན་གྱི་བསྟན་བཅོས་ན་ཤིན་ཏུ་མང་བར་འབྱུང་སྟེ། གང་མང་མང་ཞིག་ལ་ནོར་གཞིར་སོང་འདུག།
སརྦ་མངྒལཾ།
གཟི་བརྗིད་ཁོག་སྟོང་སྲིད་སྐྱོང་ལ་ད་དངོས་གནས་ཡིད་ཐང་ཆད་སོང་། ཕྱི་རྫིག་ནང་རུལ། ཆོལ་ཁ་དང་ཆོས་ལུགས་ཀྱི་ཕྱོགས་ཞེན་གྱི་སྣ་འདྲེན། བོད་ཡིག་གཏོར་བརླག་གཏོང་མཁན་གྱི་གཏེ་བོ།
༅༅། ཡ་་་དྲ་གྲོགས་ཚོ་།
ཁ་བདེ་ལག་བདེ་སེམས་ནས་གང་ཤར་ལག་ནས་བྲིས།
བཤད་ཚད་ཁ་སྟོང་བྲིས་ཚད་ཤོག་སྟོང་རེད།
གཟི་བརྗིད་ཁོག་སྟོང་ཟེར་ན་འདི་ལ་ཟེར།
ཤེ་མདོག་རྫིགས་མདོག་མ་གནང་དྲ་གྲོགས་ཚོ།
འདི་ན་རང་དབང་མང་གཙོ། ཁ་ནས་གང་བཤད་འགྲིགས་ཀྱང།
ཕར་ཕྱོགས་གངས་ཅན་ལུང་པར། དམར་པོས་ལྕགས་དྲས་བསྡམས་ནས།
ཅི་བྱ་གཏོལ་མེད་ངང་གནས།
ལ་དྭགས་པ་གྲྭ་པ་དགེ་བཤེས་དང་དཀྱུས་མ་མང་པོས་བྲིས་པའི་དུས་དེབ་འགའ་འབྱོར་པ་ན། ད་ལྟའི་བོད་ཀྱི་་ཕལ་སྐད་ཀྱི་ཤན་ཞུགས་པ་ཚིག་བརྗོད་མཐའ་མ་ན་པས་ཞེས་རྣམ་དབྱེ་ཅན་དདང་། དགོངས་ལ་དགོང་འབྲི་བ་སོགས་མང་པོ་ཞིག་སྔར་བོད་ཀྱི་མཁས་པས་བྲིས་པའི་མིང་ཚིག་ཀུན་དང་མི་མཐུན་པ་མང་དུ་བྲིས་སོ།
བོད་དགེ་ལ་དྭགས་པ་མཆོག་ནི་ཨུ་ཚུགས་ཀྱི་བང་མཛོད་ཅིག་རེད། སྤྱི་ཡོངས་ལ་མཁས་པའི་ཨུ་ཚུགས། བྱེ་བྲག་ལ་རྨོངས་པའི་ཨུ་ཚུགས། དྲ་གྲོགས་ལ་ཨུ་ཚུགས་ཀྱི་ཨུ་ཚུགས་ལ་སོགས་པ་ཨུ་ཚུགས་ཀྱི་རིགས་མ་ལུས་པ་འཛོམས་གདའ།
ཨུ་ཚུགས་ཀྱི་ཕུ་ཐག་རིང་བར་ཤོག རིག་གཞུང་གི་ཨུ་ཚུགས་བརྟན་པར་ཤོག ང་ཁོང་གི་ཨུ་ཚུགས་ལ་ཧ་ཅང་དགའ། ཨུ་ཚུགས་ལ་རྒྱལ་ཁ་ཐོབ་པར་ཤོག། སརྦ་མངྒ་ལཾ།
དུས་རྒྱུན་བརྡ་སྤྲོད་ལ་སྣང་མེད་གཏོང་མཁན་ཁམས་པ་དང་དབུས་གཙང་བ་ལས་ཨ་མདོ་བ་མང་བ་ཡོད་ཀྱང་། ད་རེས་བརྡ་སྤྲོད་དང་འགལ་འདུག་ཟེར་ནས་ངར་མཁན་མང་ཆེ་བ་ཨ་མདོ་བ་རེད་འདུག ད་བར་བྱང་ཨ་རིའི་བོད་མིའི་ཁ་སྐད་སློབ་དེབ་འདིའི་ཐོག་ངར་ངར་གྱིས་རྩོམ་ཡིག་སྤེལ་མཁན་ཚང་མའི་རྩོམ་ཡིག་ལ་བསྐྱར་ཞིབ་ཅིག་བྱས་ན་བརྡ་སྤྲོད་ཀྱི་ཆེད་དུ་མིན་པར་ཁ་སྐད་ཀྱི་སྙིང་ནད་རང་རེད་འདུག ཧཧཧཧ
བོད་སྟོད་ཕྱོགས་ནས་ཕེབས་པའི་བཙན་བྱོལ་གྱི་རྩོམ་སྒྲིག་པ་ཚོས་བརྡ་སྤྲོད་ཅེས་པ་བཀའ་བསྟན་དཔར་མ་དང་། ཡིག་རྙིང་ལ་ཁུངས་གཏུགས་པ་ལས་བརྡ་སྤྲོད་པའི་གཞུང་སུམ་ཅུ་པ་དང་། རྟགས་ཀྱི་འཇུག་པར་ཁུངས་མི་གཏུགས་པས་བརྡ་སྤྲོད་དང་མཐུན་མིན་གྱི་སྐད་ཆ་བཤད་ས་མེད་པ་འདྲ།
དཔེར་ན་གཞན་རྩོམ་ངོ་བཤུས་པ་གྲགས་ཅན་མཁས་དབང་མིང་ཅན་ཁང་དཀར་སྐལ་བཟང་ཚུལ་ཁྲིམས་ཀྱིས་བོད་ཡིག་གི་ཚིག་གྲུབ་དང་དག་ཆའི་འགྲོ་སྟངས་སོགས་དབུས་ལྷ་སའི་སྐད་དང་མ་མཐུན་ཚེ་ཡིག་ནོར་ཡིན་པ་དང་། དེའི་རྒྱུ་མཚན་ནི་ལྷ་སའི་སྐད་ནི་བོད་སྐད་ཀྱི་ཕྱི་མོ་ཡིན་ཞེས་བརྗོད་པ་ལྟར་རོ།། ཧ་ཧ་ཧ་ཧ་ཧ་ཧ
ཤེས་རིག་ལས་ཁུངས་ལ་བཀའ་བཀྱོན་མ་གནང་གོང་མེ་ལོང་མདུན་ནས་རང་ལའང་གཅིག་གཟིགས་ན། ཡིག་འབྲུ་ཁ་ཤས་ཤིག་ནང་ཡིག་ནོར་ག་ཚོད་བྱུང་མི་འདུག་གམ།
་་་་་་་་བརྡ་སྤྲོད་ཀྱི་ཆེད་དུ་མིན་པར་ཁ་སྐད་ཀྱི་སྙིང་ནད་རང་རེད་འདུག ་་་་་་་་་
་་་་་་་་བཀའ་བསྟན་དཔར་མ་དང་། ཡིག་རྙིང་ལ་ཁུངས་གཏུགས་པ་ལས་བརྡ་སྤྲོད་པའི་གཞུང་སུམ་ཅུ་པ་དང་། རྟགས་ཀྱི་འཇུག་པར་ཁུངས་མི་གཏུགས་པས་་་་་་་་་ འདི་ནི་བདག་ནི་མོ་གཤམ་གྱི་བུ་ཡིན་ལབ་པ་གཅིག་མཚུངས་སུ་མཐོང་ལགས།
ནམ་མཁའ་ལགས།
འདི་བྟས་ན་ག་འདྲ་འདུག “ང་མིག་མཐོང་བྱུང་།”་འདི་ལ་དག་པར་བྲིས་ན་འདི་འདྲ་ཞིག་འོང་། “ངས་མིག་གིས་མཐོང་བྱུང་།” དེའི་རྒྱུ་མཚན་འདི་འདྲ་ཡིན། “མིག་”དང་”སྨྱུ་གུ་”དང་”སྟ་རེ་”ལྟ་བུ་བྱེད་པ་པོས་ཆ་ལག་ཏུ་བྱས་ནས་བྱ་བ་བྱེད་ཚད་ཀྱི་ཆ་ལག་དེ་ལ་བྱེད་སྒྲ་ངེས་པར་དུ་དགོས། མེད་ན་མི་འགྲིག། ཡང་”མཐོང་/ཐོས”ལྟ་བུ་བྱ་བ་འབྱུང་བ་ཡིན་ཚད་ལའང་བྱེད་སྒྲ་དགོས། དཔེར་ན་”འདི་སྐད་བདག་གིས་ཐོས་པ་་་་་་”ལྟ་བུའོ།